གནས་ཚུལ་མཁོ་སྤྲོད་པ། དོན་འགྲུབ་བཀྲ་ཤིས།
གོས་སྐུའི་འདབས་སུ་འདས་པོའི་མཚན་བཀོད་པ།
ཟླ་4 པའི་ཚེས་14 ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་འདམ་དཀར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་སྲིད་ལ་སྨི་བདུན་ཅུ་དང་ཞེང་ལ་སྨི་ལྔ་བཅུ་ཡོད་པའི་གོས་སྐུ་བཤམས་ནས་4.14 ས་འགུལ་བྱུང་ནས་ལོ་བཞི་འགོར་བར་རྗེས་དྲན་བྱས་འདུག
རྒྱུས་ལོན་བྱུང་བ་ལྟར་ན་གོས་སྐུ་ཆེན་མོ་འདིར་སྒོར་ས་ཡ་གཅིག་དང་འབུམ་བདུན་བཏང་ནས་ལྷ་བཟོ་དགུ་བཅུ་ལྷག་གིས་ལོ་ངོ་གཅིག་གི་རིང་དུ་བཞེངས་པ་རེད། གོས་སྐུའི་འདབས་སུ་ཡུལ་ཤུལ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཉིས་སྟོང་ལྷག་གི་མཚན་བཀོད་ཡོད་འདུག
རྩ་བའི་ཀུན་སློང་ལ་ཡིད་རང་ཡོད། རྒྱ་སྒོར་ས་ཡ་གཅིག་དང་འབུམ་བདུན་དེ་བྱིས་པ་ཚོའི་ཤེས་ཡོན་ཐོག་བཏང་ཐུབ་ཡོད་ན་དེ་བས་ཡག་པོ་ཡོད་རྒྱུ་རེད། གོས་སྐུ་ཆེན་པོ་ལོ་རེར་ཐེངས་གཅིག་གཉིས་མ་གཏོགས་བཤམས་ཀྱི་མེད།
ཡིད་རངས་ཡོད། དེང་སང་མི་རེ་ཟུང་ཀླད་པ་སྤྱང་མདོག་གིས་ཆོས་ཕྱོགས་ཀྱི་བྱ་བ་ཐམས་ཅད་བེད་མེངད་དུ་ངོས་བཟུང་བ་ནི་དོན་ལ་ཀླད་སྟོང་རང་རེད། ཨ་རི་ལ་ཡོད་པའི་རང་དབང་ལྷ་མོའི་སྐུ་འདྲ་ཡང་དངུལ་འཕྲོ་ལྷག་ཡིན་རྒྱུ་རེད།
ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །
བདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བཞེངས་པ། །
དངོས་གྲུབ་རིན་ཆེན་འདོད་རྒུའི་ཆར་འབེབས་མ། །
དམག་གཟོར་རྒྱལ་མོའི་ཞབས་ལ་གསོལ་བ་འདེབས། །
པར་དང་པོ་འདི་གསལ་དགོས་ལྷའི་ཞལ་རས་མ་གསལ་བར། མི་དགོས་པའི་ZINHUAQHཞེས་པ་འདི། ཆེ་བ་ཅིག་འདུག
བོད་ལ་ཞེན་ཟེར་བ་འདི་ལ་ཞེན་ཁོག་ཡོད་ཐག་ཆོད་རེད། ངས་བོད་ཀྱི་ཆོས་དང་རིག་གཞུང་ཕར་བཞག་བོད་ཀྱི་རྩ་རྐང་གཅིག་ལའང་དགག་པ་རྒྱག་གི་མེད་པ་གསལ་བོ་རྟོགས་དགོས།
ཨ་རིར་ཡོད་པའི་སྐུ་འདྲ་དེར་རང་དབང་སྐུ་འདྲ་འབོད་པ་ལས་རང་དབང་ལྷ་མོའི་སྐུ་འདྲ་ཟེར་གྱི་མེད། མ་ཤེས་ན་ཤེས་མདོག་མ་བྱེད། ཡུལ་སྐོར་སྤྲོ་འཆམ་པས་སྐུ་འདྲ་དེར་སྐུ་འདྲ་དེར་ལྟ་འདོད་ན་ལྟ་ཆོག་གི་ཡོད།
ལྷ་བྱ་འཕུར་མས་མི་སྐད་ཅིག་རྒྱབ་སོང་བསམ་འཆར་ལ་རྒྱབ་སྐྱོར་ཡོད། ད་ཕྲུག་མང་པོ་ལུས་ཡོད་པས་དེ་ཚོར་སློབ་སྦྱོང་གི་གོ་སྐབས་དང་་་་་ཡན་ལག་རྨས་རུལ་མང་པོ་བྱུང་ཡོད་པས་དེ་ཚོར་སྨན་བཅོས་ལེགས་པོ་དང། སེམས་ནད་ཅན་མང་པོ་བྱུང་ཡོད་པས་དེ་ཚོར་སེམས་ཀྱི་སློབ་གསོ་ལས་སོགས་ཀྱི་ཆེད་དུ་འགྲོ་གྲོན་བཏང་བ་ཡིན་ན་ཁ་ཡོད་ལག་ཡོད་ཀྱི་དངོས་སུ་ཕན་ཐོགས་འབྱུང་བས་་་དེ་ཚོར་དགོངས་པ་བཞེས་རྒྱུ་མེད་དམ།
རྩོམ་མིང་མཐོང་མ་ཐག་འཇིགས་སྣང་ཞིག་བྱུང་། གོས་སྐུ་བཤམས་ནས་ས་འགུལ་བྱུང་། ཨ་མ་མ། ཅི་རེད། གཏམ་དེ་གོ་མྱོང་མི་འདུག ལྟས་ངན། གང་བྱས་སོང་ངམ། བློ་མི་བདེ་བ་ཞིག་གིས་བསྐུལ་ནས་ནང་དོན་ལ་བལྟས། ཧ་ཧ་ཧ། ད་བྱེད་དུས་ས་འགུལ་བྱུང་ནས་ལོ་བཞི་འཁོར་བར་རྗེས་དྲན་ཆེད་གོས་སྐུ་བཤམས་པ་རེད་འདུག ད་བློ་བདེ་སོང་། ཁོང་རྣམ་པས་དམ་པར་རྗེས་དྲན་དགེ་ལས་སྒྲུབ་པར་ཐུགས་རྗེ་ཡི་རང་ཞུ། རྩོམ་མཁན་ལགས་རྗེས་མ་ཞེ་སྣང་འདི་འདྲ་མ་བསྐུལ་རོགས། ང་རང་སྙིང་ཐང་ཐང་རང་མེད་པས་ཐུགས་རྗེས་གཟིགས། ཧ་ཧ།
ལྷ་བྱ་འཕུར་མ། དྲྭ་བ་ནང་རང་དབང་ལྷ་མོའི་འདྲ་སྐུ་ཞེས་པ་བྲིས་ཏེ་འཚོལ་དང་གཞི་ནས་མ་ཤེས་ཤེས་མདོག་བྱེད་མི་སུ་ཡིན་ཧ་གོ་གི་རེད།