པོད ལྷ་ཀླུ་གཉན་གསུམ།
མི་སེམས་མང་བོ་ཞིག་གི་རྒྱང་རིང་ནས།།
ང་ཡི་སྤུན་ཟླའི་ཚེ་སྲོག་རྩ་ཆེན་པོ།།
སེམས་མེད་གོད་ཆག་ཞིག་གི་འཕྲོག་འདུག་གོ།
ད་ནི་སྐྱབས་གནས་དཀོན་མཆོག་མཁྱེན་ནོ་ཟེར།།
མི་སེམས་སྟོང་ཕྲག་མང་བོ་བཞུད་ཤུལ་དུ།།
སེམས་དེར་ཧ་ཅང་ཉེ་བའི་རིགས་མཐུན་ཚོས།།
ང་ཡི་བླ་མ་ཕེབས་རོགས་གནང་དང་ན།།
ང་ཚོའི་འདི་ཕྱིའི་རེ་བ་དེ་ཡིན་ཟེར།།
སེམས་པ་མང་བོ་ཆས་པའི་ཕྱི་ཉིན་དེར།།
རིགས་དེར་འཁོན་འཛིན་ཆེ་བའི་རྒྱ་དཔོན་ཚོ།།
གཅིག་རྗེས་གཅིག་དུ་སླེབས་ནས་གཏམ་སྙན་བཤད།།
རྩ་སྐྱ་རླུང་ཁུར་ཡིན་པ་ཚང་མས་བསྒྲགས།།
དྭ་ཕྲུག་མང་བོ་བདག་མེད་སྲང་དུ་འཁྱམ།།
ཤུལ་ལུས་མི་ཁྱིམ་སྟོང་ཕྲག་ཁ་འཐོར་གྱུར།།
རེ་བཞག་སྟོང་ཕྲག་མང་བོའི་ཁྲོད་གནས་དང་།།
འདས་པོ་ཡོངས་ལ་༧རྩ་བའི་བླ་མས་གཟིགས།།
བོད་མི་སྙིང་རྗེ་ཅན་གྱི་མི་རིགས་འདིས།།
འདས་གསོན་གཉིས་ཀྱི་ཆེད་དུ་རྒྱུ་དངོས་སོགས།།
རང་གི་གང་འཇོན་སེམས་པའི་ཡོང་ཚད་ཀྱིས།།
ཉིན་མཚན་མེད་པར་བྱས་པ་སྙིང་ནས་བསྟོད།།
སྐྱིད་སྡུག་མཉམ་མྱོང་དངོས་སུ་ལག་ལེན་མཁན།།
བོད་ཀྱི་མི་རྣམས་རྒྱང་ནས་མཐོང་དུས་སུ།།
ས་མཐའི་སྤྲང་འཁྱམ་བོད་མིང་འཛིན་པ་ངས།།
ལས་ཀའི་ཞོར་ནས་མྱ་ངན་གླུ་འདིི་ཤོར།།
སྐྱེ་རྐུ་མདོའི་ཆེད་བསྔོ་སྨོན་མཆོད་འབུལ།
དགེ་བ་ཐམས་ཅད་སྐྱེ་རྒུ་མདོ་རུ་བསྔོ། །
སྨོན་ལམ་ཡོད་ཚད་སྐྱེ་རྒྱུ་མདོ་ལ་རྒྱོབས། །
དཀོན་མཆོག་མཆོད་ཚད་སྐྱེ་རྒུ་མདོ་ཆེད་མཆོད། །
འབུལ་འདོད་ཞལ་འདེབས་སྐྱེ་རྒུ་མདོ་ལ་འབུལ། །
སྐྱེ་རྒུ་མདོ་པའི་ངན་ཞི་ལེགས་ཚོགས་རྒྱས་འགྱུར་ཅིག །