རྒྱའི་ལོ་ཆུང་རྩོམ་པ་མོ་ཞོ་ཡན་མེས།
ཤེས་རབ་ཅན་གྱི་སྨྱུ་གུས་སྤྱི་ཚོགས་སྟེང་དངོས་སུ་བདོག་པའི་གནད་དོན་ཞིག་བྲི་སྲིད་དེ། ཁོའི་ནང་སེམས་སུ་བདོག་པ་ནི་ལྷད་མེད་དྭངས་གཙང་གི་མཚེའུ་ཞིག་ཡིན་པའི་ཕྱིར་རོ།། བདག་གིས་ངེས་པར་དུ་ཁས་ལེན་འོས་པ་ཞིག་ནི་བདག་གི་དཔེ་ཀློག་གི་གྲངས་འབོར་ཤིན་ཏུ་ནས་ཉུང་བ་དེ་དང་། དེ་ལས་ཀྱང་ཡིད་ཆེས་བྱས་ཆོག་པ་ཞིག་ལ་བདག་ནི་བསྙད་འདོགས་པ་ལ་མོས་པའི་ཀློག་པ་བོ་ཞིག་ཡིན་པ་དེའོ།།
འདི་ལྟར་བཤད་དོན་ནི་དཔེ་དེབ་ཀྱི་ནང་དོན་ཡོད་ཚད་སེམས་ལ་མ་བཞག་པའི་དོན་མིན་ཏེ། ང་ཡང་ཀློག་པ་བོ་ཕལ་ཆེ་བ་དང་འདྲ་བར་དེབ་ཀྱི་བརྗོད་དོན་སེམས་ལ་བཞག་པ་ཡིན། སྤྱིར་བཏང་བཤད་ན། བྱིས་བློའི་བསམ་ཚུལ་ཅན་དང་། དོན་མེད་དོན་ལོག་ཅན། སྐད་ཆ་ཐལ་ཆ་ཅན་གྱི་དེབ་དག་ནི་བདག་གིས་ཀློག་མི་སྤྲོ་བའི་རིགས་ཡིན་ནོ།།
གྲོགས་པོ་ཞིག་གིས་བསྙད་རྒྱུར། ང་ཆེས་དགའ་ས་ནི་ཡེས་ཅེ་དང་ལེས་གོ་བུན་གྱི་བརྩམས་ཆོས་དག་གོ་ཟེར། གལ་སྲིད་བདག་གིས་ཁོ་དང་མོལ་མཆིད་བགྱིས་མེད་ན་རྒྱ་ནག་ལ་ཡེས་ཅེ་ཞེས་པའི་རྩོམ་འབྲི་བ་ཞིག་ཡོད་མེད་ཀྱང་ད་དུང་ཤེས་མེད། གྲོགས་པོ་འདི་དང་གླེང་མོལ་བྱས་རྗེས་ང་གཞི་ནས་དཔེ་མཛོད་ཁང་དུ་སོང་སྟེ། དཔེ་མཛོད་ཀྱི་དྲ་ལམ་ལས་ཡེས་ཅེ་དང་ལེས་གོ་བུན་གྱི་བསྟན་བཅོས་དག་འཚོལ་གཤེར་བྱས་པ་ཡིན་པས། ཁོང་དག་གི་བསྟན་བཅོས་མང་བོ་ཞིག་རྙེད་སོན་བྱུང་སོང་། ལེས་གོ་བུན་གྱི༼གཙང་བོའི་སྟེང་དུ་༽དང་ཡེས་ཅེ་ཡི་༼ལྕགས་ཁང་ནང་གི་འོ་དོད༽དང་། ༼བདག་གི་ཕུགས་བསམ་མེ་རུ་སྤར་བ༽བཅས་དེབ་གསུམ་ལས་གང་ཞིག་བདམས་ཏེ་བརྙན་པོ་བྱ་དགོས་མིན་ལ་བསམ་བློ་མང་ཙམ་བཏང་བ་ཡིན། ལོ་འཁོར་གྱི་གུང་གསེང་བསླེབ་ལ་ཉེ་བས་བདག་གིས་གུང་གསེང་ལ་བཀླག་རྒྱུའི་དེབ་བཞི་སྔ་མོ་ནས་གཡར་ཚར་བ་ཡིན་པས། ཡང་བསྐྱར་ལེས་གོ་བུན་གྱི་༼གཙང་བོའི་སྟེང་དུ་༽དང་། ཡེས་ཅེ་ཡི་༼བདག་གི་ཕུགས་བསམ་མེ་རུ་སྤར་བ༽ཞེས་པ་བཅས་དེབ་དྲུག་ཙམ་གཡར་བ་ཡིན་ནོ།།
