ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་ལ་ལས་ཀ་ནས་གུང་གསེང་ལེན་བཞིན་ཡོད་དམ། ཡོད་ན་རྒྱུ་མཚན་ཅི། མེད་ན་རྒྱུ་མཚན་ཅི།
ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་གྲོགས་པོ་གྲོགས་མོ་སོགས་ལ་ཤིས་ཤོག་དང་རྔན་པ་སྐུར་གིན་ཡོད་དམ། ཡོད་ན་རྒྱུ་མཚན་ཅི་མེད་ན་རྒྱུ་མཚན་ཅི།
ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་རང་གི་ནང་མི་ལ་རྔན་པ་ཉོ་གིན་ཡོད་དམ། ཡོད་ན་རྒྱུ་མཚན་ཅི། མེད་ན་རྒྱུ་མཚན་ཅི།
ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་རང་གི་སྡོད་ཁང་དུ་ཡེ་ཤུའི་ཤིང་སྡོང་ཉོས་ནས་དེ་ལ་མཛེས་རྒྱན་སྤྲས་ཀྱི་ཡོད་དམ། ཡོད་ན་རྒྱུ་མཚན་ཅི། མེད་ན་རྒྱུ་མཚན་ཅི།
ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་བོད་པའི་ལོ་གསར་བཞིན་ནང་མི་དང་གྲོགས་པོ་ལྷན་འཛོམ་གྱིས་བཞེས་ལག་གྱ་ནོམ་པ་བཟའ་གིན་ཡོད་དམ། ཡོད་ན་རྒྱུ་མཚན་ཅི། མེད་ན་རྒྱུ་མཚན་ཅི།
ངས་རང་ལ་ཤིས་ཤོག་གཏོང་མཁན་རེར་ལན་རེ་བརྒྱབ་ཡོད། མགྲོན་པོར་འབོད་མཁན་ཚོའི་ནང་དུ་སོང་ནས་ཟ་མ་རེ་ཟོས་པ་ཡིན། དེ་མིན་ཁྲ་ཁྲ་ཟང་ཟིང་ཅང་བྱས་མེད། ཁྱོད་ཚོ་གོ་རྒྱུ་གྲགས་རྒྱུ་མེད་པ་ཅི་རེད།
སྤྱིར་བཏང་གི་དགུན་དུས་གྱི་གུང་གསེང་རིང་ཤེས་དེ་འདི་ཡིན་པས་། མི་ཚང་མས་དུས་ཚོད་དེ་བེད་སྤྱད་ནས་ལྷམ་མཛོམས་སོགས་བྱེད་གུན་ཡོད་པ་རེད་།
གིང་གི་དྲི་བ་། ་་ ཁྱེད་རང་གིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་གྲོགས་པོ་གྲོགས་མོ་སོགས་ལ་ཤིས་ཤོག་དང་རྔན་པ་སྐུར་གིན་ཡོད་དམ། ཡོད་ན་རྒྱུ་མཚན་ཅི་མེད་ན་རྒྱུ་མཚན་ཅི། ་་ ཞེས་བའི་དེ་ཁ་བརྡ་དེ་ཁ་བརྡའི་ཐོགས་ཁ་བརྡ་རྫོགས་པ་རེད་།
རྔན་པ་སྐུར་གིན་ཡོད་ན་ཡོད་པ་རེད་། མེད་ན་མེདཔ་རེད་། དེ་ལ་རྒྱུ་མཚན་ཅི་བཤད་།
འོ་ན་གཟའ་སྤེན་པར་ཞོག་ཉལ་རིང་མོ་ཞིག་གི་རྗེས་ཁྱེད་དང་ཁྱེད་ཀྱི་ཟླ་བོ་གཉིས་ཀྱི་རྒྱོ་སྐྱིད་པོ་ཞིག་རྒྱག་གི་ཡོད་དམ་། ཡོད་ན་རྒྱུ་མཚན་ཅི་མེད་ན་རྒྱུ་མཚམ་ཅི་།
ད་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁས་དགོས་ཟོ་ཟེར་ནི་རེད། ཡིན་ན་ཡང་ངས་ཕར་ལ་ཤོག་བུ་དེ་འདྲ་བཏང་མེད་ལ་ཚུར་ལ་ཡང་འབྱོར་མེད། ཡིན་ན་ཡང་ཁ་སང་མི་ཁ་ཤས་ཡོང་ནས་ང་མཉམ་པོ་ཟ་ཁང་ཅིག་ཏུ་འགྲོ་དགོས་ཟེར། ཟ་ཁང་དེར་འ་འ་དཀོན་མཆོག་གསུམ ངས་ཟ་ཁང་ཟིག་གི་ནང་ནས་ཁ་སང་གི་དེ་འདྲ་ཅིག་མགོ་སེར་ཚོ་འཚང་ཀ་ཡོད་པ་མཐོང་མ་མྱོང་། བང་བསྒྲིགས་ནས་གྲྭ་བ་ཚོ་སྐུ་འགྱེད་ལེན་གི་འགྲོ་གི་ཡོད་པའི་རྣམ་པ་དང་གཅིག་པ་རེད། དེ་ནས་ང་ཚོ་ཅོག་ཙེ་སྒང་དུ་ཟས་ལ་རོལ་སྐབས་ཡར་མར་ཁ་བརྡ་ལྷོད་པ་རེད། དེའི་ནང་གི་གཅིག་གིས་བཤད་ན་ཁིར་སི་མ་སི་ལ་མི་མང་པོ་རང་ཤི་རྒྱག་གི་ཡོད་པ་རེད་ཟེར། རྒྱུ་མཚན་མང་ཆེ་ཤོས་རང་རང་གི་ཉེ་ས་དང་བཟང་ས་སོགས་མཉམ་དུ་སྤྲོ་སྐྱིད་ལ་རོལ་སྐབས། ཁ་ཤས་ལ་ཁེར་རྐྱང་གི་སྣང་བ་བཟོད་བླགས་མེད་པ་ཡོང་ནས་རང་ཤི་རྒྱག་གི་ཡོད་པའི་སྐོར་མང་པོ་ཅིག་བཤད་མཐར། ཁོ་རང་ནང་ཆོས་ལ་སྦྱང་བ་བྱས་ནས་བཟུང་རང་ཉིད་ལ་དེ་འདྲའི་སྣང་བ་རྩ་ནས་བྱུང་མ་མྱོང་། དེ་ནི་ནང་ཆོས་ནང་དུ། ཐོག་མར་ཡོང་དུས་གཅིག་བུ་རེད་ལ། མཐའ་མར་འགྲོ་དུས་གཅིག་བུ་རེད། ཟེར་བ་དེས་ཁོང་ལ་ཕན་སོང་ཚུལ་ལབ་སོང་། གཞན་དག་གིས་བཤད་ན་ནང་ཆོས་དེ་ལྟར་བསམ་བློ་བཏང་ན་ནུས་པ་ཆེན་པོ་ཤེ་བོ་ཅིག་རེད་ཟེར།
གང་ལྟར་ང་ཕྱིར་འོང་དུས་ཕྱིས་དྲག་ཚར་འདུག ཁྱོད་ཚོ་ཚང་མ་རང་རང་ས་ལ་ཕྱིན་ཚར་འདུག
ད་ཡུལ་ཆུ་མ་ཆུ་ཟོག་ཟེར་ན་མི་ཤེས་ར་མདང་དགོང་གྲོགས་པོ་ཁ་ཤས་དང་ང་ཚོས་ཆང་དཀར་ཞིམ་པོར་འཐུང་ཞོར་ལ་ཞི་མོ་ཆ་རེར་རྩེད་ཞོར་དགོད་ཞོར་བྱས་ནས་རྒྱོ་ཐུབ་ཐལ་ཡའ།
གནམ་གིས་སྲུངས། ཧྲ་གི་ཡ། མཇེ་ངན་ཆ་བོ་རུལ་གི་མ་འཇུག་ལོ། གཉའ་ངན་ཆ་བོ་སྐམ་གི་མ་འཇུག་ལོ།
གོང་གི་གྲོགས་པོ་དེར། ངས་གཟའ་སྤེན་པའི་ཞོགས་པར་རྒྱོ་རྒྱག་གིན་མེད། རྒྱུ་མཚན་ནི་ང་ལ་རྒྱོ་རྒྱག་ས་གནས་སྐབས་ཅང་ལག་ག་མི་ཆུད་ཀི ཁྱོས་རྒྱག་གི་ཡོད་དམ། མེད་ན་རྒྱུ་མཚན་ཅི། ཡོད་ན་རྒྱུ་མཚན་ཅི།
དེ་ལ་ངར་བསམ་ཚུལ་ཡོད། ངས་སྐབས་མང་པོ་ཞིག་ལ་ནུབ་ཕྱོགས་པས་ང་ཚོས་ལ་ཁྲེལ་མེད་དང་སྡུག་གྱོང་མང་པོ་བཏང་བ་ཚོར་གི་ཡོད། སྐབས་འདིའི་ང་ཚོ་ནི་ཨེ་ཤ་ཡ་ཧྲིལ་བོར་ཟེར་གྱི་ཡོད། ཁྱད་པར་ཁོང་ཚོས་རིག་གཞུང་བཙན་རྒྱལ་གྱི་ལྟ་བ་དང་ཤུགས་རྐྱེན་ཤིན་ཏུ་ཚབས་ཆེན་རེད། དེའི་ཕྱོགས་ལ་ང་ཚོར་མི་གཞི་དང་རང་ཚུགས་མེད་པས་ལན་པའང་རེད། ངས་སྣང་མེད་ཀྱི་སྒོ་ནས་བོད་རིགས་ལོ་གཞོན་གྱི་རྐེ་ན་ཡེ་ཤུའི་རྒྱ་གྲམ་བཏགས་པ་མཐོང་བ་དང་། ཡེ་ཤུའི་སྐྱེས་སྐར་ལ་སྤྲོ་སྣང་བྱེད་པ་སོགས་ལ་རྒྱུ་མཚན་རྩད་ནས་མེད། རང་ཉིད་བསམ་བཞིན་ཡེ་ཤུར་སྐྱབས་སུ་སོང་བ་ནི་གནས་ཚུལ་ལོགས་ཀ་རེད། འདི་ལ་གཟབ་དགོས། ངས་སྐབས་འདིར་གཏམ་རྒྱུད་ཅིག་དྲན་སོང་། དེ་ནི་ཨ་ལག་གུང་ཐང་ཚང་གི་རྣམ་ཐར་རྒྱ་ཡིག་མ་ཞིག་ཏུ། ཁོང་ལ་མགོ་སེར་མ་ཞིག་གིས་ oh god save himཁྱེད་རང་དཀོན་མཆོག་གིས་སྐྱོབས་ཤིག་ཅེས་ཞུས་པར་ཁོང་ནས་ཁྱེད་ཀྱིས་དཀོན་མཆོག་གིས་ཁྱོད་རང་སྐྱོབས་ན་འགྲིག་གི་རེད་ཅེས་ལན་བཏབ་བཞག དངོས་གནས་བདེན་པ་རེད། དེས་ན་ང་ཚོར་སྒེར་ཚུགས་ཤིག་ཡོད་དགོས་པ་རེད།