ནགས་ཤོད་སད་མིས་བསྒྱུར།
ཡེ་ལི་ཧཱ་མུའི་གད་རྒྱངས། —– ཡེ་ལི་ཧཱ་མུ་ཚེ་བཙོན་ཁྱབ་བསྒྲགས་བྱས་རྗེས་སྤེལ་བའི་གཏམ།
ཡེ་ལི་ཧཱ་མུས་བཤད།
ཡི་གེ་བ། ཁྲིམས་རྩོད་པ་ལི་ཧྥང་ཕིང་།
ལི་ཧྥང་ཕིང་སྐད་འཕྲིན་དུ 9.24 ཉིན་བཀོད།
ངས་ནི་འུ་ཚོའི་མི་རིགས་དང་ཀྲུང་གོའི་འབྱུང་འགྱུར་སླད་སྐད་རྒྱག་གི་ཡོད།
ཁག་དང་པོ། ངས་ནི་འུ་ཚོའི་མི་རིགས་སླད་དུ་ང་རོ་སྒྲོག་གི་ཡོད། དེ་བས་ཀྱང་ཀྲུང་གོའི་ཆེད་དུ་ཀི་ཤར་འདེབས་གི་ཡོད།
ཁག་གཉིས་པ། ཉེ་བའི་ནང་ངས་རྟག་ཏུ་ཐེག་དཀའ་བའི་མནར་གཅོད་གདོང་མ་ལོན་པར། ང་རང་གི་ངོ་ཚ་བཀའ་ཁྲེལ་དང་། ལས་དོན། གྲོགས་པོ། ཁྱིམ་མི་བཅས་ཀོ་ཐག་གློད་པའི་སེམས་ངལ་ལྕི། ད་ཆ། ངས་དེ་དག་ཐེག་སོང་བས། ངས་ནི་ཡེ་ལི་ཧཱ་མུ་ཁྱོད་ངན་པ་རེད་ཅེས་བཤད་འདོད་བྱུང་།
ཁག་གསུམ་པ། འབྱུང་འགྱུར་བཙོན་ཁང་འཚོ་བ་ཅི་འདྲ་ཡོང་མིན་ངས་བརྒྱུད་མྱོང་མེད་ནའང་། འདི་ནི་ངེད་ཚོའི་འཚོ་བ་རེད། ངའི་བརྒྱུད་རིམ་རེད། ངའི་མི་ཚེ་ཅི་ཙམ་འཁྱོངས་མིན་མི་ཤེས་མོད། ང་ལ་དཔའ་སྤོབས་ཡོད། ང་དེ་འདྲའི་བླ་འདར་ཞིག་མིན། གལ་ཏེ་རང་རྨས་རང་ཤིའི་སྐད་ཆ་འདྲ་བྱུང་ན། དེ་ནི་ཏན་ཏན་རྫུན་མ་རེད།
ཁག་བཞི་པ། བཅད་ཁྲའི་ནང་དོན་མཐོང་དུས། ངས་ནི་ལྡོག་སྟེ་རང་རང་གི་འགན་འཁུར་ཅི་བས་ཆེ་ཙམ་ལེན་དགོས་པའི་སེམས་ཚོར་ཤར།
ཁག་ལྔ་པ། མ་གཞི་ང་ཅི་ཡང་བྲལ་མོད། ངས་མུ་མཐུད་ཉི་འོད་ལ་རེ་ཞིང་། མ་འོངས་རེ་ཞིང་སྒུག ངས་ཀྲུང་གོའི་འབྱུང་འགྱུར་སྔར་བས་ཇེ་བཟང་འགྲོ་རྒྱུ་དང་། ཡུ་གུར་བའི་རྩ་ཁྲིམས་ཁེ་དབང་ངེས་པར་བརྩི་བཀུར་འཐོབ་རྒྱུར་ཡིད་ཆེས་གདིང་མ་མཆིས།
ཁག་དྲུག་པ། ཞི་བདེ་ནི་དཀོན་མཆོག་གིས་ཡུ་གུར་འབངས་མིར་གནང་བའི་ཕྱག་རྟགས་རེད། ཞི་བདེ་དང་སེམས་བཟང་ཁོ་ནས་རང་གཞན་གྱི་ཐུན་མོང་ཁེ་ཕན་བསྐྲུན་ཐུབ།