མཇུག་མཐར་གུང་གསེང་བཏང་སོང་། ཀན་ཀྲིག་ལ་ཕྱིར་ལོག་ཡོང་ཡིན། མ་གཞི་ནས་ང་རང་ནང་དུ་བསྡད་དེ་དེབ་བཀླག་རྒྱུར་སྤྲོ་སྣང་ཤིན་ཏུ་ཆེ་བས་ཕྱི་རོལ་ཏུ་སོང་བ་ཉུང་ཉུང་ཡིན། དེ་བས་ད་ལྟ་འདི་འདྲའི་དེབ་མང་དག་ཅིག་ཡོད་པས་དེ་ལས་ཀྱང་ཕྱི་རོལ་ཏུ་འཁྱམས་ན་མི་འདོད་དོ།།
བདག་གིས་ག་དུས་ཡིན་ནའང་དེབ་མང་བོ་ཞིག་མཉམ་དུ་བཀླག་པ་ཡིན་ཏེ། སྐབས་འགར་དེབ་གཉིས་དང་། རེས་འགར་དེབ་གསུམ་རེ་བཀླགས་ཡིན། དེ་ནི་དུས་ཚོད་གཅིག་ལ་དེབ་དུ་མ་ཞིག་བཀླགས་པའི་དོན་ཡང་མིན་ཏེ། དེབ་གཅིག་བཀླགས་མ་ཚར་གོང་ཡང་བསྐྱར་དེབ་གཅིག་གི་མགོ་བཟུང་བ་དེའོ།། མཉམ་སྦྲགས་ཀྱིས་བལྟས་པ་དེའོ།།
ཐེངས་འདིར་བདག་གིས་བཀླགས་པ་ནི། ལེས་གོ་བུན་གྱི༼གཙང་བོའི་སྟེང་དུ་༽དང་། བང་ཁེ་ལིན་གྱི༼སྙིང་སྟོབས་ཀྱིས་ཕྱུག་པའི་མི༽དང་། ཡེས་ཅེ་ཡི་༼བདག་གི་ཕུགས་བསམ་མེ་རུ་སྤར་བ༽སོགས་མཉམ་གཅིག་ཏུ་བཀླགས་ཡིན་ནོ།།
“བདག་གི་ཕུགས་བསམ་མེ་རུ་སྤར་བ”ཞེས་པའི་ཡིག་འབྲུ་འདི་དག་མཐོང་རྗེས། ཅི་ཞིག་ལ“ཕུགས་བསམ”དང་། ཅི་ཞིག་“མེ་རུ་སྤར་བ་ཡིན་མིན་”དང་། འདི་དག་གིས་དངོས་གནས་དོན་ཅི་ཞིག་སྟོན་གྱིན་ཡོད་མེད་གསལ་བོར་རྟོགས་ཐུབ་མ་སོང་ནའང་།
ཤེས་རབ་ཅན་གྱི་སྨྱུ་གུས་སྤྱི་ཚོགས་སྟེང་དངོས་སུ་བདོག་པའི་གནད་དོན་ཞིག་བྲི་སྲིད་དེ། ཁོའི་ནང་སེམས་སུ་བདོག་པ་ནི་ལྷད་མེད་དྭངས་གཙང་གི་མཚེའུ་ཞིག་ཡིན་པའི་ཕྱིར་རོ།།
བདག་གི་ནུ་བོ་ངའི་ཁང་བའི་ནང་དུ་འཛུལ་ཏེ། བདག་གི་སྒྲོག་སྟེང་གི༼བདག་གི་ཕུགས་བསམ་མེ་རུ་སྤར་བ༽ཞེས་པའི་དེབ་བླངས་ཏེ་ང་ལ་བཤད་རྒྱུར། “ཆེས་ལེགས་པ་ཡིན་ན། ཁྱེད་ཀྱིས་དེབ་འདི་མ་བཀླག་ན་བཟང་། རྒྱུ་མཚན་ནི་རྩོམ་པ་བོས་མུན་ནག་གི་སྤྱི་ཚོགས་ཤིག་གི་དངོས་དོན་བྲིས་ཡོད་པས་ཡིན། ཁྱེད་རང་ལོ་ན་ཆུང་བས་དོན་དག་དེ་ཚོ་མ་ཤེས་ན་འོས། དེ་ལས་ད་དུང་མཛེས་སྡུག་གིས་ཕྱུག་པའི་ལྷུག་རྩོམ་དེ་དག་བཀླག་རོགས”
༼ཕུགས་བསམ་མེ་རུ་སྤར་བ༽ཞེས་པའི་དེབ་ལས་བསམ་བློའི་བྲིས་རྩོམ་དང་། དཔྱད་བརྗོད་ཁ་ཤས་མཐོང་བྱུང་། དེའི་ཁྲོད་དུ་དེང་དུས་ཀྱི་སློབ་གྲྭ་ཆེན་མོ་བ་དག་གིས་ཅི་ཡང་མི་འཇོན་པའི་སྣང་ཚུལ་སྐྱུགས་བྲོ་བ་དག་ལ་དགག་སྒྲུབ་ནན་མོ་བགྱིས་ཡོད་དོ།། ཡེས་ཅེ་ཡི་བསྟན་བཅོས་ཁྲོད་དུ་ཡེས་ཅེ་ཇི་འདྲ་ཞིག་ཡིན་མིན་རྙེད་སྲིད་དེ། ཁོང་གི་བབ་ཆགས་བརྟན་བརླིང་གི་རང་གཤིས་དང་། སྤྱི་ཚོགས་ཀྱི་གནད་དོན་འབྲི་བའི་ཁྲོད་དུ་ཁོང་གི་བརྗོད་བྱ་རྒྱ་ཆེ་བ་དང་། སྙིང་སྟོབས་ཀྱིས་ཕྱུག་པའི་མི་ཞིག་ཡིན་པ་གསལ་བོར་མངོན་ཡོང་ངོ་།།
བདག་གི་ལེས་དགེ་རྒན་གྱིས་འདི་ལྟར་བསྙད་མྱོང་སྟེ། “གནད་དོན་ཞིག་གི་རྒྱབ་ལྗོངས་སུ་ཁྱེད་ཀྱིས་ཡང་བསྐྱར་གནད་དོན་གཞན་ཅི་ཡང་མཐོང་གི་མེད་ན། ཁྱེད་ཀྱིས་གནད་དོན་དེའི་འབྱུང་རྐྱེན་ལ་མནོ་བསམ་གཏོང་རོགས། དེའི་རྒྱབ་ལྗོངས་སུ་དོན་དངོས་མང་བོ་ཞིག་སྦས་སྐུང་བགྱིས་ནས་ཡོད། དེ་དག་ལ་ཁྱེད་ཀྱིས་བསམ་གཞིག་བྱེད་རོགས”ཅེས་པའོ།། དེ་བས་ང་ལ་ཡང་བསམ་གཞིག་གི་གོམས་གཤིས་ཤིག་ཅིས་ཀྱང་ཡོད་མོད། ཡེས་ཅེ་ཡི་བསམ་གཞིག་གི་ནུས་པ་དེ་འདྲ་སྤྱི་ཚོགས་ཧྲིལ་བོའི་རང་རྒྱུད་ལ་ལྡན་ངེས་སུ་ཡོད་ཚེ། སྤྱི་ཚོགས་ཀྱི་འགལ་རྐྱེན་དང་མི་མཐུན་པ་ཞེས་པའང་འབྱུང་བའི་གཞི་རྩ་ཅི་ལ་ཡོད་སྙམ་མོ།།
སྔོན་མར་བདག་ལ་ཡེས་ཅེ་དང་ལེས་གོ་བུན་མཚམས་སྦྱོར་མཁན་གྱི་གྲོགས་པོ་དེས་བཤད་རྒྱུར། “སྔོན་ཆད་ང་རང་ཡང་དཔེ་བཀླག་རྒྱུ་དང་། ཡི་གེ་བྲི་བར་ཤིན་ཏུ་དགའ་མོད། ཁོང་ཚོའི་བསྟན་བཅོས་དག་ཐེངས་ཁ་ཤས་ལ་བཀླགས་རྗེས། གཞི་ནས་འབྲི་མཚམས་བཞག་པ་ཡིན”ཞེས་པའོ།། ངས་ཁོ་ལ་དེའི་རྒྱུ་མཚན་དྲིས་པར། “ཡེས་ཅེ་དང་། ལིས་གོ་བུན་གྱི་བརྩམས་ཆོས་ཀྱི་གཏིང་ཟབ་ལ། རྗོད་བྱེད་ཀྱི་རྩལ་ཤིན་ཏུ་སྐྱེན་པས། ངས་དེ་འདྲའི་བརྩམས་ཆོས་ཤིག་མི་འཁྱོངས་པས་ཡིན”ཞེས་དྲིས་ལན་ལྡོན་སོང་ངོ་།།
文/肖燕梅http://blog.jxcn.cn/u/xiaoyanm/177768.htmlརྒྱ་ཡིག་གི་དྲ་ཚིགས་འདི་ལས་བཤུས་ཏེ་བསྒྱུར།
曲终人不见, 江上数峰青。
ལི་གོ་ཝུན་གྱི་དེབ་ཀྱི་ཁ་བྱང་དེ་སྙན་ངག་འདི་ལས་བླངས་པ་རེད།
གཙང་བོའི་སྟེང་དུ་ཟེར་སྲོལ་ལ་བལྟས་ན་བསྒྱུར་མ་ཐུབ་པ་འདྲ།
དབྱངས་འཇགས་མི་མི་མཐོང་།། གཙང་སྟེང་རི་སྔོན་རྩི།།
འདི་ལྟར་བྱས་ན་ཇི་འདྲ་འདུག
སྒྱུར་མཁན་གྱི་མིང་ཡང་བྲིས་མི་འདུག་པ་ཅི་རེད།