སོག་མདའ།
ཕ་ཡུལ་བཞག་ནས་མི་ཡུལ་གྱར་བའི་མི་ཞིག་ལ་མཚོན་ན། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་སྤུན་མཆེད་སོགས་རིང་ནས་གྱེས་པས་ང་ལ་མཚོན་ན། སློབ་སྦྱོང་དང་ལས་ཀ་སྣ་མང་པོ་ཞིག་གི་གཡས་སྐོར་གཡོན་སྐོར་ཀྱི་་མི་ལོ་བཅུ་གསུམ་ལྷག་གི་མི་ཚེ་འདི་ལྟར་རྫོགས་ཞིང་། སྤྱི་ལོ་༢༠༡༡ལོར་སི་ལོ་བི་ནི་ཡ་ནས་ཡིན་པས་བཟའ་ཟླ་དབང་མོ་ལགས་དང་གཉེན་སྒྲིག་བྱས་ནས་ད་ལྟ་སི་ལོ་བི་ནའི་རྒྱལ་སའི་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ལྟ་ན་སྡུག་པ་རྒྱབ་རི་རི་བོ་དང་རི་བོ་ནགས་ཀྱིས་བསྐོར་བ། མདུན་ལ་མཚོ་མོ་འཁྱིལ་ཞིང་མཚོ་ལ་ཉ་མོ་དཀྱིལ་བ། ཆུ་བྱ་དང་ཁྲུང་ཁྲུང་སོགས་རང་དགར་རྒྱུ་བའི་གནས་ཡུལ་འདི་རུ་གནས་སྡོད་བྱས་ཡོད།
ཉེ་ཆར་ང་དང་བཟའ་ཟླ་གཉིས་ཁྱིམ་མཚེས་རྒྱལ་ཁབ་གྱི་ཨོ་སི་ཁྲི་རི་ཡི་རུ་གཡག་ཡོད་པ་ཤེས་ནསསྤྱི་ལེ་སུམ་བརྒྱ་ལྷག་གི་སར་རླངས་འཁོར་བསྐོར་ནས་བལྟ་རུ་སོང་བ་ཡིན། སྤྱིར་སི་ལོ་བི་ནི་ཡ་ནི་རང་བྱུང་ལྟ་ན་སྡུག་ལ་སྟོད་ལ་རྫ་རི་མུ་ཁྱུད་ཀྱིས་བསྐོར་ཞིང་། བར་ནགས་ཀླུང་ཕྱུག་མོ་རྒྱུ་བ། འགྲམ་ཏུ་དྭངས་གཙང་གི་ཆུ་བོ་ཤག་ཤག་འབབ་པའི་རང་བྱུང་མཛེས་པ་འཕྱུར་བ་ནི་ས་ཆ་འདིའི་རང་བཞིན། འདི་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཨོ་སི་ཁྲི་རིའི་ཡ་ཡང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད། བཟའ་ཟླ་ངེད་གཉིས་རི་ལུང་དང་ལམ་ཆེན་ལམ་ཆུང་མང་པོ་བརྒྱུད་མཐར། རི་བོ་ཅུང་མཐོ་ཞིང་མཚོ་ངོས་ལས་མཐོ་ཚད་༡༤༠༠ ལྷག་ཡོད་པའི་རི་ངོས་ཞིག་ཏུ་ཁྱིམ་ཚང་ཞིག་འདུག་ལ། ཕ་རྒན་་གྱི་མིང་ལ་བོ་གི་ར་ཙི་དང་མ་རྒན་གྱི་མིང་ལ་ཨ་ནེ་ལས་ཙེ་ཟེར། དེ་རུ་གཡག་རྒོད་འམ་བོག་ཐུག་གཅིག འབྲི་མོ་གཅིག འབྲི་མོ་དེ་ལ་གསར་ཏུ་རྩེབས་པའི་བེའུ་ཉིན་བདུན་སོང་བ་ཞིག་དང་། གཞན་ལོ་གཅིག་འགོར་བའི་ཡ་རུ་ཞིག་བཅས་འདུག་པས། ཁོང་ཚོས་གཡག་གི་མིང་ལ་ཀེ་ལ་ཤ་དང་། འབྲི་མོའི་མིང་ལ་བཀྲ་ཤིས་བདེ་ལེགས། ཡ་རུའི་མིང་ལ་ལྷ་ས་ཟེར།
ངས་འབྲི་གཡག་རྣམས་མཐོང་བས་མི་ལོ་བཅོ་གསུམ་ལྷག་མཐོང་མ་མྱོང་བའི་འབྲི་གཡག་དེ་དག་དངོས་སུ་མཐོང་བས་སེམས་ལ་བཤད་མི་ཤེས་པས་ཚོར་བ་ཞིག་དགའ་སྐྱོ་འདྲེས་མས་སེམས་ཡན་ཞིག་གི་ཁྲོད་ནས་རེ་ཞིག་ང་རང་བྱིས་དུས་ཀྱི་ཕ་ཡུལ་རྩྭ་ཐང་གི་རྣམ་པ་སེམས་ལ་དབང་མེད་དུ་ཤར། འབྲི་གཡག་ཚོས་ཀྱང་ང་མཐོང་བ་དང་། བདག་པོ་ངོ་མ་བཞིན་དུ་ངའི་གམ་ཏུ་ཡོང་བས། ངས་ཀྱང་ཁོང་གཉིས་ཀྱི་བསིགས་ཁ་དང་ཐོད་པའི་རྭ་བར་ལ་ལག་པས་བྱུགས་བྱུགས་པྱས་པ་ཡིན། འབྲི་གཡག་འདི་ཚོས་ང་ལ་འདི་འདྲའི་དུང་བ་ཞིག་སྟེར་དགོས་ཅི་ཞིག་ཡིན་ནམ།
བོད་ཡུལ་དང་བྲལ་བའི་མི་ཡུལ་གྱི་ལུང་པ་འདི་ནས་ཁོང་ཚོའི་སར་དམིགས་བསལ་གྱིས་ལྟ་རུ་ཡོང་བའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ངའི་ལུས་ལ་བོད་ཆས་གྲལ་དག་ཞིག་གོན་ཡོད་པས་ཡིན་ནམ།
གང་ལྟར་འབྲི་གཡག་འདི་ཚོ་དང་ངའི་བར་ན་འགྲེལ་བཤད་ཐུབ་པས་འབྲེལ་ཐག་དམ་པོ་ཞིག་གི་བཅིངས་འདུག
ང་ཚོ་ཁོང་ཚང་གི་ཁྱིམ་ཏུ་འཛུལ་བས་གཡས་ཕྱོགས་སུ་བོད་ནས་ནམ་རྒྱུན་འབྲོག་ཁྱིམ་ཚོའི་གོ་ཁར་བཏིངས་པས་བག་སྟན་ཞིག་བཏིངས་འདུག་པས། ང་ནི་རང་དབང་མེད་པར་དེའི་ཐོག་དཀྱིལ་ཀྲུང་ངང་འདུག་དགོས་བྱུང་བ་དང་ངའི་ཕ་ཡུལ་ཏུ་ཡང་བག་སྟན་ཡོད་པས་ལོ་རྒྱུས་བཤད། ཨོ་སི་ཁྲི་ལི་ཡའི་ཁྱིམ་ཚང་དུ་མགྲོན་པོ་གལ་ཆེན་སླེབས་ན་ཟ་མ་སྣ་མ་བཟོ་ཞིང་། དང་པོ་ཁུ་བ་དང་དེ་ནས་ཚལ་རིགས་དང་ཀོ་རེ། དེ་ནས་མངར་ཟས་དང་ཤིང་ཏོག་སོགས་སྟེར་བའི་སྲོལ་འདུག འདི་ལྟར་ང་ཚོ་ཉིན་གུང་དྲོས་ཇ་འཐུང་ཚར་བས་རྗེས་སུ་ཡང་བསྐྱར་འབྲི་གཡག་ཚོར་བལྟ་རུ་སོང་ནས་འབྲི་གཡག་ཚོ་དང་ལྷན་དཔར་བླངས་པ་སོགས་བྱས་ནས་ཕྱིར་རང་ཁྱིམ་ཏུ་ལོག ཆུ་ཚོད་གསུམ་ལྷག་གི་རྗེས་སུ་རང་ཁྱིམ་ཏུ་འབྱོར། རང་ཁྱིམ་ཏུ་ཐོན་དུས་ངའི་ཁ་པར་གང་སར་བཙལ་ཀྱང་མ་རྙེད་པས་བོར་བརླགས་བྱུང་འདུག བོར་བརླགས་བྱུང་ས་ནི་འབྲི་གཡག་ཅན་གྱི་ཁྱིམ་ཚང་ལས་ཕལ་ཆེར་འགྲོ་ས་མེད་པ་འདྲ།
དེ་ནས་བཟའ་ཟླ་ངེད་གཉིས་ལབ་གླེང་སྣ་ཚོགས་ཀྱི་སྒོ་ནས་་ཁྱིམ་ཚང་དེར་ཡོད་པས་འབྲི་མོ་ཆུང་ཆུང་ཡ་རུའི་མིང་ལ་ལྷ་ས་ཟེར་བ་དེ་ཉོ་རྒྱུའི་གྲོས་ཐག་བཅད་ནས། ནོར་བདག་ལ་འབྲེལ་བ་བྱས་པ་དང་ངའི་ཁ་པར་ཡང་དེ་རུ་ཡོད་མེད་སོགས་སྐད་ཆ་དྲིས་པས། ཁོང་གི་བཟའ་ཟླས་ངའི་ཁ་པར་ཀྱང་རྙེད་འདུག ངའི་བཟའ་ཟླ་ལ་ཀུ་རེ་ལྷན་ཏུ་ངའི་ཁ་པར་དེ་རུ་བོར་བརླགས་སོང་བ་དང་ཡང་བསྐྱར་རྙེད་པ་ནི། ངེད་གཉིས་ཀྱིས་འབྲི་མོ་དེ་ཉོ་དགོས་པ་དང་ངེད་གཉིས་ཡང་བསྐྱར་ཁྱིམ་ཚང་དེ་རུ་འགྲོ་དགོས་པའི་བཀོད་སྒྲིག་རེད་ཅེས་ཀུ་རེའི་ངང་བཤད། འདི་ལྟར་ཟླ་ངོ་གཅིག་གི་རྗེས་སུ་ངེད་གཉིས་ཡང་བསྐྱར་འབྲི་མོ་ཉོ་སའི་ཁྱིམ་ཚང་དེ་དང་། ཁྱིམ་ཚང་གཞན་ཞིག་ཏུ་གཡག་ཞིག་ཀྱང་བཙོང་རྒྱུ་ཡོད་པས་དེ་རུ་སོང་ནས་འབྲི་གཡག་འདི་གཉིས་ཉོ་རྒྱུ་ཐག་གིས་བཅད།
དེ་ནས་ཉིན་འགའི་རྗེས་སྟེ་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཞོགས་པའི་ཆུ་ཚོད་བཞི་བའི་ཐོག་ཆེད་དུ་དུད་འགྲོ་སྒོ་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཞིག་གླས་ནས་ཞོགས་པའི་མཁའ་རླུང་གཙང་ཞིང་།གནམ་ན་སྐར་ཚོགས་ཀྱིས་ཁེངས་པའི་ཞོགས་པ་སྔ་བོ་དེར་ང་དང་བཟའ་ཟླ། རླངས་འཁོར་བསྐོར་མཁན་གྱི་ཁ་ལོ་བ་བཅས་ལམ་ལ་ཆས། ང་ཚོ་མཛེས་སྡུག་ལྡན་པའི་རི་ལུང་གང་མང་བརྒྱུད་མཐར་ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ་འབྲི་མོ་ཉོ་སའི་ཁྱིམ་ཚང་ཏུ་འབྱོར་ཞིང་། ཁྱིམ་བདག་མས་ང་ཚོ་ཡོང་བ་ཤེས་པས་ཞོགས་ཇ་ཚིག་ཇ་དང་ཀོ་རེ་དང་ཕྱུར་བ་སོགས་གྲ་སྒྲིག་གང་ལེགས་བྱས་འདུག དེ་ནས་ང་ཚོ་ཞོགས་ཇ་འཐུང་ཞོར་ཡིག་ཆ་ཁ་ཤས་ཐོག་ས་ཡིག་རྒྱག་དགོས་པ་དང་། རྒྱལ་ཁབ་གཅིག་ནས་གཅིག་ལ་སྐྱེལ་འདྲེན་བྱེད་སྐབས་དེ་དགོས་པས་ཆ་རྐྱེན་རྣམས་ཡོངས་སུ་ནོར་བདག་གིས་བཟོས་ཚར་འདུག
འདི་ལྟར་ང་ཚོས་འབྲི་མོ་ཆུང་ཆུང་ལྷ་ས་རླངས་འཁོར་ནང་བཅུག་པ་དང་། ནོར་བདག་གཉིས་ལ་ལྷ་སའི་རྔ་མ་ནས་ཅུང་བཅད་ནས་ཁོང་གཉིས་ལ་ཁ་བཏགས་ཞིག་དང་ལྷན་ཏུ་སྤྲད་པ་ཡིན། འདི་ནི་ང་ཚོ་བོད་ཀྱི་འབྲོག་ཕྱོགས་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ་འབྲི་གཡག་བཙོང་བ་འམ་གཞན་ལ་སྟེར་བའི་སྐབས་སུ་རྔ་མ་ནས་ཅུང་བཅད་ནས་ཉར་སྲོལ་ཡོད། འབྲི་གཡག་ཁྱེད་ཀྱིས་ཁྱེར་ན་གཡང་ངས་ཉར་བ་ཡིན་པའི་སྲོལ་ཡིན་པ་དང་། རྔ་མ་བཅད་པའི་རྔ་རྩིད་གཡང་མདའི་ནང་འདོགས་སྲོལ་ཡོད།
འདི་ལྟར་ང་ཚོ་ཞོགས་པའི་ཉི་གཞོན་དང་ལྷན་ཏུ་ཁྱིམ་ཚང་དེ་རུ་ཁ་གྱེས་པའི་སྐབས་སུ་ཁོང་བཟའ་ཟླ་གཉིས་ཀྱང་ཅུང་སེམས་པ་སྐྱོ་གི་འདུག་ལ། ང་ཡང་སེམས་པ་སྐྱོ་བའི་རྣམ་པ་ཞིག་ཤར་བྱུང་། འབྲི་མོ་ཆུང་ཆུང་ཕ་མ་གཉིས་དང་ཁ་བྲལ་ནས་མི་ཡུལ་གཞན་ཞིག་ལ་འགྲོ་དགོས་བྱུང་སོང་བསམ་པས་ཡིན། ཡིན་ན་ཡང་ངའི་སེམས་སུ་ངའི་འབྲི་མོ་ཆུང་ཆུང་འདི་ལ་རང་ག་ིབུ་ཕྲུག་བཞིན་གཉོར་སྐྱོར་བྱེད་རྒྱུ་ཡིན་བསམ་པས་ཚོར་སྣང་ཞིག་རང་བཞིན་གྱིས་སེམས་སུ་ཤར། འདི་ལྟར་ཁྱིམ་ཚང་འདི་དང་ཁ་གྱེས་ནས་ཆུ་ཚོད་གཅིག་གི་རྗེས་སུ་གཡག་ཉོ་སའི་ཁྱིམ་ཚང་དེ་རུ་འབྱོར་ཞིང་། དེ་ཡང་མཚོ་ངོས་ལས་མཐོ་ཚད་དྲུག་བརྒྱ་ལྷག་རེད་འདུག་ལ། ཁྱིམ་ཚང་དེ་ལ་ཁྱོན་བསྡོམས་འབྲི་གཡག་བཅུ་ལྷག་འདུག་ལ། ངས་ཉོས་པའི་གཡག་ནི་འབྲི་མོ་དང་ལོ་མཉམ་རེད། ཁོང་གི་ཁང་བའི་ཕྱོགས་གཅིག་ལ་བོད་ལྟར་རྡོ་ཡི་བརྩིགས་མཐོན་པོ་བརྩིགས་ཞིང་དེའི་ཐོག་ལ་དར་ལྕོག་འཐེན་ནས་བོད་ཀྱི་རྣམ་པ་ཡོང་ཅི་ཐུབ་བྱས་འདུག ཁོང་ནི་བོད་ལ་ཆ་རྒྱུས་ཧ་ཅང་འདུག་ལ། ལ་དྭགས་སོགས་སུ་ཡུན་རིང་འགྲོ་མྱོང་བ་མ་ཟད་བོད་ལ་ཡང་འགྲོ་མྱོང་བ་ཞིག་རེད། ཁོང་གིས་བོད་ལ་ཧ་ཅང་གི་དགའ་བོ་བྱེད་ཀྱི་འདུག་ལ་བོད་མི་ལ་དེ་བས་ཀྱང་ཤ་ཚ་བྱེད་བཞིན་པ་དེའི་རྒྱུ་མཚན་གྱིས་འབྲི་གཡག་འདི་དག་ཀྱང་ཉར་འདུག
འདི་ལྟར་ང་ཚོས་སླར་ཡང་ཡིག་ཆ་སོགས་རྩིས་ལེན་བྱས་པ་དང་ཁ་བརྡ་ལབ་གླེང་གང་འཚམས་ཁྲོད་ནས་གཡག་ཀྱང་རླངས་འཁོར་ནང་བཅུགས་ནས་ལམ་ལ་ཆས་ཞིང་ཕྱི་དྲོ་ཆུ་ཚོད་བཞི་པས་ཐོག་བདེ་ལེགས་ངང་རང་ཁྱིམ་ཏུ་འབྱོར། དེར་བོར་བརླགས་བྱུང་བའི་ཁ་པར་ཡང་ཕྱིར་་རྙེད་པ་དང་་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་རྟ་ནོར་ལུག་གསུམ་ལྷན་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་ཅིག་མི་ལོ་བཅུ་གསུམ་རྗེས་སུ་མི་ཡུལ་གྱི་ལུང་པ་ནས་སླར་ཡང་དུང་སེམས་དང་བརྩེ་བ་ཟབ་པའི་འབྲི་གཡག་དང་ལྷན་ཏུ་འཛོམས།
༢༠༡༣་༨་༡༦་ཉིན་རང་ཤག་ནས་ཤར་མར་ཡི་གེ་ཕབ།
བཀའ་དྲིན་ཆེ། བོད་དང་བོད་ཀྱི་སྒོ་ཟོག་ལ་བདག་རྒྱབ་པ་དགའ་འོས་པ་དང་རླབས་ཆེན་གྱི་བྱ་བ་རེད། བོད་ཀྱི་འབྲི་གཡག་ཡོ་རོབ་ཏུ་ཇི་ལྟར་བྱས་ནས་ལེན་ཐུབ་པ་ཡིན་ནམ།
འབྲི་གཡག་ནི་བོད། རྒྱ་གར། འབྲུག ནེ་པལ་བཅས་རྒྱལ་ཁབ་བཞིའི་ནང་ཡོད། ད་ཆ་ཡུ་རོབ་རྒྱལ་ཁབ་གཉིས་ནང་ཡོད་དུས་དེ་བོད་ཀྱི་སྒོ་ཟོག་ཅེས་ཧམ་བཤད་མ་གནང་ན་ལེགས།
འབྲི་གཡག་ནི་བོད། སོག་ཡུལ། རྒྱ་གར། འབྲུག བལ་ཡུལ་དང་། འདིར་ཡུ་རོབ་ཧང་གྷ་རི་ལ་ཡང་འགའ་ཤས་འདུག བཅོ་ལྔའི་གོང་ལ་སྤྱན་གཟིགས་ཁང་ལ་ལྟད་མོ་ལྟ་རུ་འགྲོ་དུས་འབྲི་གཞོན་གཅིག་ལ་བེའུ་སྐྱེས་བཞིན་པ་མཐོང་བྱུང་། ད་ལྟ་གཅན་གཟན་ཁང་ནས་ཕྱི་རོལ་དུ་བཏོན་ཟིན་ནས་མེད་པ་དང་། ད་ཆ་ནོར་གཡག་དེ་དག་གྲོང་གསེབ་ཅིག་ལ་བ་གླང་ལྟར་གསོ་སྐྱོང་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། ད་ལྟའི་བར་དམིགས་སུ་བཀར་ནས་ལྟ་རུ་འགྲོ་ཐུབ་མ་སོང་། དེ་རིང་ཆེད་རྩོམ་འདི་ཡི་རྐྱེན་བྱས་པ་ལྟར་འབྲི་གཡག་དེ་ཚོ་ལྟ་རུ་གང་མགྱོགས་ངེས་པར་དུ་འགྲོ་བགྱི་ཡིན། འབྲི་གཡག་གང་དུ་ཡོད་སའི་ཡུལ་ལུང་དེ་དག་བདེ་སྐྱིད་དང་ལྡན་པར་ཤོག
ཡོ་རུབ་ལ་འབྲི་གཡག་མང་པོ་ཡོད་རེད། ར་ཤེ་ཡའི་ས་ཁོངས་སུ་འབྲི་གཡག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མང་པོ་རེད། རྒྱ་གུང་ཁྲན་གཞུང་གིས་དེང་སང་འབྲི་གཡག་ཡན་ཆོད་ལ་དགག་པ་རྒྱག་གི་འདུག ཉེ་ཆར་ངེད་ཚོའི་སྡེ་བར་རྒྱ་ནག་གུང་ཁྲན་གཞུང་གི་དཔལ་འབྱོར་སློབ་སྟོན་པ་ཞིག་ཡོང་ནས་འདི་ལྟར་བཤད་འདུག འབྲོག་པ་ཚོ་གྲོང་སྡེར་ཕབ་པའི་སྲིད་ཇུས་ནི་བོད་མིའི་དཔལ་འབྱོར་ཡར་རྒྱས་གཙོ་བོར་གྱུར་པའི་ལམ་ཁ་ཡག་པོ་ཞིག་ཡིན། དོག་པ་མི་དགོས། འབྲི་གཡག་ཉར་བ་ལས་བྱ་དེ་དང་ཕག་ཉར་ན་བཟང་། འབྲི་གཡག་མ་མཐའ་ཡང་ལོ་བཞི་ལ་མ་བརྒུགས་ན་ཁྲོམ་རར་སྐྱེལ་མི་ཐུབ། བྱ་དེ་ཕག་ནི་ལོ་གཅིག་ལས་མི་དགོས་པར་ཁྲོམ་རར་སྐྱེལ་ཐུབ། འབྲི་གཡག་གིས་ཕྱུག་པོ་བཟོ་ཁག་པོ་རེད། དེ་ལས་བྱ་དེ་དང་ཕག་ཉར་ན་བཟང་ཞེས་བཤད་འདུག
འབྲི་གཡག་བོད་ཀྱི་ཡིན་པར་བཤད་པ་དེ་ཧམ་བཤད་གཏན་ནས་མ་རེད། འབྲུག་དང་བལ་པོ་རྒྱ་གར་རྣམས་ཀྱི་འབྲི་གཡག་ཡོད་པའི་ས་ཁུལ་དེ་དག་བོད་རིགས་ཀྱི་ས་ཁུལ་རེད་ལ། གནའ་སྔ་མོ་བོད་ཀྱི་རྒྱལ་ཁོང་རེད། སོགས་པོ་དང་ཡོ་རོབ་སོགས་ལ་བོད་དང་གོང་གསལ་ས་ཁུལ་དེ་དག་ནས་ཁྱེར་སོང་བ་རེད།
རྒྱ་གར་ལ་བ་གླང་གསོད་མི་ཆོད་པའི་ཁྲིམས་ཡོད་པ་བཞིན་དུ་བོད་ལ་རང་དབང་ཐོབ་ན་འབྲི་གཡག་གཅིག་ཀྱང་གསོད་མི་ཆོག་པའི་ཁྲིམས་འཇོག་དགོས་ས་རེད། རྒྱ་གར་ལ་རང་དབང་ཐོབ་པའི་སྐབས་སུ་བ་གླང་གསོད་མི་ཆོག་པ་དེ་ཁྲིམས་ཐོག་ནས་གཏན་འབེབས་བྱེད་དང་མི་བྱེད་ལ་བགྲོ་གླེང་བྱེད་སྐབས་བདག་ཉིད་ཆེན་པོ་གན་དེས་འདི་ལྟར་གསུངས། “བ་གླང་འདི་ཚོ་རྒྱ་གར་མི་མང་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་ཡིན་པའི་ཆ་ནས་ཀྱང་བ་གླང་གསོད་མི་ཆོག་པའི་ཁྲིམས་འདི་ཆོས་ཕྱོགས་ཁོ་ན་མིན་པར་ཡ་རབ་བཟང་སྤྱོད་དང་ཡང་མཐུན་པ་ཞིག་ཡིན་པས་ཁྲིམས་ཐོག་ནས་གཏན་འབེབས་བྱེད་པར་ཁོང་གིས་རྒྱ་སྐྱོར་བྱ་རྒྱུ་ཡིན་” གསུངས་པ་རེད། འབྲི་གཡག་འདི་ཚོ་ཡང་བོད་ལ་དྲིན་ཆེ་ཐོག་བོད་ཀྱི་མཚོན་རྟགས་ལྟ་བུ་ཡིན་པས་བཤད་རྒྱུན་ལ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་རྒྱལ་དར་སྟེང་ལ་གཡག་འཇོག་དགོས་ཚུལ་གསུངས་པ་རེད་ཟེར། རྒྱུ་མཚན་དེ་ལྟ་བུས་ཀྱང་ངས་ད་ནས་གཡག་ཤ་མི་ཟ་བའི་དམ་བཅའ་བྱ་རྒྱུ་ཡིན།
གཡག་ཤ་མ་ཟས་གཡག་ལ་མ་བཀོལ་གཡག་གོ་མ་གྱོན་དེ་ནས་གཡག་དྲིན་ཆེན་ཇི་ལྟར་འགྱུར་རམ།
བདག་ཉིད་ཆེན་པོ་གན་དྷེ། “བ་མོ་ནི་རང་གི་ད་ལྟའི་མ་རྒན་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན། གང་གིས་ཕྱིར་ཞེ་ན། ང་ཚོའི་མ་རྒན་གྱིས་ནི་ལོ་ཤས་རིང་མ་གཏོགས་ང་ཚོ་འོ་མས་གསོས་མེད། བ་མོས་ནི་མི་ཚེ་གང་བོར་ང་ཚོ་འོ་མས་གསོ་བཞིན་ཡོད།” ཅེས་དང་། སྐབས་ལ་ལར་ཁོང་གི་གསུངས་རྩོམ་དུ། མ་ཡུམ་བ་མོ་ཞེས་མ་ཡི་མིང་གིས་བོས་པ་ཡང་ཡོད། རྒྱ་གར་བ་ལ་བ་གླང་བཀའ་དྲིན་ཅི་ལྟར་ཆེ་བ་དེ་བཞིན་དུ་འབྲི་གཡག་ནི་བོད་མི་ལ་ཕ་མ་དང་མཚུངས་པའམ་དེ་ལས་ཀྱང་ལྷག་པར་དྲིན་ཆེ་བ་ཡིན། སུ་ཞིག་གིས་འབྲི་གཡག་གསོད་མི་རུང་བའི་ལས་འགུལ་སྤེལ་ན་ང་ཚོས་རྒྱབ་སྐྱོར་བྱ་བར་འོས་སོ།།
དེང་སང་འབྲི་གཡག་བཀོལ་སྤྱོད་ངན་པ་ཆེར་བྱེད་མི་དགོས། ལྷག་པར་ཡང་གསོད་མི་དགོས། ཟས་རིགས་འདྲ་མིན་སྣ་ཚོགས་ཡོད། གྱོན་ཆས་རྣམ་པ་སྣ་ཚོགས་ཡོད། འབྲི་གཡག་རྣམས་ཡན་པར་རྒྱུ་བའི་སྤྱི་གླིང་ཆེན་པོ་རྩ་འཛུགས་བྱས་ནས་ལྟ་སྐོར་བ་ཁོ་ན་ལ་བརྟེན་ནས་ཡོང་སྒོ་བསགས་ཆོག དེ་ནི་སྐྱེ་ཁམས་ཁོར་ཡུག་དང་སྔོ་ལྗང་ཅན་དུ་བསྒྱུར་བའི་དགའ་ཕྱོགས་ལངས་ཕྱོགས་དང་ཧ་ཅང་མཐུན། འབྲི་གཡག་གསོད་དགོས་དོན་མེད། འོ་མ་ཡང་དབྱར་དུས་སུ་བེའུའི་འཐུང་ལྷག་རེ་ལས་བཞོ་མི་དགོས།
བདག་ཉིད་ཆེན་པོ་གན་དེས་ཁོང་རང་ཉིད་ཀྱིས་ཧིན་དྷུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལས་ཆེས་ངོ་མཚར་བ་བའི་སློབ་གསོ་ཞིག་རྙེད་པ་དེ་ནི་བ་གླང་གསོད་མི་རུང་བའི་བསླབ་བྱ་དེ་ཡིན། དེ་ནི་མིའི་རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་ཁྲོད་ཀྱི་ཆེས་དགའ་འོས་པ་དང་རྗེས་སུ་སློབ་དགོས་པའི་ཤེས་རབ་ཅིག་ཡིན་པར་གསུངས་ཡོད་པ་རེད། དེ་བཞིན་དུ་རྒྱུ་མཚན་དང་རིག་པ་མང་པོའི་སྒོ་ནས་བ་གླང་ནི་ད་ལྟའི་རང་གི་མ་ལས་ཀྱང་བཀའ་དྲིན་ཆེ་བར་བསྒྲུབས་ཡོད་པ་རེད། རྒྱ་གར་བ་ལ་བ་གླང་དྲིན་ཆེ་བ་བཞིན་དུ་བོད་མི་ལ་འབྲི་གཡག་དྲིན་ཆེ་བ་ཡིན། བོད་མིའི་བྱམས་བརྩེ་དང་བྱས་ཤེས་དྲིན་གཟོའི་ཁྱད་ཆོས་མཚོན་ཆེད་དུ་འབྲི་གཡག་མི་གསོད་པའི་ལས་འགུལ་སུས་སྤེལ་ན་ཡང་རང་རེས་རྒྱབ་སྐྱོར་བྱ་བར་འོས་སོ།།
ལུང་རྟོགས་ཀྱིས་བོད་ས་མེད་པར་ཧི་མ་ལ་ཡ་ཚང་མ་བོད་ཁོངས་སུ་འཇུག་འདོད་བྱེད་གི་འདུག
སྔ་མོ་སྔ་མོ་རེད། ད་ལྟ་ད་ལྟ་རེད། ངས་སྔོའི་ལོ་རྒྱུས་བཤད་ཀྱི་ཡོད་པ་ལས། ད་ལྟའི་གནས་སྟངས་བཤད་ཀྱི་མེད། སྐད་ཆ་བཤད་ན་དབྱེ་བ་ཕྱེ་ནས་བཤད་དགོས་པ་ལས་དཀྲུག་དཀྲུག་བཏང་ནས་བཤད་ན་ཡོངས་སུ་འཁྲུག་འགྲོ་ཡི་རེད།
སྔ་མོའི་ཞེས་བཅོས་
དྲ་གྲོགས་རྣམས་ཕེབས་པ་ཧ་ཅང་དགའ་ཡོད།ང་ཚོ་ལུང་པ་རུ་འབྲི་ལ་བེའུ་རྩེབས་ཟེར་བ་ལས།རྒོད་མ་རྟེའུ་རྩེབས་སོགས་ཟེར་བས།སྐྱེས་མི་ཟེར་བས།རྩེབས་ཟེར་བའི་དག་ཆ་དང་ཚིག་འདིའི་སྐོར་ལ་བསམ་ཚུལ་ཞིག་གནང་རོགས་ཞུ།
ད་ནས་བོད་ཀྱི་འབྲོག་ཁུལ་འགའ་ཤས་མ་གཏོགས། བོད་ཡོངས་ཀྱི་རྟ་གཡག་གཉིས་པོ་འཛམ་གླིང་སྤྲོ་འཆམ་པའི་ལྟད་མོ་ལྟ་ས་དང་། དཔར་རྒྱག་སའི་ཆོ་བྱད་ཙམ་ལ་བཀོལ་ནས་བོད་རྣམས་དཔལ་འབྱོར་གྱི་དཀའ་ངལ་སེལ་མི་ཐུབ་པ་ཅིག་སྙམ་ཡང་། དེ་འདྲ་འོངས་བ་ལ། ད་ལྟའི་རྒྱ་གཞུང་གདུག་རྩུབ་ཆེ་བས་ཅུང་ཟད་བསྒུག་དགོས་པ་ཡང་སྲིད།
འབྲོག་པ་ཚོར་མཚོན་ན་ཞོ་དང་འོ་མ་ཕྱུར་བ་སོགས་ཁ་ཟས་ཕལ་ཆེ་བ་དང་། ད་དུང་ཁང་པ་ལྟ་བུའི་སྦྲ་གུར་ཡང་གཡག་གི་རྩིད་པ་ལས་བྱུང་བ་ཡིན་པས་སྤོབས་མཐས་བཤད་པ་བཞིན་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེས་ན་འབྲི་གཡག་གསོད་པ་ནི་སྡིག་པ་ཙམ་མ་ཟད་མིའི་བཟང་སྤྱོད་དང་ཡང་འགལ་བ་རེད། འོན་ཀྱང་དེང་སང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་འབྲོག་པས་བཤས་ཚོང་བྱེད་མི་ཉན་པར་གསུང་པ་ལ། བོད་པའི་ཤེས་ཡོན་ཡོད་མེད་ཀྱི་མི་མང་པོ་ཞིག་གིས། དེ་ནི་འབྲོག་པ་རྩ་མེད་བཟོ་བའི་རྒྱ་གཞུང་གི་སྲིད་ཇུས་དང་འདྲ་མཚུངས་ཡིན་པ་དང་། འབྲོག་པས་སྒོ་ཟོག་མ་བཤས་ན་འབྲོག་པ་ཚོ་ཧ་ལམ་མུ་གེས་འཆི་འགྲོ་བ་ལྟ་བུ་བཤད་ཀྱི་འདུག་པ་ནི་བསམ་བློ་ནན་ཏན་མ་བཏངས་པའི་སྐྱོན་རེད་སྙམ།
ཨ་ཇོ་ལུང་རྟོགས། དེ་རིང་ཨའུ་ཙམ་བཤད་སོང་། ཡིན་ནའང་སྔ་མོ་སྐབས་རེ་བོད་ཀྱང་སོག་པོའི་འོག་ལ་མིན་ནམ། དེ་འདྲ་བཤད་སྡད་ན་དཀའ་ལས་ཁག་རོག་མིན་ནམ།
མེ་དཀར་གྱིས་འབྲི་གཡག་རྒྱ་བལ་འབྲུག་གསུམ་ནང་ཡོད་རབས་ཀྱིས་བོད་ཀྱི་སྒོ་ཟོག་ཅེས་བཤད་མི་རུང་བ་བཤད་པ་ནི་དགོད་སྤྱད་ཅིག་མ་རེད་པས། འབྲི་གཡག་རྒྱ་བལ་འབྲུག་གསུམ་ནང་སྣ་སྔ་མོ་བོད་ཀྱི་ས་ཁོངས་དང་བོད་དང་ས་འབྲེལ་ཧི་མ་ལའི་རི་བརྒྱུད་ལ་འཚོ་བཞིན་ཡོད་པ་མ་གཏོག་རྒྱ་ཐང་ལ་འབྲི་གཡག་གི་རྔ་མ་ཙམ་ཡང་རིག་རྒྱུ་མེད་པ་རེད། མ་ཟད་ད་ཆ་འབྲི་གཡག་བོད་དང་ཧི་མ་ལའི་རི་བརྒྱུད་ནས་ཡོ་རོབ་གླིང་དང་ཨ་རི་སོགས་སུ་ཕྱི་འདྲེན་བྱས་ནས་འབྲི་གཡག་གི་འབྲོག་པ་གཉེར་མཁན་མི་ཉུང་བ་ཞིག་འདུག། དཔེར་ན་ང་གནས་སྡོད་བྱེད་སའི་སུད་སི་ལྟ་བུར་མཚོན་ན་ལོ་མང་སྔོན་ནས་འབྲི་གཡག་འགའ་གནམ་གྲུའི་ནང་དབོར་འདྲེན་བྱས་ནས་ད་ཆ་འབྲི་གཡག་བརྒྱ་ཕྲག་ཉེ་བ་ཆགས་འདུག། འོན་ཀྱང་གཡག་ཞེས་པའི་བོད་སྐད་ཀྱི་ཐ་སྙད་འདིའི་སྒྲ་གདངས་རང་སོར་བཞག་པ་ལས་ཐ་སྙད་གཞན་གང་དུ་ཡང་བཏགས་མི་འདུག། དེས་ན་འབྲི་གཡག་ཞེས་པའི་ཟོག་རིགས་འདི་གནའ་སྔ་མོ་བོད་ལ་མ་གཏོག་མེད་པར་མཚོན་ཐུབ་ལ་བོད་མི་རིགས་ཀྱི་འཚོ་བའི་རྟེན་གཞི་དང་དགོས་མཁོ་ཡོད་ན་མེད་ན་གཅིག་རེད། བོད་ཟས་ལ་ངོམས་རྒྱུ་ཡོད་ན་མེད་ན་གཅིག་ཤ་མར་མཐུས་གསུམ་རེད། འདི་འབྲི་གཡག་ལས་བྱུང་བ་ཞིག་ཕལ་ཆེར་རེད།
ཡ་ཨ་ཕོ། བེའུ་ཙེག་རྩེབས་ཨེ་གདའ།
རྩེབས་ནི་སླེབས་པའི་དོན་རེད། འཇིག་རྟེན་ཁམས་སུ་ཐོག་མར་སླེབས་པས་དེ་ལྟར་འབོད་པ་ཡིན་རྒྱུ་རེད།
འབྲི་གཡག་ཡོད་སའིའ་བྲོག་སྡེ་ཚང་མ་བོད་རིགས་རེད་ཅེས་བཤད་ན་མི་འགྲིགས་པ་ཅང་ཡོད་མ་རེད། མེ་དཀར་ལགས།
འབྲི་གཡག་དང་། གཟི་གཉིས་ནི། བོད་རིགས་གཅིག་པུའི་རྒྱུ་ནོར་རེད་འདུག་གདའ་གཞོན་སྐྱེས་ཚོ། ཤེས་པར་གྱིས་ཤིག
མཐའ་མཚམས་ས་ཁུལ་དུ་ཡོད་ཀྱང་གཙོ་བོ་འབྲི་གཡག་བོད་ཀྱི་ཡིན། པད་དཀར་གྱིས་ཅི་ཡང་ཤེས་ཀྱི་མི་འདུག ཧཧཧ
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་་་གསང་སྔགས་ཧན་དིང་ཆོས་ལུགས་རེད་ཟེར་ནས་ཐག་བཅད་ནས་གསུངས་སོང་། བདེན་ཁ་ཡང་འདུག ཤཀྱ་ཐུབ་པས་འདོད་ཆགས་སྤངས་ནས་སངས་རྒྱས་་དགོས་པ་ཞིག་གསུངས་ཡོད་པ་འདི་དང་་འདོད་ཆགས་སྤྱོད་ནས་སངས་རྒྱས་དགོས་པ་ཞིག་གསུངས་ཡོད་ཟེར་བ་གཉིས་ནང་འགལ་རེད།
སྟོང་ཉིད་རྟོགས་དགོས་པ་དང་ལམ་སྒོམ་དགོས་པའི་རྒྱུ་མཚན་ཡང་འདོད་ཆགས་སྤོང་ཆེད་དུ་རེད། དེར་བརྟེན་འཁྲིག་པ་སྤྱོད་ནས་འཚང་རྒྱ་གྱི་ཡིན་ཟེར་མཁན་རྣམས་ནི་དབང་ཕྱུག་ཆེན་པོའི་མཇེ་འགོ་ལ་འོ་མ་བླུག་མཁན་གྱི་མུ་སྟེགས་པའི་ཆོས་ལུགས་པ་ཚོ་རེད།
མུ་སྟེགས་པ་དེ་དག་གིས་བ་གླང་ལྷ་རུ་བརྩི་ཡི་ཡོད། བ་གླང་ལ་དད་པ་བྱེད་མཁན་ཡོད་པ་ནི་ང་རང་གིས་མཐོང་མྱོང་ཡོད། བ་གླང་གི་འདྲ་དཔར་མཆོད་གཤོམ་ནང་བཞག་ཡོད་པ་ཀུན་གྱི་མིག་མདུན་ཡོད།
ད་་་་བོད་གངས་ཅན་པ་ལ་འཁྲིག་པ་སྤྱོད་ནས་འཚབ་རྒྱ་མཁན་གྱི་མུ་སྟེགས་པའི་ཆོས་ལུགས་ནི་འདུག འབྲི་གཡག་བཤའ་མི་ཆོག་པའི་ཁྲིམས་བཞག་མཁན་ནི་འདུག འབྲུ་གཡག་གི་འདྲ་དཔར་མཆོད་གཤོམ་ནང་དུ་འཇོག་ནས་མཆོད་འབུལ་བྱ། རྡོ་ཡི་མཇེ་ལྷ་ཁང་ནང་དུ་སློང་ནས་མཇེ་འགོ་ལ་འོ་མ་བླུག་ནས་མཆོད་འབུལ་བྱས་ན་མུ་སྟེགས་པ་དངོས་གནས་དེ་ཆགས་པ་རེད། ངོ་མ་ཡག་པོ་འདུག བོད་འདི་མུ་སྟེགས་པ་སྒྱུར་ཐུབ་ན་ཡག་པོ་འདུག་་་་་ཧཧཧ
སྤོབས་མཐས་རྒྱ་གར་རྒས་པོ་གྷན་དྷིས་བ་གླང་གསོད་མི་ཆོག་པའི་ཁྲིམས་ཡིག་གཏན་འབེབས་བྱས་ཚུལ་གསུངས་པར་ཅུང་ཐེ་ཚོམས་ཀྱི་གནས་རེད། མ་གཞི་ཧིན་རྡུ་ཆོས་ལུགས་པ་མང་སའི་ས་ཁུལ་ཁག་ལ་མི་དམངས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་བསྲུང་གིས་བ་གླང་གསོད་མི་ཆོག་པའི་ཁྲིམས་བཅས་པར་བདེན་ཡང་རྒྱ་གར་རྒྱལ་ཡོངས་ལ་བཅའ་ཁྲིམས་དེ་ཁྱབ་མེད་པ་རེད། དེ་ནི་ཁ་ཆེས་ཕག་པ་མི་གསོད་པ་དང་ཕག་ཤ་མི་ཟ་བ་འདྲ་པོ་རེད། དེ་ནི་ཆོས་ལུགས་ཀྱི་ལྟ་གྲུབ་གཅིག་གི་སྟེང་ནས་སླེབས་པ་རེད་མ་གཏོག་སྙིང་རྗེ་བཀའ་དྲིན་བསམས་ཤེས་གཅིག་ཕལ་ཆེར་ཡིན་བཟོ་མ་རེད། གལ་ཏེ་ཡིན་ན་ཧིན་རྡུས་ར་ལུག་གསོད་པ་དང་ཤ་ཟ་བ་དེ་ཡང་བཀའ་དྲིན་འདྲ་མཉམ་ཡིན་པས་ཕྱིར། དེས་ན་རྒྱ་གར་ཁ་ཆེའི་ཆོས་ལུགས་ཀྱི་མི་སེར་མང་བའི་ཡུལ་ལུང་དཔེར་ན་སཱ་རཱམ་པུར་ལྟ་བུར་མཚོན་ན་བ་གླང་ཁྱུ་ཁྱུ་སྡེབས་གསོད་གཏོང་བའི་ལམ་ལུགས་ལ་གྷན་དྷིའི་ཁྲིམས་ཡིག་དེ་ག་པར་ཕྱིན་པ་ཡིན་ནམ། དེ་དེ་བཞིན་དཔེར་ན་up དང་hp ཧི་མཱ་ཅཱལ་མངའ་སྡེའི་ས་མཚམས་ཟམ་པ་གཅིག་གི་ཕར་ནང་ལ་གླང་ཤ་ཟ་ཆོག་པ་དང་། ཚུར་ནང་ལ་ཟ་མི་ཆོག་པའི་ཁྲིམས་ཡིག་དེ་ལྟ་གྲུབ་གཉིས་ཀྱི་འགལ་ཟླའི་བར་ན་གནས་པའི་ཆོག་དང་མི་ཆོག་གི་ཁྲིམས་ཡིག་གཅིག་རེད་མ་གཏོག་སྙིང་རྗེ་དང་བཀའ་དྲིན་བསམས་ཤེས་ལས་བྱུང་བའི་ཁྲིམས་ཡིག་གཅིག་གཏན་གཏན་མ་རེད། འོ་ན་ང་ཚོ་བོད་མི་རིགས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་ནས་བརྒྱུད་ཡོང་བའི་ཕ་ཆོས་ཀྱི་བསླབ་བྱ་ཡོད་ན་མེད་ན་གཅིག་བྱམས་པ་དང་སྙིང་རྗེ་རེད་ལ། དེའི་རྒྱུ་སེམས་ཅན་ཐམས་ཅད་མར་ཤེས་དྲིན་དྲན་དྲིན་གསོ་བ་དེ་རེད། འོན་ཀྱང་གཡག་ཤ་གླང་ཤ་ར་ཤ་ལུག་ཤ་ལུག་ཤ་མ་གཏོག་བྱ་ཤ་ཁྱི་ཤ་ཉ་ཤ་རུས་སྦལ་སྡིག་ཟན་སོགས་ཤ་རིག་མང་པོ་ཅིག་མི་ཟ་བའི་ལམ་ལུགས་དེ་མི་གཙང་བར་འཛིན་པའི་ལྟ་བ་དང་འདུ་ཤེས་གཅིག་གི་སྟེང་ནས་སླེབས་པ་རེད་མ་གཏོག་སྙིང་རྗེ་བཀའ་དྲིན་བསམ་ཤེས་ཅང་མ་རེད་དོ།
འབྲི་གཡག་ཡོད་སའི་ཧི་མ་ལ་ཡ་ས་ཁུལ་ནི་དེང་སང་རྒྱལ་ཁོངས་གང་ཡིན་ལ་མ་ལྟོས་པར།གནའ་སྔ་མོ་ནས་བོད་མི་གནས་སྡོད་ཀྱི་ས་ཁོངས་ཡིན་པས་ད་དུང་ཡང་མི་དེ་ཚོ་བོད་མིའི་བརྒྱུད་པ་རེད།དེའི་སྒྲུབ་བྱེད་ཡག་ཤོས་ས་ཁོངས་དེ་ཚོའི་མི་རྣམས་ཀྱི་སྐད་ཡིག་རིག་གཞུང་དང་།ཡུལ་གོམས་གཤིས་ལུགས་དང་བཅས་པ་ད་དུང་ཡང་བོད་མི་གཙང་མ་གཙང་རྐྱང་གི་ངོ་བོར་གནས་བསྡད་ཡོད་པས།དེ་འདྲ་མངོན་སུམ་ལ་མི་སུས་ཀྱང་བསྙོན་ཐུབ་ཀི་མ་རེད།འོན་ཀྱང་།དེང་སང་ས་ཁོངས་དེ་རྣམས་ཆབ་སྲིད་ཀྱི་འགྱུར་ལྡོག་དབང་གིས་པ་ཀི་སི་ཐན་དང་རྒྱ་གར།བལ་པོ།འབྲུག།བྷང་ལ་དེ་ཤེ་བཅས་ཀྱི་ནང་ཁྱབ་ཡོད་པ་རེད།
སྤོབས་མཐས་བཤད་པར་དེ་རིང་རྒྱབ་སྐྱོར་ཡོད།འབྲོག་པའི་ཁ་གསོ་དགོས་ན་ངེས་པར་བཤས་ཚོང་བྱེད་དགོས་དོན་མེད།ང་རང་ཕ་ཡུལ་ན་ཡོད་དུས་ཁྱིམ་ཚང་རེ་ཟུང་གིས་འཚེར་ས་གཅིག་ནས་མར་ཡོམ་ཆེན་པོ་བཅུ་གཅིག་རེ་བཟོ་ཐུབ་ཀྱི་ཡོད་རེད།དེ་བཞིན་རྩིད་པ་དང་ཀོ་བ།ཁུལ།ཕྱུར་ར།ཞོ་དང་འོ་མ་བཅས་བཤད་མ་དགོས་པ་རེད།དཔྱིད་ཀ་གནམ་གཤིས་ཀྱིས་ཟོག་ལུག་ཧ་ཅང་མང་པོ་ཤི་ཀི་རེད།དེ་དུས་ཤ་ངན་རིགས་བོད་མིས་རྩ་བ་ནས་ཟ་ཀི་མ་རེད།དེང་སང་བསམ་བློ་བཏང་དུས་དེ་ཚོ་ཤ་སྐམ་བཟོས་བཞག་ནའང་ཟ་མ་མང་པོ་བཟོ་ཐུབ་ཀི་རེད་ད།
དེ་ནས་མར་ཕྱུར་རིགས་རོང་བ་ཚོར་དགོས་མཁོ་ཆེན་པོ་ཡིན་པས་རྩམ་པ་སོགས་དང་བརྗེས་ཆོག་གི་རེད།ལྷག་པར་དེང་སང་འབྲོག་པའི་འཐོན་རྫས་རིགས་འཐོན་བསྐྱེད་བཟོ་གྲ་བརྒྱབ་རྒྱུའི་འཆར་གཞི་མང་པོ་བཏིང་གི་འདུག་མོད།ཟོག་ལུག་བཤས་ར་མ་གཏོགས་རྒྱ་ནག་གཞུང་གིས་བཟོ་གྲ་གཞན་བརྒྱབ་བཅུག་གི་མེད་པ་དེས་བོད་མི་ཚོར་དཀའ་ངལ་ཆེན་པོ་རེད།
ཅོར་ཉིས་ཕོ་མཚན་ལ་མཆོད་འབུལ་བྱེད་པ་དེ་ཧིན་དྷུའི་ལུགས་གཅིག་པོ་ཡིན་པ་ལྟ་བུ་བཤད་པ་དེ་བདེན་པ་མ་རེད། ཕོ་མཚན་ལ་མཆོད་པ་འབུལ་སྲོལ་དེ་ནི་གནའ་སྔ་མོར་ཡུལ་སྡེ་མང་པོར་དར་བ་དང་བོད་དུ་ཡང་སྔ་མོའི་དུས་སུ་ལུགས་དེ་ཡོད་པ་རེད། ཉེ་ཆར་རང་སྐྱིད་གྲོང་རྫོངས་ཁོངས་སུ་གནའ་བོའི་བྲག་རིས་མང་པོ་ཞིག་རྙེད་པའི་ཁོངས་སུ་ཕོ་མཚན་གྱི་འདྲ་རིས་རྙེད་པ་ལ་རྒྱ་མི་གནའ་ཤུལ་ཆེད་མཁས་པས་དེང་སང་འབྲུག་ཡུལ་དུ་དར་བའི་ཕོ་མཚན་མཆོད་པ་དེ་གནའ་སྔ་མོའི་བོད་ཀྱི་གདོད་མའི་ཆོས་ལུགས་སྲོལ་རྒྱུན་ཞིག་ཡིན་པར་བཤད་འདུག་པ་དོན་ལ་ཡང་གནས་པར་སེམས།
བོད་ཡུལ་དུ་གཡག་བཤའ་མི་ཆོག་པའི་ཁྲིམས་བཞག་ཐུབ་སོང་རྒྱ་ཡུལ་གྱི་ཕག་ཤའི་ཚོང་ལས་ཡར་རྒྱས་འགྲོ་ངེས་ཡིན་པ་རེད། རྒྱ་ཡུལ་ནས་ཁུར་བའི་ཡོང་བའི་ཕག་ཤ་ལ་རོང་ཟས་ནས་བོད་མི་ཕོ་ཁའི་ན་ཚ་ཅན་མང་པོ་ཡོད་པ་རེད། སྤྱིའི་ཆ་ནས་ཏང་གི་བཀའ་དྲིན་གྱི་ག་རེ་ཟ་ཟ་དང་ག་རེ་གྱོན་གྱོན་ཡིན་ཟེར་མཁན་བོད་མི་ཡང་གང་མང་ཡོད་པ་རེད། ཡིན་ཀྱང་མི་དེ་དག་བོད་མིའི་འཚོ་བ་དངོས་ལ་ཞིབ་འཇུག་མེད་པར་སྐྱིད་གཏམ་རྒྱགས་གཏམ་བཤད་ཀྱི་ཡོད་པ་རེད།།
རྡོ་ཡི་མཇེ་རེ་ཁུར་ནས་གནས་སྐོར་ཡོང་མཁན་ས་དིང་བྷ་བྷ་ཞིག་བྲག་ཕུག་ནང་དུ་ཤི་སོང་བས་རྡོ་མཇེ་དེ་ལ་ལྷག་སོང་བ་ཡིན་པར་རིགས་པས་གྲུབ། ་ཧན་མ་ལ་ཡའི་རྒྱུད་ཀྱི་བྲག་ཕུག་རྣམས་ཀྱི་ནང་འཚོལ་ན་གངས་རིན་པོ་ཆེན་གནས་འཇལ་འགྲོ་མཁན་མཇེ་དད་ཅན་བྷ་བྷའི་རོ་རུས་དེ་འདྲ་ཡང་བསྐྱར་རྙེད་སྲིད་པ་རེད།།
གཡག་བོད་སྐད་ཡིན་པ་ཅི་འདྲ་རེད། འབྲུག ལ་དྭགས། བལ་པོའི་ཡུལ་སོགས་སུའང་གཡག་ཅེས་འབོད།
སོག་མདའ་སྦྱོན་ལེགས། དབྱུག་པ་གྱང་རྩ་ནས་བསྲིངས་ཏེ་གྱང་ཁར་རྩེབས་ན་ལེན་ཐུབ། ཐག་པ་རིང་པོ་གྱང་ཁ་ནས་ནར་ཏེ་གྱང་རྩར་རྩེབས་ན་ལེན་ཐུབ་ཅེས་བཀོལ་སྤྱོད་བྱེད་པ་ལྟར་ན།. རྩེབས་མ་རྩེབས་ནི་གཟུགས་ཅན་ཅིག་གནས་གཅིག་ནས་གཅིག་ཏུ་སླེབས་པའམ་རེག་པ་ལ་ཟེར་གིན་འདུག
འདིར་ཡང་འབྲི་དང་རྒོད་མའི་མཐོ་ཚད་ཙམ་ལས་ནར་ཏེ་སར་རེག་མ་རེག་ལྟ་བུར་བྱས་ནས་འཇིག་རྟེན་དུ་འབྱུང་བས་རྩེབས་ཅེས་བརྡ་བྱས་པ་རེད་ཅེས་ཞུ་འདོད་བྱུང་།
བདག་གིས་གྱང་འདིའི་ཡི་གེ་ཞིབ་མོ་ཅིག་བཙལ་མོད་ད་དུང་རྙེད་མ་བྱུང་།
གཡག་བཤའ་མི་ཆོག་དུས་འབྲོག་པ་ཚོས་བདག་པོ་ཡག་པོ་མ་བརྒྱབ་ནས་རི་ལ་ཉིན་བརྒྱབ་མཚན་བརྒྱབ་བྱས་ཀྱི་ཡོད་པ་རེད། དེ་ནི་རྐུ་མ་ལ་གོ་སྐབས་ཡག་ཤོས་ཡིན་པ་རེད། རྒྱ་གཞུང་གི་ཉེན་རྟོག་པ་དང་རྐུ་མ་ཁ་མཐུན་བྱེད་ནས་གཡག་རྐུ་གྱི་ཡོད་པ་རེད། སྔོན་མ་ར་ལུག་ཚང་མ་ཚེ་ཐར་ཡིན་ཟེར་ནས་ཪི་ལ་བརྒྱབ་བཞག་པ་རེད། རྐུ་མ་དང་སྤྱང་ཀི་གཉིས་ཀྱིས་ར་ལུག་གཅིག་ཀྱང་མ་བཞག་པར་རྩ་མེད་བཟོས་ཚར་བ་རེད། ཚུལ་ཁྲིམས་བློ་གྲོས་སྐྱེས་སའི་ས་ཆ་ལ་ར་ལུག་མཐོང་ཡ་དཀོན་པོ་ཡིན་པ་རེད།། ར་ལུག་ཚང་མ་བདེ་ཆེན་དག་པའི་ཞིང་བཏང་ཚར་བ་རེད།། ལོ་ཉིས་ཤུའི་ནང་དུ་འབྲི་གཡག་ཡང་ཚང་མ་བདེ་ཆེན་དག་པའི་ཞིང་ཁམས་ལ་གཏོང་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་རེད།
གཡག་བཀའ་དྲིན་ཇི་ལྟར་ཆེ་རབས་དྲིས་དུས།
ལན་དུ་་་་མར་དང་འོ་མ་སོགས་སྟེར་བས་བཀའ་དྲིན་ཆེ་རབས་བཤད་སོངཧཧཧཧཧཧ
ད་གཡག་མོ་ལ་འབྲི་ཟེར་མཁན་དེ་རིགས་ལ་བོད་མིའི་མྱི་དྲི་ཡང་བྲོ་གི་མི་འདུག
ཅོ་ཉི་འདི་ཡིན་ན་ཚུལ་བློ་སྡང་ཁུལ་བྱེད་ཀྱིན་འདུག ཅོ་འདྲེ་འདི་ཡིན་ན་དམར་ཕྱོགས་པ་ཡིན་མདོག་བྱས་ནས་ཏང་ཕྲུག་རེ་གཉིས་ཅིག་ཨ་ཕྲུག་ལ་ཉར་གྱིན་འདུག དོལ་སྐུ་ཞབས། དགྱ་དངུལ་གྱིས་ཁུངས་འཁྱོལ་གྱིན་མ་རེད། དེ་ལས་གསང་སྤྱོད་བཀྲུས་ན་ཡག་གི་རེད། རྡ་སར་མི་མ་བསད་པའི་སྔོན་དང་ཅུང་ཙམ་འདྲ་གི་མེད། དེ་སྔོན་གཞི་འགོར་ཉལ་སར་རྡུང་རྡེག་བྱེད་དུས་ང་དངོས་གནས་ཁྱེད་ཚོར་ཞེད་སྣང་བྱུང་། སློབ་ཕྲུག་ཚོའི་རླངས་འཁོར་གཅོག་དུས་གྱང་དེ་འདྲ་བྱུང་། འོན་གྱང་དེང་སྐབས་བོད་མི་དང་ཟིང་ཟང་གི་འབྲེལ་བ་ཆད་སྟབས། དངུལ་གཙང་མ་གཙང་རྐྱང་ཅིག་བསོག་པའི་འགོ་འཛུགས་ཐུབ་ན་ཕྱི་ནས་མིའི་ཉམས་འོང་གི་རེད། གཞན་ཁྱེད་ཀྱི་འཇོན་གྱི་མ་རེད། དོལ་སྐུ་ཞབས་ག་རེ་གསུངས་ཀྱང་ཁྱི་ཚུགས་ལས་མེད་པ་ཅི་རེད། བདེ་ཆེན་དག་པའི་ཞིང་འགྲོ་མཁན་གཡག་ལུག་ཡིན་གྱི་མ་རེད་དཔེ་མི་སྲིད། ཡག་པོ་ལྟོས་དང་རིག་ལམ་རྒན་ལ་དང་ནོར་མེད་འགྲོ གནའ་སྔ་མོ་སྔ་མོར་གཅིག་སྤྱོད་པའི་ལག་རྟེན་དེ་འདྲར་བརྟེན་ནས་མི་གྲབས་ཏུ་ཚུད་པར་མ་ཟད་གོ་གནས་མཐོན་པོ་དེ་འདྲ་འཐོབ་ཐུབ། ད་ཁྱི་ཚུགས་མ་དོད་འུན་དགོ ཅོ་ཉི་མ་འུན་དགོ ཇུས་ཏོག་མེད་སར་ཇུས་ཏོག་མ་བྱས།
མེ་དཀར་ལགས་ ཁྱེད་ཀྱི་ག་དུས་ཡིན་ན་བལ་པོ་ལ་ཡོད་རབས་དང་བཟང་རབས་གཅིག་པོར་བཤད་མ་འདུག་ བལ་ཡུལ་ལ་ངམ་རིན་མཆོག་པ་དེ་མཆོད་རྟེན་དེ་གཅིག་པོ་རེད་ གཞན་གང་ཡང་མེད་པ།
ཧཧ་ད་དུང་དྲི་བ་ཞིག་འདྲི་འཁུལ་བྱས་འདུག་ཀྱང་ ལན་ཡང་ཁོ་རང་གིས་རྒྱབ་འདུག་ ཧཧ་་་
མེ་དཀར་ལགས། ཧི་མ་ལའི་མི་རིགས་ཀྱི་སྐད་དེ་བོད་སྐད་རེད། ཧི་མ་ལའི་མི་རིགས་དེ་བོད་རིགས་རེད། ཡིན་ནའང་དུས་ཕྱིས་རྒྱལ་ཁབ་ཁ་ཤས་སུ་བགོས་ཡོད། དེས་ན་གཡག་གི་ཐ་སྙད་དེ་བོད་སྐད་རེད།
མཁྱེན་ཡངས་མེ་དཀར་མར་དྲ་ཐོག་ནས་བལྟ་ཚུལ། དངོས་གནས་བོད་ཡུལ་ལ་ཁམས་སངས་གཟིགས་་སྐོར་རམ། ཡང་ན་རིག་གནས་དང་འདུ་ཤེས་ལ་ཞིབ་འཇུག་ཆེད་ཕེབས་ཐུབ་ན་བསམ་ནས་འབོད་སྐུལ་ཞུ་འདོད་བྱུང་། གང་ལ་ཞེ་ན། སངས་རྒྱས་ཆོས་ལུགས་ལ་དུངས་ཞེན་ཡོད་པ་དང་གཅིག ཧི་མ་ལ་ཡའི་རིག་གཞུང་ངམ་བོད་ཀྱི་རིག་གནས་ལ་བརྩི་བཀུར་ཡོད་པ་ནི་ནམ་ནམ་དུ་མངོན་ཡོང་གིན་འདུག འོན་གྱང་མི་འདྲ་ས་ཞིག་ནི་ཆབ་དཔལ་གྱི་དམིགས་ཡུལ་གང་ཡང་མེད་པའི་བོད་ཀྱི་གྲོང་གསེབ་ཁག་ཏུ་འདུས་སྡོད་གྱི་རྒད་པོ་རྒན་མོ་བྱིས་པ་ཚོའི་འཚོ་བ་དངོས་གྱི་འདུ་ཤེས་ཏེ་འབྲུག་དང་། འབྲས་ལྗོངས། ཤར་བ་རྟ་མང་། ལ་དྭགས་སོགས་སུ་འཛིན་པའི་འདུ་ཤེས་ངོ་མ་དེ་ནམ་ཡང་ཇི་མ་ཇིབཞིན་མ་མཁྱེན་པའི་སྣང་ཚུལ་མངོན་གྱིན་འདུག ཐུགས་ཁག་མེད། ཡིན་དང་ཡིན། བཙན་བྱོལ་དུ་སླེབས་པ་རྣམས་དཀའ་ཚེགས་ཀྱིས་ཡུལ་གྱར་བ་ཞེ་གཅིག་ཡིན་སྟབས་རྒྱ་མཚོ་ཆེན་པོ་གྲོང་ཁྱེར་ལ་རེག་པའི་མཚམས་ལྟར་ཅུང་མི་གཙང་བའི་སྣང་ཚུལ་ལོས་ཤར། ཡིན་དང་ཡིན། དཔེ་སྟེང་ནས་ཆ་བཞག་ན་འདི་འདྲ་རེད། མི་རིགས་ཙམ་མ་ཟད་ཆོས་རྒྱུད་རྗེས་འབྲང་གི་མཚམས་སོགས་ཉམས་མྱོང་གིས་འདྲ་མོ་འདྲ་མོར་མཐོང་ཐུབ། གང་ལྟར་རྫུན་དང་མ་འདྲེས་པའི་ཚིག་གཅིག་ཞུ་ཐུབ་པ་ནི། ཆུང་བྱིས་པའི་དུས་ནས་བཟུང་སྟེ་འབྲུག་ནས་སྐར་རྡོའི་བར་གྱི་གོམས་སྲོལ་གཅིག་པའི་ས་མཚམས་གྱི་མི་ལ་རིགས་གཅིག་པའི་འདུ་ཤེས་འདོར་མ་མྱོང་། ཡིན་ནའང་ངོས་ཀྱི་བོད་དང་ཁྱེད་ཀྱིས་ཧི་མ་ལ་ཡ་གང་བྱས་ཀྱང་དེ་ནི་གཙོ་བོ་ཁུག་ཀྱོག་གི་མི་ཁོ་ནས་དཔང་པོ་བྱ་དགོས་པ་འདྲ།
རེད་རེད་རེད། དྲིན་ཆེན་གཡག གངས་ཅན་བོད་ལ་དྲིན་ཆེན་ནོ་སྒོ་ཟོག་གཡག་མིན་ན་གང་རེད།
ཚེ་སྟོད་ལ་འོ་མ་འཐུང་། ཚེ་སྨད་ལ་ཁྲག་དམར་འཐུང་།
ཚེ་སྟོད་ལ་མར་འཕྱུར་ཟོས། ཚེ་སྨད་ལ་ཤ་དམར་ཟོས།
ཚེ་སྟོད་ལ་རྩིད་པ་གྱོན། ཚེ་སྨད་ལ་ཀོ་བ་གྱོན།
གཡག གཡག གཡག ཁྱོད་ནི་ངོ་མ་དྲིན་ཆེན་པོ་ཡིན། ཁྱེད་ཡན་གྱི་དྲིན་ཆེན་ཞིག་གང་ན་ཡོད། མེད།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས།
་་་་་་བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན་། ཟླ་འདིའི་ཚེས་༡༡ཉིན་གྱི་དགོང་མོ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་གཡུ་ཁོག་འབྲོག་སའི་ཁུལ་དུ་། ས་གནས་འབྲོག་པའི་སྒོ་ཕྱུགས་གཡག་ཁ་ཤས་རྐུན་ལ་ཤོར་བཞིན་པ་ས་གནས་བོད་མི་འབྲོག་པ་ཚོས་ཤེས་རྟོགས་བྱུང་ནས་དེ་མ་ཐག་མཉམ་རུབ་ཐོག་རྐུན་མ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་བྱས་ནས་རྐུ་བཞིན་པ་གསལ་པོ་ར་སྤྲོད་བྱུང་ཡོད་པ་མ་ཟད། སྐབས་དེར་མི་ཉག་ཕྱོགས་ཀྱི་ཉེན་རྟོག་པ་གསུམ་དང་། 川-V0760 རྟགས་ཅན་གྱི་ཉེན་རྟོག་པའི་རླངས་འཁོར་བཅས་བ་ཡང་མཉམ་དུ་ཡོད་པ་འཛིན་བཟུང་བྱས་འདུག ་་་་་་
་་་་ ཧི་མ་ལའི་མི་རིགས་ཀྱི་སྐད་དེ་བོད་སྐད་རེད། ཧི་མ་ལའི་མི་རིགས་དེ་བོད་རིགས་རེད། ཡིན་ནའང་དུས་ཕྱིས་རྒྱལ་ཁབ་ཁ་ཤས་སུ་བགོས་ཡོད། དེས་ན་གཡག་གི་ཐ་སྙད་དེ་བོད་སྐད་རེད། ་་་་ཟེར།
་་་་ ཉེ་ཆར་རང་སྐྱིད་གྲོང་རྫོངས་ཁོངས་སུ་གནའ་བོའི་བྲག་རིས་མང་པོ་ཞིག་རྙེད་པའི་ཁོངས་སུ་ཕོ་མཚན་གྱི་འདྲ་རིས་རྙེད་པ་ལ་རྒྱ་མི་གནའ་ཤུལ་ཆེད་མཁས་པས་དེང་སང་འབྲུག་ཡུལ་དུ་དར་བའི་ཕོ་མཚན་མཆོད་པ་དེ་གནའ་སྔ་མོའི་བོད་ཀྱི་གདོད་མའི་ཆོས་ལུགས་སྲོལ་རྒྱུན་ཞིག་ཡིན་པར་བཤད་འདུག་པ་དོན་ལ་ཡང་གནས་པར་སེམས། ་་་་་ཟེར།
འབྲུག་ལ་ཕོ་མཚན་མཆོད་ཟེར་བ་ནི་མ་བརྟག་པའི་གཏམ་མོ།། ཕོ་མཚན་དེས་མི་ཕ་བཟློག་པ་དང་། གནོད་པ་བཟློག་པའི་ཕྱིར་དུ་ག་ས་ག་རུ་འབྲི་བ་དང་། བསྐོས་ཏེ་འཇོག་པའོ། ་མཆོད་པ་ནི་མིན་ནོ།། ཟུར་གཅིག་མཐོང་བས་ཡོངས་རྫོགས་ཤེས་པར་རློམ་ཏེ་ཅ་ཅོ་མ་སྒྲོགས་ཤིག
ནུབ་ཕྱོགས་གངས་ཕྲུག་གིས་ཧི་མ་ལ་ཡའི་མི་རིགས་དེ་བོད་རིགས་རེད་གསུངས་པར་དེ་རང་རེད་ཟེར་འདོད། ཡིན་ནའང་མི་རིགས་དེ་བོད་པ་མ་རེད་ཅེས་ཁྱོད་ལའང་དྲན་བསྐུལ་དུ་ཞུའོ།།
བོད་ཀྱི་གནའ་བོའི་བོན་ཆོས་ནང་ལ་ལིངྒའི་སྐོར་མེད་ལགས། འབྲུག་པའི་རླིག་གཟུགས་འདི་ནི། མི་ཁ་ཟློག་ཕྱིར་འབྲུག་པ་ཀུན་དང་འབྲེལ་བ་ཅུང་ཟད་འབྲེལ་བ་མེད་དམ་སྙམ། རྒྱ་གར་མུ་སྟེགས་པས་ལྷ་དབང་ཕྱུག་གི་ལིངྒ་ལ་མཆོད་པ་འདི་ནི། ལྷ་མོ་དབུ་མ་རང་གིས་སྲོལ་གཏོད་པ་རེད། ཡུལ་ལུང་གང་སར་མི་ཁ་ཟློག་ཕྱིར། འདྲ་མི་འདྲ་ཁྱད་མཚར་དེ་འདྲ་སྒྲེང་འཛུགས་བྱས་པ་་མི་རབས་ཡོངས་ཀྱི་གཤིས་ཀའི་ནང་ལ་ཡོད་རེད་དོ།། །།
༤༤༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡ སྐར་མ་ ༡༧
ནུབ་ཕྱོགས་གངས་ཕྲུག་གིས་ཧི་མ་ལ་ཡའི་མི་རིགས་དེ་བོད་རིགས་རེད་གསུངས་པར་དེ་རང་རེད་ཟེར་འདོད། ཡིན་ནའང་མི་རིགས་དེ་བོད་པ་མ་རེད་ཅེས་ཁྱོད་ལའང་དྲན་བསྐུལ་དུ་ཞུའོ།། ་་ཟེར་བ་ལ།
ཧི་མ་ལ་ཡའི་མི་རིགས་དེ་བོད་རིགས་ཙམ་མ་ཟད་བོད་རེད་ཟེར་ན་མེ་དཀར་ཁྱོད་ཚ་དགོས་མ་རེད།
ཁོང་ཚོ་བོད་པ་རེད། བོད་པ་ཡིན་སྟངས་ནི། ལ་དྭགས་པ་དེ་རྒྱར་བའི་བོད་པ་རེད། རྟ་མང་དང་ཤར་པ་དེ་ཚོ་བལ་པོའི་བོད་པ་རེད། འབྲས་ལྗོངས་པ་རྒྱ་གར་བའི་བོད་པ་ཕྱིས་སུ་ཆགས་པ་རེད། ཨ་རིའི་མི་སེར་བྱས་ཟིན་པའི་བོད་རིགས་དེ་དག་ཀྱད་ཨ་རི་པའི་བོད་པ་རེད། དེ་དེ་བཞིན་དུ་འབྲུག་པའི་མི་རིགས་ཀྱང་། འབྲུག་པའི་བོད་པ་རེད། ང་ཚང་མ་བོད་པ་རེད། ང་ཚོ་ཚང་མ་རྩམ་གཟན་པ་རེད། ང་ཚོ་ཚང་མ་ཎི་གྲངས་འདྲེན་བྱེད་མཁན་ཡིན་གཅིག་པ་རེད་ད། ཆོས་གྲོགས་མེ་དཀར་ལགས།
འབར་མའི་མི་རིགས་དེ་ཡང་བོད་རིགས་ཡིན་པ་ཁོ་རང་ཚུར་ངོམས་བཞིན་ཡོད་རེད། ད་དུང་རྒྱ་རིགས་དང་། སོག་རིགས། དེ་བཞིན་རི་པིན་དང་ཀོ་རི་ཡའི་ནང་ལ་བོད་པ་འདྲེས་མྱོང་བ་ག་ཚོད་ཙམ་ཡོད་མེད་སུས་བཤད་ཐུབ་བམ། ཧ་ཧ། བོད་པ་དང་བོད་རིགས་རྒྱལ་རྟག་ཏུ་རྒྱལ་འགྱུར་ཅིག། །།
མཆན་ ༦ སྤོབས་པས་རྒྱ་གར་ལ་བ་གླང་བསད་མི་ཆོག་པའི་ཁྲིམས་ཡོད་རེད་ཟེར། མ་འཇོན་བྲེལ་ལའི་་ maj nu ka tila ནང་ཟ་ཁང་ཚོའི་ནང་གི་གླང་ཤ་དེ་གནམ་ནས་ཟག་པ་རེད་དམ། ཞིང་ནས་སྐྱེས་པ་རེད། ཡོད་རྒྱུ་བ་གླང་བསད་མི་ཆོག་པའི་ཁྲིམས་བལ་ཡུལ་དུ་ཡོད། དེ་ཡང་ཡ་རབས་བཟང་སྤྱོད་གང་ཤེས་ཏེ་ཧིན་དུའི་ཆོས་ཁྲིམས་ནི་རེད་འདུག ད་བལ་པོ་མི་མང་དམངས་གཙོའི་རྒྱལ་ཁབ་ཏུ་བསྒྱུར་རྗེས་ཁྲིམས་དེ་ཡང་ཞིག་སོང་བ་མིན་ནམ་དྲན།
ཛམ་གླིང་ནང་ལ་ཆོས་གསུང་མཁན་རྒྱལ་སྲས་དོན་གྲུབ་ལས་ལྷག་པ་བྱུང་མེད་པ་ལྟར། ཆོས་དེ་དད་མོས་ཀྱིས་སྲུང་སྐྱོབ་བྱེད་མཁན་བོད་པ་ལྷག་སུས་ཀྱང་འཇོན་མ་རེད། དེ་ཡང་བཙན་བྱོལ་ནང་གི་བོད་པས་འཇོན་པ་ནང་བཞིན། བོད་ནང་གི་བོད་པས་ཀྱང་འཇོན་མ་ཡོད་རེད། དེ་ཤེས་པར་གྱིས་ཤིག ནང་པ་མེ་དཀར་ལགས།
བོད་པ་ཡིན་པའི་སྤོབས་པ་མེད་ན་ཡང་། བོད་རིགས་ཡིན་པའི་སྤོབས་ཆེན་པོ་ཡོད་དགོས་རེད། མེ་དཀར་ལགས། འབྲས་ལྗོངས་ཚོ་བོད་ཀྱི་ནང་ཆོས་པ་ཡིན་པའི་སྤོབས་པ་བྱ་རིན་པའི་དུས་་ཚོད་ཡིན་པ་འདི་ཡིན་པར་ངོ་འཕྲོདཔར་གྱིས་ཤིག འབྲས་མོ་ལྗོངས་ཀྱི་མེ་ཏོག་དཀར་པོ་ལགས།
མེ་དཀར་ལགས། བོད་སོག་པོའི་འོག་ལ་འགྲོ་མྱོང་མེད་པ་ངས་ནམ་ཡང་བཤད་མེད། བོད་སོག་པོའི་འོག་ལ་འགྲོ་མྱོང་བ་ངས་ཁས་ལེན་གྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་འདི་ཚོ་ཡང་སྔ་མོ་བོད་པའི་རྒྱལ་ཁོང་ཡིན་པ་ཁྱོད་རང་གིས་ཁས་མ་ལེན་རང་ལེན་རེད། ཁོང་ཚོ་ཚང་མ་བོད་པའི་མི་རྒྱུད་ཡིན་པས་བོད་པ་མ་ཡིན་ས་གཏན་ནས་འགྲོ་ཡི་མ་རེད།
ཨ་ཇོ་ཅོ་རི་བ་འདིས་ལམ་གྱི་རིམ་པ་ཞེས་པ་དེ་གཏན་ནས་ཤེས་མི་འདུག གདན་ས་ནས་དགེ་བཤེས་ཀྱི་མཚན་རྟགས་དེ་ཇི་ལྟར་བླང་པ་ཡིན་ནམ། མདོ་ལུགས་དང་སྔགས་ལུགས་གཉིས་དབྱེ་བ་ཕྱེ་དགོས་པ་རེད་གྲོགས་པོ། ད་དུང་གཡག་མ་བཤས་ན་གཡག་རྩ་མེད་འགྱུར་འགྲོ་བ་ལྟ་བུའི་སྐད་ཆ་འདི་དག་ནི་བྱིས་པས་ཐོས་ཀྱང་གད་མོ་ཤོར་རྒྱུ་རེད།
ཨ་རིའི་བོད་པ་དང་། ཧི་མ་ལ་ཡའི་བོད་རིགས་གཉིས་ལ་ཁྱད་པར་ཡོད་རེད། Americain Tibetan དང་། ཧི་མ་ལ་ཡའི་བོད་རིགས་ནི་ Tibetan མིན་ཏེ་འབྲུག་པ་བཞིན་ནོ།།
ལུང་རྟོགས་དེ་རང་རེད། སྔ་མོ་ཅིག་ཅིག་རེད་ཟེར་བས་ཕན་པ་ཡོད་མ་རེད། ༡༩༥༩ ནང་གི་རྒྱལ་མཚམས་ཀྱི་སྐད་ཆ་བཤད་ན་ཡག་གི་རེད། དེ་མིན་བཙད་པོའི་སྐབས་ཤིག་ལ་ཆུ་མོ་གངྒའི་ཟུར་ན་རྡོ་རིང་བཙུག་པ་དང་འཛམ་གླིང་སུམ་གཉིས་མངའ་དབང་དུ་བསྡུས་པས་ད་ལྟའང་དེ་བོ་བོད་ས་རེད་ཟེར་ན་ལ་ལ་ཧ་ལས། ལ་ལ་ངུ་ཤོར། ལ་ལ་དགོད་བྱེད་ཙམ་ལས་གཞན་ཅི་ཡང་མི་ཡོང་། དེས་ན་ཟམ་གདོང་བླ་མས། བོད་པས་བཤད་པ་ལྟར་ཆུ་མོ་གངྒའི་བར་གྱི་སྐད་ཆ་ལྟ་བུ་དང་། རྒྱ་མིས་བཤད་པ་ལྟར་འབྲི་ཆུ་གཡས་གཡོན་ལྟ་བུ་མིན་པར་བོད་ཆོལ་ཁ་གསུམ་གྱི་རྒྱ་ཁྱོན་ལ་བོད་ངོས་བཟུང་དགོས་ཟེར་བ་ལེགས་བཤད་དུ་མཐོང་།
ཀ་བ་རྡོ་རྗེ་ལགས། བོད་པ་དང་བོད་རིགས་ལ་ཁྱད་པར་ཡོད་དང་མེད། ཡོད་ན་ཡོད་སྟངས་དང་མེད་ན་མེད་སྟངས་ཤོད། མཚན་གཞི་ཞོགས།
ཀ་བ་རྡོ་རྗེ་ལགས། བོད་པ་དང་བོད་རིགས་ལ་ཁྱད་པར་ཡོད་དང་མེད། ཡོད་ན་ཡོད་སྟངས་དང་མེད་ན་མེད་སྟངས་ཤོད། མཚན་གཞི་ཞོགས།
ཞེས་པའི་ལན་དུ།
བོད་རིགས་དང་བོད་པ་ཁྱད་པར་མེད། དོན་གཅིག་རེད། ངས་རྒྱ་གར་ཁམས་པ་ཡང་བོད་རེེད་ཅེས་ཟེར་བགྱིད། ལྷ་སའི་ཁ་ཆེ་བོད་ནང་རྒྱ་གར་དུ་ཡོད་ཚད་བོད་པ་ཡིན་པ་གཅིག་པ་རེད། རྩམ་གཟན་པ་གཅིག་པ་རེད། ཁ་ན་ས་མཎི་འདོན་མཁན་གཅིག་པ་རེད།
Amecrican Tibetan དང་ Indian Tibetan གཅིག་པ་མ་རེད་ལབ་མཁན་དེ་དེ་ཡི་སེམས་ནང་ལ། རྨོངས་དད་ཡོད་པའི་རྟགས་མཚན་གསལ་པོ་རེད། དེང་དུས་དྱི་ཤེས་བྱ་ལ་ཡར་རྒྱས་ཏོག་དགོས་ངེས་འདུག མེ་དཀར་ལགས།
འོ་་་་ད་འགྲིག་སོང་། མེ་ཏོག་དཀར་པོའི་དམ་བཅའ་ཤོར་སོང་།
གཡག་ལ། ཡུ་རོབ་ནང་ལ་ Tibetan Yak ཟེར་བགྱིད་ཡོད་རེད། མ་ཏོགས། Europian Yak ཅེས་ཟེར་སྲོལ་མེད། དེ་བཞིན་Tibetan ཁྱི་Abso དང་། Tibetan Horse and Tibetan gold.
ལྷ་སའི་ཁ་ཆེ་བས་མ་ཎི་འདོན་མི་ཡོངས། ཧི་མ་ལ་ཡའི་མི་རིགས་ནང་། ནང་པ། བོན་པོ། ཁ་ཆེ། ཧིན་དུ། ཨི་ཤུ་སོགས་སྣ་མིན་སྣ་ཚོགས་ཡོད། ཚང་མས་མཎི་མི་འདོན། དོན་ལ་གཅིག་པ་རེད་ཟེར་བ་མི་ཡིན་པ་གཅིག་པ་རེད་ཟེར་བ་རེད་དམ། དེ་བཞིན་སྟོད་ལ་དྭགས་ནས་ཧི་མ་ཅལ། ཨུཏརཁན། བལ་ཡུལ། འབྲས་ལྗོངས། དར་ཇི་གླིང་། ཨ་རུ་ནཅལ་མོན་ནས་པདྨ་བཀོད་བར་གྱི་མི་རིགས་ཚོར་ང་ཚོ་བོད་པ་ཡིན་བསམ་པའི་འདུ་ཤེས་མེད། བོད་རིགས་ཡིན་པའི་་འདུ་ཤེས་ཡོད་ལ་ བོད་རིགས་ཨེ་ཡིན་དྲིས་ན་ཐེ་ཚོམ་མེད་པར་ཡིན་ཟེར་གི་རེད། ཇོ་ཇོ་ཀ་ཀ་ལགས།
ངའི་དམ་བཅའ་ཤོར་ཡོད་མེད་གང་ཤེས་ཏེ། ངའི་དམ་བཅའ་ཤོར་ན་ཁྱོད་དེ་འདྲའི་རྐང་བརྡབ་ལག་བརྡབ་བྱ་འོས་པའི་སྐྱིད་པོ་ཚོར་བ་དངོས་གནས་ཡ་མཚན་རེད། ཧ་ཧ་ཧ་
བོད་པ་ཁ་ཆེས་མ་ཎི་འདོན་མཉམ་རེད་ལབ་པ་དེ། ངས་ནོར་འདུག དགོངས་དག དྲ་གྲོགས་མེ་ཏོག་དཀར་པོ་ལགས།
བོད་རིགས་ཡིནཞེས་ལབ་ནས། །
བོད་པའི་ཐོབ་ཐང་ལེན་བགྱིད། །
བོད་པ་མིན་ཞེས་ཟེར་ནས། །
བོད་རིགས་འགན་འཁུར་གཡོལ་བགྱིད། །
མེ་ཏོག་དཀར་པོ་ལགས། རྒྱ་གར་ལ་བ་གླང་བསད་ཆོག་མི་ཆོག་གི་ཁྲིམས་དེ་མངའ་སྡེ་རེ་རེ་བཞིན་ཁྱད་པར་ཧ་ཅང་མང་བ་རེད། རྒྱ་གར་གྱི་མངའ་སྡེ་རེ་རེ་བཞིན་ཁྲིམས་མི་འདྲ་བ་མང་བ་ཤེས་དགོས་པ་རེད།
མེ་ཏོག་དཀར་པོ་ལགས་ཀྱིས་འབྲུག་པའི་ཕོ་མཚན་གྱི་གཟུགས་རིས་ལ་ནུས་པ་ཡོད་པར་འདོད་པའི་ལྟ་ཚུལ་དེ་གང་ནས་བྱུང་བ་ཡིན་པར་ཤོད་ནུས་སམ། མཆོད་ཟེར་ན་འདྲ། བརྟེན་ཟེར་ན་འདྲ། ལྷོ་མོན་པ་ཚོས་ཕོ་མཚན་གྱི་འདྲ་གཟུགས་ལ་དད་པ་བྱེད་ཀྱིན་ཡོད་པ་རེད། དུས་ཡུན་རིང་པོའི་ནང་དུ་སངས་རྒྱས་ཆོས་ལུགས་དར་བའི་བརྒྱུད་རིམ་ཁྲོད་དུ་ཕོ་མཚན་གྱི་འདྲ་གཟུགས་རིས་མཆོད་པའི་ལྟ་སྟངས་ལ་ཡང་འགྱུར་བ་སོང་ཡོད་ངེས་མོད་ད་དུང་ཡང་ལུགས་དེ་དར་སྲོལ་ཡོད་པ་རེད།
འབྲུག་ཡུལ་དང་འབྲུག་པ་ཟེར་བ་དེ་ཆོས་ཚོགས་སྒེར་གཅོད་པའི་མིང་གིས་ཡུལ་ལུང་སྤྱིའི་མིང་ལ་བཙན་འཛུལ་བྱས་པ་ཡིན་སྟབས་ངས་འབྲུག་ཟེར་བའི་མིང་དེ་ཡུལ་འདི་ལ་བེད་སྤྱོད་བྱེད་པར་མི་འདོད། འབྲུག་པ་བཀའ་རྒྱུད་དར་བས་འབྲུག་ཟེར་དགོས་ན་རྙིང་མ་དེ་ལས་དར་ཁྱབ་ཆེ་བས་རྙིང་ཡུལ་དང་རྙིང་པ་བོས་ན་ཅིས་མི་ཆོག ད་ནི་ཡུལ་དེར་དམངས་གཙོར་འགྱུར་བའི་རིམ་པ་བཞིན་དུ་མིང་དེ་ལ་འགྱུར་བ་གཏོང་བར་ང་ཚོས་འབད་བརྩོན་བྱ་དགོས།
བོད་ལ་འབྲི་གཡག་མི་གསོད་པའི་ཁྲིམས་འཇོག་མི་ཐུབ་དོན་མེད། བོད་ལ་ས་རྒྱ་ཆེན་པོ་ཡོད། ད་འབྲོག་པ་ཚང་མ་གྲོང་གསེབ་ཆགས་ནས་གཞི་ཆགས་པར་གཞུང་གིས་སྐུལ་འདེད་དང་རང་ངོས་ནས་འདེམས་པ་གཉིས་ཚོགས་ནས་འབྲི་གཡག་ལ་བརྟེན་ནས་འཚོ་བ་སྐྱེལ་སྲོལ་ལ་དགའ་མོས་ཆེན་པོ་བྱེད་མཁན་ཉུང་དུ་འགྲོ་བཞིན་འདུག ཡིན་ན་ཡང་འབྲི་གཡག་འདི་ལོ་རྒྱུས་རིང་མོའི་ཁྲོད་དུ་བོད་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པའི་ཆ་ནས་གསོད་མི་དགོས་པ་ཞིག་བྱུང་ན་ཧ་ཅང་ལེགས། རི་མགོའི་རི་དྭགས་སྲུང་སྐྱོབ་ཀྱི་ཁྲིམས་འཇོག་ཐུབ་ས་ནས་འབྲི་གཡག་གསོད་མི་ཆོག་པའི་ཁྲིམས་འཇོག་མི་དོན་མེད་ལ་མི་དགོས་པའི་དོན་དེ་བས་ཀྱང་མེད། འདི་མུར་ཁ་ཆེ་བའི་ཚོང་པ་དང་རྐུན་མ་གཉིས་ཆར་གྱིས་བོད་ཀྱི་འབྲི་གཡག་རྣམས་ཁྱུ་དང་ཁྱུ་བྱས་ནས་བཤས་རར་ཁྲིད་སོང་ན་ད་ནས་ལོ་བརྒྱའི་རྗེས་སུ་འབྲི་གཡག་རྩ་སྟོང་དུ་མི་འགྲོ་བའི་ངེས་པ་གཏན་ནས་མི་འདུག ལ་ལས་འབྲི་གཡག་བཙོང་ནས་བོད་མི་ཕྱུག་པོར་འགྱུར་ཟེར་བ་དེ་བསམ་བློ་གཏོང་མ་ཤེས་པ་རེད། འབྲི་གཡག་བཤའ་མཁན་གཙོ་བོ་རྒྱ་ཁ་ཆེ་བའི་རྐུན་མ་དང་ཚོང་བ་ཚོ་དང་བོད་མི་རུས་མེད་མདོ་མེད་སྐོར་ཞིག་ལྷན་དུ་འདུས་ནས་བཤས་རར་ཁྲིད་འགྲོ་བ་བརྒྱ་ཆ་དགུ་བཅུ་ཙམ་རེད། འབྲི་གཡག་བཤས་རར་བཙོང་བ་འདིས་བོད་མི་ཕྱུག་པོ་ཆགས་པ་མ་མཐོང་ཡང་རྒྱ་ཁ་ཆེ་རྐུན་མ་ཚོ་ཕྱུག་པོ་ཏན་ཏན་བཟོ་ས་རེད། བོད་མི་རང་གིས་ལོ་རེ་ལ་ཟས་ཀྱི་ཆེད་དུ་གསོད་པ་བརྒྱ་ཆ་བཅུ་ཙམ་རེད། ཁྲིམས་ཐོག་ནས་གསོད་མི་ཆོག་པ་དང་མ་མཐའ་ཡང་ཁྲོམ་རར་གཡག་ཤ་བཙོང་མི་ཆོག་པའི་ཁྲིམས་ཤིག་ཡོད་ན་བོད་ཀྱི་ནོར་གནག་བོད་མིའི་སྒོ་ཁར་འཁོར་བ་ལ་ཕན་ཐོགས་ཤིག་ཏན་ཏན་ཡོད་པ་རེད།
བོད་རིགས་འགན་ཁུར་གཡོལ་མེད།།
བོད་ཀྱི་སྐད་ཡིག་བཀོལ་ཡོད།།
བོད་པའི་ཐོབ་ཐབས་ལེན་མེད།།
རང་ཁ་རང་གསོ་ཡིན་ནོ།།
ལོ་ཁ་ཤས་རྗེས་ལ་རྒྱ་དམར་སྲིད་གཞུང་ཡང་གཉིད་རེ་སད་པའི་རེ་བ་ཡོད། དཔལ་འབྱོར་དང་དཔལ་འབྱོར་ཟེར་ནས་སྔོན་མ་བོད་ཡུལ་གྱི་ཤིང་ནགས་ཐམས་ཅད་སྐྲ་བཞར་བཞར་བྱས་ནས་༡༩༩༨ལོ་ཡས་མས་ལ་རྨ་ཆུ་དང་འབྲི་ཆུ་ཆུ་ལོག་བརྒྱུགས་ནས་ད་གཟོད་བོད་མཐོ་སྒང་གི་ཤིང་ནགས་བཅད་ན་རྒྱ་ཡུལ་ལ་ཉེན་ཁ་ཡོད་པ་ཤེས་ནས་ཤིང་ནགས་འབྲེགས་མི་ཆོག་པའི་ཁྲིམས་ལྟ་བུ་ཞིག་བསྡམས་པ་རེད། འབྲི་གཡག་གསོད་རྒྱུ་མང་ན་ཉིན་ཞིག་འབྲི་གཡག་རྩ་སྟོང་དུ་འགྲོ་ངེས་རེད། དེ་ལ་ད་ལྟ་ནས་སྲིད་གཞང་གིས་ཀྱང་བསམ་བློ་གཏོང་རན་རེད་འདུག
ཨུ་ཚུགས་ཀྱིས་ལྷོ་མོན་པས་མཇེ་གཟུགས་ལ་དད་པ་བྱེད་གི་ཡོད་རེད་ཟེར་ན་ང་ལ་ལན་འདོན་དཀའ་བ་འདུག མཇེ་གཟུགས་ཀྱིས་མི་ཁ་དང་གནོད་པ་ཟློག་པའི་ཡིད་ཆེས་བྱེད། ཡིད་ཆེས་ལ་དད་པ་ཟེར་ན་ཅུང་འགྲིག་ཨ་ཡོངས། དེ་འདྲའི་བསམ་ཚུལ་གྱི་འབྱུང་ཁུངས་འདི་ཡིན་ཤོད་དཀའ་ཡང་འབྲུག་པ་ཀུན་ལེགས་དང་འབྲེལ་ནས་ཀྱང་འབྱུང་སྲིད། Bhutan ལ་འབྲུག་ཡུལ་ཟེར་བ་འདི་འབྲུག་པ་ཀར་བརྒྱུད་ནས་བྱུང་བ་བདེན་ཀྱང་འབྲུག་དམངས་གཙོ་རུ་བསྒྱུར་རྗེས་རྒྱལ ཁབ་ཀྱི མིང་རྗེས་ག་ལ་དགོས། དེ་རྒྱལ་དར་ཡང་དེ་གས་འགྲིག་པ་རེད། འབྲུག་པ་ཚང་མས་ཞེ་འཐུན་ནས་ཡོད་པས་བོད་པ་རྣམས་ཐུགས་ཁྲལ་གནང་དོན་མེད་དོ་སྙམ་མོ།།
བོད་མི་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྟངསའགྲོ་བ་སེམས་ཅན་ཕ་མ་ཡིན་པའི་འདུ་ཤེས་འཛིན་མཁན་ཡིན་པ་དང་། ལྷག་པར་བྱས་ཤེས་དྲིན་གཟོ་ནི་མི་ཚེའི་ནང་དུ་བརྗེད་ཐབས་མེད་པའི་གལ་ཆེན་དུ་བརྩི་བ། མཐོ་སྒང་གི་འབྲི་གཡག་ནི་བོད་ཀྱི་མཚོན་རྟགས་ལྟ་བུ་ཡིན་པས་བོད་ཀྱི་རྒྱལ་དར་གྱི་སྟེང་དུ་ཡང་གཡག་གི་འདྲ་རིས་འཇོག་པར་མཁས་པ་ཚོས་དགོངས་ཚུན་ཚུན་སླེབས་མྱོང་བ་ཡིན་པས་འདི་རྩ་སྟོང་དུ་མ་ིའགྲོ་བ་ཞིག་ད་ལྟ་ནས་ཁྲིམས་ཐོག་དུ་སྐྱེལ་ཐབས་དང་མ་མཐའ་ཡང་འབྲི་གཡག་མི་གསོད་པའི་ལས་འགུལ་སུས་སྤེལ་ལ་ཤེས་ཡོན་ཅན་དང་ཆོས་སྲིད་ཀྱི་གནད་ཡོད་མི་སྣ་ཚོས་རྒྱབ་སྐྱོར་བྱ་རྒྱུ་ནི་གལ་ཆེན་དོན་ཆེན་རེད་བསམ།
ཧེན་དྷུས་བ་གླང་བཤའ་མི་ཆོག་པ་དེ་ཁོ་ཚོའི་ཆོས་ལུགས་མ་རེད། བ་གླང་གི་ཤ་ཟ་མི་ཆོག་པ་དེ་ཁོའི་ཚོའི་ཆོས་ལུགས་རེད། མར་ཆོས་བྱེད་སྐབས་བ་གླང་བརྒྱ་ཕྲག་བསད་ཀྱི་འདུག་ནམ་པ་ཚོ།
དམར་ཆོས་བྱེད་སྐབས།
མེ་ཏོག་དཀར་པོ་ལགས། རྒྱལ་ཁབ་ཀྱི་མིང་འདོགས་སྟངས་དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ར་ཤེ་ཡ་ཟེར་བ་དེ་རྒྱལ་པོའི་སྲིད་གཞུང་གིས་སྟངས་འཛིན་བྱེད་པའི་རྒྱལ་ཁབ་ཅིག་རེད། རྗེས་སུ་དེ་ཉིད་སུ་ཝེད་མཉམ་འབྲེལ་ཟེར་བར་བསྒྱུར་བ་རེད། Union of Soviet Socialist Republics རྒྱལ་ཁབ་ཀྱི་མིང་ཟེར་བ་དེས་ཡུལ་སྤྱི་མཚོན་ཐུབ་པ་ཞིག་འདོགས་དགོས་ཀྱི་རེད། ངས་དཔལ་ལྷོ་མོན་གྱི་ཡུལ་ཞེས་འདོགས་པར་འདོད། བོད་ཀྱི་འབྲུག་པ་བཀའ་རྒྱུད་པའི་ཆོས་དཔོན་ངག་དབང་རྣམ་རྒྱལ་གྱིས་སྣེ་ཁྲིད་པའི་ཁོའི་ཤོག་ཁག་གིས་ཡུལ་དེར་བཙན་འཛུལ་བྱས་ནས་ལོ་བཞི་བརྒྱར་ཉེ་བ་ཞིག་གི་ལོ་རྒྱུས་ལས་མེད་པས་ད་ནི་ལྷོ་མོན་པ་ཚོས་རང་རང་གི་ཡུལ་ན་གནའ་དུས་སུ་མིང་གང་ཞིག་ཡོད་པའམ་ཡང་ན་དེ་རིང་གི་ལྷོ་མོན་ཡུལ་འདིར་མིང་གང་ཞིག་གིས་ཡུལ་སྡེ་སྤྱི་མཚོན་ཐུབ་མིན་ལ་གཞིག་ནས་མིང་གསར་པ་ཞིག་ཏན་ཏན་འདོགས་དགོས་ཀྱི་འདུག ང་བོད་མི་ཞིག་གིས་བོད་མི་བཙན་འཛུལ་བའི་བྱས་རྗེས་ལ་རྒྱབ་སྐྱོར་བྱས་ན་ཆོ་མི་འདུག ང་ཚོ་ཡང་ད་ལྟ་བཙན་འཛུལ་བའི་སྟང་འཛིན་འོག་ན་ཡོད་པའི་ཡུལ་སྡེ་ཞིག་ཡིན་པའི་ཆ་ནས་མིང་འདོགས་སྟངས་དེ་ཡང་ཡུལ་སྡེ་དེར་གལ་ཆེན་པོ་ཡིན་པ་ཤེས་ཡོང་གིན་འདུག ང་ལྷོ་མོན་མི་མང་གི་ཆེད་དུ་འདི་བཤད་ཀྱིན་ཡོད་མ་གཏོགས་གཞན་གང་ཡང་མིན།
སོག་མདའ་ལགས། ངོ་མ་དེ་ལྟར་འབྲི་གཡག་གི་ལོ་རྒྱུས་བཤད་དུས་ང་ནི་རང་དབང་མེད་པར་ཕ་ཡུལ་གྱི་རྩྭ་ཐང་དུ་སྐྱོད་འདོད་བྱུང་། ད་དུང་རྟ་ནོར་ལུག་གསུམ་གྱི་དང་འགྲོགས་དེ་འཚོ་བ་སྐྱེལ་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས་སོང་། ཁྱེད་ལ་བཀའ་དྲིན་ཆེ།
བོད་མི་དང་མཐོ་སྒང་གི་འབྲི་གཡག་བར་གྱི་འབྲེལ་བ་དེ་ག་འདྲ་ཟབ་པོ་ཡིན་པ་ནི་རྩོམ་པ་པོ་སོག་མདའ་ལགས་ཀྱི་རྩོམ་ཡིག་འདི་ལས་ཀྱང་ཤེས་ཐུབ་པས་ངས་མང་པོ་བཤད་མ་བཤད་མི་འདུག དེ་ཡིན་པ་རེད། ངས་ཆོས་ཕྱོགས་སུ་འགྲོ་སོང་གཏན་ནས་གཏོང་མ་མྱོང་། ཡིན་ན་ཡང་འབྲི་གཡག་ཁ་ཤས་ཚེ་ཐར་བྱས་ནས་འཚོ་སྐྱོང་གི་གླ་ཡན་ཆོད་སྤྲད་རྒྱུ་དེ་ངའི་དམ་བཅའ་ཡིན། ང་སྲོག་ཆགས་འདི་ལ་དགའ་བ་དང་མཐོ་སྒང་འདིའི་མིའི་རིགས་ཀྱི་འཚོ་སྡོད་དང་འབྲེལ་བ་དམ་པའི་ཆ་ནས་རང་བཞིན་གྱིས་སྲོག་ཆགས་འདི་ཚོ་ལ་བརྩེ་སེམས་ཤིག་སླེབས་པ་ལས་གཞན་དགེ་སྒྲུབ་སྡིག་སྤང་ཟེར་བ་དེ་ོ་ནས་མིན། འབྲི་གཡག་རྩ་སྟོང་དུ་ཕྱིན་པའི་བོད་ཟེར་ན་ཡང་ཁག་པོ་འདྲ་ཞིག་ཡིན་ས་རེད། དབྱིན་སྐད་ལ་གཏམ་དཔེ་ཞིག་ཡོད་པ་རེད། བྱང་སྣེའི་ཨི་སི་ཀེ་མོ་བ་ལ་འཁྱག་སྒམ་དགོས་ཉིན་དེ་ལ་ཨི་སི་ཀེ་མོ་ཞེས་འདོགས་དགོས་སམ་ཞེས་པ་དང་གཅིག་མཚུངས་རེད།
མོན་པའམ་འབྲུག་པ་ནི་བོན་རིགས་གཙང་མ་རེད། གནས་སྐབས་རྡོར་རྗེ་སྐེ་བཟུང་གི་ལོ་རྒྱུས་ཞེ་སྡང་ཅན་གྱིས་མི་རབས་ཀྱི་བདེན་པ་རྩ་མེད་བཟོ་མི་ཐུབ། ཨུ་ཚུགས་བརྒྱབ་ནས་སྡོད་ཨ་ཉིན་མ་གཅིག་རི་ལུགས་པ་ཐག་པས་མི་སྡོམ་པའི་དུས་ཤིག་གཏན་གཏན་ཚེས་ངེས། འཁྱོག་བཤད་དང་མགོ་སྐོར་གཏོང་བ་ནི་སངས་རྒྱས་ཀྱི་བསྟན་པ་མ་རེད་དོ། དྲང་པོ་དང་བདེན་པ་ནི་སངས་རྒྱས་ཀྱི་བསྟན་པ་ལས་ཀྱང་རིན་ཐང་ཆེ་བ་ཡིན། ཅིས་ན་དྲང་བདེན་ནི་དེའི་སྔོན་ནས་ཡོད་པའི་ཕྱིར། །
ཏང་དཔོན་སྤོབས་པ་ལགས། དུས་ཚོད་ཡོད་ན་ཁྱེད་ཚོའི་རྒན་རབས་པ་ཅིག་སྐུ་གཤེགས་འདུག་ཅེས་དུས་བབ་ནང་བཀོད་འདུག་ཀྱང་། ཆབ་སྲིད་པ་དང་ཆོས་ལུགས་པ་མཁས་དབང་ཚོས་དངོས་གནས་རྐང་རྗེ་ནག་པོ་འཇོག་གིན་འདུག་པས་བལྟ་ཙམ་རེ་བྱས་ན་ཡག་པོ་ཡོང་ས་རེད། ཇུས་ཏོག་རེ་གནང་ན།
འོ་་ངོ་མས་ཡག་པོ་རེད་་་འབྲོག་ཕྲུག་ཅིག་འབྲོག་གཡག་དང་སླར་ཡང་འཕྲད་པར་རྟེན་འབྲེལ་ཞུ།
སྐབས་དེ་དུས་་་འབྲོག་ཕྲུག་ཁྱོད་ལ་རྩམ་དྲི་དང་འོ་དྲི་་་མ་དང་ཕྱུར་དྲི་་་ད་རུང་རྩིད་ཞྭ་ཡག་ཐག་ཆོད་ཅིག་གོན་ཡོད་རྒྱུ་ན་འབྲི་གཡག་དེ་དག་གིས་ཕ་ཡུལ་དྲན་ཏེ་མིག་ཟུང་ལས་མཆིལ་མ་ཤག་ཤག་ཏུ་ལྷུང་འགྲོ་བ་ཐག་གིས་ཆོད།
ཡ་སྤོབས་མཐའ་འདི་རང་མགོ་མི་འཐོན་གཤིན་པོའི་ཡར་འདྲེན་བྱེད་རྩིས་ཡོད་པ་འདྲ། ལྷོ་མོན་མཐའ་ཁོབ་ཀྱི་ཡུལ་གྲུ་དེ་བོད་ཀྱི་ནང་བསྟན་ཆོས་ལུགས་རིང་ལུགས་པའི་ཡ་རྒྱལ་འབྲུག་པ་བཀའ་བརྒྱུད་པའི་བླ་རིགས་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་རྒྱལ་ཁབ་མེད་པར་རྒྱལ་ཁབ་བཙུགས། ཁྲིམས་ལུགས་མེད་པར་ཁྲིམས་ལུགས་བཙུགས། ཕོ་ཐམས་ཅད་དགེ་སྙེན་ཕའི་ཚུལ་དང་མོ་ཐམས་ཅད་དགེ་བསྙེན་མའི་སྡོམ་ཁྲིམས་བཅས་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས་བ་དེས་བཙན་འཛུལ་གྱི་ངོ་བོར་འགྱུར་ཡོད་ན། རང་རེའི་བོད་འདིར་རྒྱ་གར་ནང་བསྟན་ཆོས་ལུགས་པས་བཙན་འཛུལ་ཐེབས་པར་འགྱུར་ལ་དྲ་གྲོགས་bonpo དང་བན་སྡེ་ལགས་གསུང་སྐད་ཤོར་བ་ཅི་ཁག། དེས་ན་འབྲུག་རྒྱལ་ཁབ་རྒྱལ་རྒྱུད་རིང་ལུགས་པ་འདི་རྒྱལ་ཁའི་ངང་དམངས་གཙོར་འགྱུར་བ་མ་ཟད་རྒྱལ་དཀར་ནག་གཉིས་སུས་ཀྱང་བཙན་འཛུལ་མི་ཐུབ་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞབས་གྲལ་དུ་ཡོད་པ་འདི་ལ་བལྟས་ན་ཤེས་ཚོད་རེད། བྱས་ཙང་སྤོབས་མཐས་རང་མགོ་མི་ཐོན་གཤིན་པོའི་ཡར་འདྲེན་རང་རེད།
འདིར་མཆན་དྲགས་པས་རེ་རེ་བཞིན་ཀློག་མ་ཁོམ། རྒྱ་མཚོའི་ཕ་རོལ་ན་ཕ་ཡུལ་གཅིག་པའི་གཡག་གཅིག་ལ་འཕྲད་ནའང་བཤད་མི་ཤེས་པའི་ཚོར་བ་ཞིག་སླེབས་ངེས་ལ། དེ་ནི་ས་མཐར་ལུས་པའི་མྱི་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་དུངས་རེད་ཡ།
བྱ་མ་ཁྱོད་ཡུལ་འགྲོ་ན་ང་ཡུལ་དྲན།།
ང་ཡུལ་འགྲོ་ན་ཁྱོད་ཡུལ་དྲན།།
ཕར་དྲན་ཚུར་དྲན་ངང་ནས།
མི་ཚེའི་ཚེ་ཚད་རྫོགས་ཐལ།།
མང་་་་་ཆད་འདུག
ཕག་ཕྲུག་དྲན་དཀར། ཁྱོད་ཀྱིས་ང་ལ་གསང་སྤྱོད་བཀྲུས་ལབ་འདུག སྐད་ཆ་དེ་སྣང་བ་འགྲོ་བོ་བྱུང་། ཁྱོད་ལྟ་བུ་ཚོའི་ཕུགས་བསམ་ངོ་མ་དེ་རེད། སྒེར་གཅོད་པ་ཁྱོད་ཚོས་འདོད་པ་ལྟར་བོད་བཙན་པོའི་མི་རིགས་འདི་ལ་འཛམ་གླིང་ཐོག་ཏུ་གསང་སྤྱོད་བཀྲུ་བ་དང་ཟས་ཁང་ལག་གཡོག་བྱས་ནས་སྣོད་ཆས་བཀྲུ་ནས་མི་ཚེ་སྐྱེལ་མཁན་བརྒྱ་ཕྲག་དང་སྟོང་ཕྲག་ཡོད།
ང་ཡང་དེ་དག་ནང་ནས་གཅིག་ཡིན། མི་ལོ་སྟོང་གི་རིང་དུ་བོད་མི་རིགས་ལ་སྒེར་གཅོད་བྱས། ཆོས་ལུགས་ཀྱི་མགོ་སྐོར་བཏང་ནས་སྲིད་འབྱོར་རིག་ཐུར་ཤོར་བཟོས། མཐའ་མ་བོད་མི་རིགས་གསང་སྤྱོད་བཀྲུ་མཁན་ཞིག་ཆགས། ད་ཁྱོད་ཚོ་གསེར་ཁྲིའི་སྟེང་དུ་སྡོད་མཁན་ཚོས་མཐོང་ཆུང་དང་ཁྱད་གསོད་བྱེད། གསང་སྤྱོད་བཀྲུ་མཁན་གྱི་ནང་དུ་མཁས་དབང་ཡོད་ལ་དགེ་བཤེས་ཡོད། དགེ་རྒན་དང་དྲུང་ཆེ་ཡོད། ཝ་ར་ན་སིའི་མཐོ་སློབ་ནས་ཐོན་པའི་ཤ་སི་ཐི་རིས་ཡོད་ལ་ས་ར་མཐོ་སློབ་ནས་ཐོན་པའི་རབ་འབྱམས་པ་ཡོད།
བོད་མི་འདི་དག་ལ་ཡོན་ཏན་མེད་ནས་གསང་སྤྱོད་བཀྲུ་པ་མིན་ལ་ཤེས་ཡོན་མེད་ནས་ཟས་ཁང་ལག་གཡོག་ཆགས་སོང་བ་མིན། སྒེར་གཅོད་པ་དང་ལྐོག་ཟ་རུལ་སུངས་ཚོས་བྱས་འབྲས་ཀྱིས་བོད་མི་རིགས་གསང་སྤྱོད་བཀྲུ་མཁན་གང་མང་ཞིག་ཆགས་བསྡད་ཡོད།
ཡིན་ཀྱང་གསང་སྤྱོད་བཀྲུ་མཁན་དང་ཟས་ཁང་ལག་གཡོག་བྱས་ནས་མི་ཚེ་སྐྱེལ་མཁན་ཚོས་ངོས་ནས་སྤོབས་པ་མཐོ་པོ་བྱེད་ཀྱི་ཡོད། ང་ཚོས་སྤྱིའི་རྒྱུ་ལྐོག་ཟ་བྱེད་ནས་མི་ཚེ་སྐྱེལ་གྱི་མེད་ལ་དཀོར་ཟས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་མེད། དྲང་བདེན་གྱི་ལམ་ནས་དཀའ་ལས་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། ཁྱོད་འདྲ་བ་ཚོས་ང་ཚོའི་མི་ཚེ་སྐྱེལ་སྟངས་འགྲན་ཟླ་མེད། འདིར་ཤེས་པར་བྱོས།།།
གཙང་སྤྱོད་བཀྲུ་ཐུབ་ཀྱིན་ཡོད་ན། ༢༠༡༣ལོར་རྒྱ་མི་མཉམ་དུ་ལོ་གསར་བཏང་དུས་རྒྱ་དར་ཅིག་སྐེ་ལ་བཏགས་ནས་སོང་ན་འགྲིག་གི་རེད་པ། ཁྱི་ཕྲུག
རྒྱ་གུན་ཁྲན་དང་མཉམ་ཟ་མཉམ་འཐུང་བྱེད་མཁན་དང་ལོ་གསར་མཉམ་དུ་གཏོང་མཁན་ཞིག་ཡིན་ན་གསང་སྤྱོད་བཀྲུ་མི་དགོས་པ་ཁྱོད་ལྟ་བུ་གསང་སྤྱོད་བཀྲུ་མཁན་ལ་མཐོང་ཆུང་བྱས་ནས་འབོད་མཁན་ཡིན་གྱི་རེད་པa། ཕག་ཕྲུག་ཁྱོད་ཁ་བཙུམ།
གསང་སྤྱོད་བཀྲུ་བ་དང་མཉམ་དུ་དུང་རྒྱ་ཕོག་དེ་ཡང་མཚམས་འཇོག་དགོས་ཀྱི་རེད། ཁྱི་ཕྲུག གོ་ཨེ་བྱུང་།
བོད་མིའི་ཁྱི་ཕྲུག
སྐྱག་པ་ཟ་མཁན་ཕག་ཕྲུག་ཁྱོད་རང་གིས་གསང་སྤྱོད་བཀྲུ་མཁན་ལ་མཐོང་ཆུང་བྱེད་མཚམས་ཞོག
གསང་སྤྱོད་བཀྲུ་མཁན་གྱི་ནང་དུ་མཁས་དབང་ཡོད་ལ་དགེ་བཤེས་ཡོད། དགེ་རྒན་དང་དྲུང་ཆེ་ཡོད། ཝ་ར་ན་སིའི་མཐོ་སློབ་ནས་ཐོན་པའི་ཤ་སི་ཐི་རིས་ཡོད་ལ་ས་ར་མཐོ་སློབ་ནས་ཐོན་པའི་རབ་འབྱམས་པ་ཡོད། ་་་་ཟེར།
ཅོ་ཉི་འདི་ཡིན་ན་ཚུལ་བློ་སྡང་ཁུལ་བྱེད་ཀྱིན་འདུག ཅོ་འདྲེ་འདི་ཡིན་ན་དམར་ཕྱོགས་པ་ཡིན་མདོག་བྱས་ནས་ཏང་ཕྲུག་རེ་གཉིས་ཅིག་ཨ་ཕྲུག་ལ་ཉར་གྱིན་འདུག དོལ་སྐུ་ཞབས། དགྱ་དངུལ་གྱིས་ཁུངས་འཁྱོལ་གྱིན་མ་རེད། དེ་ལས་གསང་སྤྱོད་བཀྲུས་ན་ཡག་གི་རེད། རྡ་སར་མི་མ་བསད་པའི་སྔོན་དང་ཅུང་ཙམ་འདྲ་གི་མེད། དེ་སྔོན་གཞི་འགོར་ཉལ་སར་རྡུང་རྡེག་བྱེད་དུས་ང་དངོས་གནས་ཁྱེད་ཚོར་ཞེད་སྣང་བྱུང་། སློབ་ཕྲུག་ཚོའི་རླངས་འཁོར་གཅོག་དུས་གྱང་དེ་འདྲ་བྱུང་། འོན་གྱང་དེང་སྐབས་བོད་མི་དང་ཟིང་ཟང་གི་འབྲེལ་བ་ཆད་སྟབས། དངུལ་གཙང་མ་གཙང་རྐྱང་ཅིག་བསོག་པའི་འགོ་འཛུགས་ཐུབ་ན་ཕྱི་ནས་མིའི་ཉམས་འོང་གི་རེད། གཞན་ཁྱེད་ཀྱི་འཇོན་གྱི་མ་རེད། དོལ་སྐུ་ཞབས་ག་རེ་གསུངས་ཀྱང་ཁྱི་ཚུགས་ལས་མེད་པ་ཅི་རེད། བདེ་ཆེན་དག་པའི་ཞིང་འགྲོ་མཁན་གཡག་ལུག་ཡིན་གྱི་མ་རེད་དཔེ་མི་སྲིད། ཡག་པོ་ལྟོས་དང་རིག་ལམ་རྒན་ལ་དང་ནོར་མེད་འགྲོ གནའ་སྔ་མོ་སྔ་མོར་གཅིག་སྤྱོད་པའི་ལག་རྟེན་དེ་འདྲར་བརྟེན་ནས་མི་གྲབས་ཏུ་ཚུད་པར་མ་ཟད་གོ་གནས་མཐོན་པོ་དེ་འདྲ་འཐོབ་ཐུབ། ད་ཁྱི་ཚུགས་མ་དོད་འུན་དགོ ཅོ་ཉི་མ་འུན་དགོ ཇུས་ཏོག་མེད་སར་ཇུས་ཏོག་
འདྲེ།
ཧཧཧཧཧཧཧཧཧཧཧ་་་་སྙིང་རྗེ། མི་ཐུབ་པའི་ཚིག་དང་རྟ་ཐུབ་པའི་སྒྲོག་མེད་ན་་་འདྲེ་འབོད་ཁྱི་འབོད་མི་བྱེད་དཀའ་མེད་རེད་བ། ཁྱོད་ཚོ་ལ་འདི་ལས་མེད་པ་མཐོང་དུས་ང་ཅོ་རི་སྣང་བ་ཇེ་སྐྱིད་དང་སྤོབས་པ་ཇེ་མཐོ་རེད་་་ཡ།
ཨ་རོ་རྩོམ་པོ་གསར་བ་ཁྱོད་མ་ཤེས་ནོ་མིན་ནས་ཁྱོད་ཡིན་ཟིག་མོས། དེང་སྐབས་ཁྱོད་བོད་ནང་གི་དྲ་ཐོག་ན་འང་ཡོད་གི་མོས། ཁྱོད་ཀྱིས་སྔོན་ཆད་ཅིའི་ཕྱིར་རྩོམ་ཡིག་མ་སྤེལ་མ་བ་ཡིན། ཁྱོད་ངོ་མ་ངར་གི། འབྲི་གཡག་ཉོས་ནོ་གི་ཟེར་གི་མེད། རྩོམ་ཡིག་བྲིས་ནོ་ལ་ཟེར་གི་ཡོད། མུ་མཐུད་དུ་བྲིས་དང་ཡག་པོ་འདུག