ཁག་བདུན་པ། ང་ལ་ཆུ་ཚོད་ཉེར་བཞིར་རྐང་ལག་ལྕགས་བརྒྱབ་པ་དང་། ཟླ་བ་བརྒྱད་ལ་ཆུ་ཚོད་གསུམ་ཁོ་ན་བཙོན་སེང་ཐོབ། རྒྱ་རིགས་དྲུག་གིས་སོ་ལྟ་ཁོར་མོ་ཡུག་བྱས་སོང་དུས། གནས་སྟངས་ཐབས་རྡུགས་རེད་མི་ལབ་ཀ་མེད་རེད། འོ་ནའང་ལྟོས་འཇོག་སྒོ་ནས་བཤད་ན། ངའི་སློབ་ཕྲུག་ཚོ་དང་། ད་དུང་རྒྱལ་ཁབ་ཁ་བྲལ་ཉེས་པ་བཀལ་བའི་རིགས་མཚུངས་བཙོན་པ་མང་པོ་ལས། ང་ནི་ལས་ཅན་ཡིན་པ་བཤད་མ་དགོས་པ་རེད།
ང་ལ་རང་གིས་མངགས་བཅོལ་བྱས་པའི་རྒྱ་རིགས་ཁྲིམས་རྩོད་པས་ཁྲིམས་རྭར་དག་འབུད་བྱས་ལ། ཁྱིམ་མི་ཟུར་ཉན་བྱ་ཆོག རང་གིས་བཤད་བསམ་པའི་སྐད་ཆ་བཤད་ཡོད། ངའི་རེ་བར། ངའི་གྱོད་གཞི་འདིས་ནུས་པ་ཏོག་ཙམ་ལས་མ་ཐོན་ནའང་། ཤིང་ཅང་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་ཡོང་རེ་བཅངས་ཡོད།
ཁག་བརྒྱད་པ། མདང་ནུབ་ང་ཟླ་བ་བརྒྱད་ཚུན་གཉིད་སྐྱིད་ཤོས་དེ་ཁུག་བྱུང་། དོན་ངོ་མ་རང་ཉིད་ལ་བློ་སྟོབས་འདི་ཙམ་ཡོད་པ་གཏན་ནས་ཧ་གོ་མེད། ཡིན་ན་ཡང་། ཨ་མ་རྒན་མོར་བཤད་མི་ཉན། ཁྱོད་ཀྱིས་ནང་མིར་ལོ་ལྔ་ཁྲིམས་ཐག་བཅད་སོང་ལབ་ན་འགྲིག་པ་རེད། ཁར་ནུབ་ཉེ་འཁྲིས་སོ་ལྟ་ཁང་དུ་ཕ་ཧཱ་ཐིས (སློབ་མ)སྒོར་འགྱེད་རྡུང་བརྒྱབ་པ་དང་། ངུ་འབོད་ཆེན་པོ་བྱས་སོང་། ངས་ད་དུང་བར་མ་ཆད་པར་རྐང་ལྕགས་དྲུད་འགྲོ་བའི་སང་སྒྲའང་ཐོས། གཅིག་བྱས་ན་ཁོང་ཚོའང་ཁྲིམས་ཐག་བཅད་ཡོད།
ཁག་དགུ་པ། (ཆུང་མའི་ཡི་གེ)ངའི་དགའ་མ། ངེད་ཚོའི་བུ་ཕྲུག་ཆེད་དུ། ཁྱེད་སྡུག་རུས་བྱ་དགོས། ངུ་ངག་མ་འཐེན་རོགས། རིང་མིན་ང་ཚོ་སླར་ཡང་ལྷན་འཛོམ་ཡོང་གི་རེད། ཁྱེད་བདེ་མོ་བྱོས། ཁྱེད་ལ་དགའ་བའི་ཧཱ་མོ་ནས།
2014 9 24
ཐེན་རིའི་ཏྲ་རི་བོའི་དཔའ་སྙིང་གི་དཔུང་བ་སྦོམ་པོ་དང་ཐ་ལའེ་རྨུ་གཙང་པོའི་མཛད་མེད་ཀྱི་ངང་རྒྱུད་རིང་པོ་ལས་འཁྲུངས་པའི་ཡུ་གུར་བའི་བུ་རྒོད་པོ་ཡེ་ལི་ཧཱ་མུའུ་ཁྱེད། ཤིན་ཅང་གི་རི་ཆུ་ལུང་གསུམ་གྱི་རྐང་ལ་སིམ་ཞིང་སྙིང་ལ་གནས་པའི་སྐྱབས་གནས་ཨཱ་ལཱས་སྐྱོབས་པར་ཤོག