མཚམས་སྦྱོར་བ། བསྟན་འཇམ།
ཡོངས་ཁྱབ་གསལ་བསྒྲགས།
ཕྱི་ལོ་༢༠༡༢ ཟླ་༩ ཚེས་༢༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཚོགས་ཐེངས་གཉིས་པའི་གྲོས་ཆོད་རྒྱབ་གཉེར་སྙན་ཐོ་དཔལ་ལྡན་བཀའ་ཤག་ལ་ཕུལ་བའི་ཁོངས། “རྒྱལ་སྤྱིའི་གཞས་པ་གཞས་མ་སྙན་གྲགས་ཅན་ལྷན་དུ་བོད་དོན་ཁྱབ་བསྒྲགས་ཇེ་ཆེར་གཏོང་རྒྱུ་སྔར་ལྷག་འབད་བརྩོན་ཞུ་རྒྱུ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞས་ཚིག་གསར་རྩོམ་གྱི་འགྲན་བསྡུར་གནང་སྟེ་འོད་སྡེར་ཟུར་དུ་འདོན་རྒྱུའི་ཐབས་ཤེས་བྱ་རྒྱུ།” ཞེས་གསལ་བ་བཞིན།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འདི་གར་བཀོད་ཁྱབ་གནང་བ་ལྟར། རང་རེ་གངས་ཅན་པ་རྣམས་ཀྱི་སྙིང་ལ་ཉེ་བའི་རང་གི་ཕ་ཡུལ་བོད་གངས་ཅན་ལྗོངས་སུ་རྒྱ་ནག་གཞུང་གི་བཙན་དབང་འོག་ཆབ་སྲིད་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་མུས་དང་། རང་རིགས་སྤུན་ཟླ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དག་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ། དགོས་པ་དང་རྒྱུ་མཚན་ཡང་དག་གང་ཡང་མེད་པའི་ཐོག་གློ་བུར་འཛིན་བཟུང་དང་། བཙན་ཁྲིད། དོ་དམ། བཙོན་འཇུག་སོགས་བྱས་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པ། དགོན་སྡེ་ཁག་གི་ནང་དམག་དཔུང་འགྲེམས་འཇོག་གིས་དམིགས་བསལ་དམ་བསྒྲགས་བྱེད་པ། བོད་ཀྱི་ཆོས་དང་རིག་གཞུང་གི་བླ་སྲོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་མུས་བཅས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་བརྗོད་བྱེད་པའི་གཞས་ཚིག་གསར་རྩོམ་གྱིས་འོད་སྡེར་འདོན་སྤེལ་བྱ་རྒྱུ་ཡིན་ཞིང་། གཞས་ཚིག་དེའང་འགྲན་བསྡུར་གྱི་ལམ་ནས་དྲག་འདེམས་བྱ་རྒྱུ་ལགས་ན། རང་རིགས་དོན་གཉེར་ཅན་རྣམས་ནས་འགྲན་བསྡུར་ནང་མཉམ་ཞུགས་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།།
བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༠ ལ།།
ཐུགས་སྣང་།
༡། གཞས་ཚིག་ཚིག་རྐང་ ༦ ནས་ ༩ བར།
༢། གཞས་ཚིག་ཤོ་ལོ་ཀ་ ༥ ནས་ ༧ བར།
༣། གཞས་ཚིག་ལེགས་ཤོས་ ༨ ནས་ ༡༠ བར་དྲག་འདེམས་དང་འབྲེལ་བྱ་དགའ་གནང་རྒྱུ་དང་། དྲག་འདེམས་བྱུང་བའི་རྩོམ་པ་པོ་སོ་སོའི་མིང་དང་འདྲ་པར་གཞས་ཀྱི་འོད་སྡེར་ནང་འདོན་སྤེལ་བྱ་རྒྱུ།
༤། ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༥ ནང་ཚུད་གཞས་ཚིག་རྩོམ་ཤོག་བོད་ཀྱི་ཟློས་གར་ཚོགས་པར་གཤམ་གསལ་ཁ་བྱང་ཐོག་གནང་འབྱོར་དགོས་རྒྱུ།
Director Tibetan Institute of Performing Arts P.O. Mcleod Ganj-176219 Distt. Kangra, H.P. Email: tibetanarts2012@gmail.com
ད་བར་བོད་ནང་ནས་སྒེར་གྱི་གཞས་གཏོང་མཁན་ཚོས་གཏང་བའི་གཞས་དང་གཞས་ཚིག་སྐད་གྲགས་ཅན་ག་ཚོད་བྱུང་སོང་ངམ།
བཙན་བྱོལ་སྤྱི་ཚོགས་ནང་སྒེར་དང་ཚོགས་པ་ཚང་མའི་ནང་ནས་གཏང་བའི་གཞས་དང་གཞས་ཚིག་སྐད་གྲགས་ཆེ་བ་ག་ཚོད་བྱུང་སོང་ངམ། དེ་ནི་རིག་གནས་རྩམ་མ་ཟད་བསམ་བློའི་ཆུ་ཚད་ལ་ར་ལུས་པ་ཞིག་ཡིན་པས་། ད་རེས་གསལ་སྒྲགས་དེ་ནས་གསལ་པོ་ཤེས་ཀྱི་རེད།
ཧ་ཧ། རང་སྐད་ལས་ཀྱང་གཞན་སྐད་རྩ་ཆེན་དུ་བྱེད་ཅིང་། ཁ་ནས་རང་སྐད་དང་རང་རིགས་གླེང་ཞོར་དོན་ལ་བུ་ཕྲུག་ཡན་ཆད་ལ་གཞན་སྐད་སྦྱང་དུ་འཇུག ཁ་ནས་རིས་མེད་དང་ཕྱོགས་མེད་ཀྱི་ཅ་ཅོ་སྒྲོག་བཞིན་དོན་ལ་རང་ཕྱོགས་ཁོ་ན་དར་སྤེལ་ལ་བརྩོན་པའི་མགོ་ཁྲིད་ཚོའི་འོག་ནས་འཚར་ལོང་བྱུང་བའི་གཞོན་སྐྱེས་དག་གི་འཁྲོད་ན། བོད་མི་རིགས་ཀྱི་བདེ་སྡུག་རང་སྐད་ཐོག་ནས་གླེང་ཏེ། བོད་མི་རྣམས་ཀྱི་ཡིད་འགུགས་ཐུབ་མཁན་ཞིག་ཤིན་ཏུ་ལས་ཀྱང་དཀོན་ནོ།།
གཞས་སྙན་པོ་་བོད་ནང་ནས་གཏང་གི་རེད་ ཁྱེད་རང་ཚོས་གཏང་དགོས་མ་རེད་ ད་བར་ཁྱེད་རང་ཚོས་གཏང་བའི་གཞས་གཅིག་ཀྱང་སྐད་གྲགས་ཆོས་མ་སོང་ མ་གཞི་ནས་ཁྱེད་རང་ཚོའི་དཀྱིལ་ལ་སྐད་ཡག་པ་གཅིག་ཀྱང་མེད་པས་གཞས་ཚིག་རྩོམ་ནས་དཀའ་ལས་ཁག་རོགས་ཡིན་དྲོ་ ད་དུང་གཞས་གཏང་དུས་ཁ་མདངས་པ་དང་སྐུབ་དབྱུགས་མཁན་དེར་རྩ་བ་ནས་དགའ་པོ་མིན་འདུག་
གཞས་ཚིག་དགོས་སམ། གཞས་གཏོང་མཁན་དགོས། ལགས།
ད་འདི་ཚོས་བོད་ནང་དུ་ལ་རྒྱ་དང་རིགས་ཞེན་ཅན་གྱི་གཞས་པ་ཁ་ཤས་ཞིག་ལྷག་ཡོད་པ་དེ་དག་མུ་མཐུད་བཙོན་དུ་བསྐྱལ་དྲན་འདུག་བ།
གཞིས་ཚིག་གསར་རྩོམ་བྱེད་པའི་དགོས་པ་མི་འདུག་། བོད་ལ་མཚོན་ན་བརྒྱ་ཆ་བརྒྱ་བཅུ་མི་རིགས་གི་ལ་རྒྱ་འཛིན་མཁན་ཀྱི་གླུ་བ་གླུ་མ་དག་དག་རེད་།