རྩིབས་རི་རྒོད་ཕྲུག
ཐོག་མའི་ཀུན་སློང་བྱུང་སྟངས།
བོད་ལ་དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ཡོངས་ལ་ཤེས་ཡོན་གྱི་གལ་གནད་སྐོར་ལ་སློབ་གསོ་ཡང་ནས་ཡང་དུ་ཕེབས་བཞིན་ཡོད་རུང་། དུས་སྐབས་དེ་དག་ཏུ་བཙན་བྱོལ་བོད་མི་སྤྱི་བྱིངས་ཀྱི་འཚོ་བའི་མཐུན་རྐྱེན་ཞན་པོ་ཡིན་ཁར། འཚོ་རྟེན་ཀྱང་དཔུང་པ་ས་འོག་ཏུ་བཅུག་ནས་ཉིན་རེའི་མི་ཚེ་བསྐྱེལ་བཞིན་ཡོད་སྟབས། ༸གོང་ས་མཆོག་དང་བོད་གཞུང་ནས་བཀའ་སློབ་ཕེབས་མིན་ལ་མ་ལྟོས་པར་ཕ་མ་འགའ་རེས་འཚོ་བའི་ཆེད་དུ་བུ་ཕྲུག་སློབ་གྲྭར་མི་གཏོང་བ་དང་བཏང་ཡང་ཕྱིར་འཐེན་བྱས་པ་སོགས་ཀྱི་དཀའ་ངལ་ཡང་ཡང་འབྱུང་གི་ཡོད།
ཕྱི་ལོ་ ༡༩༧༧ ལོའི་ཟླ་བ་ ༩ པའི་ཚེས་ ༧ ཉིན་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་ཟླ་བ་ཚེ་རིང་ལགས་དྷ་ས་བོད་ཀྱི་གཞོན་ནུའི་དབུས་རྒྱུན་ལས་ཁང་དུ་ཡིག་སྐྱེལ་དང་གད་པ་གཅིག་ལྕོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་ཅིང་དེ་ནི་ཁོང་གིས་སྤྱི་ཚོགས་ཀྱི་ལས་གནས་ནང་དངོས་སུ་ཞུགས་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར་གཞན་ཕན་གྱི་ལས་གཞི་སྣ་མང་སྤེལ་འགོ་བཙུགས་པའི་གོམ་པ་ཐོག་མ་དེའང་ཡིན། དུས་སྐབས་དེར་ཁོང་གིས་ཕྱོགས་གཅིག་ནས་ལས་ཁང་དེར་ཡིག་སྐྱེལ་པའི་ཞབས་ཞུ་བསྒྲུབས་ཤིང་། ཕྱོགས་གཞན་ཞིག་ནས་དྷ་ས་ཉེ་ཁུལ་གྱི་བོད་མིའི་གནས་སྟངས་ལ་དོ་སྣང་བྱེད་འགོ་ཚུགས། སྐབས་དེར་དྷ་ས་ཉེ་ཁུལ་ན་དཀའ་ངལ་ཞིག་ཡོད་པ་ནི་ཕྲུ་གུ་ཆུང་ཆུང་རྣམས་བཅོལ་འཇོག་བྱེད་སའི་བུ་བཅོལ་ཁང་ལྟ་བུ་ཞིག་མེད་པ་དང་། ཕྲུ་གུ་ཆེ་བ་རྣམས་སློབ་གྲྭར་གཏོང་ས་མེད་པ། ཡོད་ཀྱང་འཚོ་རྟེན་ལ་ཕན་རེའི་ཆེད་སློབ་གྲྭར་མི་གཏོང་བ་སོགས་རེད།
ཟླ་བ་ཚེ་རིང་ལགས་ཀྱིས་དཀའ་ངལ་དེ་དག་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ༸གོང་ས་མཆོག་དང་བོད་གཞུང་ནས་ཕྲུ་གུ་སློབ་གྲྭར་གཏོང་གལ་ཆེ་བའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་སྟབས་དེ་དག་སྙིང་བཅངས་ཀྱིས་དྷ་ས་ཉེ་ཁུལ་དུ་བུ་བཅོལ་ཁང་ངམ་སྔོན་འགྲོའི་སློབ་གྲྭ་ཞིག་དགོས་གལ་ཆེ་བའི་བསམ་བློ་ཐོག་མར་ཡིད་ལ་འཁོར། དུས་སྐབས་དེར་རང་ཉིད་ཡིག་སྐྱེལ་པ་ཞིག་དང་གད་པ་ཞིག་ཡིན་སྟབས་དེ་ལྟ་བུའི་བསམ་བློ་འཁོར་ཡང་བྱ་ཐབས་ཟད། ཐབས་ལམ་ཞིག་ཡོད་པ་ནི་རང་གི་སྤྱི་སྨན་དགོངས་འཆར་རྣམས་སྦ་གསང་མེད་པར་མེགྷན་གཞོན་ལྷན་ལ་སྙན་སེང་ཞུ་རྒྱུ་དེ་རེད། ཕྱི་ལོ་ ༡༩༨༢ ལོར་མེགྷན་གཞོན་ནུའི་རུ་ཁག་ལྷན་འཛོམས་སྐབས་རང་གི་དགོངས་འཆར་རྣམས་སྦ་གསང་མེད་པར་ཞུས། འོན་ཀྱང་སྐབས་དེར་རང་ཉིད་ཀྱི་དགོངས་འཆར་ཁག་ལ་བདག་པོ་རྒྱག་མཁན་མ་བྱུང་བར་ཆུ་ནང་རྡོ་འཕངས་པ་ལྟར་གོ་མེད་ཚོར་མེད་དུ་གྱུར་ཏེ་རྒྱབ་སྐྱོར་ཐོབ་མེད།
གཅེས་འཛིན་ཕ་མའི་སློབ་གྲྭ།
ལྷག་བསམ་གཡོ་བ་མེད་པའི་ཁོང་གིས་རང་ཉིད་ཀྱི་ཐོག་མའི་སློབ་གྲྭ་གསར་འཛུགས་ཀྱི་བསམ་འཆར་ལ་མེགྷན་གཞོན་ནུ་ལྷན་ཚོགས་ནས་རྒྱབ་སྐྱོར་ཐོབ་མེད་ཀྱང་། བོད་མིའི་བདེ་སྡུག་ལ་སེམས་འཁུར་ཆེ་བའི་ཁོང་གིས་ཡིད་མ་ཞུམ་པར་ཕྱི་ལོ་ ༡༩༨༣ ལོའི་ཟླ་བ་ ༤ ཚེས་ ༢༦ ཉིན་དྷ་ས་ཉེ་ཁུལ་གྱི་མང་ཚོགས་ལ་གོ་བསྡུར་གྱིས་སློབ་གྲྭ་གསར་འཛུགས་ཀྱི་བསམ་ཚུལ་དང་འཆར་གཞི་ཁག་གསལ་བཤད་བྱེད་འགོ་བཙུགས། ཕྲུ་གུ་ལྟ་སྐྱོང་དང་སློབ་འཇུག་གི་དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་གི་དགོངས་འཆར་ལ་རྒྱབ་སྐྱོར་གྱིས་མང་ཚོགས་འཐུས་མི་ ༡༡ ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ཚོགས་ཆུང་དེའི་ལས་འགན་དང་པོ་དེ་སློབ་གྲྭ་དེ་འདྲ་ཞིག་བཙུགས་ན་འབྲེལ་ཡོད་བོད་གཞུང་ཤེས་རིག་ལྷན་ཁང་དང་བོད་ཁྱིམ་ཉིན་སློབ་བཅས་ནས་དགོངས་ཚུལ་མི་ལེགས་པ་དང་དགག་བྱ་ཡོང་མིན་གྱི་སྙན་སེང་ཞུ་རྒྱུའི་འཆར་གཞི་བསྒྲིགས། བོད་གཞུང་དང་བོད་ཁྱིམ་ནས་དགོངས་ཚུལ་མི་ལེགས་པ་དང་དགག་བྱ་ཡོང་རྒྱུ་ལས་ལྡོག་སྟེ་ཕ་མ་རང་ངོས་ནས་བུ་ཕྲུག་གི་ཤེས་ཡོན་ཆེད་འགན་འཁུར་བླངས་པར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། མཐུན་འགྱུར་རོགས་རམ་གང་དགོས་གནང་རྒྱུའི་བརྡ་ལན་འབྱོར།
དེ་ལྟ་བུའི་གཏམ་བཟང་དེ་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལགས་དང་དྷ་ས་ཉེ་ཁུལ་གྱི་མང་ཚོགས་ལ་སྐོམ་གདུང་གིས་མནར་བའི་འདབ་ཆགས་ལ་ཆུ་ཧུབ་གཅིག་འཐུང་སྐལ་བྱུང་བ་ལྟ་བུའི་དགའ་ཚོར་ཆེན་པོ་ཤར། ཟླ་བ་ཚེ་རིང་ནས་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་འཛིན་རིམ་གང་འཁྱོལ་བར་གྱི་འགྲོ་གྲོན་ཐབས་ཤེས་བྱེད་རྒྱུ་དང་སློབ་གྲྭའི་མིང་ལ་གཅེས་འཛིན་ཕ་མའི་སློབ་གྲྭ་ཞེས་འདོགས་རྒྱུའི་འཆར་གཞི་བསྒྲིགས། སློབ་གྲྭ་གསར་རྒྱག་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཧྥི་ཀྲི་གྲུ་བཞི་མ་ ༨༠༨༥ ཉོས་ཤིང་། ས་ཆ་དེ་ད་ལྟའི་ཆར་བཙུན་དགོན་གྱི་གཤམ་འོག་ན་ཡོད་པའི་སིལ་སྤོལ་ཐང་དེ་ཡིན། སྐབས་དེར་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གི་བླ་བྲང་ནས་ཧིན་སྒོར་ལྔ་ཁྲི་ཐམ་པ་བསྐྱེད་མེད་སྔ་གཡར་གནང་བ་མ་ཟད། ཁྱོད་ཚོའི་ཕྲུ་གུ་མང་པོའི་དཀའ་ངལ་སེལ་རྒྱུའི་ལས་གཞི་ལ་བསྔགས་བརྗོད་དང་སྦྲགས་ལམ་ལྷོང་ཡོང་བའི་ཐུགས་སྨོན་གྱི་བཀའ་དྲིན་བསྐྱངས། ༸རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་གཅེས་འཛིན་ཕ་མའི་སློབ་གྲྭར་ཐུགས་འཁུར་བླ་མེད་གནང་བ་འདི་ཕྱིས་སུ་ཡོངས་གླིང་སློབ་གྲྭ་དངོས་སུ་གསར་འཛུགས་སྐབས་སློབ་གྲྭའི་མིང་དུ་ཡོངས་གླིང་ཞེས་འདོགས་དོན་དང་ཐོག་མའི་འབྲེལ་བ་ཆགས་གཞིར་གྱུར་ཡོད་པ་འཆད་འགྱུར་གྱི་ལེ་ཚན་ནང་གསལ་ཡོད།
སློབ་གྲྭའི་ལས་གཞི་འཛུགས་སྐྲུན་ཆེེད་སྦྱིན་བདག་གཙོ་བོ་ཨ་རི་པ་དགེ་རྒན་སྐུ་ཞབས་ཧྥ་རཎ་ཁེ་དང་རེ་ན་(Frank & Rena) གཉིས་ཀྱིས་བྱེད་རྒྱུ་བྱས་ཤིང་། འཛིན་ཁང་གི་འཆར་འགོད་རྣམས་དབྱིན་ལན་ནས་ཡིན་པའི་ཚེ་འདས་ཊས་ཝེ་ཊེ་(DAVID) ཡིས་བཟོ་འགོད་དང་ལས་གཞི་འགོ་འཛུགས་བྱས། ཟླ་ཤས་ལས་མ་སོང་བའི་རྗེས་ཏེ་ཕྱི་ལོ་ ༡༩༨༣ ཟླ་བ་ ༨ ཚེས་ ༢༣ དང་། ཟླ་བ་ ༡༡ ཚེས་ ༢༤ བཅས་ལ་བོད་གཞུང་ཤེས་རིག་ལྷན་ཁང་ནས་ཚོགས་འདུ་རིམ་ཚོགས་ཀྱིས་ཕྲུ་གུ་རྒན་པ་རྣམས་མེགྷན་བོད་ཁྱིམ་ཉིན་སློབ་ཏུ་ལེན་རྒྱུ་དང་། སློབ་ལོ་མ་སོན་པ་རྣམས་ལ་བུ་བཅོལ་ཁང་མང་པོ་འཛུགས་དགོས་པའི་བཀའ་སློབ་ཕེབས་པ་མ་ཟད་དེ་དག་ལ་མཐུན་འགྱུར་ཡང་གནང་རྒྱུའི་ཞལ་བཞེས་ཐོབ་པར་བརྟེན། ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་དང་མང་ཚོགས་ནས་བཙུགས་པའི་སྒེར་གཉེར་གཅེས་འཛིན་ཕ་མའི་སློབ་གྲྭའི་ལས་གཞི་འགོ་བཙུགས་བྱས་ནས་ཟླ་བ་བཞི་ཡང་མ་ལོན་པར་ལས་གཞི་མཇུག་བསྒྲིལ་དགོས་བྱུང་ཡོད་ལ། གཅེས་འཛིན་ཕ་མའི་སློབ་གྲྭའི་ཆེད་དུ་ཉོས་པའི་བཙུན་དགོན་དགའ་ལྡན་ཆོས་གླིང་གི་ས་ཆ་ཧྥི་ཀྲི་གྲུ་བཞི་མ་ ༨༠༨༥ དང་། ཞལ་འདེབས་དངུལ་ལྷག དེ་བཞིན་ཕྱི་ནང་གི་ཅ་དངོས་ཕྱགས་མ་ཡན་ཆད་བོད་ཁྱིམ་ཉིན་སློབ་ལ་རྩིས་འབུལ་གཙང་མ་ཞུས།
གློ་བུར་དུ་བྱུང་བའི་འགྱུར་ལྡོག་དེས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་དང་མང་ཚོགས་ཀྱི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཟོས་ཀྱང་རང་གཞུང་གི་བཀའ་གསུང་སྤྱི་བོར་དང་ལེན་དང་། རང་གཞུང་གིས་བུ་བཅོལ་ཁང་མང་པོ་རྒྱག་རྒྱུའི་འཆར་གཞི་ཡོད་པ་བཅས་ཀྱིས་དངོས་ཡོད་དཀའ་ངལ་སེལ་ངེས་ཡིན་པ་བཅས་ལ་གཞིགས་ཏེ་གཅེས་འཛིན་ཕ་མའི་སློབ་གྲྭ་འཇིག་རྟེན་དུ་མ་བཙས་གོང་ནས་རྐྱེན་ལམ་དུ་ཤོར།
ཡོངས་གླིང་སློབ་གྲྭ་ཇི་ལྟར་བཙུགས་ཚུལ།
རང་གཞུང་ནས་བུ་བཅོལ་ཁང་མང་པོ་འཛུགས་རྒྱུའི་བརྒྱུད་བསྒྲགས་གནང་ཡང་དོན་དངོས་ཐོག་དུས་སྐབས་དེར་བུ་བཅོལ་ཁང་གཅིག་གི་མཐུན་རྐྱེན་ཡང་སྦྱོར་རྒྱུར་དཀའ་ངལ་འཕྲད་པར་བརྟེན་ཡིད་ཐང་ཆད་རྒྱུ་མེད་པའི་ཟླ་བ་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་ཐོག་མའི་ལས་གཞི་དེ་དག་ལམ་ལྷོང་བྱུང་མེད་ཀྱང་། དངོས་ཡོད་དཀའ་ངལ་དེ་དག་ད་དུང་ཡང་མང་ཚོགས་མདུན་ན་ལྷག་ཡོད་པར་བརྟེན། ཕྱི་ལོ་ ༡༩༨༤ ཟླ་བ་ ༦ ཚེས་ ༡ ཉིན་བོད་གཞུང་ཟློས་གར་ལམ་ཆེན་ན་ཡོད་པའི་སྐྱིད་གྲོང་ཅོ་ཅོ་ལྷག་པའི་ནང་དུ་ཡོངས་གླིང་སློབ་གྲྭ་དངོས་སུ་བཙུགས།
སློབ་གྲྭ་བཙུགས་ནས་ཟླ་བ་དྲུག་ཙམ་གྱི་རྗེས་ས་ཆའི་གནས་བབ་དང་ཕྲུ་གུ་འཕྲོད་བསྟེན་བཅས་ལ་དམིགས་ཏེ། ད་ཡོད་ཡོངས་གླིང་སློབ་གྲྭའི་ས་ཆར་ཤར་པ་བློ་བཟང་གི་ལག་ནས་ས་ཆ་ཀར་ནར་གཅིག་ལ་ཧིན་སྒོར་ ༢༠༠༠༠ སྤྲད་ནས་ཉོས་ཤིང་། དེ་བཞིན་རྒྱ་གར་ས་བདག་ལ་ཧིན་སྒོར་ ༧༥༠༠ སྤྲད་ནས་ཀར་ནལ་གཅིག་ཉོས་ཏེ་སློབ་གྲྭ་རྒྱག་རྒྱུའི་ལས་གཞི་བཏིང་། སློབ་གྲྭའི་ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་ ༢༠༠༠༠ སྔ་གཡར་ཞུས་ཤིང་། གཞོན་ནུའི་དབུས་རྒྱུན་ནས་ཧིན་སྒོར་ ༡༠༠༠༠། དྷ་ས་མཉམ་ལས་ནས་ཧིན་སྒོར་ ༡༥༠༠༠། ར་ཆུ་བསོད་ནམས་ས་ནས་ཧིན་སྒོར་ ༢༠༠༠༠། སྤུན་མཆེད་སྒྲོལ་མའི་ས་ནས་ཧིན་སྒོར་ ༢༠༠༠༠། སྨན་པ་བློ་བཟང་སྒྲོལ་མ་ནས་སྒོར་ ༡༠༠༠༠། ཤེས་རིག་དཔར་ཁང་ནས་སྒོར་ ༡༠༠༠༠ བཅས་སྔ་གཡར་ཞུས་ཏེ་ལས་གཞི་རོབ་ཙམ་འགོ་འཛུགས་ཐུབ་པ་བྱུང་ཤིང་དེ་དག་ལས་སྨན་པ་བློ་བཟང་གི་སྒོར་ ༡༠༠༠༠ དེ་ཞལ་འདེབས་གནང་བ་ལས། གཞན་རིམ་པས་དངུལ་གཡར་དེ་དག་བསྐྱེད་བབ་དང་བཅས་པ་ཕྱིར་འབུལ་ཞུས་ཏེ་ཡོངས་གླིང་སློབ་གྲྭ་བདེ་བླག་ངང་བོད་མིའི་ཕན་བདེའི་ཆེད་དུ་མདུན་བསྐྱོད་ཐུབ་པ་བྱུང་ཡོད།
ཡོངས་གླིང་སློབ་གྲྭའི་མིང་གི་བྱུང་རིམ།
གོང་གི་ལེ་ཚན་ནང་རོབ་ཙམ་ཞུས་པ་བཞིན་ཡོངས་གླིང་སློབ་གྲྭའི་མིང་ལ་ཡོངས་གླིང་ཞེས་འདོགས་དོན་དེ་ཡོངས་གླིང་སློབ་གྲྭ་མ་བཙུགས་པའི་གོང་དུ་གཅེས་འཛིན་ཕ་མའི་སློབ་གྲྭ་གསར་འཛུགས་སྐབས་༸རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་ཧིན་སྒོར་ཁྲི་ལྔ་ཐམ་པ་དངུལ་སྐྱེད་མི་དགོས་པར་སྔ་གཡར་གནང་བ་མ་ཟད། གང་གི་ཡོན་བདག་གཅིག་གི་བུ་ཕྲུག་ཀྱང་སློབ་གྲྭར་མ་ཚུད་པར་ལྷག་ཡོད་ལ། ཁྱོད་ཚོའི་ཕྲུ་གུ་མང་མོའི་དཀའ་ངལ་སེལ་རྒྱུའི་ལས་གཞི་དེར་བསྔགས་བརྗོད་དང་ཐུགས་སྨོན་སྐྱབས་འཇུག་སོགས་དམིགས་བསལ་དབུགས་དབྱུང་སྩལ་བ་བཅས་ལས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་བཞིན་དུ་གྱུར་ཏེ་སྔར་ལས་ཀྱང་རང་ཉིད་ཀྱི་ཆོད་སེམས་ཇེ་བརྟན་དང་མང་ཚོགས་ལ་ཕན་བདེའི་བྱ་བཞག་བསྐྲུན་རྒྱུའི་བློ་སྟོབས་འཕེལ་གཞིར་གྱུར་པ་མ་ཟད། གླིང་རིན་པོ་ཆེ་མཆོག་ནི་༸རྒྱལ་བའི་ཡོངས་འཛིན་འགྲན་དུ་མེད་པ་ཞིག་ཡིན་པ་དང་། ཁོང་གི་མཚན་གནས་རྗེས་འབྲེལ་བྱུང་ན་དེའི་བྱིན་རླབས་ཀྱིས་སློབ་གྲྭའི་མ་འོངས་མདུན་ལམ་ཡང་ལམ་འགྲོ་ཡོང་བ་སོགས་དགག་བྱ་དགོས་པ་དུ་མར་དམིགས་ཏེ་༸སྐྱབས་རྗེ་གླིང་རིན་པོ་ཆེའི་དྲན་རྟེན་དུ་སློབ་གྲྭ་འདི་༸སྐྱབས་རྗེ་གང་ཉིད་ཀྱི་མཚན་གནས་རྗེས་འབྲེལ་དུ་འཇོག་ཆོག་པའི་སྐྱབས་འཇུག་འབྲེལ་ཡོད་རྣམ་པར་བཀའ་འཁྲོལ་ཞུས་ཤིང་ཞལ་བཞེས་ཐོབ་སྟེ་ཡོངས་གླིང་སློབ་གྲྭ་ཞེས་མིང་དུ་བཏགས། དུས་ནས་དེ་ནས་ད་ལྟའི་བར་མི་ལོ་ ༣༢ ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་ལྡན་པའི་སྒེར་གཉེར་སློབ་གྲྭ་འདི་དེ་རིང་ཡང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་འདི་༸གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ཀྱིས་བྱིན་རླབས་ལས་བྱུང་བ་ཞིག་ཡིན་པ་བརྗོད་ག་ལ་དགོས།
སྲང་ལམ་གྱི་སློང་མོ་པར་གྱུར་པའི་ཕ་བུ།
ཕྱི་ལོ་ ༡༩༨༥ ལོ་ནས་དེ་སྔོན་རྒྱུན་ལས་འགའ་ཞིག་ཡོད་ཀྱང་དེ་དག་རྩ་དགོངས་ཞུས་ཏེ་ཡོངས་གླིང་སློབ་གྲྭའི་བུ་ལོན་སྒྲུབ་འཇལ་གྱིས་གཙོས་ལས་འགན་ཡོངས་རྫོགས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་གི་ཕྲག་སྟེང་དུ་བབ། དུས་སྐབས་དེ་དག་གི་ཧིན་སྒོར་བརྒྱ་ནི་ད་ལྟའི་དུས་སྐབས་ཀྱི་སྒོར་ཁྲི་གཅིག་ལས་རིན་ཐང་ཆེ་བ་དང་འཚོལ་སྒྲུབ་དཀའ་བའི་དུས་སྐབས་ཤིག་ཡིན་སྟབས། སློབ་གྲྭའི་ས་ཆ་དང་ལས་གཞིའི་འགྲོ་གྲོན་ཆེད་དུ་བུན་གཡར་ཧིན་སྒོར་འབུམ་གཉིས་ལྷག་ཙམ་ཡོད་པ་དེ་དག་ཡིག་སྐྱེལ་པ་ཞིག་གིས་ཇི་ལྟར་བྱས་ནས་སྒྲུབ་འཇལ་ཐུབ་བམ།
གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་གཞན་ཕན་གྱི་ཆེད་དུ་རང་སྡུག་ཉོས་པའི་ཟླ་བ་ཚེ་རིང་གིས། རྒྱ་གར་པ་བུ་ལོན་ལེན་པར་ཡོང་སྐབས་ཐེངས་དུ་མར་ས་གནས་གཞན་དུ་གབ་ཡོད་ལ། སྨན་རྩིས་ཁང་གི་ལས་བྱེད་པདྨ་ཆོས་འཛིན་དང་ཡེ་ཤེས་དབང་མོ་གཉིས་ཀྱིས་ཀྱང་ཟླ་བ་ཚེ་རིང་ལགས་སྦས་སྐུང་ཐེངས་དུ་མར་བྱས་པའི་ཉམས་མྱོང་ཡོད། བུ་ལོན་སྒྲུབ་འཇལ་དཀའ་བའི་མི་ཞིག་ལ་མཚོན་ན་གནས་སྐབས་གཡོལ་ཐབས་བྱེད་རྒྱུ་ནི་ཐབས་ཤེེས་མེད་པའི་ཐབས་ཤེས་ཤིག་རེད།
ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཚ་ཚ་འུར་འུར་ངང་དུས་དབང་འགོ་བཙུགས་གནང་ཞིང་། གོ་སྐབས་དེ་ནི་ཟླ་བ་ཚེ་རིང་གི་ངོས་ནས་བརྗོད་ན་གསེར་ཞིག་ལག་པར་རག་པ་ལྟ་བུའི་རིན་ཐང་ཚོར་ཡོད། ཁོང་གིས་གོ་སྐབས་དེ་དམ་བཟུང་གིས་སློབ་གྲྭའི་བུན་གཡར་གསབ་ཆེད་ཉིན་གུང་སྨན་རྩིས་ཁང་དུ་ལས་ཀ་བྱས་ཤིང་། དགོང་དྲོའི་ཆུ་ཚོད་ ༧ པ་ནས་ཆུ་ཚོད་ ༡༡ བར་ཕྲུ་གུ་གཉིས་ཡོད་པ་ལས་གཅིག་མདུན་དང་གཅིག་རྒྱབ་ཏུ་འཁུར་ནས་ཞལ་འདེབས་སློང་མོ་གནང་ཡོད། འདུ་འཛོམས་ཆེ་བའི་མང་ཚོགས་ཀྱིས་གནང་བའི་སྒོར་རྡོག་རིམ་བསགས་ཀྱིས་ཧིན་སྒོར་ཆིག་ཁྲི་དྲུག་སྟོང་ཙམ་བྱུང་ཡོད་ཀྱང་། བུན་ལོན་སྒྲུབ་འཇལ་ཐུབ་རྒྱུའི་རེ་བ་ནི་ད་དུང་ཡང་ས་ཁད་ཀྱིས་ཆོད་པའི་རྨི་ལམ་གྱི་ཡུལ་གྲུ་ཞིག་དང་སྒོ་ཀུན་ནས་མཚུངས།
བུ་ལོན་དང་ཟླ་ཕོགས་ཀྱི་སེམས་ཁྲལ་དུ་ཚུད་པའི་ལོ་ཟླ།
སློབ་གྲྭ་ཞིག་སྒེར་གཉེར་བྱེད་རྒྱུའི་ལས་གཞི་ནི་མུ་མཐའ་བྲལ་བའི་ནགས་གསེབ་སྟུག་པོ་གཅིག་ཏུ་འགྲུལ་བཞུད་བྱེད་པ་དང་ཧ་ཅང་འདྲ་སྟེ་ནམ་ཡང་རྫོགས་རྒྱུ་མེད་པའི་དངངས་འཚབ་ཅིག་གི་ཀློང་དུ་དུས་ཚོད་སྐྱེལ་དགོས་ཀྱི་ཡོད། ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་གིས་སློབ་གྲྭའི་ལས་གཞིའི་རྨང་དངོས་སུ་བཏིང་ཟིན་ཀྱང་། དཔལ་འབྱོར་མ་འདང་བའི་དཀའ་ངལ་འོག་ལོ་ངོ་གསུམ་ཙམ་རིང་འཛིན་ཁང་གི་ཁང་ཐོག་འགེབས་མ་ཐུབ་པར་གྱང་རོ་ལྟ་བུར་ལུས་ཡོད་ཅིང་དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་དུ་རེད། ལོ་ངོ་གསུམ་གྱི་རིང་འཛིན་ཁང་གི་ཐོག་མེད་པར་ལུས་ཡོད་པ་དེས་གཅིག་བྱས་ན་དགུན་དུས་སུ་སློབ་ཕྲུག་རྣམས་གྲང་ངར་ཆེན་པོས་མནར་ཡོད་སྲིད་ཀྱང་། སློབ་གྲྭ་མཚམས་འཇོག་བྱེད་རྒྱུར་དེས་འགོག་རྐྱེན་གང་ཡང་བཟོ་མི་སྲིད་པས་དེ་ནི་དུས་སྐབས་དེར་ཟླ་བ་ཚེ་རིང་ལ་མཚོན་ན་དངངས་འཚབ་བྱེད་གཞི་གཙོ་བོ་དེ་མིན།
གང་ཡིན་ཟེར་ན་དུས་སྐབས་དེར་ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་ལས་བྱེད་ལ་ཟླ་ཕོགས་མ་སྤྲད་ཚེ་ཟླ་བ་གཅིག་གཉིས་ཤིག་ལྷག་བསམ་ཁོ་ནས་ཁུངས་འཁྱོལ་ཀྱང་མཐའ་མཇུག་སློབ་མཚམས་འཇོག་རྒྱུ་ལས་འོས་མེད་སྟབས་དེ་ནི་དུས་སྐབས་དེར་ཁོང་གིས་ངེས་པར་དུ་གདོང་ལེན་དང་སེམས་ཁྲལ་བྱེད་གཞི་གཙོ་བོར་གྱུར་ཡོད། འོན་ཀྱང་གང་ན་ལྷག་བསམ་ཡོད་ས་དེར་དཀའ་ངལ་ལ་གདོང་ལེན་ཕོད་པའི་སྙིང་སྟོབས་དེ་ཡོད་སྟབས་ཁོང་གིས་རེས་གཟའ་སྤེན་པ་ནམ་ཡིན་ལ་མཚན་ཚོགས་གཞན་སྣ་འཁྲབ་སྟོན་སོགས་གོ་སྒྲིག་ཞུས་པ་མ་ཟད། སྒེར་པ་ཨ་མདོ་བཀྲ་ཤིས་དང་མཉམ་འབྲེལ་གྱིས་མང་ཚོགས་ལ་གློག་བརྙན་བསྟན་པ་སོགས་བྱས་ཏེ་ལས་བྱེད་ལ་ཟླ་ཕོགས་སྤྲོད་མ་ཐུབ་པའི་སེམས་ངལ་དེ་རེ་ཞིག་ཟུག་འཇགས་གསོལ་སྨན་མཆོད་པ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཡོད།
ཟ་ཁང་ཞིག་གི་གླེང་མོལ་ལས་རླུངས་རྟ་དར་འགོ་ཚུགས་པ།
དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༧ ལོའི་ཟླ་བ་ ༡༠ ཚེས་ ༢༧ ཉིན་ཡིན་ཅིང་ཡུན་རིང་སེམས་ངལ་གྱིས་མནར་བའི་རྒྱལ་གཅེས་པ་ཟླ་བ་ཚེ་རིང་ལ་མཚོན་ན་མདོངས་མཐའ་མས་འབྲུག་སྒྲ་ལྷང་ལྷང་དུ་ཐོས་པ་ལྟ་བུའི་དགའ་བ་འབུམ་གྱིས་བརྟས་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ལ། སློབ་གྲྭ་དབུ་བརྙེས་པའི་དུས་ཆེན་དེའང་ཟླ་བ་ ༡༠ ཚེས་ ༢༧ ལ་སྲུང་བརྩི་ཞུ་དོན་དེ་ཉིན་དེར་སེམས་ངལ་ཆེན་པོ་ཞིག་ལས་གྲོལ་ཐུབ་པ་བྱུང་བས་ལོས་ཡིིན། སྐབས་དེར་དྷ་ས་ཉེ་ཁུལ་ན་ཅུང་གྲགས་ཆེ་བའི་ཟ་ཁང་ཞིག་ཡོད་པ་ནི་སྟོད་པའི་ཟ་ཁང་ཡིན་ཅིང་། ཟ་ཁང་དེར་དྷ་སར་གཏན་བཞུགས་གནང་མཁན་ཕྱི་རྒྱལ་པ་སྐུ་ཞབས་ཇོའས་སི་མར་ཊོག་(Jouce Murduch)ཡང་ཡང་ཕེབས་ཀྱི་ཡོད་པས། ཉིན་ཞིག་ཟ་ཁང་སྦྱིན་བདག་ཨ་ཅག་བསམ་གཏན་ལགས་དང་བོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆུང་ཙག་སྐོར་ལ་གླེང་མོལ་བྱུང་ཞིང་། སྐབས་དེར་ཨ་ཅག་བསམ་གཏན་ལགས་ཀྱིས་ཡོངས་གླིང་སློབ་གྲྭའི་འཆར་གཞི་དང་དཀའ་ངལ་སོགས་ལས་འཕྲོས་ཏེ་གླེང་མོལ་གནང་སྟབས། ཕྱི་རྒྱལ་པ་དེས་སློབ་གྲྭའི་དམིགས་ཡུལ་སོགས་ཡག་པོ་མཐོང་སྟེ། དངོས་སུ་སློབ་གྲྭར་ཕེབས་ནས་སློབ་གྲྭའི་སྐོར་གྱི་གནས་སྟངས་ལ་འདྲི་རྩད་བྱེད་འགོ་བཙུགས།
ཕྱི་རྒྱལ་པ་ཇོའས་སི་མར་ཊོག་གིས་སློབ་གྲྭའི་དཀའ་ངལ་ལ་རྒྱུས་ལོན་བྱས་མཐར་སཝིཊན་རོགས་ཚོགས་ལ་སློབ་ཁང་གསར་རྒྱག་དང་། དབྱིན་ལན་བྱིས་པའི་རོགས་ཚོགས་ལ་སློབ་མའི་ཉིན་གུང་གསོལ་ཚིགས་རོགས་རམ་ཡོང་བའི་རེ་འདུན་ཞུས། ཕྱོགས་གཉིས་ཀས་དགའ་བཞིན་དུ་དང་ལེན་བགྱིས་ཏེ་ཉེ་ཁུལ་ནས་རོགས་རམ་གནང་མཁན་མེད་པའི་ཟླ་བ་ཚེ་རིང་ལགས་དང་ཁོང་གི་སློབ་གྲྭའི་བྱིས་པ་རྣམས་རེ་ཞིག་གྲང་ངར་གྱིས་གཙེས་པའི་དགུན་དུས་ཡོལ་ཏེ་སྔོ་ལྗང་ལྡན་པའི་དཔྱིད་དུས་ཀྱི་མཛེས་ལྗོངས་ཤིག་ལ་སླེབས་པ་ལྟ་བུའི་དགའ་ཚོར་ཆེན་པོ་བྱུང་ལ། ཕྲུ་གུའི་ཕ་མ་ཚོ་ལ་མཚོན་ནས་བཤད་ཀྱང་དེ་ནི་ཧ་ཅང་དགའ་འོས་པའི་གཏམ་བཟང་ཞིག་ཅི་ལ་མིན།
ཕ་མ་ལས་སློབ་གྲྭའི་བྱམས་སྐྱོང་བཟང་བ།
སྟོད་པའི་ཟ་ཁང་གི་སྦྱིན་བདག་ཨ་ཅག་བསམ་གཏན་ལགས་ཀྱི་བཀའ་དྲིན་ལས་ཟ་ཁང་ལས་རླུངས་རྟ་དར་འགོ་ཚུགས་ཀྱང་གཞན་ཕན་ལྷག་བསམ་དཀར་བའི་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རྒྱུའི་ཚབ་ཏུ་དྷ་སའི་ཕ་མ་རྣམས་ཟླ་བ་གསུམ་གྱི་རིང་དགུན་ཚོང་ཆེད་ས་གནས་གཞན་ལ་ཕྱོགས་བསྐྱོད་བྱེད་ཀྱི་ཡོད་ཅིང་། དུས་སྐབས་དེའི་རིང་བུ་ཕྲུག་རྣམས་བཅོལ་འཇོག་བྱེད་ཡུལ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དཀའ་ངལ་དེ་ལས་གྲོལ་ཆེད་ཁོང་གིས་ཕྲུ་གུ་བདག་ཉར་བྱེད་རྒྱུའི་ལས་གཞི་འགོ་འཛུགས་བྱས་ཤིང་དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༩ ལོར་ཡིན།
སྐབས་དེར་ཁོང་གི་ལྷག་བསམ་ཁོ་ནས་རྒྱབ་འཁྱོགས་ཏེ་ཕྲུ་གུ་བཅོལ་འཇོག་ཐུབ་པ་བྱུང་རུང་དོན་དངོས་ཐོག་སློབ་གྲྭར་འཛིན་ཁང་དང་ཉལ་ཁང་འདང་ངེས་ཤིག་མེད། དེའི་སྟབས་ཀྱིས་ཕྱི་ལོ་ ༡༩༩༩ ལོའི་བར་འཛིན་ཁང་དང་ཉལ་ཁང་གཅིག་ལྕོགས་བྱས་ནས་ལོ་ཟླ་བསྐྱལ་ཡོད། ཁོང་གིས་སྣེ་འཁྲིད་འོག་གཤམ་འོག་ལས་བྱེད་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་ཏེ་རེས་གཟའ་ཉི་མར་ཡང་གུང་གསེང་ཐོབ་རྩོད་སོགས་གང་ཡང་མེད་པར་ཕྲུ་གུར་ལྟ་སྐྱོང་གང་ལེགས་བྱས་འབྲས་སུ་མང་ཚོགས་ནང་ཕ་མ་ཁག་ཅིག་ལས་སློབ་གྲྭས་ཕྲུ་གུར་ལྟ་སྐྱོང་བཟང་བའི་ལབ་གླེང་ཡང་བྱུང་ཡོད།
དུས་སྐབས་དེ་དག་ནི་ས་མཚམས་ཁུལ་དུ་ཅུང་གུ་ཡངས་ཀྱི་རྣམ་པ་ཡོད་པའི་དུས་སྐབས་ཤིག་ལ་འཁེལ་ཡོད་སྟབས་བོད་ནས་ཕེབས་མཁན་གྱི་གྲངས་འབོར་དེའང་ལོ་རེར་འཕར་བཞིན་ཡོད་ལ། དྷ་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ནས་འབྱོར་བའི་གསར་འབྱོར་པ་མང་པོར་དམིགས་བསལ་བུ་ཕྲུག་དམར་སྦྱར་འཇོག་ས་མེད་པའི་དཀའ་ངལ་འོག་ཡོངས་གླིང་སློབ་གྲྭའི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་ཐུགས་ཀྱིས་མ་བཟོད་པར་ཕྱི་ལོ་ ༢༠༠༠ ལོ་ནས་ཡང་བསྐྱར་ཕྲུ་གུ་ལོ་གཅིག་དང་ཕྱེད་ཀ་ཡན་ནས་བདག་ཉར་བྱེད་འགོ་བཙུགས། འཚོ་བའི་དཀའ་ངལ་ཡོད་པའི་ཕ་མ་ཞིག་ལ་མཚོན་ན་དེ་ལྟ་བུའི་གཞན་ཕན་གྱི་བྱ་བ་ནི་ཅི་འདྲའི་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་། དགོས་མཁོ་ཤིན་ཏུ་ཆེ་བའི་ལས་གཞི་ཞིག་ལ་ངོས་འཛིན་མི་བྱེད་པ་ག་ལ་སྲིད།
བྱས་པ་རྗེས་མེད་དུ་སོང་མེད་པ།
ལོ་ངོ་དེ་དག་གིས་རིང་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལགས་ལ་དཀའ་ངལ་ཆུ་གཉེར་བཞིན་དུ་འཕྲད་ཀྱང་གཞན་ཕན་འཁུར་བསྐྱེད་བསམ་པས་ཡིད་མ་ཞུམ་པར་དཀའ་ངལ་ལ་གདོང་ལེན་དང་འབད་བརྩོན་གནང་འབྲས་སུ་དྷ་ས་ཁུལ་གྱི་ཁྱིམ་ཚང་སྟོང་ཕྲག་བརྒལ་བའི་ཕ་མ་དང་ཕྲུ་གུ་གཉིས་ཀར་ཕན་ཐོགས་བླ་ན་མེད་པ་བྱུང་ཡོད་ལ། དེས་བོད་མི་རིགས་ལ་ཡང་ཤུགས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི་ཕྱོགས་རིས་ཀྱིས་མིག་མ་བསླད་ཅིང་གཟུར་གནས་པ་ཀུན་ལ་བརྒྱ་ཁ་གཅིག་གྲགས་རེད།
དེ་ཡང་སྒེར་གཉེར་སློབ་གྲྭ་ཞིག་གསར་འཛུགས་དང་སློབ་འཇུག་བྱེད་ཐུབ་པ་ཙམ་མིན་པར་ཚད་དང་ལྡན་པའི་འཛིན་སྐྱོང་ཚགས་ཚུད་གནང་ཡོད་ཅིང་། དེའི་དཔེ་མཚོན་ཞིག་ཞུས་ན་ཕྱི་ལོ་ ༢༠༠༧ ལོར་སློབ་ཕྲུག་ ༢༨༥ ཙམ་གྱི་ཕ་མས་སློབ་གྲྭའི་འཛིན་སྐྱོང་དང་། འཛིན་གྲྭ་འཚོགས་དུས། སློབ་ཚན་གྱི་རྣམ་གྲངས། སློབ་ཚན་སྤྲོད་ཕྱོགས། དགེ་ལས་ཐུན་མོང་གིས་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་སོགས་མདོར་ན་ཕྲུ་གུའི་ལུས་སེམས་འཚར་ལོངས་དང་སློབ་སྦྱོང་ཡར་རྒྱས་འགྲོ་ཐབས་སོགས་ཀྱི་ལས་གཞི་འགྲོ་བཞིན་པ་དག་ལ་འགྲིག་མིན་བསམ་འཆར་བསྡུ་རུབ་བྱས་ཤིང་སྐབས་དེར་བརྒྱ་ཆ་ ༩༠ ཐམ་པས་འགྲིགས་ཡོད་པར་ངོས་འཛིན་ཐོབ་ཡོད། གནད་དོན་དེས་སློབ་གྲྭའི་འཛིན་སྐྱོང་དེ་ཧ་ཅང་ཚགས་ཚུད་ཡིན་པ་མ་ཟད་བྱས་པ་རྗེས་མེད་དུ་སོང་མེད་པའི་བདེན་དཔང་ཡང་བྱས་ཡོད་པས་ལོ་ངོ་དུ་མའི་རིང་དཀའ་སྡུག་གིས་ངལ་བས་ཟད་པའི་ཟླ་བ་ཚེ་རིང་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་མཚོན་ན་དེ་ནི་ལུས་སེམས་ལ་ངལ་གསོ་སྦྱིན་བྱེད་ཀྱི་སྨན་མཆོག་གཅིག་ཅི་ལ་མིན།
ཡོངས་གླིང་སློབ་གྲྭ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཆ་རྐྱེན་བཟང་ཤོས་ཀྱི་སྒེར་བཙུགས་སློབ་གྲྭ་ཞིག་ཆགས་ཡོད་ལ་སློབ་གྲྭ་དེས་ད་བར་གསོ་སྐྱོང་གནང་བའི་སློབ་མའི་གྲངས་འབོར་དེ་སྟོང་ཕྲག་གསུམ་ལྷག་ལ་བརྒལ་གྱི་ཡོད། དེས་ན་གོང་གསལ་གྱི་གནད་དོན་དེ་དག་ལས་དྲི་བ་ཞིག་ངང་གིས་འཁོར་འོང་བ་ནི། ཆུང་སྦར་ར་གང་ནས་ཆེན་པོ་ཆགས་ཆགས་བར་དུ་གསོས་པའི་སློབ་གྲྭ་འདི་ད་ལྟ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ནང་གསལ་བ་བཞིན‘’ རང་རང་འཁུར་བགྱིད་མེད་པའི་སྨྲ་བ་མང་བ་” ཅན་ཞེས་གསུངས་པ་ལྟར་གཞན་དོན་རྟ་རྔ་ཙམ་ཡང་བསྒྲུབས་པའི་བྱས་རྗེས་མེད་པར་སྨྲ་བ་མང་བའི་སྐྱེ་བོ་འགའ་རེས་སྒེར་ནད་སྤྱི་སྤུངས་ཀྱིས་སྤྱི་རྒྱུ་སྒེར་བཟས་བྱས་ཚུལ་བརྗོད་ཚེ་ཀློག་པ་པོ་ཁྱེད་རང་བཀུར་འོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཡིན་ཚེ། འདི་ལ་ཁྱེད་རང་གིས་ལན་འདེབས་ཅི་ཞིག་བྱ་ངེས་སམ།
ཡོངས་གླིང་སློབ་གྲྭའི་རྙོག་གྲ་དེ་འཇུ་ཆེན་དང་བྱ་དུར་བསོད་ནམས་བཟང་པོ་གཉིས་ཀྱིས་ཆེད་བཟོ་བྱས་པ་ཞིག་རེད། དེ་བཞིན་ཡབ་ཆེན་པ་སངས་ཚེ་རིང་ཡང་ཁོའི་ཕྱོགས་གཏོགས་ཀྱི་ལག་ཆ་ཆགས་ཏེ་ཁྲིམས་ལ་གཏུག་ཁུལ་བྱས་པ་རེད། ཡིན་ངོ་མ་ཕུ་དཀྲུག་མདའ་དཀྲུགས་བྱེད་མཁན་ལྡི་ལི་མདོ་སྟོད་ཆུ་སསྒང་ཟེར་བ་བྱ་འཇུ་གཉིསཀྱི་སློབ་སྟོན་འོག་སོང་སྟེ། རྙོག་གྲ་གཞན་པ། གྱོད་སྣ་ཁ་མཆུ་བྱུར་གྱི་སྣ་དྲངས་ཡོད་པ་བོད་མི་ཚོས་ཤེས་དགོས་པ་རེད། ཁ་སྔོན་འོས་བསྡུའི་སྐབས་ཡབ་ཆེན་པ་སངས་ཚེ་རིང་བློ་སེང་ཕྱོགས་གཏོགས་ཀྱིས་ཉོས་ཏེ། སེར་སྨད་བློ་དགའ་ཟེར་བས་སེ་རར་ཁྲིད་དེ་དབུས་གཙང་གི་རྒན་པོ་བློ་སེང་ལ་རྒྱབ་སྐྱོར་བའི་མིང་ཐོགས་ནས་གཏམ་བཤད་སྤེལ་དུ་བཅུགས་ཏེ། གྲོས་ཚོགས་ནང་རྙོག་གྲ་སློང་སྡོད་མཁན་འཇུ་ཆེན་དཀོན་མཆོག བསྟན་བཤིག་བསྟན་པ་ཡར་ཕེལ། སྨོན་ལམ་མཐར་ཕྱིན། སོགས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། སོང་ཙང་། རྙོག་གྲ་འདི་ནི་ཆེད་མངགས་སྤྱི་དོན་ཁ་ལ་འཁྱེར་ནས་དབུས་གཙང་ནང་ཁུལ་མི་མཐུན་པ་བཟོ་ཐབས། ཨ་མདོ་དང་དབུས་གཙང་མི་མཐུན་པ་བཟོ་ཐབས། འཇུ་ཆེན་དང་བྱ་དུར་གྱི་གཡོ་ཇུས་ལ་མཆིལ་ཞགས་འདེབས་པའི་ཁམས་པ་རྣམས་ལ་མགོ་བསྐོར་གཏོངསྤྱད་དུ་ནམ་ཡང་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་གསལ་བོ་ཤེས་དགོས་པ་རེད། དེ་མིན་གནད་དོན་གང་ཡང་ཡོད་པ་མ་རེད། རྐུན་མ་ངོ་མ་བློ་བཟང་སེང་གེས་ཁང་རིན་དེ་གང་ནས་རྐུས་མིན་ཧ་གོ་ཡི་ཡོད་པ་མ་རེད། རྒྱ་རི་སྒྲོལ་མའི་ལྡེ་ར་ལྡུན་དང་ལྡི་ལི་སོགས་སུ་ས་ཆ་ཁང་པ་རྒྱ་གང་ཆེ་ཉོས་པ་རྣམས་ཁུངས་མི་གཙང་བ། པད་མ་ཆོས་འབྱོར་གྱི་ཨ་རིའི་ཟ་ཁང་གི་མ་རྩའི་ཡོང་ཁུངས་མི་གཙང་བ། འཇུ་ཆེན་ཐུབ་བསྟན་གྱིས་སྦིར་གཞིས་ཆགས་སུ་བརྒྱབ་པའི་ཁང་པའི་ཁང་རིན་ཡོང་ཁུངས་གཙང་མ་མེད་པ། ཨྱོན་སྟོབས་རྒྱས་ཀྱིས་བོད་སོག་ལས་ཁུངས་དང་མཚམས་རེར་གུང་བྲན་ཏང་གང་གི་ལག་ནས་པེད་ཤག་འབོར་ཆེན་བླངས་པས། ཉན་ཞིབ་དོགས་འདྲའི་སྐབས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་གཟབ་གཟབ་བྱེད་དགོས་ཚུལ་ཉེན་བརྡ་བཏང་བ་སོགས། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ཐོ་ནག་པོའི་ནང་ཐེབས་པའི་མི་འདི་དག་ལ་ཁུངས་ལུང་ཞིག་གང་ན་ཡོད། འདྲེ་དོལ་རྒྱལ་གྱི་སྤྲུལ་བ་མངོན་སུམ་པ་རྐྱང་རཀྱང་ཡིན་པས། ཁོ་ཚོའི་ཁ་ལ་ཉན་ན་ཕོང་རྒྱུ་ལས་གཞན་ཅི་ཡོད། བོད་ཀྱི་ལྷ་མི་དམ་ཚིག་ཅན་རྣམས་ཆིག་སྒྲིལ་བྱོས།
ཨོ་་་ཧཧཧ་་་རྒྱལ་བཙོང་བ་ཟླ་བ་ཚེ་རིང་ལ་རྒྱལ་གཅེས་ཅེས་ཐ་སྙད་སྦྱར་འདུག དེ་ནས་མར་བཀླགས་འདོད་མ་བྱུང་། ཟླ་བ་ཚེ་རིང་རྒྱལ་གཅེས་པ་ཡིན་ན་རྐུ་མ་ཇག་པ་ཡོངས་རྫོགས་རྒྱལ་གཅེས་པ་ཡིན་གྱི་རེད། རྒྱལ་གཅེས་པ་ཅེས་པའི་ཚིག་འདི་མི་ངན་དེ་འདྲ་ལ་བེད་སྤྱོད་བཏང་ཆོག་པའི་ཐོབ་ཐང་མེད། རྗེས་སུ་དེ་འདྲ་གནོང་རོགས་བྱོས།
ཚང་མ་བདེན་མིན་གང་ལྟར་ཡང་ རྩོམ་པ་པོའི་ངོས་ནས་ཡོངས་གླིང་སློབ་གྲྭའི་བྱུང་བ་བརྗོད་པ་ཧ་ཅང་བཟང་
ཐོག་མར་༼མི་འཁྱམ༽ཟེར་བ་ཁྱོད་གདོང་དངོས་སུ་ཐོན་ནས་སྐད་ཅ་བཤད་ཤོག་་་་་བདེན་པ་དང་ཁུངས་ལུང་བཤད་རྒྱུ་ཡོད་ན་ཁྱོད་ལ་དག་ཐེར་སྤྲོད་ཀྱང་ཡིན། མཆན་ནང་བྲིས་པ་ཚང་མ་ལ་འགན་ཁུར་ཐུབ་ཀི་ཡོད་ན་ཕོ་རབས་རེད། ད་ཁྱོད་གདོང་ཐོན་ཤོག་ཨ་་་་་་་་
འཁྱམས་པོ་བས་ཡོངས་གླིང་སློབ་གྲྭའི་སྙོག་འཛིངས་དེ་དྷི་ལིར་ཡོད་པའི་ཆུ་སྒང་རེད་ཟེར། བྱ་དུས་བསོད་ནམས་བཟང་པོ་ཆོལ་ཁོངས་གང་ནས་ཡིན་མིན་ཀྱང་ཤེས་མི་འདུག བྱ་དུར་བསོད་ནམས་བཟང་པོས་ཐག་ཆོད་བྱས་པ་མ་རེད་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་དཔོན་ནས་ཐག་བཅད་བྱས་པ་རེད་དེ་ལ་ངོས་ལན་མེད་ཟེར་ན་འགྲིག་གི་འདུག ཡུལ་ཆུ་བཏུང་ནས་ཡུལ་ཁྲིམས་མི་ཁུར་ཟེར་གྱི་ཡོད་པ་རེད། དེ་ལས་འཇུ་ཆེན་དང་བྱ་དུར་བསོད་ནམས་བཟང་པོས་བྲིས་པའི་དེབ་ནང་དུ་ལྟོས་དང་ཁུངས་བསྐྱེལ་ཆ་ཚང་བྱས་འདུག
་་་་་་་་་་་ ཡོངས་གླིང་སློབ་གྲྭ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཆ་རྐྱེན་བཟང་ཤོས་ཀྱི་སྒེར་བཙུགས་སློབ་གྲྭ་ཞིག་ཆགས་ཡོད་ལ་སློབ་གྲྭ་དེས་ད་བར་གསོ་སྐྱོང་གནང་བའི་སློབ་མའི་གྲངས་འབོར་དེ་སྟོང་ཕྲག་གསུམ་ལྷག་ལ་བརྒལ་གྱི་ཡོད། ་་་་་་་་་་་་
་་་་་་་་་་ #1 མི་འཁྱམ། ་ལགས་ཀྱིས་སྤེལ་དོན།:
April 4th, 2016 at 9:57 am
ཡོངས་གླིང་སློབ་གྲྭའི་རྙོག་གྲ་དེ་འཇུ་ཆེན་དང་བྱ་དུར་བསོད་ནམས་བཟང་པོ་གཉིས་ཀྱིས་ཆེད་བཟོ་བྱས་པ་ཞིག་རེད། དེ་བཞིན་ཡབ་ཆེན་པ་སངས་ཚེ་རིང་ཡང་ཁོའི་ཕྱོགས་གཏོགས་ཀྱི་ལག་ཆ་ཆགས་ཏེ་ཁྲིམས་ལ་གཏུག་ཁུལ་བྱས་པ་རེད། ་་་་་་་་་་
འདིར་ཁམས་པ་ཕམ་སོང་། དབུས་གཙང་རྒྱལ་འདུག་གདའ། ཁམས་རིགས་ཚོ། ཧཧཧཧཧ།། །།
ཡོངས་གླིང་གི་བྱུང་བ་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། གནད་དོན་དེའི་སྐོར་ལ་དཔྱད་བརྗོད་པ་གྲགས་ཅན་ཁང་གསར་རྡོ་རྗེ་ལགས་ཀྱིས་ཀྱང་། ཧ་ཅང་གནད་ལ་འཁེལ་བའི་དཔྱད་རྩོམ་ཞིག་ཉེ་སྔོན་སྤེལ་སོང་། སྤྱི་འཐུས་གྲོས་ཚོགས་ནང་འཇུ་ཆེན་དཀོན་མཆོག་གིས་སྣེ་འཁྲིད་དེ་མདོ་སྟོད་སྤྱི་འཐུས་དེ་ཚོས་ཡོངས་གླིང་གི་
སྐོར་སླར་ཡང་བསླངས་སོང་། འོན་ཀྱང་། བཀའ་ཤག་ལ་གནད་དོན་དེའི་བྱུང་རིམ་དང་འབྲེལ་བའི་ཡག་ཆ་
ཆ་ཚང་ཡོད་ཀྱང་། གནད་དོན་དེའི་ཐད་གསལ་ཁ་དོད་པའི་འགྲེལ་བཤད་གཅིག་བརྒྱབ་མེད། གཅིག་བྱས་ན། བློ་སེང་གིས་ཡོངས་གླིང་གནད་དོན་དེ་མུ་མཐུད་གླེང་གཞིའི་ནང་འཇོག་རྩིས་ཡོད་པ་འདྲ། དེ་ཙམ་དུ་མ་ཟད་སྤྱི་འཐུས་ནང་། དེ་སྔའི་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཀྱང་ངན་པ་ལག་འབྲེལ་ལྟ་བུ་ཡིན་པའི་ཆབ་སྲིད་ཀྱི་རུལ་དྲི་ཁ་བའི་སྐད་ཆ་ཞིག་བཤད་སོང་། དེ་ཡང་གཅིག་བྱས་ན། ཐུབ་བསྟན་ལུང་རིགས་མཆོག་གི་མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་འགོག་རྩིས་བྱེད་པའི་ཐབས་བྱུས་ཤིག་ཡིན་པ་འདྲ། དེའི་དཔེ་མཚཽན་གསལ་ཤོས་ནི། སྐུ་ངོ་སྤེན་པ་ཚེ་རིང་ལགས་རེད། ཁོང་ལའང་དོན་མེད་ཀྱི་སྙོན་འཛུགས་བྱས་བརྟེན། སློབ་དཔོན་ཟམ་གདོང་སྐབས་དཔལ་འབྱོར་བཀའ་བློན་གནང་རྒྱུའི་གོ་སྐབས་དེ་མེད་པར་བཟོས་པ་རེད། སྟབས་ཡག་ནས། ད་རེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཀྱི་ལས་རིམ་གོ་སྐབས་སྤྱད་དེ་ཡོངས་གླིང་སློབ་གྲའི་གནད་དོན་དང་འབྲེལ་བའི་སྐོར་ལ་གསལ་བཤད་ཧ་ཅང་གི་ལེགས་པོ་ཞིག་གནང་སོང་། ད་ཡིན་ན། འཇུ་ཆཻན་ཕྱོགས་གཏོགས་ཚོས་གང་ཡང་བྱེད་ཐུབ་ས་མེད་ཏ། མ་གཞི་ནས། འཇུ་ཆེན་དཀོན་མཆོག་ཟེར་བའི་སྐྱེ་དམན་དེ་ནི་ལས་ངན་བསྟན་དགྲ་རང་རེད་འདུག རྩ་དོན་དང་འབྲེལ་བའི་སྐོར་ལ་གྲོས་ཚོགས་ནང་གླེང་མོལ་བསླེབས་སྐབས། མོ་ནི་དགུན་གྱི་ཁ་བྱུག་དང་འདྲ་བར་ཁ་གཅིག་ཀྱང་གྲགས་རྒྱུ་མེད་པར་ག་དུས་ཡིན་རུང་ཁ་བཙུམནས་སྡོད་ཀྱི་འདུག གྲོས་ཚོགས་ནང་སྙོག་གླེང་སློང་སྐབས། མོ་ནི་ཁྱི་འཁྱམས་ཤིག་དང་འདྲ་བར་ཟུག་ཡོང་གི་འདུག རེད་ཏ། ཕ་ངན་གྱིས་བྱས་པའི་ངས་ལན་དེ་མུ་མཐུད་ནས་འདྲེ་མོ་དེས་སྐྱོང་གི་འདུག་ཀ
སྤྱི་པར་ཕན་ཐོགས་ཤོས་ཀྱི་སྤྱི་འཐུས་ལ་སྤྱི་རྒྱུ་སྒེར་བདག་གི་ནག་ཉེས་བཙུགས། ངོ་ཚ་མེད་མཁན་གྱི་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་འཇུ་ཆེན་དཀོན་མཆོག་སོགས་གྲོས་ཚོགས་ནང་བོད་སྤྱི་ལ་ཕན་པའི་བཀའ་མོལ་མེད་པར་ནང་འཁྲུགས་ཤ་སྟག་རྒྱབ་ཤོག་ལྟས་ངན་འདི་ཚོ། གྲོས་ཚོགས་ནང་སྤྱི་འཐུས་༤༤ ནང་ནས་མི་མང་ལ་ཕན་ཐོག་ཤོས་དང་རོགས་རམ་མང་ཤོས་བྱེད་མཁན་དེ་སྤྱི་འཐུས་ཟླ་བ་ཚེ་རིང་རེད། གསར་འབྱོར་བསྟན་པ་ཡར་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་དང་འཇུ་ཆེན་དཀོན་མཆོག་སོགས་ཀྱིས་བོད་པར་ཕན་པའི་་ལས་ཀ་ག་རེ་བྱས་མྱོང་ཡོད།
སྤྱིའི་སྒེར་བདག་བྱས་མཁན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་འདུག ཁྱོད་རང་ཚོ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ཡོད་ཀྱི་ཆགས་བཞག་གྱི་ཡོད། ཟླ་བ་ཚེ་རིང་གིས་སྒེར་བདག་བྱས་པའི་ཡོངས་གླིངས་སློབ་གྲྭ་བཙན་བྱོལ་སྒྲིག་འཛུགས་ལ་བརྩིས་སྤྲོད་བྱེད་དགོས་བྱུང་ན་ཁོང་གི་རྒྱབ་སྐྱོར་བ་ལྐོག་ཟ་རུལ་སུངས་ཚོ་ཡང་ཁག་པོ་ཆགས་འོང་བཞིན་མེད་དམ་སྙམ།
དབུས་གཙང་སྤྱི་འཐུས་དང་མདོ་སྨད་སྤྱི་འཐུས་མང་པོས་སྤྱིའི་རྒྱུ་སྒེར་བདག་ཅན་ཟླ་བ་ཚེ་རིང་ལ་རྒྱབ་སྐྱོར་བྱས་འོང་པར་མཐོང་དུས་རྒྱབ་སྐྱོར་བ་དེ་དག་གིས་ཀྱང་ལྐོག་ཟ་རུལ་སུངས་བྱས་ཡོད་པ་ཡིན་གྱི་རེད་བསམས་ནས་དོགས་པ་སྐྱེས་ཡོང་གི་འདུག
གལ་སྲིད་ཟླ་བ་ཚེ་རིང་ལ་དཀའ་ངལ་འཕྲད་དུས་ལྐོག་ཟ་རུལ་སུངས་གཞན་དག་ཚོས་ཟླ་ཚེ་ལ་རྒྱབ་སྐྱོར་མ་བྱས་ན་རྗེས་སུ་སོ་སོའི་ཐོག་ཏུ་བབ་དུས་གཞན་དག་ཚོས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་བསམས་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་ཚད་འདུག གཞན་སྤྱི་འཐུས་ཤིག་གིས་ངོས་ནས་སྤྱིའི་རྒྱུ་སྒེར་བདག་བྱས་མཁན་ལ་དགག་པ་མི་བརྒྱབ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ནི་སྤྱིའི་འཐུས་མི་ཞིག་གི་ངོས་ནས་ཞབས་འདྲེན་རེད།
སྤྱིའི་སྒེར་བདག་པ་ལ་རྒྱབ་སྐྱོར་བྱས་དགོས་པའི་རྒྱུ་མཚན་ཅི་རེད་དམ། རྐུ་རྒྱབ་ཇག་ལངས་ཨེ་རེད། མིན་ན་ཅི་རེད།
དང་པོ་ཡོང་གླིང་སློབ་གྲ་དེ་སུའི་མིིང་ཐོག་ཏུ་དེབ་བསྐྱེལ་འདུག་དེ་བལྟ་དགོས་པ་རེད་
གཉིས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ས་ཁང་དང་འབྲེལ་བའི་སྐོར་ལ་ཆེས་མཐོའི་ཁྲིམས་ཞིབ་ནས་ཐག་གཅོད་མི་ཐུབ་གསལ་ཡོད་ན་ ཁྲིམས་ཁང་གི་ཐག་གཅོད་དེ་བཅའ་ཁྲིམས་དང་མཐུན་འདུག་མི་འདུག་བལྟ་་དགོས་པ་རེད་ལ་ སྤྱི་འཐུས་གྲོས་ཚོགས་ནང་ཁྲིམས་དང་སྒྲིག་རྐུབ་འོག་དུ་བཅུག་ནས་ཆོལ་ཁ་དང་ལུང་ཚན་ཁ་ལ་ཁྱེར་ལབ་སྟོང་རྒྱབ་དྲག་ནས་ད་ལམ་གནས་ཆུང་དང་ཚེ་རིང་ཆེ་ང་སོགས་ནས་བཀའ་ལུང་ག་འདྲ་ཕེབས་སོང་ཤེས་མེད་པ་ཡིན་ནམ་།
ཡོངས་གླིང་སློབ་གྲྭའི་བྱུང་བ་རྒྱུད་རིམ་གྱི་ནང་གསལ་ལྟར་བྱས་ན་ཟླ་བ་ཚེ་རིང་གི་སྒེར་གྱི་བདག་དབང་མིན་པར་གསལ་པོ་རེད་འདུག། རྡ་སའི་ཕ་མའི་ལྷན་ཚོགས་དང་བརྩུན་དགོན་དགའ་ལྡན་ཆོས་གླིང་སོགས་རྡ་སའི་གནས་བསྡོད་བོད་མི་དམངས་ཀྱིས་སྐྲུན་པའི་ཉིན་སློབ་ཞིག་ཡིན་པར་གསལ་པོ་རེད། ཟླ་བ་ཚེ་རིང་ལགས་ཀྱིས་དེའི་འགན་ཁུར་གྱི་ལས་དོན་མང་པོ་སྒྲུབས་ཡོད་པའི་མི་དམངས་ཀྱི་ས་གཞི་ས་ཁང་ཞིག་རེད་འདུག། གལ་སྲིད་ཉིན་སློབ་དེ་ཟླ་བ་ཚེ་རིང་སྒེར་བདག་གི་སློབ་གྲྭ་ཞིག་ཡིན་ཟེར་གྱི་ཡོད་ན་དེ་ནི་ལུགས་མཐུན་དང་ཁྲིམས་མཐུན་གཉིས་ཆ་མིན་པར་ལས་གཞི་དེ་འགོ་འཛུགས་དང་རྒྱུད་རིམ་གང་ཐད་ནས་གསལ་པོ་མཐོང་ཡོང་གི་འདུག།
རྩོམ་བྲིས་པར་མངགས་བརྗོད་ཞུ་རྒྱུ་ཡིན། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་འཇུ་ཆེན་དཀོན་ཆོག་ལགས་གཉིས་ནི་སྤྱི་དོན་སེམས་འཁུར་ཡོད་མདོག་གིས་སྒེར་གྱི་འཁོན་འཛིན་གྲོས་ཚོགས་ནང་རྟག་ཏུ་གླེང་བཞིན་པ་ནི་ཐབས་སྐྱོ་བོ་རེད། ཁོང་གཉིས་ནས་ད་བར་བོད་སྤྱི་དོན་ལ་ཕན་པའི་ཕྱག་ལས་གང་གནང་ཡོད་དམ། མགོ་འཇུ་ཆེན་ནས་རྩིས་པའི་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་དང་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་ལགས་སོགས་ནི་ཆོལ་ཁ་ཞེན་འཁོག་ཅན་ཡིན་པ་མ་ཟད། ཆོལ་ཞེན་ཁོ་ནས་ནང་བཙན་བྱོལ་སྤྱི་ཚོགས་ནང་ཕན་པའི་བཀའ་མོལ་གནང་རེ་མེད་པ་ཡིན། ད་ལམ་གྲོས་ཚོགས་ནང་རྒྱུ་མཚན་གསལ་པོ་ཤེས་བཞིན་དུ་མདོ་སྟོད་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་ཇུ་ཆེན་དཀོན་མཆོག་གཉིས་ཨུ་བཙུག་ཐ་བསྐྱེལ་གྱི་ཡོངས་གླིང་སློབ་གྲྭའི་སྐོར་གླེང་གང་ཐུབ་བྱས་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཡོངས་གླིང་སློབ་གྲྭ་ཐད་ཐག་བཅད་གང་གནང་ཡོད་བ་དེ་དག་ཤེས་རིག་ལས་ཁུངས་དང་སྤྱི་འཐུས་ཟླ་བ་ཚེ་རིང་གཉིས་བར་ཆགས་ཡོད་སྟབས་ཡུལ་ཁྲིམས་ཐོག་བྱས་དགོས་པ་སྟབས་དུས་འགོར་ཡོང་ངེས་ཡིན། གང་ལྟར་ཁྲིམས་ཐོག་གི་གནད་དོན་ཞིག་ཡིན་སྟབས་ཐག་གཅོད་གསལ་པོ་མ་བྱུང་བར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནི་ནག་ཉེས་ཅན་ངོས་འཛིན་ཞུ་ཐབས་མེད་པ་རེད། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་སྐབས་དེར་སྐུ་ངལ་ཚད་མེད་བསྐྱོན་ནས་མང་ཚོགས་ལ་ཕན་ཐོབ་རླབས་ཆེ་བྱ་བ་སྒྲུབ་ཡོད་པ་ནི་མངགས་བརྗོད་ཞུ་འོས་པ་ཡིན། ཁོང་ནས་མུ་མཐུད་ནས་ང་ཚོའི་མ་འོངས་གསོན་རྩ་ན་གཞོན་ཚོར་ཕུགས་རིང་བསམ་ཞིབ་ཀྱིས་ནང་ཆོས་ངོ་སྤྲོད་ལས་འཆར་ལག་བསྟར་གནང་བཞིན་པ་ནི་ཨ་རི་མཐོ་སློབ་སྙན་གྲགས་ཅན་ནས་བུ་རམ་པའི་སློབ་ཐོན་ལག་འཁྱེར་ཡོད་པ་ལས་ལྷག་བྱ་བ་སྒྲུབ་བཞིན་འདུག ཁྱེད་ནས་བོད་མི་རིགས་ཆེད་ཁ་ཚ་དགོས་གཏུགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་པར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
ང་ཚོའི་སྤྱི་ཚོགས་ནང་གི་མི་ངན་ཚོས་རང་རང་སོ་སོ་གང་ཡང་འབྱོན་རྒྱུ་མེད་པར་སྤྱི་ཚོགས་ནང་བྱས་རྗེས་ཡོད་མཁན་དང་། སྤྱི་ཚོགས་ལ་ཞབས་ཞུ་ཧུར་ཐག་གནང་མཁན་ཚོ་ལ་ཕྲག་དོག་ལངས་ནས་གཞི་མེད་སྐྱོན་བརྗོད་བྱེད་རྒྱུ་ནི་ཁོང་ཚོ་ནད་ན་ཚ་ལྟ་བུ་རེད། སྙིང་རྗེ་ཡུལ་ལས་གང་ཡང་མ་རེད།
གོང་གི་ཡོངས་གླིང་སློབ་གྲྭའི་བྱུང་རིམ་ལ་ལྟོས་ན་ཉི་མ་ཤར་བ་ནང་བཞིན་གསལ་བོ་ཞེ་དྲགས་རེད་འདུག
དཔྱད་བརྗོད་ཧ་ཅང་ཡག་པོ་ཞིག་སྤེལ་འདུག བཀའ་དྲིན་ཆེ། འཇུ་ཆེན་དཀོན་མཆོག་ཟེར་བ་ནི་འཛིན་རིམ་དགུ་པའང་རྒྱུགས་མི་འཕྲོད་པའི་ཕ་མིང་བུ་མོར་བསྐུར་ཏེ། མདོ་སྟོད་པའི་ཆོལ་ཞེན་ཅན་ཚོས་བསླངས་བཞག་པ་ཞིག་རེད། འདྲེ་མོ་འདིས་གྲོས་ཚོགས་ནང་བོད་སྤྱི་ལ་ཕན་པའི་གཏམ་སྨྲ་མྱོང་མེད་ལ་རེ་བའང་མེད། འོན་ཏེ་དཀྲུག་ས་ཞིག་ལ་ཁམས་པའི་གླེན་རྟགས་དེ་སྟོན་ཡོང་གི་རེད། ད་རེས་ཀྱང་ཚོགས་གཙོས་སྟངས་འཛིན་ལེགས་པོ་མཛད་སྟབས། མོའི་ལྕེ་ལ་མདུད་པ་ཐེབས་སོང་མ་གཏོགས། ཀུ་ཅོས་གྲོས་ཚོགས་ཁེངས་པ་ཡོད། བསྟན་པ་ཡར་འཕེལ་ཟེར་བ་ས་རཱ་མཐོ་སློབ་ཏུ་སླེབས་དུས། ཡིག་ངོ་ཆོད་ཙམ་རེད། ཁོས་བོད་ཡིག་འཁྱར་ཁྱོར་ཙམ་ཤེས་པ་ལས་སྐད་རིགས་གཞན་པར་ཀླད་ཀོར་རེད། དེའི་སྟེང་བོན་པོ་སྨོན་ལམ་མཐར་ཕྱིན་ཟེར་བ་བསྣན། ཁོ་ནི་ཆོལ་ཁའི་ཞེན་ཁོག་སྟེང་ལ་ཆོས་ལུགས་དེ་བརྒྱབ་པས། བོད་མིའི་སྒྲིག་འཛུགས་དེ་ཁ་ཐོར་དགུ་ཐོར་དུ་གཏོང་རྒྱུ་ནི་ལས་འགན་ལྟ་བུ་རེད། དེ་ཚོ་ནི་འཇུ་ཆེན་གྱི་རྗེས་སྐྱོང་བ་ཡིན་ལ། རྒྱབ་ཕྱོགས་ན་དངུལ་དངོས་ཀྱི་འགྲོ་གྲོན་གཏོང་མཁན་ཡོད་པའང་རྗེས་དཔོག་ཐུབ། མདོར་ན་མི་འདི་ཚོས་ཟླ་ཚེས་སྤྱི་རྒྱུ་སྒེར་བདག་ཟེར་བ་བྱས་མེད་པ་གསལ་པོར་ཤེས་ཀྱིན་ཡོད་མོད། བོད་མི་ལྷག་བསམ་ཅན་ཞིག་དང་། འཇོན་ཐང་ཅན་ཞིག མདོར་ན་ཁོ་ཚོའི་ཟླ་ལ་ལངས་མཁན་ཞིག་བྱུང་ན་ཐབས་རྣམ་སྣ་ཚོགས་ཀྱིས་མེད་པར་བྱ་རྒྱུ་ནི་སྦྱིན་བདག་གི་ལས་འགན་སྒྲུབ་བྱེད་ཙམ་རེད། མ་གཞི་ནས་མདོ་སྟོད་པའི་ཀླད་མེད་འདི་དག་དང་། རྒྱབ་སྐྱོར་བ་གཏི་ཐུག་ཅན་དག་ཟ་ཟུར་ནས་སྐེ་སྲིང་ཡོང་སྟངས་འདིས། བོད་གཞིས་བྱེས་གཉིས་ལ་མུན་པ་ནག་པོ་ཞིག་འདྲེན་བཞིན་ཡོད།།
རྩོམ་ཡག་པོ་བྲིས་འདུག་ཅོ་རི་ཁྱི་ཁར་ཉན་རྒྱུ་མེད།མ་ངན་དེས་གྲོས་ཚོགས་དཀྲུགས།ཅོར་ངན་འདིས་ཁ་བརྡ་དཀྲུགས
ཟླ་བ་ཚེ་རིང་དང་སྤེན་པ་ཚེ་རིང་གཉིས་ནི་མི་སྣ་གལ་ཆེན་ཞིག་རེད་་ ཁོང་གཉིས་ནི་མདོ་སྟོད་ཀྱི་མི་ངན་ཀླད་སྟོང་འགའ་ཞིག་གི་དགྲ་བོ་ཡིན་པ་ལས་མདོ་སྟོད་ཚང་མའི་དགྲ་བོ་མིན་
དོན་དངོས་ཡག་པོ་བྲིས་གདའ།
ཙོ་རི་ཉི་མ་ལགས་ཁྱོད་ཀྱི་མིང་ངན་ཚོའི་རྒྱབ་ལང་བྱེད་དགོས་དོན་གང་ཡིན་ ད དུང་ཁྱོད་སྨོངས་གཉིད་ལས་མ་གསངས་བ་ཡིན་པ་འདྲ་
ད་ནང་འཁྲུགས་ཞི་ན་ལེགས་
བཙན་བྱོལ་སྤྱིད་ཚོགས་འདི་ལ། ཁམས་པ་ཚོའི་རྙོག་གྲ་གཅིག་རྗེས་གཉིས་མཐུད་བསླངས་དགོས་པས་རྒྱུ་མཚན་ཅི་ཡིན་ནམ། བོད་མིའི་སྒྲིག་འཛུག་འདི་མེད་པར་བཟོ་བ་དང་བོད་མི་ནང་ཁུལ་འགལ་བ་བཟོ་རྒྱུ་ཁོང་ཚོའི་དམིགས་ཡུལ་ཡིན་ནམ། ཚོགས་པ་བཅུ་གསུམ་ཟེར་བ་དང་དོལ་རྒྱལ་ཚོགས་པ་སོགས་ཀྱིས་རྙོག་གྲ་མང་བོ་བཟོས། འཇུ་ཆེན་ཡོད་དུས་རྙོག་གྲ་བཟོས། ཤི་ཚར་ན་ད་དུང་རོ་ལངས་རྒྱག་གི་འདུག
བཙན་བྱོལ་སྤྱི་ཚོགས་འདི་ལ། ཁམས་པ་ཚོའི་རྙོག་གྲ་གཅིག་རྗེས་གཉིས་མཐུད་བསླངས་དགོས་པས་རྒྱུ་མཚན་ཅི་ཡིན་ནམ། བོད་མིའི་སྒྲིག་འཛུག་འདི་མེད་པར་བཟོ་བ་དང་བོད་མི་ནང་ཁུལ་འགལ་བ་བཟོ་རྒྱུ་ཁོང་ཚོའི་དམིགས་ཡུལ་ཡིན་ནམ། ཚོགས་པ་བཅུ་གསུམ་ཟེར་བ་དང་དོལ་རྒྱལ་ཚོགས་པ་སོགས་ཀྱིས་རྙོག་གྲ་མང་བོ་བཟོས། འཇུ་ཆེན་ཡོད་དུས་རྙོག་གྲ་བཟོས། ཤི་ཚར་ན་ད་དུང་རོ་ལངས་རྒྱག་གི་འདུག
བཙན་བྱོལ་ནང་ཁམས་པ་ཚོས་ངུ་ཟུག་བྱེད་དགོས་པའི་རྒྱུ་མཚན་ནི། ཐོག་མར་རྒྱ་ལོའི་གཅིག་སྒྲིལ་ཚོགས་པ་དང་། བར་དུ་ཟམ་གདོང་བླ་མའི་ཆུ་སྒང་གཤག་བཅོས་ཀྱི་ལས་འགུལ་སོགས་ཀྱིས་རྐྱེན་པས་བསམ་བཞིན་དུ་དོ་ཕོག་ཆེ་ཙམ་བཏང་བའི་རྒྱུ་མཚན་གྱི་ཡིན་ཚོད་འདུག
ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་གི་ཡོངས་གླིངསློབ་གྲྭ་དེ་བོད་གཞུང་ལ་བརྩེས་སྤྲོད་བྱེད་མི་ཐུབ་པའི་དཀའ་ངལ་ཆུ་གཉེར་བཞིན་དུ་འཕྲད་ནས། མཐར་སྒེར་བདག་ཅན་དུ་བསྒྱུར་ཐོབ་ཙམ་བྱུང་ཡོད་པ་འདྲ།་ ཡོངས་གླིང་སློབ་གྲྭའི་འདི་བདག་པོ་བོད་གཞུང་ལ་སྤྲད་ན་དེའི་ཁམས་པ་ཚོ་ལ་ཕན་ཐོག་གང་ཡོད་པ་རེད། བོད་མིའི་སྒྲིག་འཛུག་འདི་ཁམས་པ་གཅིག་པོའི་མ་ཡིན་པའི་བོད་མི་ཚང་མས་ཡིནཔ་་ཤེས་ན། དེ་ནས་གསལ་པོ་ཆགས་ཀྱི་རེད།
ད་ལྟ་གཞུང་བརྟེན་ལྷ་སྲུང་ཁག་ནས་ཀྱང་བཀའ་ལུང་ཕབ་ཟིན་པས། གལ་སྲིད་ང་རང་ཟླ་བ་ཚེ་རིང་ཡིན་ན་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་གུས་བརྩི་དང་དྲི་མ་མེད་པའི་ལུགས་སྲོལ་འདོད་ཆུང་ཆོག་ཤེས་ལ་དང་དོད་ཆེར་གནང་ནས་ཡོངས་གླིང་སློབ་གྲ་རྩིས་སྤྲོད་འོས། ལྟ་ཡ་ལས་ལྷག་མེད།
ལྷ་མི་ཚང་མས་དགོང་པ་གཅིག་མཐུན་རེད་འདུག་ན་ད་ཟླ་ཚེ་ནས་སློབ་གྲ་ཤེས་རིག་ཕུལ་ནས་གུན་གསབ་སྒོར་འབུམ་བཅུ་དེ་མར་ཞུས་ན་གཏམ་དོན་ཀུན་ལ་ཕན་ལེ་རེད་ད་སྙོག་ཁྲ་མང་པོ་བཤད་མ་བསཞདད་ཨ་རོ་ཁ་བྲོ་སྐུ་ཚེ་རིང་།
ཅོ་རི་ཉི་མ་ཟེར་པ་ཁྱོད་དོལ་རྒྱལ་རྗེས་འབྲངས་པ་རྒྱ་ཆ་རྒྱ་ཡིན་ས་རེད། ཁྱོད་ཀྱི་ཁ་བརྡ་ནང་བརྩོམས་ག་རེ་བྲིས་ཀྱང་༸གོང་ས་མཆོག་ལ་ཟུར་ཟ་དང་། བོད་མི་མང་ལ་ཞབས་འདེབས་འགྲུབ་མཁན་ལ་སྡང་ཟུག་བྱེད་མཁན་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཁྱོད་ཀྱི་བཤད་པ་ལ་རྒྱ་དམར་དགའ་བོ་ཡོད་ཀྱང་། ང་ཚོ་༸གོང་ས་མཆོག་ལ་དད་གུས་བྱེད་མཁན་རྣམས་ཁྱོད་ཀྱི་བཤད་པའི་སྐད་ཆ་རྣམས་ལ་སྐྱུགས་མེར་ལངས་གི་འདུག།
ཟླ་བ་ཚེ་རིང་དང་ཡོངས་གླིང་སློབ་གྲྭའི་ལོ་རྒྱུས་གཙང་མ་མི་ཤེས་པ། ཁྲིམས་ཞིབ་ཁང་གིས་བཅད་ཁྲ་མི་གཏོང་བའི་རྒྱུ་མཚན་མི་ཤེས་པ། མཆན་འདེབས་མཁན་ཚོའི་ཁྲོད་དུ་ མི་ཤེས་འདི་གཉིས་ལས་ཐར་བའི་སྐྱེ་བོ་སུ་ཡང་མཐོང་མ་སོང་། གལ་སྲིད་ཡོད་ན་ཁ་གསལ་ཙམ་གསུངས་རོགས། དེ་མིན་མུན་ནག་མདའ་འཕེན་དེས་སུ་རྨས་དང་སུ་གསོད་བཤད་ཚོད་མི་ཐིགས། ལྷག་པར་དུ་འདིའི་ནང་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་དེ་དག་མ་བསྲེས་ན་བཟང་། ཁྱོད་ལ་ཀུན་སློང་ངན་པ་ཞིག་མེད་པའི་དབང་དུ་བཏང་ནའང་འདི་ནི་གཅིག་སྒྲིལ་གྱི་ནུས་པ་འཇོམས་པའི་དུག་རྩ་ཆེན་པོ་ཞིག་ཡིན་པས་ནམ་ཡང་གཟབ་ན་ལེགས། ཡོངས་གླིང་དང་ཟླ་ཚེ་གླེང་ན་དེ་ག་རང་གླེང་རོགས། དེ་གསལ་པོ་ཆགས་སོང་ན་གཡས་གཡོན་ཟ་ཟུར་ཚང་མ་ངང་གིས་འཇམ་འགྲོ་གི་རེད།
ད་མང་པོ་བཤད་ནས་ཕན་མ་སོང་ལ་མང་པོ་བྲིས་ནས་ཕན་མ་སོང་ངོ་ཚེ་རིང་ཆེ་ང་ནས་སྲིད་སྐྱོང་དང་ཚོགས་གཙོ་བཀའ་བློན་དང་སྤྱི་འཐུས་བཅས་པར་
ཐུགས་ཕམ་བྱུང་ནས་ཕྱག་ནས་བྲབ་འདུག་ལ་
ལྷག་དོན་དུ་སྲིད་སྐྱོང་དང་ཚོགས་གཚོ་ཁོང་གཉིས་ལ་ནན་བརྟན་བཤད་འདུག་ལ་ཟླ་བ་ཚེ་རིང་འཁྲིད་ཤོག་གསུང་འདུག་ན་ད་མང་པོ་བཤད་མ་བསྡོད་་།
འཇུ་ཆེན་ཟེར་བས་མི་ངན་འདིའི་ཀརྨ་བཀའ་བརྒྱུད་དུམ་བུ་གཉིས་ལ་བཏང་། ཆུ་བཞི་སྒང་དྲུག་དུམ་བུ་གཉིས་ལ་བཏང་། མངའ་རིས་ནང་ལ་འཛུལ་ནས་དབུས་གཙང་དང་ལོགས་སུ་བྱེད་དགོས་པའི་ངན་བྱུས་བཏང་། ཁམས་པ་ཁ་ལ་འཁྱེར་ནས་བོད་གཞུང་སྒྲིག་འཛུགས་ལ་རྙོག་དྲ་རྒྱུན་ཆད་མེད་པ་བཟོས། ཟམ་གདོང་རིན་པོ་ཆེའི་མཁས་མཛངས་དྲང་ཚུགས་ལ་མ་དགའ་ནས་གྲོས་ཚོགས་ནང་ལ་སྤྱི་འཐུས་བསོད་ནམ་སྟོབས་རྒྱལ་དང་ཨོ་རྒྱན་སྟོབས་རྒྱལ་སོགས་ལ་ཁ་གཏད་བཅག་ཏུ་བཅུག ཟམ་གདོང་རིན་པོ་ཆེའི་་དངོས་སློབ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོག་གི་ལོ་རྒྱུས་རྫུན་མ་བྲིས། དེ་དང་དེ་འདྲ་བའི་རྙོག་གླེང་མང་བའི་མི་ངན་ཞིག་རེད།
ཅོ་རི་ཟེར་མཁན་མི་དེས་རྟག་ཏུ་དགྲ་དགའ་གཉེན་སྡུག་གི་ལས་ཀྱང་བྱེད་ཀྱི་རེད་་་་རེད་ད་ཟླ་ཚེ་ཁ་ལ་འཁྱེར་ནས་ལྡི་ལི་མདོ་སྟོད་ཟེར་བ་དང་འཇུ་ཆེན་གྱི་ཨབ་ཕྲུག་རྣམས་ཀྱི་བོད་པའི་སྤྱི་ཚོགས་ཆུང་ཆུང་དེ་དཀྲུག་གང་ཐུབ་བྱེད་ཀྱི་འདུག་་་་་ཚང་མ་ཟབ་ཟབ་གནང་རོག་
ཡང་དེང་སང་སྐུ་སྒེར་གྱི་དངུལ་སྒོར་དུང་ཕྱུར་གཅིག་སྒེར་ཟས་བྱས་འདུག་ཟེར། ད་མང་པོ་གོ་རྒྱུ་འདུག
ཇུང་ཏོག། ལྷ་བཀྲི་ས་ཚེ་རིང་མའི་ལུང་བསྟན་ངོ་མའི་གསུངས་སྦས་ཤིང་། བོད་མའི་སྤྱི་ཚོགས་དཀྲུག་བྱེད། རྒྱ་དམར་གྱི་ལས་འགན་སྒྲུབ་མཁན་འགའ་ཞིག་གིས།་སྐད་མཛུན་སྒྲ་འཇུག་བྱེད་པ། ག་ས་ག་ལ་གཏོང་མཁན་ཁྱེད་དང་འབྲེལ་བ་ཡོད་ས་རེད། དེ་ནི་རྒྱ་དམར་གྱི་འདོད་དོན་སྒྲུབ་མཁན་འབའ་ཞིག་ཡིན་པ་ལས། ལྷ་མོ་མཆོག་ནས་ཟླ་བ་ཚེ་རིང་ཁྲིད་ཤོག་ཟེར་ཟུར་ཙམ་ཡང་གསུངས་མེད། དོན་ཡག་པོ་ཧ་གོ་བ་གྱིས།
གཡག་ལུག་ར་ཕག་གི་གཤིས་ཀ་ལྡན་ཞིང་སྐྱེས་ཁུངས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་འགས་སྔར་ཡང་དཀྲུགས་ལ་ད་ཡང་དཀྲུགས་བཞིན་འདུག་པས་འདི་དག་ལ་དོན་ངོ་མར་ཅི་ཞིག་དགོས་སམ། འཇུ་ཆེན་ཚང་གི་མགོ་ཐོགས་ཚད་དཀྲུགས་མཁན་རྐྱང་ཡིན་པ་དང་། ཕ་རིང་བུ་རྒྱུད་ལ་ནང་ཁུལ་དཀྲུགས་ནས་ཞེ་མ་ཚིམས་པར་བསྡད་འདུག
ཡུལ་གཞི་ཆུང་ཡང་རྙོག་འཛིང་ཆེ་བའི་ཁོར་ཡུག་འདིའི་ནང་། མ་རབས་ཚོ་མགོ་འཕང་མཐོ་ཙམ་འདུག་པས། དྲང་བདེན་དང་སྙོམ་ཆུང་། བྱས་རྗེས་ཅན་ལ་རྒྱབ་སྐྱོར་བྱེད་པ་ནི་ཡ་རབས་དམ་པའི་ལུགས་རེད། རྩོམ་འབྲི་བ་པོར་ཡི་རང་ཞུ།
འཇུ་ཆེན་ཟེར་བས་མི་ངན་འདིའི་ཀརྨ་བཀའ་བརྒྱུད་དུམ་བུ་གཉིས་ལ་བཏང་། ཆུ་བཞི་སྒང་དྲུག་དུམ་བུ་གཉིས་ལ་བཏང་། མངའ་རིས་ནང་ལ་འཛུལ་ནས་དབུས་གཙང་དང་ལོགས་སུ་བྱེད་དགོས་པའི་ངན་བྱུས་བཏང་། ཁམས་པ་ཁ་ལ་འཁྱེར་ནས་བོད་གཞུང་སྒྲིག་འཛུགས་ལ་རྙོག་དྲ་རྒྱུན་ཆད་མེད་པ་བཟོས། ཟམ་གདོང་རིན་པོ་ཆེའི་མཁས་མཛངས་དྲང་ཚུགས་ལ་མ་དགའ་ནས་གྲོས་ཚོགས་ནང་ལ་སྤྱི་འཐུས་བསོད་ནམ་སྟོབས་རྒྱལ་དང་ཨོ་རྒྱན་སྟོབས་རྒྱལ་སོགས་ལ་ཁ་གཏད་བཅག་ཏུ་བཅུག ཟམ་གདོང་རིན་པོ་ཆེའི་་དངོས་སློབ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོག་གི་ལོ་རྒྱུས་རྫུན་མ་བྲིས། དེ་དང་དེ་འདྲ་བའི་རྙོག་གླེང་མང་བའི་མི་ངན་ཞིག་རེད།
བསྟན་འཛིན་ལགས། ཚིག་པ་ཟ་ན་ཚིགས་རྡོག་འཆོ། ཧཧཧ
འཇུ་ཆེན་ཡོད་དེ་བོད་མི་ནང་ཁུལ་དཀྲུགས་གང་ཐུབ་བྱས། ཤི་དུས་སྨོན་ལམ་ལོག་པ་རྒྱབ་ནས་དོལ་རྒྱལ་ནང་བཞིན་འདྲེ་རི་སྐྱེ་ནས་ཁོང་གི་འཁོར་དང་བཅས་རྡ་སར་གནས་ཡོད།
ཁྱེད་ཚོས་དུས་ཚོད་མང་པོ་ཞིག་ཡོངས་གླིང་སློབ་གྲྭ་དང་། ཟླ་བ་ཚེ་རིང་སྐོར་ལ་བཏང་འདུག མང་པོ་གླེང་དགོས་དོན་མི་འདུག ཉེ་སྔོན་རྡ་སའི་གྲོས་ཚོགས་སུ་གྲགས་པའི་ནང་དེའི་སྐོར་གླེང་སློང་བྱེད་མཁན་ཚོའི་གདོང་རིས་ལ་ལྟོས་དང་གསལ་པོ་རེད། ཁོ་ཚོ་ཁག་མེད་སྔོན་མ་ནས་སྤེན་པ་ཚེ་རིང་། ཟླ་བ་ཚེ་རིང་། སྒྲོལ་མ་ཚེ་རིང་སྟེ་རྡ་སའི་གྲོས་ཚོགས་ཀྱི་ཚེ་རིང་རྣམ་གསུམ་མཐོང་ཡོང་དུས་ནས་གུས་ཐུང་དང་། ཤམ་ཐབ་སྦུག་ལ་རང་དབང་མེད་པར་གཅིན་པ་ཤོར་འགྲོ་མཁན་ཚོ་རེད། མི་འདི་ཚོའི་ཨུ་ཚུགས་དང་ངོ་རན་ལ་ལྟོས་དང་རྒྱུ་མཚན་དང་རྒྱབ་ལྗོངས་གསལ་པོ་ཤེས་ནུས།
ཁྱེད་ཚོས་ཡོངས་སློབ་སྐོར་ལ་བསམ་་ཚུལ་མང་པོ་བཤད་འདུག་ཀྱང་ཡོད་ཚད་གཡོན་གཡས་ལ་འཁྱོག་འདུག་པས་ལྟ་རིན་དང་ཀློག་ཡོད་པ་ཞིག་རེད་མི་འདུག་སྙམ།
ཡོངས་གླིང་སྐོར་སྤྱི་འཐུས་ནང་གླེང་སློང་བྱེད་མཁན་སྤྱི་འཐུས་དེ་ཚོས་རང་མདོག་ངོ་མ་དེ་གསལ་པོ་བསྟན་སོང་། དེ་ཡང་གནད་དོན་དེ་མ་གླེང་གོང་ལ་ཞིབ་འཇུག་སོགས་གང་ཡང་མ་བྱས་པར། ཁྱི་སྨྱོན་ཤོར་བ་ལྟར་སྐད་ངན་བཏོན་པ་ཙམ་ལས། ཁོ་ཚོས་བཤད་པའི་སྐད་ཆར་རྒྱུ་མཚན་གཅིག་ཀྱང་མི་འདུག དེའི་ཁར་ཐུབ་བསྟན་ལུང་རིགས་ལགས་ཀྱིས། གསལ་བཤད་དེས་ཁོ་ཚོའི་སྙིང་ལ་གྲི་བཙུགས་ཚར་སོང་། གཅིག་བྱས་ན། སྤྱི་འཐུས་གླན་ལྐུག་དེ་ཚོར་སློབ་སྦྱོང་ཡང་ཐོབ་སྲིད། གང་ལྟར། ཤེས་ཚད་ཀྱིས་མ་འདང་བའམ་ཡང་ན། ཞེན་ཁོག་གིས་འཚིགས་པ་ཇི་ལྟར་ཡང་། འཇུ་ཆེན་དཀོན་མཆོག་དང་མོའི་སྟུ་ལྡག་མཁན་བསྟན་པ་ཡར་འཕེལ་ཟེར་བ་དེ་ཚོས་སྤྱི་འཐུས་གྲོས་ཚོགས་དེ་སྒེར་འཁོན་བརྩོད་ར་ལྟ་བུར་བརྩི་གི་འདུག་ཀ
ཡོངས་གླིང་སློབ་གྲྭའི་རྙོག་གྲ་དེ་འཇུ་ཆེན་དང་བྱ་དུར་བསོད་ནམས་བཟང་པོ་གཉིས་ཀྱིས་ཆེད་བཟོ་བྱས་པ་ཞིག་རེད། དེ་བཞིན་ཡབ་ཆེན་པ་སངས་ཚེ་རིང་ཡང་ཁོའི་ཕྱོགས་གཏོགས་ཀྱི་ལག་ཆ་ཆགས་ཏེ་ཁྲིམས་ལ་གཏུག་ཁུལ་བྱས་པ་རེད། ཡིན་ངོ་མ་ཕུ་དཀྲུག་མདའ་དཀྲུགས་བྱེད་མཁན་ལྡི་ལི་མདོ་སྟོད་ཆུ་སསྒང་ཟེར་བ་བྱ་འཇུ་གཉིསཀྱི་སློབ་སྟོན་འོག་སོང་སྟེ། རྙོག་གྲ་གཞན་པ། གྱོད་སྣ་ཁ་མཆུ་བྱུར་གྱི་སྣ་དྲངས་ཡོད་པ་བོད་མི་ཚོས་ཤེས་དགོས་པ་རེད།
མི་སུ་ཞིག་ལ་ཡང་སྐྱོན་རེ་མེད་པ་ནི་གཏན་ནས་མི་སྲིད་པའི་གཤིས་སུ་གྲུབ་ཡོད་སྟབས། སྤྱི་འཐུས་ཟླ་བ་ཚེ་རིང་ལྟ་བུ་ལ་མཚོན་ན། བཙན་བྱོལ་སྤྱི་ཚོགས་ནང་ཕན་ཐོགས་ཡོད་པའི་མི་ཞིག་ཏུ་མཐོང་སོང་། ལྷག་པར་དུ་ཕྱི་ལོགས་ཀྱི་ཁྲིམས་ཁང་དང་འགན་ཁུར་འོག་ལ་འགྲོ་ཅི་ཡང་མི་ཕོད་པར། ནམ་ཡང་གྲོས་ཚོགས་སྐབས་སུ་ཆེད་དུ་གོ་སྐབས་བཙལ་ཏེ་དགོས་མེད་ཀྱི་སྐྱོན་འཛུགས་རྐྱང་བ་བྱེད་རྒྱུར་གོམས་པའི་སྤྱི་འཐུས་རྨོངས་ཞེན་ཅན་དེ་ཚོ་ལས་ལྡབ་བརྒྱ་འགྱུར་གྱིས་ལེགས་པར་མཐོང་ངོ་།།
གོང་དུ་བློ་གཟུ་བོའི་ངང་ནས་་དྲང་བདེན་ལ་ཤུགས་ཀྱིས་ཕྱོགས་ཏེ་ཡོངས་གླིང་སློབ་གྲྭ་རྙེད་སྟངས་དེ་ནི་ཧ་ཅང་དང་ཤིན་ཏུ་ནས་ལེགས་འདུག བསྟོད་པའི་མཐེ་བོང་ཀེར་རོ།
ཕ་འཇུ་ཆེན་གྱིས་ཆུ་བཞི་སྒང་དྲུག་གསར་རྙིང་དཀྲུག བུ་མོས་སྡ་སའི་བོད་ཀྱི་ན་གཞོན་བུ་ཕྲུག་ཚོར་གཏད་གསོ་ཡོད་པའི་སློབ་གྲ་གཅིག་ཡོད་པ་དེ་མེད་པ་བཟོས་དང་། བསམ་དོན་གྲུབ་པ་རེད།
རང་ལ་འཇོན་ཐང་གང་ཡོད། འཛིན་གྲ་བཅུ་པ་ཁུངས་མ་འཁྱོལ་བ་ཡིན་པ།
ཚང་མ་ལ་ཞེན་ཁོག་ལས་དྲང་བདེན་མི་འདུག དོན་དངོས་ཡང་གླིང་ཐད་རྩོད་ལན་པ་དང་ཞུ་སྦྱོར་བ་གཉིས་ཀས། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གང་གཅད་ལ་མོས་མཐུན་ཡོད་པར་ཁས་ལེན་བྱས་ཏེ་ཁྲིམས་ཁང་ལ་བསྐྱལ། ཁྲིམས་ཁང་ནས་ཕན་ཚུན་སུ་ལ་བདེན་པ་ཡོད་མེད་བསྡུར་མཐར་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་ར་སྤྲོད་བྱས་པ་ཞིག་རེད། དེས་ན་སྤྱི་འཐུས་སུ་ཞིག་གིས་བོད་གཞུང་གི་ཁྲིམས་སྒྲིག་ལ་བརྩི་བཀུར་མེད་པའི་བྱ་བ་དང་གཏམ་བཤད་རྒྱབ་བསྐྱོར་བཅས་བྱས་ཡོད་མེད་བློ་གཟུར་བོ་གནས་ཏེ་ལྟོས་དང་ཤེས།
དོན་དངོས་ཐོག་སྐུ་ངོ་ཟླ་ཚེ་ནང་བཞོན་དཀའ་ལས་རྒྱབ་མཁན་དངོས་གནས་དཀོན་པོ་རེད་འདུག།