རྫ་ཚེ་རིང་བཀྲ་ཤིས།
༡༽གླེང་གཞི།
ངས་དེ་རིང་སློབ་གྲྭ་ནས་སླེབས་པ་དང་དངོས་སུ་སྐྱེས་མ་ར་རྫ་འཇམ་དབྱངས་སྐྱིད་ཀྱི་དྲ་རྩོམ་༼ཆོས་སྒོ་རྒྱག་པ་དང་བོད་མིའི་སྡེ་སྡུག་༽ཅེས་པར་ལྟ་ཚུལ་མཚོན་པའི་ལན་ཞིག་འབྲི་རྒྱུའི་སེམས་ཐག་བཅད་པ་ཡིན། ངས་ད་ནས་ར་རྫ་དང་ར་རྫ་གཞན་དག་ལ་ཡང་ངེས་པར་དུ་ནན་ཏན་གྱིས་སྐད་ཆ་མུ་མཐུད་བཤད་རྒྱུའི་གྲ་སྒྲིག་བྱེད་སྲིད། མ་གཞི་ངས་སྐྱེས་མ་འདིའི་རྩོམ་ཡིག་གི་སྐོར་མང་པོ་ཀློག་མ་མྱོང་། གང་བཀླགས་པ་ནི་ཕལ་ཆེར་བཀག་ཉར་ཁང་གི་ཟིན་ཐོ་ཞིག་དང་དམར་ཟས་སྐོར་གྱི་རྩོམ་ཡིག་ཅིག་བཅས་ཡིན། འདི་ལོའི་གངས་ལྗོངས་མཁས་པའི་བགྲོ་གླེང་གི་གསར་ཕྲིན་ཞིག་ཏུ། “གྲྭ་པ་མི་མ་རེད་ཟེར་མཁན་གྱི་འཇམ་དབྱངས་སྐྱིད་ཀྱང་སླེབས་འདུག་”ཅེས་བྲིས་པ་མཐོང་། དེ་ཙམ་ལས་གཞན་པའི་ཆ་རྒྱུས་གང་ཡང་མེད། ངས་ནམ་རྒྱུན་ང་ཚོ་བོད་ཀྱི་རྩོམ་ཡིག་བྲི་མཁན་རྣམས་ལ་ཐུན་མོང་གི་མཐུན་ཆ་ཞིག་ཡོད་པ་ནི། ཚང་མས་སེམས་ཚོར་དང་ལྷག་བསམ་ངེས་ཅན་ཞིག་གི་ཐོག་ནས་སྐད་ཆ་བཤད་ཀྱིན་ཡོད་པའི་ཚོར་སྣང་བྱུང་བ་དེ་ཡིན། འདི་གནད་འགག་ཆེན་པོ་ཞིག་རེད། གང་རེད་ཅེ་ན། འདིས་ང་ཚོ་ལ་ཐུན་མོང་གི་ལྟེ་བ་ཞིག་ཡོད་དུ་འཇུག་ངེས། ཕྱོགས་འདི་ལ་བསམ་བློ་བཏང་ནས་ངས་རྩོམ་ཡིག་འབྲི་མཁན་ཚང་མར་བཅོས་མིན་གྱི་དུང་བ་བཅངས་ཡོད། འོན་ཀྱང་ང་ཚོས་སྐད་ཆ་དངོས་སུ་བཤད་སྐབས་དོ་མཉམ་པ་ཞིག་འབྱུང་གིན་མི་འདུག བསམ་ཤེས་དང་ཕྱོགས་ཡོངས་ལ་ལྟ་བ། གཏིང་ཟབ་པོའི་དོན་དངོས་ལ་འཇུག་པ་བཅས་ཀྱི་སྙིང་སྟོབས་དེ་ཡང་ཕལ་ཆེར་མ་སྨིན་པ་ལྟ་བུ་འདུག སྐྱེས་མ་འདིའི་༼ཆོས་སྒོ་རྒྱག་པ་དང་བོད་མིའི་སྡེ་སྡུག་༽ཅེས་པའི་རྩོམ་དེ་ཡང་དེའི་གཅིག་རེད། ངས་འདི་ལ་ཁོང་གིས་ཉེ་ཆར་བརྩམས་པའི་དམར་ཟས་སྐོར་གྱི་རྩོམ་དེ་དང་འདྲ་བར་འདི་ལ་ཡང་གཏིང་ཟབ་པའི་བདེན་དོན་གྱི་རང་བཞིན་ཆེན་པོ་མི་འདུག་ཅེས་ཐད་ཀར་བརྗོད་འདོད་བྱུང་། མ་གཞི་ང་ཚོའི་ཕྱོགས་ནས་དགོན་པའི་ཆོས་ཁྲིམས་དང་འབྲེལ་བའི་ཆད་ལས་འདི་ལ་“ཆོས་འབྲེལ་བཅད་”ཟེར་བ་ལས་“ཆོས་སྒོ་རྒྱག་”ཅེས་ཟེར་བ་ཐོས་མ་མྱོང་། ཆོས་སྒོ་རྒྱག་ཟེར་བ་ནི། སྲིད་གཞུང་གིས་བཀའ་བཏང་ནས་དགོན་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པར་བཟོས་པ་ཞིག་ལ་བརྗོད་ཀྱིན་ཡོད། བརྗོད་སྟངས་མི་འདྲ་བ་འདི་གཅིག་བྱས་ན་ཡུལ་སྐད་མི་འདྲ་བའི་གོམས་གཤིས་ཤིག་ཡིན་སྲིད་ལ། གཅིག་བྱས་ན། སྐྱེས་མ་འདི་གྲོང་ཁྱེར་དུ་སྡོད་ཡུན་རིང་ནས་ཐ་སྙད་འདི་དག་ལ་གསལ་ཁ་མ་ཕྱེས་པ་ཡང་སྲིད།
༢༽ལོ་རྒྱུས་ཀྱི་ཆ་ནས་ཆོས་འབྲེལ་གཅོད་པ་གླེང་བ།
གང་ལྟར་ཆོས་འབྲེལ་གཅོད་པ་ཞེས་པ་འདི་དེང་སང་གི་ལུགས་སྲོལ་གསར་བ་ཞིག་མ་རེད་ལ། འདི་ནི་ཆོས་འདུལ་བ་ལས་བྱུང་བའི་ཆད་ལས་ཤིག་རེད། འདི་ལ་འདུལ་བ་ལས། འཐབ་ཀྲོལ་བྱེད་པ་ལ། བྱ་བ་འདི་ཐོང་ཞིག་མི་གཏོང་ན་གནས་ནས་དབྱུང་ངོ་། །ཞེས་སོགས་ནན་ཏུར་གྱི་ཆད་ལས་བཞི་གསུངས་ཡོད། ད་དུང་། དགེ་འདུན་པའི་སྒྲིག་དང་འགལ་བའི་ལས་ཀ་ཚབ་ཆེན་བྱེད་མཁན་ཞིག་ལ་ལྷུང་གཟེད་ཁ་སྦུབས་ཞེས་པའི་ཆད་ལས་ཡོད་ཅིང་། དེ་ནི་དེ་ནས་བཟུང་དགེ་སློང་གི་དགེ་འདུན་གྱིས་ཉེས་ཅན་དེའི་ལམ་ནོར་ལྡོག་ཤེས་མ་བྱུང་གི་བར་དུ་ཆོས་དང་ཟང་ཟིང་གིས་འབྲེལ་བ་མི་བྱེད་པའི་དོན་ཡིན། དེ་བཞིན། སངས་རྒྱས་ཀྱིས་རང་གི་ནུ་བོ་གཅུང་དགའ་བོ་རབ་ཏུ་བྱུང་ཡང་ཀུན་སློང་སྐྱོན་ཅན་ཡིན་པ་གཟིགས་ནས་སྒོ་མང་པོ་ནས་བཀའ་བཀྱོན་གནང་སྟེ། སློབ་མ་ཡོངས་དང་ཁྱད་པར་གཅུང་དགའ་བོ་དང་སངས་རྒྱས་གཉི་ཀའི་སྤུན་མཆེད་ཡིན་པ་ཀུན་དགའ་བོ་ལ་ཡང་ཁོང་དང་མཉམ་དུ་སྟན་གཅིག་ལ་འདུག་པ་ལ་སོགས་པའི་སྤྱོད་ལམ་མཐུན་པར་བྱེད་མི་ཆོག་པའི་བཀག་རྒྱ་མཛད་མྱོང་། ད་དུང་མདོ་མྱང་འདས་སུ། ཚུལ་ཁྲིམས་འཆལ་བའི་གང་ཟག་དང་ཚུལ་ཁྲིམས་ལྡན་པའི་གང་ཟག་གི་བར་གྱི་འབྲེལ་བ་འཛུགས་སྟངས་ཀྱི་སྐོར་ལ་བཀའ་སློབ་ཧ་ཅང་རིང་པོ་ཞིག་ཡོད། དེ་བཞིན་དགེ་ལུགས་ཀྱི་གདན་ས་ཆེན་པོ་གསུམ་ལ་གནའ་ནས་ད་བར་སྒྲིག་དང་འགལ་བའི་ལས་ཚབ་ཆེན་བྱེད་མཁན་གྱི་རིགས་དགོན་པའི་ཆོས་དང་ཟང་ཟིང་གི་ལྟ་རྟོག་གི་ཁྱབ་ཁོངས་ལས་ཕྱིར་འབུད་བྱེད་པའི་ལུགས་སྲོལ་ཡོད་ཅིང་། དེའི་མིང་ལ་ཡོངས་གྲགས་སྐྱིད་སྡུག་ནས་འཕུད་པ་ཟེར། དེ་ལས་ཀྱང་ལས་སླ་པོས་བཤད་ན། རང་ཉིད་ཚོགས་པ་ཞིག་ལ་ཞུགས་ནས་ཚོགས་པ་དེའི་སྒྲིག་དང་འགལ་ནས་ཚོགས་མིའི་ཐོབ་ཐང་ཕྱིར་བསྡུ་བྱེད་པ་དང་གཅིག་པ་རེད།
༣༽དགོས་མཁོའི་ཆ་ནས་ཆོས་འབྲེལ་གཅོད་པ་གླེང་བ།
དགོས་མཁོའི་ཆ་ནས་ཆོས་འབྲེལ་གཅོད་པའི་བྱ་ཐབས་ལ་རྟེན་ནས་ཡ་རབས་བཟང་སྤྱོད་ཀྱི་བྱ་སྤྱོད་དར་སྤེལ་བྱེད་པ་ནི། མི་མང་རང་གི་དོན་ཡིན་སྟབས་འདི་ལ་རྒྱབ་འགལ་བྱེད་པ་ནི། རང་དོན་དུ་མྱི་ངོ་བཅག་པ་རེད། གལ་ཏེ། ཤེས་ཡོན་མེད་པའི་མི་སེར་དང་། གྲོགས་དང་གོམས་གཤིས་ངན་པའི་གཞན་དབང་དུ་གྱུར་པའི་མི་རྣམས་ཀྱིས་བསམ་བཞིན་དང་བསམ་བཞིན་མིན་པའི་སྒོ་ནས་བཟང་སྤྱོད་དར་སྤེལ་གྱི་ལུགས་བཟང་ལ་རྒྱབ་འགལ་བྱེད་པ་ནི་ཡོང་ཆོག་པ་ཞིག་ཡིན་ན་ཡང་། གནས་ལུགས་ཁ་ནས་བཤད་ཀྱིན་ལག་པས་སྨྱུ་གུ་འཛིན་པའི་ཤེས་ཡོན་པ་ཞིག་གིས་ལུགས་སྲོལ་འདི་དག་མི་མང་གི་ཁེ་ཕན་གྱི་ལྡོག་ཕྱོགས་སུ་གོ་བ་བླངས་པ་ནི་ངེས་པར་བསམ་ཤེས་མི་ཐུབ་པ་ཞིག་རེད། ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་བཤད་ན། ང་ལོ་ངོ་བརྒྱད་དགུའི་དུས་སུ། དུད་ཁྱིམ་དྲུག་བརྒྱར་ཉེ་བའི་ངའི་སྐྱེ་ཡུལ་ཁྲོམ་བཟའ་འགབ་མ་ཡུལ་ཚོ་ནི། ནང་རྐུན་བྱེད་མཁན་མང་བ་དང་། ཁྱད་པར་དུད་ཆང་ཀྱི་ཟས་ལ་བག་མེད་དུ་སྤྱོད་པ་མང་བའི་ཡུལ་ཚོ་ཞིག་ཡིན། སྐབས་དེར་ང་ཚོའི་དགོན་བདག་བླ་མས། ནང་རྐུན་བྱེད་པ་དང་དུད་ཆང་སྤྱོད་པ། ཤོ་རྒྱན་འཇོག་པ། ཚོགས་སུ་བརྔོས་ཤ་འདྲེན་པ་བཅས་འཕྲལ་ཏུ་མཚམས་འཇོག་ཡོང་བའི་སྐུལ་མ་ནང་ཞིང་། རྗེས་མ་དེ་ལུགས་སྲོལ་ཏུ་གཏན་ལ་ཕབ་སྟེ། གལ་ཏེ་ཤྭོ་རྒྱན་འཇོག་པ་དང་དུད་ཆང་ལ་སྤྱོད་མཁན་ཞིག་ཡོད་ཚེ་དེར་ངེས་པར་དུ་ཆོས་འབྲེལ་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་གནང་། ལུགས་སྲོལ་དེ་ཉིད་ཡུལ་ཚོ་ཧྲིལ་པོས་དང་ལེན་ཞུས་ཤིང་། ད་ལྟའི་བར་དུ་བ་དང་སྣ་ཐ་འཐེན་མཁན། ཆང་རག་དང་ཤོ་རྒྱན་རྩེ་མཁན་གཅིག་ཀྱང་མེད་པའི་གནས་སྟངས་རྒྱུན་བསྲིངས་ཐུབ་ཡོད། མ་ཚད་ཡུལ་ཚོའི་ནང་གི་རྒྱལ་ཁབ་ཀྱི་ལས་བྱེད་བོད་རིགས་དག་གིས་ཀྱང་མང་ཆེ་བས་ང་ཚོའི་ཡུལ་ཚོར་ལས་ཀ་བྱེད་རིང་ཆང་དང་ཐ་མག་མི་སྤྱོད་པ་ཡང་མང་པོ་བྱུང་ཡོད།
ངས་རང་སེམས་དཔང་དུ་བཙུགས་ནས་བཤད་ཆོག་པ་ཞིག་ལ། དེ་དག་གི་མཐར་ཐུག་གི་ཁེ་ཕན་དེ། མང་ཚོགས་རང་གི་ཐོབ་ཡོད་པ་ལས་དགོན་བདག་བླ་མས་ཁུར་སོང་བ་ཞིག་གཏན་ནས་མ་རེད། དེས་ན་བསམ་བློ་ཞིག་ཐོངས་དང་། ཉལ་ཐ་མཐེན་ན་ཆོས་འབྲེལ་གཅོད་ཀྱི་ཡིན། རྐུ་ཇག་བྱས་ན་ཆོས་འབྲེལ་གཅོད་ཀྱི་ཡིན། དུད་ཆང་སྤྱད་ན་ཆོས་འབྲེལ་གཅོད་རྒྱུ་ཡིན། ཤོ་རྒྱན་བསྐུག་ན་ཆོས་འབྲེལ་གཅོད་རྒྱུ་ཡིན། རྔོན་རི་དྭགས་གསོད་ན་ཆོས་འབྲེལ་གཅོད་རྒྱུ་ཡིན་ཟེར་བ་དེ་ཆོས་འབྲེལ་གཅོད་མཁན་ཚོ་ཁོ་རང་ཚོའི་ཁེ་ཕན་དང་འབྲེལ་བ་ཅི་འདུག ཁོ་རང་ལ་སྒོར་ཤུགས་དང་རྒྱུ་ཤུགས་ཡོད་ན། ཨ་ཅེ་ལགས་ཀྱིས་བཤད་པ་ལྟར། སྐར་ལྔའི་མགྲོན་ཁང་རེའི་ནང་ནས་བསྐྱིད་པོ་བཏང་ནས་ཉལ་མི་འདུག་པར་སྡུག་ཐད་ན་ཡོད་པ་ཐོད་ལ་ལེན་དོན་གང་ཡོད། སྔ་མོ་ཉལ་ཐའི་དམག་འཁྲུག་གི་དུས་རབས་སོགས་སུ་བོད་ལ་ཉལ་ཐའི་ཤུགས་རྐྱེན་མ་སླེབས་པ་དེ་ཡང་བླ་མ་ཚོས་ཆོས་ཕྱོགས་ཀྱི་དམ་ཚིག་གི་འགྲེལ་བཤད་དང་བསླབ་བྱ་ཤུགས་ཆེན་གནང་བའི་གྲུབ་འབྲས་ཡིན་པ་ངས་བསམ་གྱི་ཡོད། འདིའི་སྐོར་མང་པོ་མི་བཤད།
ཁྱེད་རང་གིས་བཤད་སྟངས་བྱས་ན་གོང་གི་ལས་ཀ་དེ་དག་བྱེད་དུ་མི་འཇུག་པ་དེ་མང་ཚོགས་འགྲོ་སྡོད་མི་བདེ་བར་བཟོས་པའི་ནག་ཉེས་སུ་བརྩི་གིན་འདུག་ན་ཡང་། དོན་ལ་དེ་འདྲ་ཞིག་གཏན་ནས་མ་རེད། དེ་ལས་ལྡོག་སྟེ། གོང་གི་སྤྱོད་ངན་དེ་དག་གིས་རང་གཞན་ཚང་མ་འགྲོ་སྡོད་མི་བདེ་བ་བཟོ་གི་རེད། གོང་གི་སྤྱོད་ངན་དེ་དག་སྤོང་དགོས་ན། འཛམ་བུ་གླིང་གི་ཀུན་སྤྱོད་ཆེས་ཤ་ཤལ་ཡིན་པའི་དམིགས་བསལ་གྱི་ཁོར་ཡུག་འདིའི་འོག་ན་ང་ཚོའི་ཆོས་དང་རིག་གཞུང་ཀུན་སྤྱོད་བཅས་ལ་རྒྱལ་ཁྲིམས་ཀྱི་འགན་ལེན་མེད་ཅིང་ཡུལ་ཁྲིམས་ཀྱི་དོ་དམ་ཡང་མེད། དེས་ན་རང་ཉིད་ལ་དད་མོས་བྱེད་པའི་མང་ཚོགས་དེ་དག་གི་བྱ་སྤྱོད་ཡང་དག་པའི་ལམ་དུ་འཁྲིད་པའི་ཆེད་ཆོས་ཀྱི་ཁྲིམས་ལ་བསྟེན་ནས་སློབ་གསོ་དང་བྱ་སྤྱོད་སྤེལ་རྒྱུ་དེ་ངས་ལྟས་ན་ཆོས་པས་རང་གི་དད་ལྡན་མི་མང་ལ་འགན་འཁུར་བཞིན་པའི་དན་རྟགས་བླ་ན་མེད་པ་ཞིག་རེད། གྲྭ་པ་ཚོས་འདི་ལྟར་རང་ལ་རྟེན་པའི་དད་ལྡན་པར་འགན་ཁུར་བའི་བྱེད་སྟངས་དེར་མ་འོངས་པར་བོད་དག་ད་ལྟ་ལས་རིགས་པ་གསལ་དུ་སོང་ན། ངས་བྱས་ན་དེ་ཚོ་ལ་སྤྱིར་བཏང་གི་འབུལ་རྟེན་ལས་གཞན་པའི་ཐུགས་རྗེ་ལེགས་འབུལ་ཞིག་ཀྱང་འབུལ་ས་རེད་དྲན་གྱི་འདུག ན་ཉིན་ང་ཚོའི་ཕ་ཡུལ་ཕྱོགས་ལ་ནང་དམེའི་གྱོད་གཞི་ཆེན་པོ་ཞིག་བྱུང་ཞིང་། གྱོད་དེ་རྫ་ཆུ་ཁའི་མི་དཔོན་བླ་དཔོན་དང་། རྫོང་སྲིད་གཞུང་དང་བཅས་པས་འགྲིག་འཇགས་ཀྱི་བྱ་ཐབས་གཏན་ནས་མ་རྙེད། ཐ་མ་དེར་དགེ་བཅུའི་ལུགས་སྲོལ་ཚོགས་པའི་མི་སྣ་དགོན་ཁག་བརྒྱ་ཕྲག་མང་པོར་སྐད་ཆ་བཤད་ནས་གནད་དོན་ཁྲི་སྟོང་མང་པོ་ཐག་གཅོད་བྱེད་མཁན་དེ་དག་ཐ་ན་རླངས་འཁོར་གྱི་གླ་དོད་ཙམ་ཡང་མེད་པའི་ཐོག་ནས་ཐེངས་མང་པོར་ས་ཐག་རིང་པོ་ནས་དངོས་སུ་ཡོང་སྟེ་ཞི་འགྲིག་མཐར་ཕྱིན་པ་གནང་ཞིང་། འཁོན་འཁྲུག་གི་རྩོད་གཞི་ཆེན་པོ་དེ་ནམ་མཁའ་གཡའ་དག་པ་ལྟར་བྱུང་ཡོད། གལ་ཏེ། གཞུང་དང་ཚོ་པའི་དཔོན་པོ་ཞིག་གིས་གྱོད་དེ་ཤོད་པའི་དབང་དུ་བཏང་ཡང་། རིམ་པ་སོ་སོའི་ལས་ཁུངས་བརྒྱུད་ན་ཐ་ན་ཟ་ཡུ་འཇིངས་རྒན་དེ་དག་གི་གློ་ཁུག་ཁོ་ནའི་ནང་ལ་ཡང་ག་ཚད་ཅིག་འགྲོ་གིན་ཡོད། ངེས་པར་བསམ་བློ་ཞིག་གཏོང་རོགས། ང་ཉེ་ཆར་ཡེ་ཤེས་རབ་རྒྱས་ཟེར་བའི་ནང་ཆེན་གྱི་དགེ་འདུན་པ་ཞིག་དང་ཐུག ཁོང་གིས་ཁོང་གི་དགོན་པའི་གནས་སྟངས་སྐོར་གྱི་བཀའ་མོལ་གནང་ཞིང་། ཁོང་གིས། སྔར་ཉིས་སྟོང་གི་ལོ་མགོ་ཡས་མས་སུ་ང་ཚོའི་སྡེ་བར་ནང་འཁྲུག་གིས་ཕན་ཚུན་གསོད་རེས་བྱེད་པའི་གནས་སྟངས་ཧ་ཅང་ཚབ་ཆེན་ཡིན་ན་ཡང་། ལོ་འགའི་སྔོན་ནས་དགེ་བཅུའི་ལུགས་སྲོལ་དར་སྤེལ་བྱས་སྟབས་ད་ཆ་ཧ་ཅང་ཉུང་དུ་ཕྱིན་ཡོད་ཅེས་སྤོབས་པ་ཆེན་པོས་བཤད་བྱུང་། འདི་དང་འདི་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་།
༤༽ཤུགས་རྐྱེན་འགའ་ལ་དཔྱད་པ།
སྐྱེས་མ་འདི་ལ་དམར་ཕྱོགས་ཀྱི་ལྟ་གྲུབ་ཀྱི་ཤུགས་རྐྱེན་གང་འཚམས་ཡོད་པའི་མངོན་སྟངས་གསལ་ཤོས་ཤིག་ནི། མོ་རང་གི་མི་མང་དེ་ཉིད། མི་སེར་སྡུག་ལས་པར་རྩིས་ཤིང་། རང་ཉིད་མི་མང་གི་རྒྱབ་རྩར་ལངས་པའི་མི་དམངས་ཀྱི་དཔའ་མོ་དངོས་ཤིག་ཡིན་པ་ལྟ་བུས་བླ་སྤྲུལ་དགེ་བཤེས་དག་ལོག་སྤྱོད་ཀྱི་གྲལ་རིམ་ཞིག་ཏུ་བརྩིས་ནས་ཞིབ་བསྡུར་བྱེད་ཀྱིན་འདུག མོས། མི་མང་ནི། “སྐྱོ་ཉམས་ཁ་བ། ངོ་མདངས་ལོག་པ། སེར་མོ་བའི་སྡེ་གསོ་མཁན། གཉོམ་ཆུང་གི་ཁྱུ་སྡེ་”སོགས་སུ་བསྐྲུན་ཞིང་། གྲྭ་པ་བླ་མ་དག་ནི། “རིན་པ་མཐོ་གྲས། རྟགས་དྲག་ཅན། མིང་གྲགས་ཅན། རྒྱས་སྤྲས་ཅན། རྫིག་ཤོམ་ཅན་སོགས་ཀྱི་འཛད་སྤྱོད་ཀྱི་རྣམ་གྲངས་དང་། ཟས་རང་གྲུབ། གོས་རང་གྲུབ། སེམས་ལ་འདང་རྒྱག་མེད་པ། ཙག་གསེར་བུའི་ནང་དུ་འགྲོ་མི་དགོས་པ། ཁ་ཆར་གྱི་ནང་དུ་སྦང་མི་དགོས་པ་”སོགས་ཧ་ཅང་ལྷུ་འཕྲོད་པའི་བརྒལ་ཚིག་དག་གིས་གྲལ་རིམ་མི་འདྲ་བ་གཉིས་ཞིབ་བསྡུར་བྱས་པའི་གསོན་ཤུགས་དང་སྙུག་རྩལ་ནི་ཧ་ལས་པ་ཞིག་རེད། ངོ་བོའི་ཐོག་ནས་སྡུག་ཅག་མིན་པའི་སྤྱི་སྙོམ་ཆེན་མོའི་རྫོགས་ལྡན་གྱི་བསམ་བློ་དངོས་དེ་སླར་ཡང་དཔའ་མོ་གཞན་ཞིག་གི་སེམས་ཐོག་ནས་མངོན་པ་ལྟ་བུའི་སྣང་བ་བྱུང་ལ། ལྕམ་འོད་ཟེར་གྱིས་བྲིས་པའི་༼གསར་རྗེ༽ཞེས་པའི་ནང་གི་སེམས་ཤུགས་ཅན་གྱི་ལོ་གཞོན་དེ་དག་གི་གཟུགས་བརྙན་ཀྱང་ཡུད་ཙམ་ཡུད་ཙམ་དྲན་པ་བྱུང་། ད་དུང་། མོས། “་་་་་་་་་་་རིམ་པ་མཐོ་གྲས་ཀྱི་འཛད་སྤྱོད་མཐའ་དག་འདོད་པ་ཚིམ་པའི་བར་དུ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་བཟོ་འདུག་པ་དེ་ཡང་གཙོ་བོ་མང་ཚོགས་ཀྱི་བཀའ་དྲིན་མིན་ན་ཅི་ཡིན། ”ཞེས་པའི་སྐབས་དེར་ཐོན་དུས་གྱི་སྐྱེས་མ་འདིའི་བསམ་བློའི་མཐོ་རླབས་ནི་ཤིན་ཏུ་གསོན་ཉམས་དོད་པ་ཞིག་རེད། འོན་ཀྱང་། ཤུགས་རྐྱེན་འདི་འདྲ་ཐ་ན་ང་རང་སྟེང་ནས་ཀྱང་ཐེངས་མང་པོར་ཚོར་མྱོང་།
༥༽ནང་མོལ་གྱི་གོ་བརྡ་དངོས་སུ་སྤྲོད་པ།
ད་ནས་ངས་དངོས་སུ་བརྗོད་བྱ་རང་སྟེང་ནས་གང་འཚམས་ཞིབ་ཚགས་པོས་ཁ་བརྡ་བྱ་རྒྱུ་ཡིན། ངས་ཨ་ཅག་ལགས་ཀྱི་སེམས་ཤུགས་དང་ལྷག་བསམ་ལ་ཡིད་ཆེས་ཡོད་ན་ཡང་བསམ་སྟངས་དང་བཤད་སྟངས། ཁྱད་པར་དུ་བྱེ་འབྱེད་དང་ཁ་གསལ་མེད་པའི་མག་མོག་རང་བཞིན་གྱི་སྐྱོན་བརྗོད་བྱེད་སྟངས་དེར་ཡིད་མོས་གཏན་ནས་མེད། མདོར་ན། དགོན་པས་ཆོས་ཁྲིམས་འཇོག་པ་ནི་སྡུག་ཅག་ཞིག་གཏན་ནས་མ་རེད། ཆོས་ཁྲིམས་ལ་ཆད་ལས་ཡོད་པ་ནི་ཆོས་ཁྲིམས་དར་གྱི་མདུད་པ་དམ་དགོས་ཟེར་བ་དེ་རེད། འོན་ཀྱང་། ཚད་ངེས་ཅན་གྱི་ཐོག་ནས་ཆོས་ཁྲིམས་ཀྱིས་ཡུལ་ཁྲིམས་ཀྱི་ཚབ་བྱེད་དགོས་པའི་དུས་སུ་སླེབས་ཡོད། དེའི་ཚུལ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་༼དུས་ཐོག་ཆར་པ་༽ཀན་སུའུ་པར་མའི་ཤོག་གྲངས་༢༢༦-༢༢༧བར་དང་དེའི་གཡས་གཡོན་དུ་ཁ་གསལ་པོས་གསུངས་ཡོད། དེ་བཞིན། ཆོས་ཁྲིམས་འཇོག་མཁན་དེ་དག་གིས་རང་ངོས་ནས་བསམ་པ་རྣམ་དག་དགོས་པ་དང་། སྦྱོར་བ་ལག་ལེན་གྱི་ཐོག་ནས་ཀྱང་རྒྱུ་མཚན་ལྡན་པའི་ལས་ཀ་བྱེད་དགོས་པ་དེ་ཡང་ཁོང་གིས་དེབ་དེར་ཨ་ནས་ཡང་དུ་གསུངས་ཡོད། མ་ཟད། དགེ་བཅུའི་ལུགས་སྲོལ་ལྟ་བུ་འདི་དག་ལག་ལེན་དུ་འགེལ་བར་དང་པོ་མ་མཐར་ཡང་། མི་མང་བརྒྱ་ཆ་ལྔ་བཅུ་བརྒལ་བའི་མོས་མཐུན་གྱི་རྨང་གཞིའི་ཐོག་ནས་ཡོང་དགོས་པ་དང་ཚོགས་མིའི་འོས་ཆོས་སོགས་དེབ་དེའི་ཀན་དཔར་ཤོག་གྲངས་༡༧པ་ནས་མགོ་བཙུགས་ཏེ་ཞིབ་མོ་རྣམ་འཐག་གིས་བཤད་ཡོད། གལ་ཏེ། མི་མང་བརྒྱ་ཆ་ལྔ་བཅུ་ལྷག་གི་མང་མོས་ཀྱི་རྒྱབ་སྐྱོར་མེད་པའི་ཐོག་ནས་ཁྲིམས་དེ་འཇོག་གིན་འདུག་ན། དེ་དགེ་བཅུའི་ལུགས་སྲོལ་སྲོལ་གཏོད་མཁན་དག་གི་རྩ་བའི་དགོངས་པ་མ་ཡིན་པས་ཁྱེད་ཀྱིས་འདིའི་སྐོར་ཁ་གསལ་པོའི་ཐེར་འདོན་ཐུབ་ན་འགྲིག་པ་ཞིག་རེད། འོན་ཀྱང་མི་མང་བརྒྱ་ཆ་ལྔ་བཅུ་ལྷག་གི་མངོན་འདོད་ཀྱིས་མོས་མཐུན་བྱས་པ་དང་ཡང་ན་རང་ལ་གསལ་ཆ་མེད་པའི་ཐོག་ནས་ཐད་ཀར་ཁྱེད་ཅག་གིས་རང་འདོད་ལྟར་བཟོས་པའི་ཁྲིམས་ཞེས་བརྗོད་པ་ནི། མང་གཙོའི་ལམ་ནས་རྩ་འཛིན་རང་བཞིན་གྱི་ཁྲིམས་སུ་གྲུབ་སྟངས་ཀྱི་འགྲོ་སྟངས་མ་ཤེས་པའམ། ཉེས་མེད་ཉེས་འཛུགས་བྱས་པ་ཞིག་རེད།
ཕྱོགས་གཞན་ཞིག་ནས། སྔ་མོ་དོལ་རྒྱལ་རྗེས་འབྲངས་པས་ང་ཚོ་ལ་ཆོས་དད་རང་མོས་སྤྲོད་ཀྱི་མི་འདུག་ཟེར་ནས་སྐད་འབོད་བྱེད་སྐབས། ༸བཀའ་ལན་ཞིག་ཏུ། ཁྱེད་རང་གྲུ་འདིའི་ནང་དུ་འདུག་དང་མི་འདུག་དེ་ཁྱེད་རང་གི་རང་དབང་རེད། བསྡད་ཕན་ཆད་གྲུ་དཔོན་གྱི་སྒྲིག་གཞི་ལ་དང་ལེན་བྱེད་དགོས་པ་དེ་གནས་ལུགས་ཤིག་རེད་ཅེས་གསུངས་མྱོང་བར་མ་ཟད། ཁོང་ཚོ་ལ་རྟེན་གཞི་ལོགས་སུ་བཟོས་ཡོད། ལོགས་སུ་ཐོན་པ་ནི་རང་དབང་རེད། འདི་འཛམ་བུ་གླིང་གི་ཚོགས་པ་དང་སྒྲིག་འཛུགས་རྒྱལ་ཁབ་དང་ཁྱིམ་ཚང་གང་ལ་ཡང་ཐུན་མོང་དུ་བཀོལ་ཆོག་པའི་ཡོངས་ཁྱབ་ཀྱི་གནས་ལུགས་ཤིག་རེད། དཔེར་ན། ང་གྲྭ་པ་ཞིག་ཡིན་པའི་ཆ་ནས་མི་ཞིག་ལ། ཁྱེད་རང་གིས་ཐ་མག་འཐེན་ན་ངས་རང་ལ་དེ་ནས་ཁ་ཡ་བྱེད་ཀྱི་མིན་ཟེར་བ་དེ་ང་ལ་ཡོད་པའི་ཆེས་གཞི་རྩའི་ཐོབ་ཐང་ཞིག་རེད། མདོར་ན། ཆོས་འབྲེལ་གཅོད་མི་གཅོད་ཟེར་བ་ཡང་། ཁྱོད་ཀྱིས་མ་ཎི་འདོན་མི་ཆོག་ཟེར་བའི་སྐད་ཆ་མ་རེད། དེ་ལས་ལྡོག་སྟེ། ཁྱོད་ཀྱིས་སྤྱོད་ངན་དེ་མ་སྤངས་ན་ངས་ཁྱོད་ལ་ང་ཚོའ་སྒྲིག་འཛུགས་འདི་ནས་ས་མིག་སྤྲོད་ཀྱི་མིན་ཟེར་བ་ཙམ་རེད། ལྷམ་ཡང་མི་ཕུད། ཆུ་ཡང་མི་བརྒལ་ཟེར་ན། དེ་ནས་ཐབས་ཤེས་གང་ཡང་ལྷག་མེད། ཆོས་འབྲེལ་གཅོད་པའི་བྱ་ཐབས་འདི་དོན་དངོས་ལ་གཞིག་པའི་ནུས་ལྡན་གྱི་གནོན་ཤུགས་སྤྲོད་སྟངས་ཤིག་རེད། འདིས་ནུས་པ་ཆེན་པོ་ཐོན་ཡོད། མ་གཞི། མང་ཚོགས་ཀྱི་དད་མོས་ཀྱི་དགོས་མཁོ་ཆོས་ལུགས་ཀྱིས་བསྐོངས་པ་དང་། ཆོས་པའི་ཆོས་ཀྱི་མཐུན་རྐྱེན་མང་ཚོགས་ཀྱིས་སྦྱོར་བ་དེ་ཡང་། མཐར་གཏུགས་ན་བརྗེ་རེས་ཤིག་རེད། མང་ཚོགས་དགེ་འདུན་པར་དྲིན་ཆེ་བ་དེར་ངས་ངོས་ལེན་ཐུབ་ན་ཡང་། ཆོས་ཕྱོགས་རྐྱང་པའི་ཆ་ནས་བཤད་ན་ཡང་དགེ་འདུན་པ་མང་ཚོགས་ལ་དྲིན་ཆེ་བ་ཡང་དངོས་ཡོད་གནས་ཚུལ་རེད། ནང་བསམ་བློའི་འཚོ་བ་ལ་འཚོ་བའི་རིན་ཐང་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ན། བསམ་པའི་རྒྱག་ཕྱེ་ལ་དངོས་ཡོད་ཀྱི་རིན་ཐང་སྤྲོད་པའི་ཁོར་ཡུག་ཅིག་ཡིན་ན། འདི་རིགས་ལ་ཐེ་ཚོམ་ཙམ་ཡང་མེད།
ང་ཉེ་ཆར་ཡོ་རོབ་ཏུ་འགྲོ་སྐབས། ནེར་རྡི་ལན་ཊིའི་ཨོར་ཛྷོ་ཞེས་པ་ཆེས་ཉམས་སུ་དགའ་ཞིང་བཀོད་ལེགས་པའི་གྲོང་གསེབ་ས་ཁུལ་ཞིག་ཏུ་སོང་། ཆ་མཉམ་བྱས་ན་གྲོང་ཚོ་ཞིག་ལ་རྒྱལ་ཁབ་དེའི་གྲོང་ཚོ་འབྱོར་བ་ཆེ་ཤོས་དེ་རེད་ཟེར། ཁོང་ཚོས་སྲང་ལམ་དུ་གཟའ་ཉི་མའི་ཉིན་མོ་གཞུང་གི་རེས་འཁོར་ཡང་འགྲོ་སྐྱོད་མི་ཆོག་པའི་ཁྲིམས་འདུག དེ་ནི་ཁོང་ཚོ་གཟའ་ཉི་མར་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་དུ་སྨོན་ལམ་འདེབས་པའི་དུས་ཚིགས་ཡིན་པས་སེམས་པ་རྣལ་དུ་ཕབ་ནས་ཆོས་སྒྲུབ་པའི་ཆེད་དུ་རེད་ཟེར། གྲོང་གསེབ་ཆུང་ཆུང་དེ་ཁོ་ནར་ཡང་ཆོས་ཁང་ཆེན་པོ་གསུམ་འདུག ད་དུང་རང་ཉིད་ཤི་རྗེས་ཀྱི་བསགས་དངུལ་ཡང་ཁྲིམས་ཀྱི་བདག་དབང་ཡོད་པའི་རྗེས་འཛིན་པ་མེད་ན་ཆོས་ཁང་ལ་དབང་བའི་ལམ་ལུགས་རྒྱལ་ཡོངས་ཀྱི་ཁྲིམས་སུ་བཅས་ཡོད་ཟེར། ཁྱད་པར་ད་ལྟའི་བོད་ཀྱི་བླ་མ་གྲྭ་པ་དག་གིས་ནི་མི་མང་གི་ཆེད་དུ། སློབ་གྲྭ སྨན་ཁང་། རྒན་བཀུར་ཁང་སོགས་འཛུགས་སྐྲུན་དང་། བྱམས་རྩེའི་ཐེབས་རྩ་དང་། ཁོར་ཡུག་སྲུང་སྐྱོབ། སྐད་ཡིག་གཅེས་འཛིན་སོགས་ཧ་ཅང་འབད་འབུངས་བྱེད་བཞིན་ཡོད་ཅིང་། ཆ་མཉམ་གྱིས་བཤད་ན་དགེ་འདུན་པ་ཧ་ཅང་མང་པོ་ཞིག་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་བ་ཡིན། ད་དུང་བོད་ཀྱི་རིག་གནས་བརྒྱུད་འཛིན་གྱི་འགན་འཁྲི་ཡང་བོད་ཀྱི་གྲྭ་པས་ཁུར་བ་ལྟ་བུ་ཞིག་ས་ཆ་གཞན་གང་གི་ཆོས་ལུགས་མི་སྣས་ཀྱང་ཁུར་ཐུབ་མེད། གནས་སྟངས་དེ་དག་ཐོག་ནས་བསྡུར་ན་ང་ཚོ་བོད་ཀྱི་གྲྭ་པ་དག་གིས་མི་མང་ལ་བུ་ལོན་དེ་ཙམ་མང་པོ་ཆད་མེད་པའི་སྣང་བ་ཡང་སྟེར། སྐབས་རེར་ཁྱེད་དང་ཁྱེད་ལྟ་བུ་དག་གིས་དྲ་ཐོག་གི་དྲ་འབུ་དག་གི་སྐད་ཆའི་བཤད་ཡམ་ཙམ་གྱིས་དོན་དངོས་ཀྱི་དགེ་འདུན་པ་དང་སྤྱི་ཚོགས་བར་གྱི་གནས་སྟངས་ལ་རྒྱུས་ལོན་བྱས་པའི་ཚབ་བྱེད་ཀྱིན་མེད་དམ་སྙམ་གྱིན་འདུག དེ་འདྲ་མིན་པའི་ཡིད་ཆེས་ཡོད། འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་རེད། གལ་ཏེ། དགེ་འདུན་པའི་ཆོས་ཀྱི་བསླབ་ཁྲིམས་རུལ་སུངས་དུ་གྱུར་ན། ཕར་ལ་ཆོས་སྒོ་མ་བརྒྱབ་གོང་ཚུར་ལ་འགྱེད་སྒོ་རྒྱག་སྲིད་ཅེས་ཉེན་བརྡ་བཏང་བ་ཡིན་ན་ངས་དེར་སྐར་མ་དགུ་བཅུ་གོ་དགུ་སྤྲོད་ས་རེད། འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཁྱེད་ཀྱིས་དེ་ལྟར་མ་བཤད་པར། ཉལ་ཐ་འཐེན་མཁན། རྐུན་ཇག་བྱེད་མཁན་སོགས་མ་རབས་བྱས་ནས་དགོན་པའི་བཅས་པ་ལས་འདའ་མཁན་དེ་ཚོ་ལ་ཆོས་འབྲེལ་བཅད་ན་རྗེས་མ་ཁྱེད་ཚོས་སྐུ་འགྱེད་རག་གི་མ་རེད་ཟེར། དེ་ནི་ཁྲིམས་ཐོག་ནས་བཤད་ན་དཔལ་འབྱོར་གྱི་འཇིགས་སྐུལ་ཟེར་བ་རེད། འོན་ཀྱང་། ལྷག་བསམ་རྣམ་དག་གིས་མི་མང་གི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་ན་འཇིགས་སྐུལ་དེར་ཁ་ཡ་བྱེད་ཀྱི་མ་རེད། ཕྱོགས་གཞན་ཞིག་ན་དེང་སང་འབྲོག་ཁུལ་སོགས་ན་ན་ཤི་རྐྱེན་ཆག་གི་སྐབས་བླ་སེར་མ་དྲོངས་པའི་དཀའ་ངལ་ལས། བླ་སེར་གྱིས་འབུལ་བ་མི་རག་པའི་ལོ་རབས་དེ་ཡལ་གྱིན་འདུག་ཟེར།
༦༽གཟབ་ནན་གྱིས་ཉན་ཏེ་སླར་ཡང་བརྗོད་པ།
བརྩེ་བའི་སྲིང་མོ་ལགས། ཁྱེད་ཀྱིས་གང་བཤད་ཀྱིན་ཡོད་པ་དེར་ངས་གུས་ཞབས་ཆེན་པོས་མཉན་ཡོད། འོན་ཀྱང་ང་ལ་དྲི་བ་ཞིག་ཡོད། ཁྱེད་ཀྱིས་“མང་ཚོགས་ཀྱི་གཉོམ་ས་སྙི་ས་ནས་བཟུང་སྟེ-”ཞེས་དང་། ཡང་། “རང་སྣང་གང་ཤར་གྱིས་ཆོས་སྒོ་རྒྱག་རྒྱུ་ཞེས་འཇིགས་སྣང་བསྐུལ་ཏེ”ཞེས་ཧ་ཅང་ཁ་གསལ་པོས་གསུངས་པ་འདི་དག་སྤྱིར་བཏང་གི་དགེ་བཅུའི་ལམ་ལུགས་འདི་དང་། དགོན་པ་ཁག་གིས་ཆོས་འབྲེལ་གཅོད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁྲིམས་སྡོམ་པ་དེ་ལ་ཟེར་གྱི་ཡོད་པ་རེད་དམ། ཡང་ན། ཁྲིམས་དེ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དགོན་པ་བྱེ་བྲག་པ་དང་། བླ་སྤྲུལ་བྱེ་བྲག་པས་ཚད་ལས་བརྒལ་བའི་ལས་ཀ དཔེར་ན། ཕྱུག་པོ་དང་མཐོན་པོས་ཁྲིམས་མ་བསྲུངས་ཀྱང་གུ་ཡངས་དང་། དམའ་མོ་དང་གཉོམ་ཆུང་གིས་ཁྲིམས་སྲུང་ན་ཡང་སུན་གཙེར་བྱེད་པ་ལྟ་བུ། ཡང་ན། ནོར་འཁྲུལ་ཆུང་ཆུང་ལ་ཆད་པ་ལྕི་མོ་བྱེད་པ་དང་། རྒྱུ་དངོས་ཀྱི་ཆད་པ་ཆེན་པོ་བཅད་ནས་མི་མང་གི་བདེ་རྩ་མིན་པའི་ཕྱོགས་སུ་བེད་སྤྱོད་བྱེད་པ་ལྟ་བུའི་རུལ་སུངས་བྱེད་ཀྱིན་འདུག་ཟེར་གྱིན་ཡོད། འདི་ལ་ངེས་པར་ཁ་གསལ་གཏོད་རོགས། ད་དུང་རང་གིས། “ལག་ཏུ་གོར་མོ་ཡོད་པ་དང་། ལག་དོ་ཡོད་པ་”ཞེས་ཁོང་ཚོས་ཚབ་ཆེའི་སྒེར་གཅོད་བྱེད་ཀྱིན་ཡོད་པའི་ཉེས་འཛུགས་ཁ་གསལ་བྱས་འདུག དེ་འདྲའི་རིགས་ཡོད་ན། ‘མིའི་མིང་དང་སྒྲོ་བའི་ལུང་’ནས་འཇུས་ཏེ་ཞིབ་ཚགས་པོས་ཞིབ་འཇུག་གི་ཚད་གཞི་ཡོད་པའི་སྐད་ཆ་བཤད་རོགས། གང་ཡིན་ཟེར་ན། དེ་ནི་ང་ཚོ་ཐུན་མོང་གི་དོན་རེད།
སྙན་ངག་གི་སྐབས་སུ་རབ་བཏགས་སྐྱོན་མིན་ན་ཡང་། འབོལ་རྩོམ་གྱི་ལམ་ནས་ཐེར་འདོན་གྱི་རྩོམ་ཡིག་འབྲི་སྐབས་འཆར་སྣང་གཙོ་བོར་བྱེད་པ་ནི་མ་འགྲིག་པ་རེད་ལ། རབ་རྟོག་གི་རྒྱན་ནི་དེ་བས་ཡོང་ས་མེད། དེ་ནི་ཁྲིམས་ཁང་གི་དཔྱད་ཁྲའམ། ཞིབ་དཔྱོད་ཁང་གི་ཞུ་གཏུགས་ཀྱི་ཡི་གེ་དང་གཅིག་པ་རེད། དགེ་བཅུའི་ལུགས་སྲོལ་འདིར་མཚོན་ན། བོད་ཁ་བ་ཅན་ལ་ཕན་པ་ཞིག་ཡིན་ན་ནི་འདི་ལ་རྒྱབ་བསྐྱོར་བྱ་རྒྱུ་དེ་སྐར་ཆ་གཅིག་ལའང་ཡོལ་མི་རུང་། ང་ཚོས་ནང་ཁུལ་ནས་རྒྱབ་སྐྱོར་མི་བྱེད་པ་དང་། མཐུན་ལམ་མི་བྱེད་པ། དང་ལེན་མི་བྱེད་པ་བཅས་ནི་བཀྲ་ཤིས་པའི་བྱ་བ་ཞིག་མི་མཐུད་ལམ་དུ་འགྲོ་མིན་གྱི་གནད་ཀྱི་འགག་རྩ་ཡིན། འདི་ལ་བསམ་བློ་དོ་དོ་དན་དན་གཏོང་ཞིང་། དབྱེ་འབྱེད་དགོས་སར་དབྱེ་འབྱེད་དང་ཁ་གསལ་དགོས་སར་ཁ་གསལ་གནང་བའི་ཐོག་ནས་སྐད་ཆ་བཤད་དགོས། འོན་ཀྱང་ད་ལྟའི་ཆར་རང་གི་རྩོམ་ཡིག་ནི་རེ་བ་དེ་འགྲུབ་ཐུབ་པའི་ཚད་གཞི་ཅན་ཞིག་གཏན་ནས་མ་རེད་སྙམ།
ངས་གོང་དུ་རང་གིས་སུན་འབྱིན་རྩོམ་ཡིག་འདི་མག་མོག་ཅིག་རེད་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། འོན་ཀྱང་འདི་རིགས་ངའི་གོ་ནོར་ཡིན་པའི་ཡིད་ཆེས་ཡོད།
གལ་ཏེ་ཕྱི་མ་ལྟར་ན། ངས་ཀྱང་ཁྱེད་ལ་ཡོངས་སུ་རྒྱབ་སྐྱོར་བྱེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་༼དུས་ཐོག་ཆར་པ་༽སོགས་སུ། དགེ་བཅུའི་ལམ་ལུགས་ལག་བསྟར་བྱེད་པ་ལ། བྱེད་མཁན་ལ་ཆོས་ཀྱི་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་མེད་ན་གྲུབ་འབྲས་ཐོན་མི་ཐུབ་པས། སྔོན་ལ་དགོན་དཔོན་ལ་སྦྱོང་བརྡར་སྤྲོད་དགོས་ཞེས་ལམ་སྟོན་གནང་འདུག དེ་ནི་དངོས་ཡོད་རེད། ལམ་ལུགས་ཤིག་ལག་བསྟར་བྱེད་པའི་སྐབས་སུ་ནོར་འཕྲུལ་མི་འབྱུང་བ་ནི་མི་སྲིད་པ་ཞིག་རེད་ལ། དེ་ལ་ལྟ་བསྐུལ་བྱེད་པ་དང་བསམ་ཚུལ་འདོན་པ་ནི་ཐོབ་དཀའ་བའི་ཆ་རྐྱེན་ཡིན། འདི་ཚང་མ་བཟང་ཕྱོགས་ནས་ལྟ་དགོས་ན་ཡང་། བསམ་ཚུལ་འདོན་པ་དང་ལྟ་བསྐུལ་བྱེད་པ་ཡང་འགན་འཁྲི་མེད་པ་ཡང་མ་ཡིན།
༧༽སྐད་ཆ་གཞན་ཞིག་ལ་ཟུར་ཙམ་ལབ་པ།
ཡང་མོས། “འཛམ་གླིང་སྒང་གི་སྐད་གྲགས་ཆོད་པའི་ཚན་རིག་པ་གང་རིགས་ཤིག་གིས་བོད་པའི་ནང་བསྟན་ཆོས་ལུགས་ཀྱི་ཞན་ཆ་དང་སྐྱོན་ཆ་འདྲ་གླེང་བ་ཡིན་ན། དངོས་ཕན་རིང་ལུགས་པའི་དད་ལྡན་པ་ཚོའི་དད་པ་དང་ལྷག་བསམ་ལ་གས་ཀ་ཨེ་ཤོར་ན། དེ་བས་ཀྱང་སྔར་མུས་བཞིན་འགྱེད་རྟེན་སྤམ་མཐུག་ཅིང་གྱ་ནོམ་པོ་དེ་འདྲ་རྒྱག་མིན་སུས་ཤེས།” ཟེར། འོན་ཀྱང་། ངའི་ཡུན་རིང་པོའི་ཉམས་མྱོང་དང་མཐོང་ཐོས་གཞི་ལ་བཞག་ན། གཞན་གྱིས་དགག་པ་རྒྱབ་ནས་མེད་སོང་བའི་ཆོས་ལུགས་ཤིག་ཧ་ཅང་ཁག་པོ་ཡིན་པ་དང་། ནང་གི་དད་མོས་ཀྱི་སེམས་ཁམས་འདི་རང་བྱུང་གི་སྐྱེ་དངོས་གཞན་དག་བཞིན་རྒྱུ་རྐྱེན་གྱི་དགོས་མཁོ་ངེས་ཅན་གྱི་འོག་ནས་རང་བཞིན་གྱིས་འབྱུང་བཞིན་པ་ཞིག་རེད། དེ་ནི་མི་ཚོས་དུས་རབས་སྔ་མར་ཚན་རིག་དང་ལག་རྩལ་གྱིས་རང་བྱུང་གི་འཚོ་གནས་ཀྱི་ཚབ་བྱ་རྒྱུ་དང་། དངོས་གཙོའི་ལྟ་གྲུབ་ཀྱིས་གཟུགས་འདས་ཀྱི་རིག་པའི་ཚབ་བྱ་རྒྱུའི་ཧམ་སེམས་བཅངས་པ་དེ་ད་ཆ་འགྲུབ་ཐུབ་པ་ཞིག་མིན་པར་རྟོགས་བཞིན་པ་ལྟ་བུ་རེད། འོན་ཀྱང་། ནང་བསྟན་ཆོས་ལུགས་ལ་དགག་པ་རྒྱག་མཁན་མེད་པའང་མིན། ནུབ་ཕྱོགས་པ་ཡོད་ལ། ཤར་ཕྱོགས་པ་ཡང་ཡོད། ལྟ་གྲུབ་དང་ཉམས་ལེན་ལ་དགག་པ་རྒྱག་མཁན་འདུག་ལ། སྐྱེས་བུ་སྒེར་གྱི་བྱ་སྤྱོད་གྱིས་དགེ་འདུན་སྤྱི་མནར་བྱ་མཁན་ཡང་ཧ་ཅང་མང་པོ་རེད། དེ་ནི་འཇིག་རྟེན་གྱི་ལྟ་གྲུབ་དང་ཆོས་ལུགས་གཞན་ལའང་གཅིག་མཚུངས་རེད། འོན་ཀྱང་དད་ལྡན་དང་དད་ལྡན་མ་ཡིན་པ་དག་གིས་མཐར་རི་བོང་གིས་རྩྭ་དང་སྤྱང་གིས་ཤ་བསྙེགས་ཏེ། སོ་སོ་སོ་སོའི་ལམ་དུ་མུ་མཐུད་བསྐྱོད་རྒྱུ་ཙམ་རེད། དེའི་ཕྱིར་སེམས་ཁྲལ་འདི་རིགས་ང་ལ་མཚོན་ན་གལ་ཆེན་པོ་མ་རེད། འོན་ཀྱང་། སྤུན་ཟླ་དག་གིས་བསམ་བཞིན་མ་ཡིན་པའི་ཐོག་ནས་ཀྱང་ཕ་རོལ་པོའི་འདོད་དོན་སྒྲུབ་པའི་སྐྱོན་བརྗོད་དེ་རིགས་སྐབས་སྐབས་སུ་ཉེན་ཁ་གཞན་ཞིག་རེད་སྙམ་པ་བྱུང་།
སྤྱི་ལོ་༢༠༡༢ ཟླ་ ༡༠ ཚེས་༢༥ ཡི་ཕྱི་དྲོ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྟན་ཐོག་གཅིག་ཏུ་བྲིས།
ཡག་པོ་གསུངས་འདུག དེ་སང་མི་ཁ་ཤས་ལྷག་བསམ་དང་སྙིང་སྟོབས་ཡོད་ན་ཡང་དམར་པོའི་སློབ་སྦྱོང་གི་བག་ཆགས་སྤོང་མི་ཐུབ་པར་ཆོས་དང་ཆོས་པ་ལ་སྡང་མོད། ཁོ་ཚོས་ཆོས་པ་ཚོའི་སྐྱོན་ཆ་ལས་ཡོན་ཏན་གྱི་ཆ་མཐོང་མེད། དེ་ནི་འབྲོག་པས་མར་ཟ་བ་མཐོང་བ་ལས་མར་གྱི་ཆེད་དུ་དཀའ་ལས་གང་རྒྱབ་པ་མ་མཐོང་བ་ནང་བཞིན་རེད། ཆོས་པ་ཚོས་རིག་གཞུང་སྐད་ཡིག་ཇི་ལྟར་འཛིན་ཡོད། རང་དབང་གི་དོན་ལ་སྣེ་ཁྲིད་ནས་མེ་མདའི་སོ་ཁར་ག་ཚོད་ལངས་ཡོད། དེ་ཚོ་མི་མཐོང་བ་ཅི་རེད། འོ་ན་མི་བཟང་པོ་གོ་ཆོད་ཅན་ཞིག་བྱེད་དགོས་ན་ངེས་པར་དུ་ཞིང་རྨོ་བ་དང་ཟོག་འཚོ་དགོས་སམ།
མང་ཚོགས་དབུལ་བོ་ཡིན་པ་དང་བླ་གྲྭ་ཕྱུག་པོ་ཡིན་པ་དེ་ཚུལ་ཁྲིམས་བློ་གྲོས་ཀྱིས་མང་ཚོགས་ཀྱི་ལག་ནས་རྒྱུ་ནོར་འཕྲོག་སོང་ནས་བླ་གྲྭ་རྣམས་ལ་སྤྲད་སོང་བ་རེད་ཟེར་གྱིན་ཡོད་པ་རེད་དམ། ངས་ཕ་ཡུལ་ཕྱོགས་ཀྱི་མི་ཁ་ཤས་དང་གླེང་མོལ་བྱེད་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱུ་ནོར་མང་པོ་ཁྱེར་སོང་ཚུལ་ཞིག་བཤད་རྒྱུ་མི་འདུག
་་ ད་ལྟའི་བར་དུ་བ་དང་སྣ་ཐ་འཐེན་མཁན། ཆང་རག་དང་ཤོ་རྒྱན་རྩེ་མཁན་གཅིག་ཀྱང་མེད་པའི་གནས་སྟངས་རྒྱུན་བསྲིངས་ཐུབ་ཡོད། མ་ཚད་ཡུལ་ཚོའི་ནང་གི་རྒྱལ་ཁབ་ཀྱི་ལས་བྱེད་བོད་རིགས་དག་གིས་ཀྱང་མང་ཆེ་བས་ང་ཚོའི་ཡུལ་ཚོར་ལས་ཀ་བྱེད་རིང་ཆང་དང་ཐ་མག་མི་སྤྱོད་པ་ཡང་མང་པོ་བྱུང་ཡོད། ་་ཟེར།
་་་་་་ དེ་ནི་འཇིག་རྟེན་གྱི་ལྟ་གྲུབ་དང་ཆོས་ལུགས་གཞན་ལའང་གཅིག་མཚུངས་རེད། འོན་ཀྱང་དད་ལྡན་དང་དད་ལྡན་མ་ཡིན་པ་དག་གིས་མཐར་རི་བོང་གིས་རྩྭ་དང་སྤྱང་གིས་ཤ་བསྙེགས་ཏེ། སོ་སོ་སོ་སོའི་ལམ་དུ་མུ་མཐུད་བསྐྱོད་རྒྱུ་ཙམ་རེད། ་་་་ཟེར།
གནད་ལ་ཁེར་བ་ཞིག་གསུངས་འདུག ཡིན་ན་ཡང་འདི་ཚོས་ཉན་ཤེས་ནི་མ་རེད། རྫ་མཁན་པོ་མཁས་ཆེ། ར་རྫ་སོགས་བླུན་ཆེ་བས་ཤིག་ཐོག་ལ་སྟྭ་རེ་ཟེར་བ་དེ་རེད། མཁས་པ་མཁས་པའི་གྲལ་ན་མཛེས་ཞེས་པའི་ཚིག་དོན་སེམས་པར་མཁྱེན།
ལེགས་པོ་གསུངས་སྣང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྫ་ཚེ་བཀྲ་ཡིས། ཉ་ཉོག་མང་པོ་ཞིག་གླེང་འདུག་ཀྱང་བབ་ས་གཙོ་བོ་དེ་
དགེ་བཅུ་ཁྲིམས་དེ་ཡག་པོ་ཡིན་ཚུལ་དེ་ཡིན་ས་རེད།
སྐྱེས་མ་ར་རྫ་འཇམ་དབྱངས་སྐྱིད་ཀྱི་གཏམ་ལ་བདེན་པ་མེད་པ་མ་ཡིན།
བླ་སེར་ཚོས་ཕྱོགས་ཡོངས་སུ་མ་མཁྱེན་པའི་ཞན་ཆ་ཡོད།
དཔེར་ན་དགེ་བཅུ་ཁྲིམས་ཀྱི་ནང་དུ་ཆང་རགས་གཏན་ནས་འཐུང་མི་ཆོག་གསུངས་ཡོད།
ལྷ་སའི་ཕྱོགས་གཙོ་བོ་གྱུར་པའི་སྟོད་ཕྱོགས་ཀྱི་ཞིང་པ་རྣམས་ཀྱི་ནས་ཆང་དང་།
འབྲས་ཆང་། གྲོ་ཆང་སོགས་འབྲུ་རིགས་ཀྱི་ཆང་ནི་རྒྱུན་དུ་སྤྱོད་པའི་བཟའ་བཏུང་ཞིག་ཡིན།
ཆང་རིགས་དེ་དག་ཕོ་མོ་གཉིས་ཆར་གྱིས་ཁ་ཟས་ཡིན་པས་ཁ་ཟས་ཟ་མི་ཆོག་ཟེར་ན་ཁེ་མཚར་མ་རེད་པས།
ཆང་གིས་ར་རོ་བ་ནི་དུས་སྟོན་འདྲ་མིན་གྱི་དུས་སུ་མང་དུ་བཏུང་སྟབས་ར་གཟི་ཡང་རྒྱུན་ཏུ་
འཐུང་སྐབས་ཆང་གིས་ར་གཟི་ཡི་མེད། མ་ཟད་རླུང་ནད་གཙོ་བོ་གྱུར་པའི་ལུས་ནད་འདྲ་མིན་ཕན་གྱི་ཡོད་པས་
ནད་ལ་ཕན་པའི་སྨན་རིགས་བཟའ་བཏུང་མི་ཆོག་ཟེར་ན་མི་ཡི་རྣ་བ་ལ་འགྲོ་གི་རེ་པས།
ཁ་གཏུགས་གོ་བདེ་བའི་ཆེད་ཡུལ་སྐད་དང་བསྟུན་ནས་བྲིས་པས།
བརྡ་དག་དང་མི་མཐུན་པ་ཁ་ཤས་ཤོར་སོང་བས་དགོངས་སེལ་ཞུ།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་རྩོམ་ཡིག་འདི་ངའི་སེམས་ངོར་བབ་བྱུང་། ཉེ་སྔོན་ཞིག་ལ་ས་སྐྱའི་ཁྱིམ་རྒྱུད་ལ་དད་པ་འཇོག་འོས་ཚུལ་ཞིག་བྲིས་པ་དེ་ངའི་ཡིད་ངོར་ཤོང་བ་ཞིག་གཏན་ནས་མ་བྱུང་། རྫ་ཚེ་རིང་བཀྲ་ཤིས་ཁོང་རང་ཉིད་ལ་མོས་མཐུན་ཡོད་ན་ངས་དེ་ལ་དོགས་འདྲིའི་ཚིག་ཁ་ཤས་ཤིག་འབྲི་འདོད་ཡོད། རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ངའི་མཆན་འདི་མཐོང་ན་ལན་ཞིག་གནང་ནུས་ན་ང་དགའ་ངེས་ཡིན།
ནུབ་ཕྱོགས་ཡུལ་གྱི་ཡེ་ཤུའི་ཆོས་ཚོགས་ཁ་ཤས་ཀྱིས་དད་ལྡན་ཚོར་ཁྲལ་སྡུད་བཞིན་ཡོད།
ཐ་མ་དང་སྣ་ཐ་བཀག་བསྡོམས་བྱས་པ་རེད་ཟེར་དུས་བཀའ་རྡོ་ལ་ཅུང་དོག་མི་བདེ་བ་ཞིག་ཡོང་གི་ཡོད་པའི་བཟོ་འདུག ཐུགས་ཚབ་མ་གནང་།
སྤོབས་པ་ལགས། ང་ལ་གནོང་འགྱོད་གང་ཡང་མེད་པར་སྐྱེས་བུ་སྒེར་ཞིག་གི་རང་གི་བསམ་ཚུལ་ཙམ་ཡིན་སྟབས་ལན་འབུལ་ནུས་དང་ནུས། །
འོན་ཀྱང་། ངས་གོ་དོན་ཡོད་པ་དང་གནས་ལུགས་ཀྱི་ཟུར་ཞིག་ནས་གླེང་གིན་ཡོད། འདི་རིགས་ལ་ཁྱབ་དང་མ་ཁྱབ་གཉིས་ཀྱི་རེའུ་མིག་ཁོ་ནས་བལྟ་བ་ནི་རྟེན་འབྲེལ་མགོ་ནས་འཆུགས་པ་ཡིན།
རབ་ཡིན་ན་བསམ་བློ་ལྷོད་ལ་བཞག་ནས་ཡང་བསྐྱར་ཚར་གཅིག་གཟིགས་རོགས།
དྲི་བ་གང་བཀོད་ཀྱང་ཆོག
ཡིན་ན་ཡང་། གཞན་ལ་རྨ་འབེབས་ཀྱི་ཚིག་ཙམ་གྱི་རིགས་ལ་དགའ་བསུ་མི་ཞུ།
དངོས་གནས་ཀྱི་དོགས་པ་གང་ཡོད་ན་བྲིས། རེད་དེ་ང་ས་སྐྱའི་ཕོ་བྲང་གི་མགྲིན་ཚབ་པ་མིན་ཙང་ང་ལ་ལན་ཡོད་པའི་ངེས་པ་ནི་གང་ཡང་མེད། ངས་ཤེས་པ་གང་ཡིན་པ་དེ་ཞུ་ཆོག
གཞན་མཆན་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།
རྫ་ཚེ་རིང་བཀྲ་ཤིས་ལའང་ནན་ཏན་གྱིས་བརྗོད་རྒྱུར། སྤྱིར་ར་རྫ་འཇམ་དབྱངས་སྐྱིད་དང་གྲྭ་རྫ་ཚེ་རིང་བཀྲ་ཤིས་གཉིས་ཀྱི་འཚོ་གནས་དམིགས་ཚད་མི་འདྲ་ཞིང་། བསམ་བློའི་གནས་བབ་མི་འདྲ་བའི་དབང་གིས་བཤད་སྟངས་དང་བསམ་ཕྱོགས་མ་མཐུན་པ་རེད། གང་ལྟར་བོད་ཀྱི་མི་རིགས་འདིའི་ལས་དབང་བསམ་མཁན་ཞིག་ཡིན་ན་དུས་རབས་དང་མཐུན་པའི་མི་ཆོས་སློབ་གསོའི་མ་ལག་འཐུས་སྒོ་ཚང་ཞིག་གི་ངོས་ཐད་ནས་གླེང་དགོས། དགེ་བ་བཅུའི་ཕན་ཡོན་བཤད་པ་ཙམ་གྱིས་བོད་མིའི་མདུན་ལམ་ལ་ཕན་ཐོགས་ཆེས་ཆེར་ལྡན་ཨེ་ཡོང་། དེ་ནི་གཟས་ས་དང་དམིགས་བྱ་གཅིག་རེད།
གཞན་ཞིག་ལ་བག་ཆགས་རྙིང་པའི་བྲན་དུ་གྱུར་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀྱི་ཕྱི་མའི་དབང་དུ་སོང་ཏེ་འཇིག་རྟེན་འདི་ལ་དེ་ཙམ་གྱིས་དོ་སྣང་དང་ཁ་ཡ་མི་བྱེད་པར་གྱུར་འདུག འདི་ནི་འཚོ་གནས་གཙོ་བོར་འཛིན་མཁན་ཞིག་གི་ངོས་ཐད་ནས་བལྟས་ཚེ་ཆེས་ཉེན་འཚབས་ཅན་གྱི་ལས་དོན་ཁོ་ན་ཞིག་སྟེ། ཧ་ཅང་གི་སྒྱིད་ལུག་དང་མི་འགྲིག་པའི་གནས་ཚུལ་ཞིག་གོ ང་ཚོ་བོད་མི་རིགས་འདི་”གནས་ལུགས་ཇི་ལྟར་བཙན་ན། དུངས་ཞེན་ལ་དེ་ལྟར་གནདོ་པའི”མི་རིགས་ཤིག་ཡིན་པས་ཡར་རྒྱས་ཀྱི་ལམ་ཁར་བསྐྱོད་རྒྱུ་ཧ་ཅང་གི་ཐག་རིང་ངོ། དེ་རིང་དེ་ཙམ་བྱོས
ངས་བསམ་ཚུལ་མདོར་བསྔུད་ཤིག་ཞུ་རྒྱུར། དེང་སང་བོད་ཕྱི་ནང་གཉིས་སུ་མངོན་མཐོན་ལ་ངོས་འཛིན་བྱེད་ཆུལ་ནི། བོད་ནང་ཆོས་ལུགས་ལ་སྐྱོན་བརྗོད་དང་བཙན་བྱོལ་ནང་རང་གཞུང་ལ་སྐྱོན་བརྗོད། ཐ་ན་༧གོང་ས་མཆོག་ལའང་སྐྱོན་བརྗོད་བྱས་ན་མི་དེ་རང་རིགས་ལ་ལྷག་བསམ་དཀར་པོ་དང་། ཁ་རི་ཁ་ཐུག་སོགས་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུའི་ལྟ་ཚུལ་ཞིག་གི་འོག་ནས་ཤེས་ཡོན་པར་འཆེས་པ་རེ་ཟུང་གིས་རང་ཉིད་ལ་མངོན་མཐོན་པ་དང་། བསམ་བློ་བ། རིགས་ཞེན་པ་སོགས་པའི་མཚན་བྱང་དེ་རག་ཐབས་བྱེད་ཀྱི་ཡོད།
འོ་ཡ་ རྫ་ཚེ་བཀྲས་སྤོབས་པའི་མཆན་མཐོང་བས་མ་ཚད་དྲི་བ་ཡོད་ན། ལན་རྒྱག་ཆོག་གསུངས་འདུག་ག
ར་རྫ་འཇམ་དབྱངས་སྐྱིད་ཀྱི་དྲ་རྩོམ་ཆོས་སྒོ་རྒྱག་པ་དང་བོད་མིའི་སྡེ་སྡུག་ཅེས་པར་རྫ་ཚེ་རིང་བཀྲིས་ལགས་ཀྱིས་དགོངས་ཚུལ་གྱི་རྩོམ་ཡིག་ཅིག་སྤེལ་འདུག་པ་ནི་བརྒྱ་ཆ་དགུ་བཅུ་ཙམ་དངོས་ཡོད་ཀྱི་རྒྱུ་མཚན་དང་མཐུན་པར་སྙམ། འོན་ཀྱང་བླ་སྤྲུལ་དང་མཁན་པོ་དགེ་བཤེས་སོགས་ཉུང་ཤས་ཤིག་གིས་ཆོག་ཏུ་མི་ཤེས་པར་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་འགྲོ་ལུགས་བྱེད་སྟངས་ཀྱི་ཐོག་ནས་རྒྱུ་དངུལ་གསོག་སྒྲུབ་དང་། ཐབས་ཤེས་ཅི་ཡོད་ཀྱིས་རྒྱ་ཡི་ཡོན་བདག་དང་ཕྱི་རྒྱལ་གྱི་ཡོན་བདག་སོགས་བཙལ་ནས་དངུལ་དངོས་ཀྱིས་རང་ཉིད་དང་རང་གི་མཉེན་ཉེ་སོགས་ཕྱུག་པོ་བཟོ་བ་དང་བག་མེད་ལོངས་སྤྱོད་ཀྱི་བྱེད་སྟངས་ཁ་ཤས་འཇིག་རྟེན་མི་ཆོས་དང་མཐུན་པ་ཞིག་མཐོང་གི་མི་འདུག ད་དུང་ཁོང་ཚོས་རྒྱུ་དངོས་ཀྱི་སྤོབས་སེམས་དེས་རང་བཞིན་གྱིས་ཉམ་ཆུང་ཚོར་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཐོན་ཡོང་གི་འདུག སེར་མོ་བའི་སྡེ་ནས་བྱེད་སྟངས་དེའི་རིགས་ལ་ངན་གོམས་མི་ཡོང་བའི་དོ་གཟབ་གནང་གནང་གལ་ཆེ།
དཀྲུག་ཤིག་གི་གཞི་མ་དང་རྐུ་མའི་གཞི་མ་ནི་བྱི་ལ་ཡིན་པ་སྔོན་ནས་གོ་མྱོང་ཡོད།
རྫ་ཚེ་ལགས་ཁྱེད་ཀྱི་འཆར་ཡན་རིང་ལུགས་ལ་གོ་རྒྱུ་དང་ཚོར་རྒྱུ་
རྫ་བཀྲ་ལགས་ར་རྫ་འཇའ་སྐྱིད་ནི་མི་གཤིས་གྲངས་ལ་མི་རིགས་གི་ལ་རྒྱ་དེ་བས་ཀྱང་ཆེ། ང་ཚོའི་ངེས་པར་དུ་མཁྱེན་དགོས་པ་ནི་མིའི་དབང་འམ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་གསུངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་རེད་འདོད།
མི་མང་ལ་ཁྲིམས་མ་བཟོས་གོང་ཐོག་མར་བླ་མ་དང་གྲྭ་བ་གཞན་ལ་མགོ་སྐོར་གཏོང་མཁན་དེ་ཚོར་ཁྲིམས་ཤིག་བཟོས་ན་མི་འགྲིག་གམ། རྒྱ་ནང་ན་རྒྱ་མོའི་རྐུབ་ལ་རྒྱུགས་མཁན། ཕྱི་རྒྱལ་ཁག་ན་དབྱིན་མོའི་རྐུབ་ལ་རྡག་མཁན་སོགས་ཧ་ཅང་མང་།
མཁན་རྫ་ཚེ་ལགས་ཐུགས་རྗེ་ཆེ་།དྲ་འབུ་ཚོ་ག་དུས་ཡིན་ན་སྡུག་སྐད་མ་རྒྱག་རོག་།ཁྱོད་རང་གིས་མི་ཚེ་ནང་དུ་མཁན་རྫ་ཚེ་ལ་སྤུ་རྩེ་ཙམ་ཡང་ཐུབ་ཀྱི་མ་རེད་དྲ་འབུ་མགོ་ནག་། དེ་ལས་མ་ནི་འདོན་ན་ཡག་ནི་རེད་།
སྔོན་ལ་འཇམ་དབྱངས་སྐྱིད་ཀྱི་རྩོམ་དེ་ང་ཚོར་བསྟན། དེ་ནས་མཁན་རིན་པོ་ཆེེའི་ལན་དེ་གནང་ན་ལེགས་ཆ་ཆེ། དེ་མིན་ང་ཚོས་ནག་ཁུང་ནང་ལ་སྦར་ཉོབ་རྒྱག་པ་དང་གཅིག་པ་རེད།
ལྷག་པར་ཏུ་ཐེ་ཝན་taiwan ལ་བོད་པའི་གྲྭ་བ་དང་སྤྲུལ་རྫུན་ཚོས་རྒྱ་མོ་ཚོར་མགོ་སྐོར་བཏང་སྟེ་རྒྱ་མོའི་རྐུབ་ལྡག་མཁན་མང་པོ་བྱུང་ཡོད་ཚོད་འདུག
མ་ཟད་ཐེ་ཝན་གྱི་གསར་འགྱུར་ནང་དུའང་དེའི་རིགས་ཡང་སེ་ཡང་སེ་ཐོན་ཡོད་པ་འདྲ།
ཞབས་འདྲེན་དེ་འདྲ་མང་པོ་ཡོད་པ་ལ་རྟེན་ནས་བོད་པའི་གྲྭ་བ་ལ་ལྟ་ཚུལ་ངན་པ་ཡོང་གིན་ཡོད་རེད་དྲན་སོང་།
ངའི་བསམ་ཚུལ་ལ་རྫ་ཚེས་དགེ་འདུན་པ་དཀར་འདོན་གནང་བ་དང་གནང་སྟངས་འགྲིག་འདུག་དྲན། ཕྱོགས་གཅིག་ནས་དགེ་འདུན་པ་དཀར་འཇམ་ཡུག་གཅིག་མིན་སྟབས་”གྲྭ་པ་མི་མ་རེད”ཟེར་བ་འདྲ་པོ་ཁབ་བཙག་རྒྱག་རེ་གཉིས་ཀྱང་ངེས་པར་དགོས། གོ་ཐོས་ལ་ Taiwan ལ་སྐྱབས་གནས་དགེ་འདུན་པ་ཚོས་ལྐོག་ནས་རྒྱ་མོའི་རྐུབ་ལྡག་པ་སོགས་ལ་མངོན་འགྱུར་རམ་གང་དྲན་བྱེད་རྒྱུར་བག་ཚ་བ་དང་དངངས་སྐྲག་ཡོད་རབས་འདུག་པ་དེ་ཡག་པོ་རེད་དྲན།
རེད། ད་དུང་མཁན་པོའི་མིང་ཁུར་ནས་རྐུབ་ལྡག་ཟེར་བ་དང་རྐུབ་རྒྱུགས་ཟེར་བ་འདྲ་པོ་བག་ཚ་མེད་པར་སྤྱི་ཚོགས་ནང་ཚིག་ངན་འདོན་མཁན་དེ་དག་ལ་ཁྲིམས་དགོས། མ་གཞི་འདི་པ་ཚང་རྐུབ་ལ་རྒྱུས་མངའ་ཡོད་མཁན་ཞིག་རེད་འདུག་པ། མོའི་མོ་མཚན་ཡོད་བཞིན་རྐུབ་ལ་བེད་སྤྱོད་ག་རེ་ཡོད་རེད། ཧ་ཧ་ཧ་
ཚིལ་ཞག་འཁྱག་མངར་ལྡག་པ་ལས། །
རྐུབ་དང་མོ་མཚན་ལྡག་བྱ་མིན། །
ཁྱུག་ཁྱི་ཨབ་ཕྲུག་ཚིག་ངན་ཡོད། །
རྐུབ་ལྡག་སྟུ་ལྡག་བརྗོད་མི་རིགས། །
ཡ་རབས་གུས་དུད་ཞེ་ས་སྦྱོངས། །
མ་རབས་གུས་མེད་ཚིག་ངན་སྤོངས། །
མཁྱེན་ཡངས་དྲ་གྲོགས་ཚོས་གནས་ལུགས་ལ་རྒྱུ་མཚན་དང་ཡ་རབས་ཀྱི་སྒོ་ནས་འགྲེལ་བརྗོད་གནང་ན་ལེགས། སྤྱིར་བཏང་བོད་པའི་སྤྱི་ཚོགས་སུ་བླ་སྤྲུལ་དགེ་བཤེས་དང་མཁན་པོའི་མཚན་ཁུར་ནས་ཞབས་འདྲེན་གྱི་ལས་ཀ་བྱེད་མཁན་རེ་གཉིས་ཡོད་པ་དངོས་ཡོད་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ན་བོད་ཀྱི་བླ་སྤྲུལ་སོགས་ལ་གཞི་མེད་ཀྱི་སྐྱོད་བརྗོད་དང་སྐུར་འདེབས་བྱས་ན་མི་འགྲིག རྫ་ཚེ་རིང་བཀྲིས་ལགས་ཀྱིས་བོད་ཀྱི་བླ་སྤྲུལ་དང་སེར་མོ་བའི་སྡེས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྤྱི་ཚོགས་སོགས་ལ་ཕན་པ་རྒྱ་ཆེ་སྐྲུན་གྱིན་ཡོད་པ་གསུངས་འདུག་པ་ནི་དངོས་ཆགས་བསྡད་ཡོད་རེད། དེ་འདྲ་སོང་ཙང་ང་ཚོས་ངེས་པར་དུ་བདེན་བརྫུན་དང་དཀར་ནག་གི་དབྱེ་བ་ཕྱེ་ནས་བཀའ་མོལ་གནང་དགོས་པ་གལ་ཆེན་རེད་བསམ།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཞིབ་ཚགས་ཅིང་གནད་ལ་འཁེལ་བའི་ལན་བསྐྱོན་གནང་འདུག མི་ཚེའི་ཉམས་མྱོང་དང་མཁས་པའི་རྣམ་དཔྱོད་ཟེར་ནོ་འདི་འདྲ་རེད། ཡིད་ཚིམ་པ་བྱུང་ཐུགས་རྗེ་ཆེ་ཞུ། །
ང་ལ་ནི་ཅི་ལྟར་ལབ་ཀྱང་ཁྱད་པར་མི་འདུག ང་དྲ་ཐོག་གི་སྐད་ཆ་ལ་གོམས་ཟིན་པ་ཞིག་ཡིན།
གལ་ཏེ་ཁྱེད་རྣམ་པས་ངེས་པར་སྐྱོན་བརྗོད་དགོས་ན་རབ་ཡིན་ན་ནང་དོན་གྱི་ཆ་ནས་བཤད་རོགས།
དེ་མ་བྱུང་ཡང་ང་སྒེར་ལ་སྐྱོན་བརྗོད་གནང་ན་ཡང་འགྲིགས་པ་རེད།
སྐྱེས་བུ་དམ་པ་དང་གསེར་ལྟ་བུའི་རིག་གཞུང་འདི་ལ་མ་བརྙས་ཤིག
ར་རྫ་།་ཞོགས་དུང་ལ་སོགས་པས་དུས་ནམ་ཡང་་1949 ནས་ད་བར་དུ་བཤད་བསྡད་པའི་དམར་པོའི་ལྟ་བ།ཆོས་མེད་། དགེ་བ་མེད། མི་དགེ་བ་མེད། སྡུག་པ་མེད་ཚང་མ་མེད་། མིག་གིས་མ་མཐོང་ན་མེད་ཟེར་ནས་བཤད་ཀིན་ཡོད་པ་རེད།་བོད་མི་རིགས་ལ་སེམས་ཁུར་ཡོད་མདོག་གི་གཏམ་རེ་གླེང་ནས་ཕུགས་དེད་ན་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བའི་སྲིད་བྱུས་ཞིག་གི་རྒྱབ་སྐྱོར་བ་ཙམ་ཞིག་རེད། གཞན་ཅང་མ་རེད། ༸་གོང་ས་མཆོག་གི་ཐུགས་རེ་གནང་སངོ་མ་རྒྱ་ནག་ལ་ནང་ཆོས་དང་བོད་བརྒྱུད་ནང་པ་སྤེལ་ཐབས་དེ་རེད།་ཞོགས་དུང་འཇམ་དབྱངས་སྐྱིད་སོགས་ཀྱི་དམིགས་ཡུལ་ངོ་མ་བོད་པ་ཡོངས་རྫོགས་ཆོས་མེད་སྨྲ་བ་ཏང་ཡོན་་རྐྱང་རྐྱང་བཟོ་འདོད་པ་དེ་རེད། ཕུགས་དེད་ན་༸གོང་ས་མཆོག་གིས་བོད་ཀྱི་མ་ཚད་རྒྱ་ནག་ལ་ཡང་ནངཆོལ་སྤེལ་ཐུབ་ན་བསམ་པ་དང་། ར་རྫ་སོགས་མའོ་ཙེ་ཏུང་གིས་རྗེས་འབྲང་པ་ཚོས་རྒྱ་མ་ཟད་བོད་པ་ཡོད་ཚད་དམར་ཕྱོགས་ཚོགས་་པ་བཟོ་ཐུབ་ན་བསམ་པ་དེ་རེད། གཞན་ཅང་མ་རེད་ཡ། སྤོགས་མཐའ་ཡང་སྔོན་མ་ཞིག་དམར་ཤུགས་ཆེན་པོ་་རེད། ཁོང་ཚོའི་སྒྲུབ་བྱེད་ངོ་མ་དེ་་་ད་བལྟས་ཡོང་དུས་1966 ལོའི་དམར་སྲུང་དམག་གི་ཡིག་ཆ་ཁག་གི་ནང་ན་ཁ་གསལ་བྲིས་འདུག
སྐུ་ཞབས་རྫ་ཚེ་རིང་བཀྲ་ཤིས་ལགས།ཁམས་བཟང་། སྐུ་ཉིད་ཀྱིས་གསུང་པ་དེ་འཐད་པ་ཡོད། འཇམ་དབྱངས་སྐྱིད་སོགས་བོད་ནང་གི་བུད་མེད་རྩོམ་པ་པོ་ཡིན་ཟེར་མཁན་སྐོར་ཞིག་ཡོད།འདི་དག་ཚང་མས་བོད་མི་རིགས་ཤ་ཚ་མདོག་དང་སྙིང་ཉེ་མདོག་གིས་བོད་མི་རིགས་ཀྱི་ཚེ་སྲོག་གཅོད་ཐབས་ལ་སྔོན་མ་ནས་འབད་བཞིན་ཡོད།
གལ་སྲིད་མི་རྣམ་དཔྱོད་མེད་མཁན་ཞིག་གིས་ལྟས་ན་བོད་མི་རིགས་ལ་སྙིང་ཉེ་བའི་གཏམ་འདྲ་བོ་ཞིག་ཡོད།ཡིན་ཡང་བསམ་བློའི་ཕུགས་སུ་སྐར་ལྔའི་དར་དམར་འོག་གི་སློབ་གསོ་ལས་ཟུར་ཙམ་ཡང་བརྒལ་ཐུབ་ཀྱི་མེད་ལ།རིག་གནས་གསར་རྗེ་ཡི་འཐབ་རྩོད་ཀྱི་ངོ་བོ་དག་བཤད་སྟངས་ཀྱི་ཚིག་གི་སྒོ་ནས་རང་གི་མི་རིགས་ལ་ཤ་ཚའི་གཏམ་ལ་བསྒྱུར་ཡོད། འདི་ནི་དེང་སང་གུང་ཁྲན་ཏང་གིས་བོད་མི་རིགས་རྨ་མེད་ཀྱིས་གསོད་ཐབས་ཀྱི་ཐབས་ལམ་དེ་ཡིན།ངས་འདི་ལྟར་བཤད་ཚེ་བསམ་བློའི་ཕུགས་རྒྱང་མི་མཐོང་བའི་གཞོན་སྐྱེས་སྐོར་ཞིག་གིས་ངར་ངར་ཞིག་མི་བྱེད་པའི་ངེས་པ་མེད།ཡིན་ཡང་ཚིག་གི་རྒྱབ་ལྗོངས་དང་དམིགས་འབེན་གྱི་ཡུལ་སོགས་རེ་རེ་ཞིབ་མོར་མཐོང་ན་ཤེས་སྲིད།དེ་མིན་རི་བོང་ཅལ་འདྲོགས་ཀྱི་རྗེས་འབྲངས་པ་ཚོས་ལམ་སེང་དོན་དཀའ་བར་གདའ།
གྲྭ་ལོག་ནམ་ནཁའ་ལགས་རི་བོང་ཅལ་འདྲོགས་ཟེར་བ་དེ་ག་འདྲ་ཞིག་ལ་གོ་དགོས་སམ། སྐུ་ཉིད་ཕྱོགས་གཅིག་ལ་མ་གཏོགས་ཡུད་ཆེས་མེད་མཁན་ཞིག་རེད། འཇམ་སྐྱིད་གི་བོད་གི་ཆེད་དུ་ལས་ཀ་མང་པོ་ཞིག་བྱེས་ཡོད་པ་རེད། ཁྱེད་གྱི་གང་བྱེད་ཡོད་དམ། རྫ་བཀྲ་དང་ཁྱེད་ལྟ་བུ་ནི་དྲ་བརྒྱ་ནང་རྟག་རེད་མ་གཏོགས་གང་འཇོན་གྱི་མ་རེད།
རྫ་ཚེ་རིང་བཀྲ་ཤིས་འདི་ནི་ཁྲིམས་ལྡན་སྡེ་སྣོད་འཛིན་པ་མཁས་བཙུན་བཟང་གསུམ་ལྡན་པའི་དགེ་སློང་ཞིག་རེད། མ་ཚད་གནའ་དེང་གི་ཤེས་བྱ་ཚང་མ་ལ་མཁྱེན་པ་དང་ལག་ལེན་ཡང་ཕྱོགས་སུ་མ་ཆད་པའི་བོད་དོན་ལ་ཤ་ཞེན་ཅན་གྱི་དཔའ་རྒོད་ཅིག་རེད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་བསོད་ནམས་མ་ཡིན་ནམ། ར་རྫ་ཅམ་ཡང་ཟེར་བའི་ཡུག་མོ་ར་མ་འདྲ་བོ་འདི། ར་མགོ་ཐོག་བཞག་ན་རིལ་མ་གདོང་ཐོག་ནས་གཏོང་ཟེར་བ་ཅི་མ་བདེན། ཁ་སྔོན་ལབ་དགོན་དུ་སྐར་མ་ལྔ་ལ་སྐད་ཆ་ད་མ་དིག་ཅིག་བཤད་ནས། ད་ཡིན་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་སང་ལ་དགག་ཡིག་འབྲི་བ་ཧམ་པ་ཚ་བ་ལ། ༧གོང་ས་མཆོག་ལ་བོད་ལ་མ་བཞུགས་པ་བཟང་ངོ་མ་གཏོགས་འདི་ཚོས་ཅི་ཟེར་ཧ་གོ་ས་མ་རེད། དོལ་རྒྱལ་སྐོར་གོང་ས་མཆོག་གིས་གསུངས་པ་དང་དགེ་བཅུ་ཁྲིམས་པ་མགོ་མཚུངས་ཡག་པོ་གསུངས་འདུག ཆོས་སྒོ་རྒྱག་པ་དངོས་དེ་ཆོས་མེད་སྨྲ་བའི་ཏང་དང་སྡོམ་དམ་ཚིག་གང་ཡང་མེད་པའི་མི་ནག་དང་མོ་ནག་འདི་ཚོས་ལྷ་ཁང་ནང་ནས་ངུ་འབོད།སྡུག་སྨྲས། མི་དགེ་བཅུ་མཚམས་མེད་ལྔ་བསགས་དགོས་ལབ་ཚོད་ལ་བལྟས་ན་གངས་རིའི་ལྗོངས་ཀྱི་བསོད་ནམས་ཀྱི་ས་མཚམས་ག་ཚོད་ལ་ཐོན་པར་གསལ་བོ་རེད། ངོ་ཚ་མེད་པ་འདི་ཚོས་ད་དུང་བོད་དོན་ཡིན་འདོགས་བཤད་པ་དཀྲུགས་ཤིང་རང་རེད། ར་མོ་འདིས་བླ་རྒན་ཚོར་ལྔ་བཅུ་ང་བརྒྱད་སླར་ཡང་དྲན་ཅི་མི་འདུག་གམ།
དགོད་བྲོ་བ་ལ་རྫ་ཚེ་རིང་བཀྲ་ཤིས་མཁས་བཙུན་བཟང་གསུམ་རེདཟེར། དོལ་རྒྱལ་སྐོར་མོ་ལ་འབྲེལ་བ་ཅི་ཞིག་འདུག་གམ། ཆོས་ལ་དད་པ་མེད་ན་དེ་ནི་མོ་རང་གི་ཐོབ་ཐངས་རེད་མ་རེད་དམ། རང་ཉིད་གྱི་བསམ་ཚུལ་ཕྱི་ལ་སྒྲོགས་ཆོག་པའི་ཐོབ་ཐངས་ཡོད་དགོས་པ་ཤེས་བར་བྱེས། ད་དུང་མཁས་བཙུན་བཟང་གསུམ་ཡིན་ན་ཅིག་ཟེར་ཅི་འདྲིའི་དགོད་སྤྲོལ་བ་ལ།
སྤྱིར་བཏང་རྫ་ཚེ་དེ་མི་རྩ་མ་ཚང་བ་དང་སློབ་སྦྱོང་ནར་མ་སོན་པ་ཞིག་ཡིན་པ་སྔོན་ནས་རྟོགས་ཡོད། ཡིན་ནའང་འཇམ་སྐྱིད་ནི་དེ་ལས་ཀྱང་དཔྱོད་ལྡན་དང་ཤེས་རྒྱ་ཅན་ཞིག་མིན། མདོར་ན་ཁོ་གཉིས་ཀྱིས་རྣམ་རྟོག་ར་མ་ལུག་གི་སྐད་ཆ་ལ་སུས་ཀྱང་ཡིད་རྟོན་དགོས་དོན་མི་འདུག
མཁན་པོ་རྫ་བཀྲིས་ཚེ་རིང་ལགས།
བདེ་མོ།
ཉིད་ནས་འཇམ་དབྱངས་སྐྱིད་ཀྱི་ལྟ་བར་དགག་སྒྲུབ་མཛད་པ་འདིར་ཁྱད་པར་མེད། ཡིན་ནའང་། འཇམ་སྐྱིད་བུད་མེད་ཇི་འདྲ་ཞིག་ཡིན་མིན་ལ་ངས་ངོ་སྤྲོད་ཆུང་ཆུང་ཞིག་མ་བྱས་ན། འདིར་དྲ་འབུ་དེ་ཚོས་དོན་མེད་དཔའ་མོ་དེར་ཁ་རྡུང་གཏོང་བ་འདི་སྙིང་ལ་ན་ཟུག་ཇེ་ཆེ་རེད། འཇམ་སྐྱིད་ཀྱིས་བོད་མི་རིགས་འདི་ཕྱོགས་གང་ཅིའི་ཐད་ནས་བསྒྱུར་བཅོས་བཏང་ནས་རྒྱ་རིགས་ཀྱི་རྗེས་ཟིན་པ་བྱེད་དགོས་པ་དང་དེ་ཡང་། ནང་གི་བསམ་བློ་གཏོང་སྟངས་ཐད་ལ་བསམ་འཆར་འགའ་ཤས་བཏོན་པ་འདི་ལ་འགྲིག་མིན་གྱིས་ཁོང་ནག་བསུབ་གཏོང་བའི་དྲ་འབུ་དེ་ཚོའི་བྱ་སྤྱོད་ནི་ཤིན་ཏུ་མ་རུང་བ་ཞིག་རེད།
༢༠༠༨ལོར། འཇམ་སྐྱིད་རྒྱ་གཞུང་གིས་བོད་མིའི་བདེ་སྡུག་ཕྱི་ལ་འགྲེམ་སྤེལ་གྱི་ཉེས་མིང་ཐོག བཙོན་འཇུག་ཉིན་བརྒྱ་གྲངས་བྱས་ཤིང་། དེ་རིང་ཁོང་ལ་ལུས་སེམས་གཉིས་ཀྱི་སྡུག་གཅོད་བསམ་ཡུལ་ལས་འདས་པ་བཏང་ནས། བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་གཞན་པ་རྣམས་ལ་ར་བསད་ལུག་བརྡར་གྱི་བྱ་ངན་སྤེལ་བ་དེར། དཔའ་མོ་ཁོང་གིས་ཞུམ་མེད་ཀྱི་ཁ་གཏད་བཅག་པ་མ་ཟད། རྒྱ་དམར་གྱི་རྩུབ་སྤྱོད་རྣམས་འཛམ་གླིང་སྤྱི་ལ་ཁྱབ་བསྒྲགས་བྱས་པ་ནི། བོད་ཀྱི་དཔའ་མོ་འོད་ཟེར་གྱིས། བོད་རྒྱ་འོག་ལ་ཤོར་ནས། རྒྱ་གཞུང་གི་རྩུབ་སྤྱོད་གོ་ལ་འདིའི་ཐོག་ལ་ཡ་མེད་དུ་འགྱུར་བའི་སྐབས་ལ། བོད་ཀྱི་ཞིང་པའི་བུ་མོ་ཞིག་གིས་སྲོག་འབེན་ལ་བཙུགས་ནས་ཁོང་ཚོར་ཁ་གཏད་འཇལ་བ་དེ་རྒྱ་གཞུང་གི་བསམ་པའི་ནང་ལ་ཆེས་འཁོར་མ་མྱོང་བའི་གནས་ཚུལ་ཅིག་རེད་ཅེས། འཇམ་དབྱངས་སྐྱིད་གློད་པའི་ཉིན་དེར་གསར་འགྱུར་ཐོག་བཏོན་སོང་། འཇམ་སྐྱིད་ཀྱིས་འུ་ཅག་གིས་སློབ་གསོ་ཆེས་རྗེས་ལུས་དང་། སྤྱི་ཚོགས་ཀྱི་བསམ་པ་ཆེས་གུ་དོག་པ་དང་འཐེན་འཁྱེར་ཆེ་བའི་རྣམ་རྟོག་གི་དྲ་བས་བཅིངས་པའི་ཁོར་ཡུག་དེ་ནས་བོད་མོ་རྣམས་ཡར་སློང་ཐབས་བྱེད་པ་འདི་ལ། གཅེན་གཅུང་མ་ཉུང་བ་ཡོད་པའི་མཁན་པོ་ཁྱེད་ལ་མཚོན་ན་འཇམ་སྐྱིད་ལ་གྲོགས་བྱེད་དགོས་པ་ལས་དགྲ་བོ་ལྟ་བུར་ཁ་གཏད་འཇལ་བ་ནི་ཆེས་མ་རུང་། འབྲོག་ཁྱིམ་དང་ཞིང་ཁྱིམ་གྱི་བོད་མོ་གྲངས་ལས་འདས་པ་ཞིག་ནི་བསམ་བློའི་རྒྱ་སྐྱེད་ཆུང་བ་དང་ཐོས་རྒྱ་ཆུང་བའི་རྐྱེན་གྱིས་གཞན་གྱི་གཡོག་ལ་ཚུད་པ་འདི་ཁོང་ནས་གྲོལ་ཐབས་མཛད་པ་འདིར། མཁན་པོ་ཁྱེད་ལ་དམིགས་བསལ་འབྲེལ་བ་ཡོད་པ་ནི། ཁྱེད་ལ་ཡང་གཅུང་མོ་འགའ་རེ་ཕ་ཡུལ་ལ་ཡོད་པས། ཁོང་རྣམས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་འཇམ་དབྱངས་སྐྱིད་ཀྱི་དེབ་དེ་ཡང་བསྐྱར་ཅིག་ཀློགས་དང་།
འདིར་ཡོང་བའི་དྲ་འབུ་མང་པོ་ཞིག། སྤྱི་ཚོགས་ལ་འགན་འཁུར་མེད་པ། རང་གི་ཕ་ཡུལ་དང་ཕ་མར་བརྩེ་བ་བརླགས་པ། རང་གི་མི་རིགས་ལ་ལ་རྒྱ་མེད་པ། རང་གི་མི་མང་ལ་སྙིང་རྗེ་སྤངས་ཟིན་པའི་གྲྭ་ལོག་དང་བན་རུལ་འབའ་ཞིག་རེད། ཁོང་ཚོ་དང་ཁྱེད་མི་འདྲ་བའི་གནས་སྟངས་མང་པོ་ཡོད། གལ་ཏེ་ཞུགས་གྲལ་གྱི་ཚོགས་གཅིག་ལ་ཁྱེད་ཁོང་ཚོ་མཉམ་དུ་ཞུགས་ན། ཁྱེད་ཀྱི་དྲིན་ཅན་ཕ་མ་དང་། བཀའ་དྲིན་ཆེ་བའི་བླ་མ། དད་འདུན་ཆེ་བའི་ཆོས་གྲོགས། དེ་བས་ཁྱེད་ལ་རེ་བ་བཅོལ་མཁན་གྱི་སློབ་མ་རྣམས་ཀྱི་སེམས་ལ་ཇི་འདྲ་ཤར་རམ། དེར་བརྟེན། ལྟ་བ་དང་ལྟ་སྟངས་ལ་རྩོད་པ་འདི་མཁས་པའི་བྱ་བ་རེད་དེ། གང་ཟག་དང་ཀུན་གྱིས་གོང་ལ་བཀུར་བའི་དཔའ་མོ་ཞིག་གི་ཀུན་སློང་དང་སྤྱོད་པར་ཁ་བརྡུང་བཏང་བ་འདི་འགྲིགས་ཀྱི་མི་འདུག གོང་ས་ཡིད་བཞིན་ནོར་བུས། “འཇམ་དབྱངས་སྐྱིད་ཀྱི་དེབ་དེ་ཀྲུང་དབྱངས་ཀྱི་འགོ་པ་འདི་ཚོའི་མིག་ལ་འཐོན་ཐུབ་པ་བྱེད་པ་ནི་ངེད་ཚོ་རང་དབང་ལུང་པའི་ནང་ལྷག་ཡོད་པའི་བོད་པ་ཚོའི་འགན་ཡིན་གསུངས་པ་ཐོས་ལ། དེ་ལ་བརྟེན་ནས། བུད་མེད་ཚོགས་པས་རྒྱ་གར་ལ་རྒྱ་གཞུང་གི་སྐུ་ཚབ་དང་ཐུག་དུས། འཇམ་དབྱངས་སྐྱིད་ཀྱི་དེབ་དེ་ཁོང་ཚོར་སྤྲད་ཡོད། རྒྱུ་མཚན་ནི་ཁོ་མོའི་དེབ་དེའི་ནང་ལ་བོད་མི་དཀྱུས་མ་ཞིག་གི་རང་གི་མི་རིགས་དང་རང་གི་སྤྱི་ཚོགས་ལ་འགན་འཁུར་ཇི་འདྲ་ཁུར་ཡོད་པའི་གཏམ་དྲང་མོ་འགའ་ཤས་ཡོད་པས་སོ།
ཕུར་ཚེ་རིང་གིས་སྐས་ཆ་དྲང་མོ་འདྲ་བཤད་འདུག་སྙམ་ནས་ཁེར་བགད་བག་ཙམ་ཤོར།
ཐོད་རྒལ་ལགས། གོང་དུ་རྫ་ཚེས་འཇམ་སྐྱིད་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ལ་བསམ་འཆར་རམ་སྐྱོན་བཏོན་པར་དེ་ལ་རྫ་ཚེ་ཁོང་རང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་དཀར་འདོན་བྱས་འདུག དེ་ནི་འོས་པ་ཞིག་མིན་ནམ། དེ་འདྲ་བྱས་པས་རྫ་ཚེ་བོད་སེམས་ཅན་མིན་པའི་ཚོད་དཔག་གནང་ཐུབ་བམ།
དེ་ཡིན་དང་མིན་ཁྱེད་ཀྱིས་གཟིགས། ཁྱོད་ཀྱིས་འཇམ་སྐྱིད་བོད་ཞེན་ཅན་ཡིན་པའི་ཁུངས་གསལ་སྟོན་གནང་བར་དགའ་བསུ་ཞུ། “འདིར་ཡོང་བའི་དྲ་འབུ་མང་པོ་ཞིག། སྤྱི་ཚོགས་ལ་འགན་འཁུར་མེད་པ། རང་གི་ཕ་ཡུལ་དང་ཕ་མར་བརྩེ་བ་བརླགས་པ། རང་གི་མི་རིགས་ལ་ལ་རྒྱ་མེད་པ། རང་གི་མི་མང་ལ་སྙིང་རྗེ་སྤངས་ཟིན་པའི་གྲྭ་ལོག་དང་བན་རུལ་འབའ་ཞིག་རེད” གསུངས་པ་བདེན་མིན་ངས་མི་ཤེས་ཀྱང་བོད་ཕྱི་ནང་གཉིས་སུ་དེང་དུས་ནང་ཆོས་ལ་དགག་རྒྱག་དང་མེས་པོའི་རྐང་པ་འཐེན་མཁན་ལ་སྔོན་མཐོན་ཅན་དུ་ལྟ་མཁན་གང་མང་རེད། ཡིན་ནའང་ཡང་ང་སྒེར་ངོས་ནས་བསམ་ན་དེ་དག་ནང་བོད་ཀྱི་ལ་རྒྱ། བོད་ལ་དུངས་ཞེན་ཅན་ཡང་མང་ཐག་ཆོད་ཡོད་པ་ཡིད་ཆེས་བྱེད་གིན་ཡོད། དེས་ན་དམར་པོའི་ལྟ་བ་འཛིནའང་འདྲ། དམང་གཙོ་བསམ་ཚུལ་ཡོད་ནའང་འདྲ། བོད་པ་ཞིག་གིས་བོད་གཙོ་བོར་བྱས་ཏེ་སྐད་ཆ་ཤོད་དགོས་པ་གལ་ཆེན་དུ་མཐོང་།
རྫ་ཚེ་ལ་མཚོན་ན་་བོད་ཀྱི་ཆབ་སྲིད་ཟུར་ཞིག་རེད། རྒྱ་མིའི་བཙོང་ཁང་ནང་ནས་ལོ་མང་དཀའ་ལས་མྱངས་བ་རེད། ༸གོང་ས་མཆོག་གིས་་ཐའེ་ཝན་ལ་བཏང་བ་རེད་།
འཇམ་དབྱངས་སྐྱིད་ཀྱི་ལོ་རྒྱུ་སེང་རྡོར་དྲ་བའི་ཞབས་མཆན་ལས།
ཡིག་ངོ་ཙམ་ཆོད་པའི་འཇམ་དབྱངས་སྐྱིད་ནི། ཟི་ལིང་གི་བོད་མི་ཡོངས་ཀྱིས་ཤེས་གསལ་དང་སྨོས་གོ་བྱུང་བ་ལྟར་ན་ཨོང་དོ་གཡུག་ནས་གླུ་གཞས་རེ་བཏང་ཚེ་སྐད་ངག་སྙན་མོ་ཞིག་ཡོད་པ་བདེན་ངེས་ཤིང་། བདེན་པའི་དོན་དེའི་མུ་ལ་འཇམ་དབྱངས་སྐྱིད་རང་ཉིད་ཀྱང་འབད་དེ་བསྐྱངས་ན་འབྲས་བུ་ཡང་འེན་ཙམ་འབྱུང་རྒྱུ་ཡིན་པ་སྨྲ་མི་དགོས་མོད། དེ་ལས་ལྡོག་སྟེ་འཇམ་དབྱངས་སྐྱིད་རྩོམ་པ་པོ་ཞིག་གམ་ཡང་ན་བུད་མེད་ཀྱི་ཐོབ་ཐང་གླེང་མཁན་ཞིག་ཡིན་ཟེར་བ་སོགས་ནི། བེའུ་བརྒྱ་ལྷ་མོ་སྐྱབས་ཀྱི་ཉིན་བསམ་མཚན་འབད་ཀྱི་སྐུ་ཚེགས་ལས་བྱུང་བའི་བདག་འབྲས་སུ་མངོན་པར་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་ན། འཇམ་དབྱངས་སྐྱིད་ཀྱིས་ཀྱང་འགན་འཁྲི་མ་འཁྲི་ཟེར་ཞོར་ཁྱོ་གའི་བྲིས་རྩོམ་ལ་རང་མིང་བཀོད་དེ་དགྲམ་རྒྱུར་སོམ་ཉི་ཙམ་ཡང་མེད་པར་མ་ཟད། ད་དུང་རྩོམ་ཡིག་གི་ནང་དུ་བཤད་ཡས་དང་ཁྱོན་ནས་ཟེར་བ་སོགས་མི་མཛའ་བའི་ལྷ་སའི་ལུང་སྐད་རེ་གཉིས་བཏུས་ཏེ་འགོད་ཁུལ་ཡང་བྱེད། བོད་ནི་མ་གཞི་ནས་ཤས་རབ་ཆུང་བའི་ཁར་བོད་ཀྱི་བུད་མེད་རྣམས་དེ་ལས་ཀྱང་སྐྱོ་ལ་ཁྱད་པར་དུ་འཇམ་དབྱངས་སྐྱིད་ཀྱི་སྐྱེ་ཁུངས་བྱེ་ཡུལ་སྐྱ་བོ་དེ་ན་བོད་ཀྱི་རིག་གནས་མེད་ཁར་མི་རྣམས་རང་བཞིན་གྱིས་རྒྱ་སྲོལ་རོལ་བའི་འཚོ་བ་དུས་རབས་གོང་མའི་དུས་དཀྱིལ་རོལ་ནས་ཡོང་བའི་རྒྱ་མ་བོད་ཅིག་ཡིན། རྒྱ་མ་བོད་ཀྱི་ཡུལ་གྲོང་དེ་ནས་འཇམ་དབྱངས་སྐྱིད་བེའུ་བརྒྱ་ལྷ་མོ་སྐྱབས་དང་འཕྲད་པ་ནས་བསོད་ནམས་གློ་བརྡོལ་གྱིས་རྩོམ་པ་པོ་ཞིག་ཏུ་གྱུར་པ་མ་ཟད། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་གླེང་རྩོད་མཁན་ཞིག་ཏུ་གྱུར་པ་ཡིན་སྐད། བྱང་སྐར་དང་། ཞོགས་དུང་། འགྱན་སངས་དོན། སྨན་བླ་སྐྱབས་སོགས་ཀྱིས་བསྒྲགས་ཤིང་གཅོ་ཀླུས་བཀྲམ་པས་ད་ནི་བྱིས་པ་འགའི་ཅལ་འདྲོག་གི་ཨ་གསར་ངོ་དང་། ཡིག་རྩ་མི་ལེགས་པའི་རྫ་ཆུ་ཁའི་རི་གསེབ་ཀྱི་འབྲོག་དགོན་རེ་ཟུང་ན་འཇམ་དབྱངས་སྐྱིད་ལ་བོད་མོ་རྩོམ་པ་པོ་དང་། བུད་མེད་ཀྱི་ཐོབ་ཐང་གླེང་མཁན་ཞེས་གདགས་ཤིང་། གཟའ་ཚུགས་མེད་པའི་འུར་ཞོགས་ལངས་ཏེ་བོད་ཀྱི་རིག་གནས་ལ་བླུན་པོའི་འདོམ་ཐིག་བཏབ་ནས་འདི་ལས་འདི་འབྱུང་གི་འབྲས་བུ་འབྱུང་ཐག་བཅད་དེ་དེ་ལུགས་ཀྱིས་བརྟུན་པ་སྐྱེད་པ་མཐོང་། འཕྲོ་མར་གཟིགས། ཚན་པ་དང་བོའི་འཕྲོ། འཇམ་དབྱངས་སྐྱིད་ཀྱིས་ཀྱང་རྨ་ཆུའི་གདུ་བྷེ་དང་། མགོ་ལོག་ཟླ་བྷེ། རྫ་ཆུའི་དར་མཚོ། གསེར་རྟའི་ཚུལ་ཁྲིམས་འོད་ཟེར་དང་ཚུལ་ཁྲིམས་སོགས་རང་ཚོད་མི་ཟིན་ལ་གཞན་ཚོད་མི་ཤེས་པ་ཚོ་ལྟར་གླུ་མའི་གོ་ས་གཡུགས་ནས་རྩོམ་པ་པོ་དང་མོ་དབང་རང་ལུགས་པ་ཟེར་བ་བོད་ཀྱི་བརྡ་ལ་མི་མཛེས་ཤིང་ཐ་སྙད་གདགས་མི་ཤེས་པའི་རིགས་ཀྱི་རྐུབ་ལ་འབྲངས་ནས་ཡིན་མདོག་ཡོད་མདོག་མང་དུ་བྱེད། མ་གཞི་བྱང་སྐར་ནི་ཁ་དབུགས་ཚུན་ཆད་འགན་འཁྲི་དང་། རྨང་གཞི་ནས་འགོ་རྩོམ་དགོས་རབས་བཤད་དེ་བཤད་པ་དེ་ལ་ཉི་མས་མ་འདང་ལ་ཁད་དུ་འབད་པ་མ་ཡིན་ནམ། ཅིའི་ཕྱིར་རང་གི་རྒན་མོའི་རྫུབ་རྐུབ་ལ་ཚིག་གི་ལྷན་གཡོག་སྟེ་གཞན་གྱིས་མི་མཐོང་བར་བྱེད། དོན་དམ་དུ་བུད་ཀྱི་ཐོབ་ཐང་ནི་རྩོད་རྒྱུ་ཞིག་ག་ལ་ཡིན། རྒྱལ་ཁབ་གཞན་གྱི་ལོ་རྒྱུས་སྟེང་བྱུང་བའི་བུད་མེད་ཀྱི་འོས་ལངས་རེ་གཉིས་མཐོང་བ་ཙམ་གྱིས་འདི་ན་རྩོད་རྒྱུ་ཞིག་འདུག་སྙམ་ནས་བོད་མིའི་རྩོད་ལ་དགའ་བའིགཤིས་ཀ་ཙམ་སྟོན་སླད་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུ་ཡིན། རང་ཉིད་ཀྱི་ཁྱིམ་ཚང་ནས་འགོ་བརྩམས་ཏེ་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུ་ཡིན་ཟེར་ཏེ། གཡམ་ལ་བརྒྱུགས་ཤིང་ངོ་སོ་བྱེད། བུད་མེད་ཀྱི་སྐྱེ་ཁམས་ཀྱི་ཆོས་ཉིད་ལས་བརྩམས་ལྡོག་མང་འདྲི་མང་བོ་ཞིག་ངས་བྲིས་ཀྱང་ར་རྫ་མས་མི་གོ་བས་དེ་ལ་འབྲས་བུ་མེད་ཀྱང་། དོན་དམ་དུ་ར་རྫ་མས་རང་གི་ཤེས་ནུས་དང་འཇོན་སྟོབས་ལ་དཔགས་ཏེ་རང་ཚོད་ཀྱི་གཏམ་དང་རྒྱུ་ཚོད་ཀྱི་གོས་གྱོན་ན་མི་ལེགས་སམ། སླད་ཆད་ད་དུང་མོ་ནི་བོད་མོའི་ཐོབ་ཐང་རྩོད་མཁན་ཞིག་དང་། མོ་དབང་རང་ལུགས་པ་ཞིག་ཡིན་ཞེས་ཅ་ཅོ་འབྱིན་པ་རྒྱུན་མི་འཆད་ན་ངས་ཀྱང་ཞིབ་དཔྱོད་གཏན་ཚིགས་ལྡན་པའི་བྲིས་རྩོམ་མང་དུ་དགོད་པར་བྱ་ཡི་སྨོས་པའི་གཏམ་ལ་ཨ་ལན་དང་། བྲིས་པའི་རྩོམ་ལ་དཔྱོད་ལན་བགྱི་བ་ལས་མདང་ནུབ་ལྟར་ཞབས་མཆན་བཏགས་པ་ཙམ་གྱིས་སྙིང་རླུང་སྟོད་འཚང་གིས་དེ་མ་གཞན་གྱིས་མི་མཐོང་བར་བྱས་ཏེ་རང་གིས་བསུབས་པ་པའམ་གཞན་ལ་གསུབ་ཏུ་འཇུག་པ་ནི་གཏུ་ཐུག་ཡིན། དོན་དམ་དུ་ང་ལ་གྲོགས་པོ་མང་བོ་ཞིག་གིས་འཇམ་དབྱངས་སྐྱིད་ལྟ་བུ་ཞིག་གི་ཁ་བསྔོགས་ནས་འདུག་རྒྱུར་ཁྱོད་མི་བསུན་ནམ། ངོ་མ་སྨྱོས་པ་རེད། ཟེར། འོན་ཀྱང་ཤེས་རབ་ལ་སྦྱོང་བརྡར་མ་ཐོབ་པའི་མི་འདི་རིགས་ལ་ངས་རང་ཉིད་ཀྱི་ལྟ་ཚུལ་ཙམ་བཏོན་པར་གྲོགས་པོ་མང་བོས་ཐུགས་བསམ་དེ་ལྟར་བཏང་ཡོད་པ་ངས་གཏན་ནས་མ་ཚོར།
“ཡིག་ངོ་ཙམ་ཆོད་པའི་འཇམ་དབྱངས་སྐྱིད་ནི།”འདིར་ཡིག་ངོ་ཆོད་དང་མ་ཆོད་ཀྱི་སྐད་ཆ་མ་རེད། དོན་ལ་འཇམ་དབྱངས་སྐྱིད་ཀྱིས་ཆོས་ལ་བསྙད་ནས་མི་མང་ལ་མནར་གཅོད་གཏོང་ན་མི་ཆོག་ཅེས་པ་རེད། དེ་བདེན་དང་མི་བདེན་སོ་སོས་དཔྱོད། དེ་ལ་རྫ་ཚེས་མནར་གཅོད་གཏོང་བ་མ་རེད། སྔ་མོའི་ལམ་དང་ལུགས་སྲོལ་རེད་ལ་དོན་ལ་མི་མང་ཁོ་རང་ཚོར་ཕན་རྫས་ཤིག་རེད་ཅེས་བཤད་པ་རེད། དེ་བདེན་ནམ་མི་བདེན་སོ་སོས་དཔྱོད།
དེ་མིན་”རྫ་ཚེ་དེ་མི་རྩ་མ་ཚང་བ་དང་སློབ་སྦྱོང་ནར་མ་སོན་པ་ཞིག”དང་”ཡིག་ངོ་མི་ཆོད་པའི་འཇམ་དབྱངས་སྐྱིད་”སོགས་སྒེར་ཇི་འདྲ་ཡོད་མེད་ང་ཚོས་བརྟག་ཏུ་མི་རུང་ལ། བརྟག་མི་ནུས། བརྟག་དཀའ། བརྟག་ན་སྙིང་པོ་མེད་པ་མ་རེད་དམ།
མེ་ཏོག་དཀར་པོ་ལ་ཡང་དམར་ཤུགས་ཆེན་པོ་ཡོད་ས་རེད། དེང་སང་བོད་པའི་བཞོན་སྐྱེས་ནང་ན་དམར་ཤོག་པ་མང་པོ་རེད།
ཡོད་ཚད་མགོ་རྟིང་ལོག་སྟེ་དམར་ཤོག་པའི་དབང་ཆ་མ་གཏོགས་ལྷག་མེད།
མཁས་དབང་ཆེན་མོ་་་ཀླུ་མཁར་བྱབས་ཀྱིས་ཞལ་གསུང་དྲོན་མོ།
ད་ལྟའི་ཆར་རྒྱ་ནག་སྤྱི་ཚོགས་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་འགལ་བ་སྣ་ཚོགས་ཤིག་ཛ་དྲག་ཏུ་འགྲོ་བཞིན་པ་མ་ཟད། དམར་ཤོག་ནང་ཁུལ་དུ་ཁྱོད་ཤི་ང་གསོན་གྱི་དབང་ཆའི་འཐབ་རྩོད་ཡོང་བཞིན་པར་བརྟེན། འགལ་རྐྱེན་དེ་དག་ལ་བརྟེན་ནས་མ་འོངས་པའི་ལོ་བཅུའི་ནང་རྒྱ་ནག་ནང་འགྱུར་བ་ག་འདྲ་ཞིག་བསླེབ་ཐུབ་མིན་དེ་སྤྱི་ཚོགས་ཉམས་ཞིབ་པ་དག་གི་མདུན་དུ་ལྷག་པའི་དྲི་བ་ཞིག་ཆགས་ཡོད། གནད་དོན་དེའི་ཐད་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། ད་ལྟའི་ཆར་རྒྱ་ནག་སྤྱི་ཚོགས་ལ་འགྱུར་བ་སླེབ་ཐུབ་མིན་གྱི་གནད་འགག་གང་ལ་ཐུག་ཡོད་པར་དགོངས་ཀྱི་ཡོད་དམ།
ལན། རྒྱ་ནག་དམར་ཤོག་གིས་དབང་ཆ་བཟུང་སྟེ་ལོ་ ༦༠ ཕྱིན་པའི་རིང་འགྱུར་བ་སྣ་ཚོགས་ཕྱིན་པ་དང་། ཛ་དྲག་གི་དོན་རྐྱེན་མང་པོ་བྱུང་བ་རེད། རིག་གནས་ཤིག་གི་ངོས་ནས་བཤད་ན། སྔོན་ཆད་ཀྱི་རྙིང་བཞི་རྩ་གཏོར་ནས་དེང་གི་རུའུ་ལུགས་བསྐྱར་གསོ་བྱས་ཏེ། རྒྱའི་སྲོལ་རྒྱུན་རིག་གནས་ཀྱི་ཞི་བའི་སྟོབས་ཤུགས་སྤེལ་དགོས་ཟེར་བ་ལྟ་བུ་ངོས་འཛིན་རང་བཞིན་མགོ་རྟིང་ལོག་པ་དང་། ཆབ་སྲིད་ཀྱི་འབོད་ཚིག་ཐོག་དེ་སྔའི་གྲལ་རིམ་འཐབ་རྩོད་ནས་ད་ལྟའི་འཆམ་མཐུན་སྤྱི་ཚོགས་བར་བཤད་སྟངས་མགོ་རྟིང་ལོག་པ། དཔལ་འབྱོར་སྒང་ནས་འཆར་གཞིའི་དཔལ་འབྱོར་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཟེར་བ་དང་། ཐོན་སྐྱེད་རྒྱུ་ཆ་སྒེར་ལ་འགན་ལེན་བྱེད་བཅུག་པ་སོགས་བྱེད་སྟངས་མགོ་རྟིང་ལོག་བསྡད་པ་གསལ་པོ་རེད། མདོར་ན། ཡོད་ཚད་མགོ་རྟིང་ལོག་སྟེ་དམར་ཤོག་པའི་དབང་ཆ་མ་གཏོགས་ལྷག་ཡོད་པ་མ་རེད། ད་ཆ་དྲག་པོའི་གསར་བརྗེ་བྱུང་ནས་སྲིད་དབང་མགོ་རྟིང་སློག་རྒྱུའི་དཀའ་གནད་དེར་ཐུག་བསྡད་འདུག གཞན་ཚང་མ་རང་གིས་རང་ལ་བསྙོན་འབྱིན་རང་བཞིན་གྱིས་མགོ་རྟིང་ལོག་པར་བརྟེན། འདུམས་བདེ་པོ་ཆགས་ཟིན་པ་རེད།
དྲི་བ། མ་འོངས་པར་རྒྱ་ནག་དེ་ལམ་ཁ་ག་འདྲ་ཞིག་ལ་འགྱུར་ལྡོག་འགྲོ་སྲིད་པར་དགོངས་ཀྱི་ཡོད། དཔེར་ན་དྲག་པོའི་གསར་བརྗེ་སློང་སྲིད་དམ།
ལན། རྒྱ་ནག་གཞུང་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆེ་ཤོས་ནི། ཆབ་སྲིད་རུལ་སུངས་ཀྱིས་དཔལ་འབྱོར་རུལ་སུངས་ལ་སྐུལ་འདེད་བྱས་ཏེ་སྐྱ་འཐབ་ཡོང་དུས། གཞུང་རང་ངོས་ནས་དེ་འགོག་རྒྱུའི་ནུས་པ་རྩ་བ་ཉིད་ནས་མེད་པས། སྲིད་དོན་རིག་པའི་ཉམས་མྱོང་ངོས་ནས་བཤད་ན། དེར་ཁ་གཏད་གཅོག་ཐབས་ནི་གཞུང་གི་སྟངས་འཛིན་ལས་བ་བརྒལ་བའི་མང་ཚོགས་རང་བཞིན་གྱི་ངོ་རྒོལ་གྱིས་གཞུང་མགོ་རྟིང་སློག་རྒྱུ་དེ་རེད། མགོ་རྟིང་ལོག་སྟངས་ཀྱི་ཆ་ནས་ཧྥ་རན་སིར་དྲག་པོའི་གསར་བརྗེ་དང་། ཨ་རབ་ནང་མི་མང་གིས་གཞུང་མགོ་རྟིང་སློག་བཞིན་པའི་ལམ་ཁ་དེར་རྒྱ་ནག་འགྲོ་གི་རེད་བསམ་གྱི་འདུག ང་ཚོས་ཤེས་ཐུབ་ཀྱི་མེད་པ་དེ་ནི་དུས་ཚོད་རེད། མི་མང་གི་སེམས་ཀྱི་ན་ཟུག་དེ་རྣམ་འགྱུར་ག་འདྲ་ཞིག་གི་ཐོག་ནས་ཕྱིར་སྟོན་མིན། ན་ཟུག་ས་ཁར་བུད་པའི་སྒང་ལ་ཅི་ཞིག་བྱེད་མིན་སོགས་རེད།
དྲི་བ། ཚོགས་ཆེན་བཅོ་བརྒྱད་པ་འདི་དང་འབྲེལ་ནས་རྒྱ་ནག་ནང་འགྱུར་བ་དེ་འདྲ་བསླེབས་སྲིད་ཀྱི་རེད་དམ།
ལན། ཚོགས་ཆེན་བཅོ་བརྒྱད་པའི་སྔ་རྗེས་སུ་རྒྱ་གཞུང་གིས་མི་སེམས་འཁྲུལ་རྒྱུའི་ཆེད་དུ། ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐོར་ཁ་གཡང་སྒྲོག་གིན་འདུག་མོད། བསྒྱུར་བཅོས་དེ་འཛིན་སྐྱོང་གི་སྙོམས་སྒྲིག་ཙམ་མ་གཏོགས། རྩ་དོན་རང་བཞིན་གྱི་འགྱུར་བ་གང་ཡང་མ་རེད། མ་གཞི་རྒྱ་ནག་ལ་འགྱུར་བ་མ་བཏང་བར་འདི་མུར་ཕྱིན་ན། རྒྱུན་ལྡན་མིན་པ་ཚང་མས་མ་ཤེས་པ་གཏན་ནས་མ་རེད། འོན་ཀྱང་། ཨ་རི་གཙོས། ནུབ་ཕྱོགས་ཀྱི་ཆབ་སྲིད་ལག་འབྲེལ་གྱི་ཚོང་པ་ཚོར་མཚོན་ན། རྒྱ་ནག་མགོ་རྟིང་ལོག་པའི་འགྱུར་བ་ཕྱིན་ན་རེད། ཞི་བའི་རིམ་འགྱུར་བྱུང་ན་རེད། འགྱུར་བའི་མཇུག་འབྲས་ཁོ་རང་ཚོའི་ད་ཡོད་ཁེ་ཕན་དང་། མ་རྩ་བཙུགས་ཡོད་པ་དེར་དོ་ཕོགས་འབྱུང་མིན་གྱི་གནས་སྟངས་ཐད་གསལ་ཁ་མེད་སྟབས། ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་ཐོག་ཁ་ཡོད་ལག་ཡོད་ཀྱི་སྐུལ་འདེད་གཏོང་རྒྱུའི་ཚབ་ཏུ། དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་བཤད་ཞོར་དོན་གྱིས་རྒྱ་དམར་གཞུང་གི་སྲིད་དབང་སྒེར་གཅོད་ལ་རམ་འདེགས་བྱེད་ཀྱིན་པ་རེད། ཕྱི་ནང་གི་གནས་ཚུལ་དེ་ཚོར་བརྟེན། ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འགྱུར་བ་འདི་འདྲ་ཞིག་ཡོང་གི་རེད་ཟེར་ནས་འཛམ་བུ་གླིང་ལ་ལྟ་ཕྱོགས་གསར་པ་ཞིག་ཡོད་པ་མ་རེད། ང་ཚོ་བོད་པ་གཙོས་མི་རིགས་གནད་དོན་ཐོག་ནས་བལྟས་པ་ཡིན་ནའང་། ཚོགས་ཆེན་འདི་དང་བསྟུན་ནས་འགྱུར་བ་ཐེབས་ཡོང་གི་རེད་བསམ་པའི་ལྟ་ཚུལ་ཡོང་སའི་གཞི་ལྷག་ཡོད་པ་མ་རེད། མདོར་ན་རྒྱ་ནག་གི་འགྱུར་བ་དེ་དམངས་ཀྱི་ངོ་རྒོལ་ནས་འོང་རྒྱུ་ཤིག་ལས། གཞུང་འབྲེལ་གྱི་ཚོགས་འདུ་ལ་རེ་བ་རྒྱག་ས་ཡོད་པ་མ་རེད།
དྲི་བ། རྒྱ་གཞུང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་སྟབས་བསྟུན་ནས། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོས་ཡིད་གཟབ་དང་དམ་འཛིན་བྱེད་དགོས་པ་ག་རེ་འདུག
ལན། ཕྱོཊ་འགར་བསམ་བློ་གཏོང་ཆོག་གི དཔེར་ན། ཚོཊ་ཆེན་སྐབས་གསར་འགོད་པ་མང་པོས་པེ་ཅིན་ལ་བལྟས་ཡོད་སྟབས། སྐབས་དེར་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་མི་གཙོས། ཚང་མ་མཉམ་འབྲེལ་ཐོག་བློས་གཏོང་གིས་ཕར་རྒོལ་བྱ་རྒྱུ་ནི་ཕྱོཊ་གཅིག་རེད། འོན་ཀྱང་། ད་ལྟའི་ཆར་རྒྱ་འོག་གི་གྲངས་ཉུང་མི་རིགས་ཁག་ལ་མཚོན་ན། མདུན་བསྐྱོད་དང་རྒྱབ་བཤོལ་ཉིས་ཆ་དཀའ་ངལ་ཆཊ་ཡོད་ལ། རྒྱ་གཞུང་གིས་ལོ་རྒྱུས་རང་བཞིན་གྱི་ཚོཊ་ཆེན་ལ་གཏོར་སྐྱོན་གཏོང་གི་འདུག་ཅེས་པ་སོཊ་ལ་ཁ་གཡར་ཏེ། མི་རིཊ་ས་ཁུལ་ལ་དམག་དྲངས་ནས་ཐད་གར་དྲག་གནོན་བྱེད་སྲིད་པས་གཟབ་གཟབ་བྱེད་དགོས་པ་རེད། ཡང་དེ་མ་ཡིན་པ་ཞིག་ལ་བསམ་བློ་བཏང་ན། ཚོཊ་ཆེན་ལ་ཞུཊ་མཁན་བོད་པར་མཚོན་ན༼ཏང་ཡོན་༽མི་གྲངས་ ༣༠ ཙམ་ཡོད་ཚོད་འདུག དེའི་ནང་སློབ་སྦྱོང་མེད་མཁན་རེ་འགའ་སྟག་ལྦཊ་གཟིག་ལྦཊ་གྱོན་ནས་པར་རྒྱག་སར་ཁྲིད་འགྲོ་གི་ཡོད་པ་ཚོ་ཕུད། ཁ་ཤས་ལ་དབང་ཆ་གང་ལ་གང་འཚམ་ཡོད་མཁན་དེ་འདྲ་ཡོད་པ་རེད། བྱུང་ན་ཚོཊ་ཆེན་ལ་ཞུཊ་མཁན་གྱི་བོད་རིཊ་ཚང་མ་སྡེབས་གཅིག་ལ་ཕྱིར་བཤོལ་རྒྱག་ཐུབ་ན་སྐད་གྲགས་བཞག་པ་རེད་དེ། ད་ལྟའི་ཆར་གནས་ཚུལ་འདི་འདྲ་ཁག་པོ་རེད། དེ་ལྟར་མ་བྱུང་ཕྱིན། ཚོཊ་ཆེན་ལ་ཞུཊ་མཁན་གྱི་འཐུས་མི་ཚོར། རང་གི་ས་གནས་ས་ཐོག་གི་གནས་ཚུལ་ཡར་ཞུ་གནང་རོགས་ཟེར་ནས། མི་མང་གིས་སོ་སོའི་ས་གནས་ཀྱི་ཚོཊ་ཞུཊ་པ་ཚོར་འབོད་སྐུལ་ཞུས་ནས་སུན་པོ་བཟོ་དགོས་པ་རེད། ཁོང་ཚོའི་ཡར་ཞུ་ལ་གོང་རིམ་ནས་ཁ་ཡ་བྱེད་མིན་ནི་གནས་ཚུལ་ཐ་དད་རེད།
གསར་འགོད་པ། ཚེ་རིང་རྒྱལ།
ང་དམར་པོ་ལ་དགའ་བ་ཡིན་ན་སྐྱོན་ཅི་འདུག་སྨོས་དང་།
ཁྱེད་ཚོའི་གྲས་ན་འཇམ་དབྱངས་སྐྱིད་གླེང་སློང་ཐུབ་མཁན་གཅིག་ཀྱང་མི་འདུག དཀའ་ལས་མ་རྒྱག
འཇམ་དབྱངས་སྐྱིད། ཟེར་ན། སུ་རེད་དམ། ལགས།
ཚེ་རིང་བཀྲ་ཤིས་ལགས། ངས་ཁྱེད་ལ་ཅིག་བཤད་འདོད་པ་དེ་ཁྱེད་སྒེར་གྱི་བསམ་བློ་གཏོང་སྟངས་དེ་དང་དེ་འབྲེལ་གྱི་བསམ་འཆར་ཞིག་ལས་ས་སྐྱ་གོང་མའི་ཁྱིམ་ཚང་ལ་དམའ་འབེབས་སྤྱད་ཅིག་གང་ཡང་མིན།
ད་ཁྱོད་ཚོས་སུ་ཞིག་དམར་ཤོག་ཡིན་མིན་བཤད་བསྡད་ནས་ཅི་བྱེད། གོང་ས་མཆོག་གིས་ཀྱང་དམངས་གཙོ་དང་དམར་ཤོག་ཀྱི་དཔལ་འབྱོར་ལམ་ལུགས་བསྡུར་ན་དམར་ཤོག་དེ་ཡག་ག་འདུག དམར་ཤོག་གི་དཔལ་འབྱོར་ལམ་ལུགས་དེ་ལ་སྙིང་རྗེའི་གཞི་རྩ་འདུག་ཅེས་དང་། ཡང་ཁོང་གིས། ང་ཕྱེད་ཀ་ནང་པ་དང་ཕྱེད་ཀ་དམར་ཤོག་ཡིན་གསུངས་ཚུལ་ཡང་ཐོས། ང་ཚོ་བོད་ལ་རང་དབང་དགོས་པ་རེད། བོད་འདི་དམངས་གཙོ་དམར་ཤོག་གང་དུ་གྱུར་རུང་ཁྱད་པར་སྤུ་ཙམ་ཡང་མེད། ཐོག་མར་རྒྱ་ནག་ལ་དམར་ཤོག་སླེབས་སྐབས་རྒྱ་ནག་གི་ནང་པ་ཚོས་དམར་ཤོག་པ་འདི་ཚོ་ནང་པའི་ལྟ་གྲུབ་དང་མཐུན་པོ་འདུག་བསམ་ནས་མཉམ་འབྲེལ་བྱས། ཐ་མ་མའོ་ཙེ་ཏུང་སོགས་ཀྱིས་དམར་ཤོག་གི་དམ་ཚིག་མ་བསྲུངས་ནས་བཙན་འཛུལ་བ་དང་གཉའ་གནོན་པ་བྱས་པ་རེད།
ལགས། ད་ག་རང་གསུངས་སོང་། ༸གོང་ས་མཆོག་གིས། ང་རང་ཕྱེད་ཀལ་མག་སི་ཡི་དམར་པོ་དང་། ཕྱེད་ནང་པ་ཡིན་ཞེས་ཕྱེད་ཀུ་རེ་དང་སྦྲགས་གསུངས་པ་མ་ཟད།
འཛམ་གླིང་ནང་གི་དཔལ་འབྱོར་བཟོ་སྟངས་དེ་ཀེ་པ་ལི་སམ་དང་། ཚང་མར་ཆ་མཉམ་གོ་བགྲེམ་བྱེད་སྟངས་དམར་པོ་ལྟར་དགོས་པ་ཡང་གསུང་བགྱིད་འདུག་པ་ཅིག་དྲན་ནོ། །
སུ་ཞིག་དམར་ཤོག་ཡིན་མིན་དེ་གལ་ཆེན་པོ་མ་རེད། དམར་ཤོག་དེ་སྡུག་པོ་གང་ཡང་མ་རེད། ཁ་རལ་མར་ཁི་སིའི་ལྟ་གྲུབ་དེ་ནུབ་ཕྱོགས་མཚན་ཉིད་རིག་པ། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ་སོགས་གང་ཐད་ནས་རྩ་བ་ཆེན་པོར་རྩི་བཞིན་འདུག
སྤོབས་པ་མཐས་ཡས་ཟེར་བས་དམར་ཤོག་པ་ཡིན་ཟེར་བའི་ནང་དོན་གང་རེད་ཟེར་ན། སྡོམ་པ་སྲུང་མི་འདོད་པ་དང་གཅིག བན་དེ་ལོག་ན་སྡུག་ཅག་ཅིག་མིན་པའི་ལྟ་བ་ཙམ་རེད གཞན་པའི་དམིགས་ཡུ་གང་ཡང་མེད་པ་དེ་ངས་ཤེས་ཡ། ཁྱེད་རང་གིས་སྡོམ་པ་ཤོར་བ་ཙམ་དམར་ཤོག་གཙོ་མི་གཙོ་དང་འབྲེལ་བ་ཡོད་མ་རེད། བོད་ལ་ཡོད་པ་ཆོས་རེད། དེ་མེད་ན་འགྲིག་གི་རེད་བསམ་པ་ནི་དར་དམར་འོག་གི་རྒན་པོ་མའོ་ཅན་གྱིས་རྗེས་འབྲང་བ་གཙང་མ་ཞིག་རེད་གཞན་ཅང་མ་རེད།
སྐུ་ཞབས་མགོན་པོ་ལགས། ངའི་དམིགས་ཡུལ་གང་ཡིན་རུང་ཡིན། བོད་ལ་དམར་ཤོག་ཡོད་མི་རུང་བའི་རྒྱུ་མཚན་ཡོད་ན་ཤོད་ཤོག
བོད་ལ་ཡོད་ནི་རེད་། 1949 ནས་ད་བར་དུ་ཡོད་ཡོད་པ་རེད། ༡༩༦༦ལོའི་ལས་འགུལ་སྐབས་སུ་མང་པོ་བྱུང་བ་རེད་ད་རུང་དེ་ཚོ་བུ་ཕྲུག་དང་བཅས་པ་ཡོད་ཡོད་པ་རེད། དར་དམར་འོག་ན་སེམས་པ་སྤྲོ་ལྷང་ལྷང་ཅན་མང་ནི་རེད།
ཚན་རིག་དང་ཆོས་ལུགས། དམངས་གཙོ་དང་དམར་ཕྱོགས་ལམ་ལུགས་གང་ཡིན་རུང་རྩ་བའི་ཆ་ནས་ཡག་པོ་ཡོད་པ་རེད། འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུས་གསུམ་གྱི་གཞན་དབང་གྱུར་བ་ཡིན་སྟབས་བདེན་པ་གཙོ་བོ་དང་དྲང་བདེན་གཙོ་བོ་ཡིན་མིན་ནི་ལག་ལེན་དངོས་ཀྱི་ཐོག་ནས་ཐག་ཆོད་བྱེད་གི་ཡོད་པ་རེད། དེ་ཡང་དུག་གསུམ་གྱི་གཞན་དབང་དུ་མ་སོང་བའི་གཞན་ཕན་དང་སྙིང་རྗེ། ཡང་དག་པའི་བློ་གྲོས་ཀྱིས་ཐག་ཆོད་བྱེད་དགོས་པ་རེད།
བོང་རྫིས་ཁྱེད་ཚོ་ལ་གོ་་བརྡ་སྤྲད་ཡོད་རེད་། ཏང་གི་མིག་ཤེལ་གྱོན་ནས་བལྟས་དུས་ཡོད་ཚད་དམར་པོར་སྣང་བ་རེད་། མདོར་དེད་ན་ལས་སྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་པ་ཙམ་རེད། དམྱལ་བ་ཡོད་མ་རེད་བསམ་ཡོད་རེད། ག་རེ་བྱས་ཀྱང་སྐྱོན་ནི་མ་རེད་བསམ་པ་ཙམ་ཞིག་རེད། ་་་་་་་་་་་་་་་་་་་་་་་་་་ས་སྐྱའི་གདུང་སྲས་རྩ་ཆེན་པོ་ཡིན་པ་མི་ཤེས་པ་ཡང་ཏང་གི་ལྟ་བ་དག་མ་ཞིག་རེད་མ་གཏོགས། དཔལ་ས་སྐྱའི་གདུང་བརྒྱུད་ལ་རྩ་ཆེན་དུ་མི་བརྩི་དོན་གང་ཡང་ཡོད་མ་རེད་ཞི་ལི།
རྒྱུ་མཚན་བཤད་ན་བོད་ལ་ཁ་ཆེ་ཡོད་མི་ཆོག་དོན་ཡོད་མ་རེད་ལབ་པ་དང་གཅིག་པ་རེད། ་་པ་ཀི་སུ་ཐན་དང་ཨི་རག་ནང་ལ་་ནང་པ་ཡོད་མི་ཆོག་དོན་ཡོད་མ་རེད་དེ་། མི་འདུག་པ་ལ་རྒྱུ་མཚན་ལོས་ཡོད་རེད། ཤ་ཉེ་ལོ་ལོ། སྤྲོ་མ་ཁོལ་གོ
རེད་ཡ། བོད་ལ་ཁ་ཆེ་ཡོད་མི་ཆོག་པ་ཅི་ཡོད། ཆོས་དད་རང་མོས་བརྗེད་སོང་ངམ།
ཐོལ་རྒལ་ལགས་བཀའ་དྲིན་ཆེ་ཤིན་དུ་ཡག་པོ་ཞིག་བྲིས་འདུག། དྲ་འབུ་དྲ་ལོག་ཁ་ཤས་ཞིག་ནམ་ཡིན་ལ་མི་ལ་སྨ་སྨོད་བྱེད་རྒྱུ་ཧ་ཅང་དགའ། དཔའ་མོ་འཇམ་སྐྱིད་ནི་དཔའ་མོ་རང་རེད་བོད་ཀྱི་སྤྱི་ཚོགས་ནང་དུ་མོ་ལྟ་བུ་བུ་མེད་དཔའ་མོ་ཞིག་ད་ལྟ་བར་དུ་བྱུང་ཉུང་མེད། ལྷག་པར་དུ་གྲ་ལོག་འགའི་ཕྱོགས་གཅིག་མ་གཏོགས་ནམ་ཡང་ཤེས་ཀྱི་མ་རེད། དེ་ནི་སྤྱི་ཚོགས་ཀྱི་བརྒྱ་ཆ་གཅིག་ད་དུང་སིན་མེད་ལྷག་མ་བརྒྱ་ཆ་དགུ་བཅུ་གོ་དགུ་ག་རེ་ཡིན་མིན་ཁོང་ཚོས་ཤེས་ཀྱི་མ་རེད་ལ་ཤེས་འདོད་རུང་མགོའི་ནང་དུ་ཤོང་གི་མ་རེད།
པད་མ་འཕྲིན་ལས་ལགས། མོ་འདྲ་བོ་་མང་པོ་སྔོན་མ་༡༩༦༦་་ལོ་མང་ནི་རེད་མོ། བོད་པའི་རིག་གཞུང་གི་ཞེ་སྡང་ཅན། ཁོང་ཁྲོ་ཅན་། འདི་རིགས་ལ་དོགས་པ་ཆེ། གཟབ་དགོས་རེད། ༡༩༥༠་ནས་ད་བར་འདི་ཚོས་ཁ་ཡར་ལ་བཀྱག་ན་མི་རགས་་་མི་རིགས་ཟེར་ནས་ཅིག་བཤད་ཁུལ་བྱེད་ཀི་རེད། དེ་ནི་ཁོང་ཚོ་སྤྱི་ཚོགས་ཐོག་ལ་འགྲོ་བའི་ཐབས་ལམ་ཙམ་ཞིག་ལས་གཞན་ཅང་མ་རེད།
ཏང་ཡོན་འདི་ཚོས་ང་ཚོའི་རིག་གཞུང་དང་་། རིག་གཞུང་བརྒྱུད་འཛིན་བྱེད་མཁན་གྱི་སྐྱེས་ཆེན་དག་ལ་བརྙས་བཅོས་བྱས་པ་ལ་ཚད་ཅིག་ཡོད་མ་རེད་།
བདག་གི་བློ་ངོར་འཛམ་གླིང་འདིའི་ཞི་བདེའི་དབུ་ཁྲིད་ཁྱད་འཕགས་མི་སྣ་གསུམ་སྟེ། བེམ་པོ་དང་འཐེན་ཤུགས་ཀྱི་འབྲེལ་བ་སྨྲ་བ་ཨཡེན་སི་ཊན། རྟེན་འབྱུང་གི་རྣམ་བཞག་དང་སེམས་ཀྱི་ཞི་བདེ་སྨྲ་བ་གོང་ས་མཆོག །དབུལ་ཕངས་ཉམ་ཐག་སྐྱོབ་པའི་བློ་སྦྱོང་སྨྲ་བ་ཡུམ་ཆེན་མ་རྡར་ཌི་རི་ས། རྣམས་སོ། །
མགོན་པོ་ལགས་སྐུ་མཁྱེན་དཔའ་མོ་མང་པོ་མི་དགོས་གཅིག་གཉིས་ཞིག་གི་མིང་བགྲངས་རོག་གནང། ང་ཚོའི་སྤྱི་ཚོགས་ནང་དུ་ག་དུས་ཡིན་ན་བཤད་ན་འགྲོ་ས་ཞིག་ལ་མི་ཚང་མའི་བཤད་རྐྱང་བྱེས་བཤད་ན་འགྲོ་ས་མེད་མཁན་ཞིག་ལ་བཤད་ཐུབ་མཁན་གཅིག་ཀྱང་མེད། འདི་ང་ཚོ་བོད་མི་རིགས་ཀྱི་གཤིས་ཀ་རེད། མི་ངན་རང་ལ་སྡང་ཞེས་པའི་དཔེ་ལྟར་ང་ཚོ་བོད་པའི་ནང་ཁུལ་ཕལ་ཚུན་ལ་མ་དགའ་བ་དང་མི་འགྲིག་པ་རྐྱང་རྐྱང་བཤད་རེས་མ་གཏོགས་ག་རེར་འཛོན། ངོ་མ་ཐང་ཆད་གི།
ཞབས་མཆན་59 པ་ལེགས་བཤད་ཀྱིས་གསུང་པ་བཞིན་༸གོང་ས་མཆོག་གི་བཀའ་དྲིན་ནི་བོད་པ་ཡོངས་བཞལ་དུ་མེད་པ་རེད། བོད་ཀྱི་མ་ཚད་འཛམ་གླིང་ཧྲིལ་པོ་རུ་རྟེན་འབྲེལ་རྣམ་བཞག་གསུངས་ཏེ་མཚན་སྙན་རྒྱས་བཞིན་པའི་སྒང་རེད་མོད། ཡིན་ན་ཡང་བོད་པ་བསོད་ནམས་ཟད་པས་མཱའོ་ཙེ་ཏུང་དམར་ཤོག་ཚོགས་པ་འདིས་བོད་ཀྱི་རིན་ཐང་བྲལ་བའི་ནང་བསྟན་ལ་གཏོར་མཆོམ་ཚད་མེད་ཐེབས་ཡོད། བོད་པའི་བླ་རྒན་ཚོས་བཀའ་དྲིན་ལས་སླར་ཡང་བོད་ལ་སངས་རྒྱས་ཀྱི་བསྟན་པའི་མེ་རོ་ཅུང་ཟད་སློང་བ་ལ་་་་དམར་ཤོག་པའི་རྗེས་འབྲས་པ་བོད་པའི་ཞབས་འདྲེན་འདི་ཚོས་བོད་བརྒྱུད་ནང་བསྟན་རིན་པོ་ཆེ་ལ་མཐོང་ཆུང་བྱས། ཟུར་ཟ་བྱས་ཏེ་རྩ་མེད་གཏོང་འདོད་པའི་ལས་་ངན་འདི་ནི་ངོ་མ་ཡ་ང་བ་ཞིག་རེད། ངས་ཁ་རྩང་ནས་( ༸་གོང་ས་མཆོག་གི་ཐུགས་རེ་གནང་སངོ་མ་རྒྱ་ནག་ལ་ནང་ཆོས་དང་བོད་བརྒྱུད་ནང་པ་སྤེལ་ཐབས་དེ་རེད།་ཞོགས་དུང་འཇམ་དབྱངས་སྐྱིད་སོགས་ཀྱི་དམིགས་ཡུལ་ངོ་མ་བོད་པ་ཡོངས་རྫོགས་ཆོས་མེད་སྨྲ་བ་ཏང་ཡོན་་རྐྱང་རྐྱང་བཟོ་འདོད་པ་དེ་རེད། ཕུགས་དེད་ན་༸གོང་ས་མཆོག་གིས་བོད་ཀྱི་མ་ཚད་རྒྱ་ནག་ལ་ཡང་ནངཆོལ་སྤེལ་ཐུབ་ན་བསམ་པ་དང་། ར་རྫ་སོགས་མའོ་ཙེ་ཏུང་གིས་རྗེས་འབྲང་པ་ཚོས་རྒྱ་མ་ཟད་བོད་པ་ཡོད་ཚད་དམར་ཕྱོགས་ཚོགས་་པ་བཟོ་ཐུབ་ན་བསམ་པ་དེ་རེད།)ཅེས་བྲིས་ཡོད་ད་ངོ་མ་ཡིན། དམར་ཤོག་སྲིད་གཞུང་གི་རེ་བ་ངོ་མ་ཡང་དེ་རེད། དུས་ནམ་ཡང་བོད་བརྒྱུད་ནངབསྟན་ལ་་དམའ་འབེབས་བྱེད་ཡ་དེ་རེད་།
རྒྱལ་བ་ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག །
བོད་བརྒྱུད་པའི་བསྟན་པ་རྒྱལ་གྱུར་ཅིག །
བསྟན་འཛིན་རྣམས་པའི་སྐུ་ཚེ་བརྟན་གྱུར་ཅིག །
རྟེན་འབྱུང་ལྟ་བས་ལྗོངས་འདིར་ཁྱབ་གྱུར་ཅིག །
དམར་ཤོག་སྲིད་གཞུང་མགོ་རྟིང་སློག་གྱུར་ཅིག །
རྒྱ་རིགས་ཡོངས་རྫོགས་ཆོས་ལ་འགྱུར་གྱུར་ཅིག །
དམར་སྲུང་ལྟ་ངན་ཅན་རྣམས་ཕམ་གྱུར་ཅིག །
བོད་པའི་ནང་དགྲ་རྩད་ནས་གཞོམ་གྱུར་ཅིག
བསིལ་ལྗོངས་དཀར་པོ་ཆོས་ཀྱིས་ཁྱབ་གྱུར་ཅིག །
ཡིད་བཞིན་ནོར་བུ་ཁྲི་ལ་འཁོད་གྱུར་ཅིག །
པོ་ཏ་ལ་ནས་ཆོས་འཁོར་སྐོར་གྱུར་ཅིག །
ཐུབ་བསྟན་རིན་ཆེན་འཛམ་གླིང་ཁྱབ་གྱུར་ཅིག །
ཅེས་ཀྱང་སྨྲས་སོ།
མཆན་སོ་དྲུག་པ་ཐོད་བརྒལ་ལགས།
ཁྱེད་ཀྱིས་དགོངས་ཚུལ་ལྷུག་པོར་གསུངས་པ་ཐུགས་རྗེ་ཆེ།
ང་དྲ་འབུ་དང་མཉམ་དུ་བསྡད་ཀྱང་ངའི་སྤྱོད་ལམ་དྲ་འབུ་དང་བསྲེས་མེད། འདི་ངའི་སྤོབས་པ་ཡིན། ངས་གང་བཤད་པ་དེ་འགན་ཁུར་ཡོད་པ་དང་། རང་མིང་གསལ་བཏོན་གྱིས་བཤད་ཀྱིན་ཡོད།
དེ་ལྟར་ན་ང་ལ་དྲ་འབུའི་སྐྱོན་དེ་འགོ་གི་མ་རེད།
འཇུ་མི་ཕམ་པས།
ས་འདི་མ་རབས་ཀྱིས་གང་ཡང་། །
རང་ཉིད་ཡ་རབས་སྤྱོད་པ་བྱ། །
དེ་ལྟ་ན་ནི་ཆོས་ཉིད་ཀྱིས། །
རང་ལ་ཕུན་སུམ་ཚོགས་པར་འགྱུར། །
ཞེས་གསུངས་པ་འདི་ཧ་ཅང་བདེན་པའི་མན་ངག་ཏུ་གང་ཐུབ་བསམ་བཞིན་ཡོད། འོན་ཀྱང་། ངས་དྲ་འབུ་ཡོད་ཚད་ཁྱེད་ཀྱིས་བཤད་པ་ལྟར་ཡིན་པའི་ཡིད་ཆེས་ཡང་བྱ་བཞིན་མེད།
གསལ་བཤད་ཅིག་ལ།
(གང་ཟག་དང་ཀུན་གྱིས་གོང་ལ་བཀུར་བའི་དཔའ་མོ་)ཡིན་མིན་མ་ཤེས་ཀྱང་། འཇམ་དབྱངས་སྐྱིད་ཁོང་གི་(ཀུན་སློང་དང་སྤྱོད་པར་ཁ་བརྡུང་བཏང་བ་འདི་འགྲིགས་ཀྱི་མི་འདུག )གསུང་འདུག་པ་དེར། ངས་ཁོང་ལ་བསམ་བློ་དང་ལྟ་སྟངས་ཀྱི་ཐོག་ནས་བགྲོ་གླེང་བྱས་པ་ལས། འདང་ངེས་ཀྱི་རྩི་བཀུར་ཡོད་ལ་གུས་ཞབས་ཡོད་པར་མ་ཟད། ཁོང་གི་ལེགས་ཆ་ལ་ཡང་གདེངས་འཇོག་བྱེད་བཞིན་ཡོད་ཞུ།
ཨ་ཅག་འཇམ་དབྱངས་སྐྱིད་ནི་བོད་མི་རིགས་ཀྱི་འདས་མ་ད་གསུམ་ཀྱི་ལས་དབང་ལ་བསམ་ཞིབ་བྱེད་མཁན་དང་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་ལྒོལ་བྱེད་མཁན་གྱི་དཔལ་མོ་ཞིག་ཡིན་པ་ལས་དྲྭ་འབུ་ཚོས་བཤད་པའི་ ནང་བསྟན་ཆོས་ལུགས་ལ་ངོ་ལྒོལ་བྱེད་མཁན་དང་ ཡིག་ངོ་མ་ཤིས་པའི་བླུན་པོ་། བསམ་མེད་བྱིས་པ་།ལ་སོགས་པའི་སྐྱོན་བརྗོད་བྱེད་པ་ནི་རང་སྐྱོན་རང་གི་མ་མཐོང་དྲ་འབུ་ལྐད་མེད་དག་གི་སྐད་ཆ་རེད་། ཁོ་མོའི་རང་ཉིད་ཀྱི་བདེ་སྐྱིད་དང་ལས་གནས་ལ་ཅི་མི་བསམ་པ་བོད་མི་རིགས་ཀྱི་ཆེད་རྩོམ་འབྲི་བ་དང་།སྐད་ཆ་བཤད་པ་། དངོས་ཤུགས་རྒྱུ་གསུམ་ནས་ལས་འགུལ་སྤེལ་བ་སོགས་རླབས་ཆེན་གྱི་བྱ་བཞག་མང་པོ་བསྒྲུབས་ཡོད་། གཅིག་ན་དྲ་འབུ་རྣམས་ལ་དཔལ་མོ་འཇམ་དབྱངས་སྐྱིད་ལ་རྒྱུས་མངལ་མེད་པ་གཉིས་ན་བོད་དང་བོད་མི་ལ་ཤ་ཚ་མེད་པ་བཅས་ཀྱི་སྐྱོན་ལས་བྱུང་བ་ཡིན་པ་ཤིས་ཐུབ་།
མགོན་པོ་ལགས་དྲི་ལན་གང་ཡོད་དམ། རྒྱལ་བ་རིན་པོ་ཆེ་དད་པ་མེད་མཁན་ཕལ་ཆེར་ང་ཚོ་སྤྱི་ཚོགས་ནང་དུ་ཡོད་གྱི་མ་རེད་བསམས། དེ་ནི་ཁྱེད་གྱི་བཤད་མི་དགོས་བ་ཞིག་བཤད་གྱིན་འདུག་མ་རེད་དམ། ལ་རེད་ཀྲུང་གོ་ལ་དགའ་མཁན་ཡོད་སྲིད་འོན་ཀྱང་འཇམ་དབྱངས་སྐྱིད་གྱི་བོད་ཀྱི་ཆེད་དུ་ལས་ཀ་བྱེད་ཡོད་པ་ཞིག་མགོན་པོ་གྱི་སེམས་ནང་ལ་ཡང་འཆར་ཉོང་ཡོད་གྱི་མ་རེད་བསམས། ངའི་ཁྱེད་ལ་ཅིག་འདྲི་ཁྱེད་གྱི་ད་ལྟ་བར་དུ་འཇམ་སྐྱིད་གྱི་དེབ་དང་རྩོམ་ཡིག་ག་ཚོད་ཞིག་གློག་ཡོད་དམ། དྲ་འབུ་འགའི་ག་དུས་ཡིན་ན་དོན་ངོ་མ་ནམ་ཡང་ཡུད་ཆེས་བྱེད་གྱི་མ་རེད་དེ་ནི་ང་ཚོས་དྲ་ཐོག་སྤྱི་ཚོགས་ཀྱི་ཞན་ཆ་ཅིག་རེད་འདོད། གཉིས་སྟོང་ལྔ་ལོ་ཕྲན་འཇམ་དབྱངས་སྐྱིད་དང་མཉམ་དུ་དུས་ཚོད་ཁ་ཤས་ཞིག་སྐད་ཆ་བྱེད་པ་ཡིན། དེ་དུས་ངེད་གཉིས་གྱི་གནས་ཚུལ་མང་པོ་ཞིག་གི་སྐོར་གླེང་པ་ཡིན་ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་གླེང་བ་ཡིན་། མོ་ནི་བོད་ཀྱི་ཆོས་ལ་མ་དགའ་བ་དང་གོང་ཁྲན་དགའ་མཁན་ཞིག་ཡིན་པ་རྩ་བ་རང་མ་ཚོར། མོ་རང་ནི་ཧ་ཅང་དཔའ་གློ་ཁོག་ཡོད་མཁན་ཞིག་དང་བོད་མི་རིགས་ཀྱི་ལ་རྒྱ་འཛིན་མཁན་ཞིག་དང་མི་རིགས་ཀྱི་ཞེ་ཁོག་ཆེན་པོ་ཡོད་མཁན་ཞིག་ཡིན་པ་གསལ་པོ་ཤེས་གཏོགས་བྱུང། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དུ་གྲྭ་རྫུན་དང་སྤྲུ་རྫུན་མང་དུ་འགྲོ་གི་ཡོད་པ་དེ་དག་ལ་མོ་རང་གི་འཛེམ་བསམས་སྤུ་ཙམ་ཡང་མེད་པར་ཐ་གཅིག་དུ་ངོ་དགོད་བྱེད་གྱི་ཡོད་པ་དེ་དག་ལྡན་པ་རེད། དེ་ནི་ངེ་བར་དུ་བྱེད་དགོས་བས་བྱ་བ་ཞིག་རེད་འདོད།
མགོན་པོ་ལགས་དྲི་ལན་གང་ཡོད་དམ། རྒྱལ་བ་རིན་པོ་ཆེ་དད་པ་མེད་མཁན་ཕལ་ཆེར་ང་ཚོ་སྤྱི་ཚོགས་ནང་དུ་ཡོད་གྱི་མ་རེད་བསམས། དེ་ནི་ཁྱེད་གྱི་བཤད་མི་དགོས་བ་ཞིག་བཤད་གྱིན་འདུག་མ་རེད་དམ། ལ་རེད་ཀྲུང་གོ་ལ་དགའ་མཁན་ཡོད་སྲིད་འོན་ཀྱང་འཇམ་དབྱངས་སྐྱིད་གྱི་བོད་ཀྱི་ཆེད་དུ་ལས་ཀ་བྱེད་ཡོད་པ་ཞིག་མགོན་པོ་གྱི་སེམས་ནང་ལ་ཡང་འཆར་ཉོང་ཡོད་གྱི་མ་རེད་བསམས། ངའི་ཁྱེད་ལ་ཅིག་འདྲི་ཁྱེད་གྱི་ད་ལྟ་བར་དུ་འཇམ་སྐྱིད་གྱི་དེབ་དང་རྩོམ་ཡིག་ག་ཚོད་ཞིག་གློག་ཡོད་དམ། དྲ་འབུ་འགའི་ག་དུས་ཡིན་ན་དོན་ངོ་མ་ནམ་ཡང་ཡུད་ཆེས་བྱེད་གྱི་མ་རེད་དེ་ནི་ང་ཚོས་དྲ་ཐོག་སྤྱི་ཚོགས་ཀྱི་ཞན་ཆ་ཅིག་རེད་འདོད། གཉིས་སྟོང་ལྔ་ལོ་ཕྲན་འཇམ་དབྱངས་སྐྱིད་དང་མཉམ་དུ་དུས་ཚོད་ཁ་ཤས་ཞིག་སྐད་ཆ་བྱེད་པ་ཡིན། དེ་དུས་ངེད་གཉིས་གྱི་གནས་ཚུལ་མང་པོ་ཞིག་གི་སྐོར་གླེང་པ་ཡིན་ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་གླེང་བ་ཡིན་། མོ་ནི་བོད་ཀྱི་ཆོས་ལ་མ་དགའ་བ་དང་གོང་ཁྲན་དགའ་མཁན་ཞིག་ཡིན་པ་རྩ་བ་རང་མ་ཚོར། མོ་རང་ནི་ཧ་ཅང་དཔའ་གློ་ཁོག་ཡོད་མཁན་ཞིག་དང་བོད་མི་རིགས་ཀྱི་ལ་རྒྱ་འཛིན་མཁན་ཞིག་དང་མི་རིགས་ཀྱི་ཞེ་ཁོག་ཆེན་པོ་ཡོད་མཁན་ཞིག་ཡིན་པ་གསལ་པོ་ཤེས་གཏོགས་བྱུང། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དུ་གྲྭ་རྫུན་དང་སྤྲུ་རྫུན་མང་དུ་འགྲོ་གི་ཡོད་པ་དེ་དག་ལ་མོ་རང་གི་འཛེམ་བསམས་སྤུ་ཙམ་ཡང་མེད་པར་ཐ་གཅིག་དུ་ངོ་དགོད་བྱེད་གྱི་ཡོད་པ་དེ་དག་ལྡན་པ་རེད། དེ་ནི་ངེ་བར་དུ་བྱེད་དགོས་བས་བྱ་བ་ཞིག་རེད་འདོད། གྲྭ་རྫུན་དང་སྤྲུ་རྫུན་ཁ་ཤས་ཞིག་ལ་ཁ་བཏང་བ་ཙམ་གྱི་ཆོས་ལ་མ་དགའ་མཁན་རེད་བྱེས་བཤད་ན་དེ་ནི་ཧ་ཅང་ནོར་བ་རེད་འདོད་།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།
ལུང་དང་རྟོགས་པའི་བདག་ཉིད་དེ།
དེ་འཛིན་སྒྲུབ་དང་སྨྲ་བྱེད་པ།
སྒྲུབ་པ་བྱེད་པར་ཁོ་ནའོ།
ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་བསྟན་པ་འདི་གནས་དང་མི་གནས་ཟེར་བ་དེ་ཆོས་བྱེད་ཀྱི་གང་ཟག་གི་བྱ་སྤྱོད་ཁོ་ནར་རགས་ལུས་ཡོད་པ་རེད། ༧གོང་ས་མཆོག་གིས་ནམ་རྒྱུན་འདི་ལྟར། རྟོགས་པ་ལྷ་དང་མཉམ་ན་ཡང་། ཀུན་སྤྱོད་མི་དང་མཐུན་དགོས། ཞེས་མང་མང་གསུངས་པ་ལྟར་རང་རྒྱུད་ལ་སྦྱར་དགོས་པ་རེད། བྱས་ཙང་དུས་རབས་ཉེར་གཅིག་པའི་མི་དེ་ཚོ་དད་པ་རྐྱང་པའི་རྗེས་འབྲངས་བ་ཞིག་རྩ་བ་ནས་མ་རེད། ང་ཚོ་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟོས་དང་། ཆོས་ལུགས་ཀྱི་གྲུབ་མཐའི་དོན་དུ་བོད་རྒྱལ་ཁབ་གོང་བུ་གཅིག་གྱུར་གྱི་ནུས་པ་རྩ་གཏོར་བཏང་ནས་བོད་རྒྱལ་ཁབ་འདི་སིལ་བུར་བཏང་ཡོད་པ་རེད་ལ། ཆོས་ལུགས་གྲུབ་མཐའི་དབང་བསྒྱུར་ཆེད་སོག་པོའི་འདྲེ་ལག་བསྐྱངས་བཅུགས་ཡོད་པ་རེད། དེའི་ཤུགས་རྐྱེན་འོག་མན་ཇུའི་འདྲེ་ལག་བསྐྱངས་ས་བྱུང་བ་རེད་ལ་རིམ་པས་གུང་ཁྲན་གདན་འདྲེན་ཞུས་པ་རེད། གདན་འདྲེན་ཞུ་སྟངས་ཡང་ཆོས་ཡོན་གྱི་འབྲེལ་བར་ཁ་གཡར་ཡོད་པ་རེད། ཇི་ལྟར་རེད་ཟེར་ན་རྒྱ་མི་གུང་ཁྲན་བོད་ནང་མ་སླེབས་གོང་གུང་ཁྲན་གྱི་སོ་ཉུལ་བ་མང་པོ་ཞིག་ཟི་ལིང་བཅོམས་པའི་དངུལ་ཚང་མ་རྒྱ་དངུལ་ཏཱ་ཡང་བཟོས་ཏེས་རྔ་མོང་འདེད་ནས་བོད་ནང་གདན་ས་གསུམ་གཙོས་པའི་དགོན་སྡེ་ཁག་ལ་སྐུ་འགྱེད་བརྒྱབས་པར་སླེབས་པ་རེད། སