གནས་ཚུལ་གཏོང་མཁན། བསྟན་པའི་དངོས་གྲུབ།
རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༥།༦།༧ བཅས་ཉིན་གསུམ་རིང་མདོ་སྨད་ཆོལ་ཁས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་རྒྱུའི་སྐོར་༸གོང་ས་མཆོག་ལ་སྙན་སེང་བཀའ་ཁྲོལ་ཞུས་བསྩལ་བྱུང་དོན་ལྟར་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༩ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་ཡང་།
ཉེ་ཆར་༸མགོན་པོ་མཆོག་གི་མ་འོངས་མཛད་རིམ་ཁག་ལ་འགྱུར་བ་ཕྲན་བུ་མཛད་གནང་ཁོངས་མདོ་སྨད་ཀྱི་༸སྐུའི་གྱ་སྟོན་དེ་ཡང་བོད་ཟླའི་འཁྲུངས་ལྷ་ཡར་གསོའི་དུས་ཚེས་ལ་གྲ་སྒྲིག་ཡོང་བའི་བཀའ་བཟང་སྤྱི་ཕེབས་ལྟར། ཕྱི་ལོ་༢༠༡༥ བོད་ཟླ་༥ ཚེས་༥ ནི་ཕྱི་ལོ་༢༠༡༥ ཕྱི་ཟླ་༦ ཚེས་༢༡ ཉིན་འཁེལ་འདུག་པས། ཚེས་༢༡ ཉིན་༸སྐུའི་གྱ་སྟོན་བརྟན་བཞུགས་དང་། མཛད་ཐང་སྤྱན་འབུལ། མཛད་སྒོ་བཅས་དང་། ཚེས་༢༢ ཉིན་འགྲེམ་སྟོན་དང་བགྲོ་གླེང་། ཚེས་༢༣ ཉིན་མདོ་སྨད་ནང་ཁུལ་ལྷན་འཛོམས་བཅས་ཞུ་གཏན་འཁེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ། མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༩ ལ།
སྐུའི་གྱ་སྟོན་ནི་ཆོལ་ཁ་གསུམ་གྱི་བྱེད་ན་ཡག་པ་ལས། ཨ་མདོ་གཅིག་པོ་བྱེད་ན་ཅུང་མི་བདེ་བ་ཞིག་རེད། ༡༩༩༩ལོར་པཎ་ཆེན་རྗེས་དྲན་གཟི་བརྗིད་ལྡན་པ་དེ་ཆོལ་ཁ་གསུམ་ནས་གནང་བ་རེད། ད་ཐེངས་ལོ་རྒྱུས་དེར་ཕྱིར་དྲན་རེ་བྱོས་ན་བཟང་སྙམ།
སྤྱིར་གྱ་སྟོན་ནི་མི་སྒེར་རམ་ཁྱིམ་ཚང་དེ་ཉིད་ཀྱིས་གཏོང་སྲོལ་ཡོད་པ་ཞིག་ཡིན་པ་ལྟར་ན་ཡབ་གཞིས་ཚང་གིས་གཏོང་དགོས་པ་ཆགས་ཡོད། ཡིད་བཞིན་ནོར་བུ་ཚང་ནི་སྤྱི་ནོར་རིན་པོ་ཆེ་ཉིད་ཡིན་པས། རུ་སྡེ་བའམ། ཆོལ་ཁ། བོད་ཡོངས་ཀྱིས་གནང་ཡང་འོས་པ་ཡིན་པ་བདེན། ཡིན་ཡང་གཙོ་བདག་དེ་ཁོང་ཉིད་ཡུལ་གང་ལས་འཁྲུངས་པའི་མདོ་སྨད་རྟའི་ཆོལ་ཁས་གནང་བར་མ་འོས་པ་གང་ཡང་མེད།
སྤྱིར་གྱ་སྟོན་ཉིད་རུ་སྡེ་བའི་མི་ཚང་མ་རྟེན་འབྲེལ་ཞུ་བར་འགྲོ་བ་བཞིན། འདིར་ཡང་ཆོལ་ཁ་གསུམ་མམ་ཡང་ན་དེ་ལས་འདས་ཏེ་མི་རིགས་གཞན་དག་ཀྱང་གྱ་སྟོན་རྟེན་འབྲེལ་ཞུ་བར་བཅར་དགོས་ངེས་ཆགས་ཡོད་པས། ཆོལ་ཁོངས་གཅིག་ལས་འདས་ཡོད། རྒྱུ་མཚན་འདི་ཤེས་པའི་ཐོག་ནས་ཡིད་བཞིན་ནོར་བུའི་གྱ་སྟོན་ལ་འཛམ་གླིང་མི་དམངས་གདན་འདྲེན་ཞུ་འོས་པ་དང་ཞུ་དགོས་པ་དེ་ཡང་ཚང་མས་མཁྱེན་པ་གནང་རོགས་ཞུ།
བསྟན་པ་ལགས་ཁྱེད་ཀྱི་བསམ་ཚུལ་བཤད་ཡོང་དུ་བསམ་བློ་ཅི་ཡང་མ་བཏང་བ་གཅིག་དང་། འགན་སྤུ་རྩེ་ཙམ་ཡང་མེད་པའི་མི་མང་བར་ལ་དོན་མེད་རྙོག་གྲ་བསླངས་མཁན་ཡིན་ནོ་རང་ཉིད་ཀྱི་ཤེས་ན་ལེགས།
མདོ་སྨད་ཆོལ་ཁའི་གྱ་སྟོན་གྲ་སྒྲིག་བྱེད་པ་ལས་ཆོལ་ཁ་གཞན་མཉམ་དུ་གནང་གི་མིན་ཟེར་གྱི་མི་འདུག བསྟན་པ་ཟེར་བ་ཁྱོད་ཡི་གེ་མི་ཤེས་མཁན་ཞིག་དང་ཡང་ན་དོན་མེད་སེམས་ངན་ཅིང་བ་ཡིན་ན་སྙིང་རྗེ།
ཁ་བསྔོན་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ནས་ཨེ་ཤ་ཡའི་རླུང་འཕྲིན་ཁང་གི་གསར་འགོད་པ་དཔལ་ལྡན་རྒྱལ་ལགས་ཀྱི་དྲི་བ་ལན་འདེབས་གནང་སྐབས་གསལ་བོ་གསུང་ཡོད་པ་གོ་མ་སོང་ངམ།
དེ་རྗེས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་VOAརྙན་འཕྲིན་ཁང་གི་འདྲི་བ་གནང་སྐབས་སུ་ཡང་ཁོང་གི་ལན་འདེབས་གསལ་བོ་གནང་སོང་བ།
ཁྱོད་ལྟ་བའི་གོ་བ་མེད་མཁན་ཚོས་ཁ་སྟོང་ནང་གི་ཚིག་སྟོང་གི་སྐད་བརྒྱབ་ནས་བསྡད་པ་ཅི་ཕན། ཁྱེད་ཀྱི་ཡང་གྲ་སྒྲིག་བྱེད་ཆོག་གི་རེད།
ཨ་ཁ་ཁ་། ཆོལ་གསུམ་གྱ་སྟོན་ཞེས་འབོད་ན་ཡག་ག་ལ།
ཨ་ལས། ༧གོང་ས་མཆོག་ཨ་མདོ་བ་རེད་ཟེར་ངོ་སྤྲོད་ཆེད་རེད་དམ།
ཨ་ལས། ༧གོང་ས་མཆོག་ཨ་མདོ་བ་རེད་ཟེར་ངོ་སྤྲོད་ཆེད་རེད་དམ། །
གོ་སྒྲིག་ཚོགས་ཆུང་གིས་གྱ་སྟོན་ཟེར་ན་ཅི་ཞིག་ཡིན་མིན་དང་པོར་ངོ་སྤྲོད་གནད་འདྲོངས་ཐོན་པ་ཞིག་གནང་ཐུབ་ན་ཡག་གི ཤེས་ཚོད་བྱས་ན་གྱ་སྟོན་བྱེད་སྲོལ་འདི་མདོ་སྨད་གཅིག་པུ་ཡིན་ས་མ་རེད། ཡིན་ནའང། བྱེད་སྟངས་བྱེད་ལུགས་མ་འདྲ་བ་ཡོད་བཟོ་འདུག་པས། དང་པོར་བཙན་བྱོལ་ནང་ངོ་སྤྲོད་ཡག་པོ་ཞིག་བྱེད་ཐུབ་ན་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་ཙམ་མ་ཟད། བོད་མིའི་འཚོ་བ་སྐྱེལ་ཕྱོགས་ཀྱི་གྲུབ་ཆ་བྱེ་བྲག་པ་ཞིག་བཙན་བྱོལ་དུ་མགོ་བཙུགས་པའམ། བསྐྱར་གསོ་བྱས་པར་ངོས་འཛིན་བྱས་ཆོག་གི་རེད། གཞན་ཨ་མདོ་པ་ཁ་ཤས་ཀྱིས་བཤད་ན། བླ་མ་་དང་གྲྭ་བ་ལ་གྱ་སྟོན་བྱེད་སྲོལ་ཡོད་པ་ཞིག་མཐོང་མ་མྱོང་ཟེར་མཁན་ཡང་འདུག་པས། གྱ་སྟོན་མ་གནང་གོང་དང་པོར་ང་ཚོས་གྱ་སྟོན་འདི་ཡག་པོ་ཞིག་བཙལ། ཡག་པོ་ཞིག་ངོ་སྤྲོད་གནང་ཐུབ་ན་ཡག་པོར་མཐོང་སོང།།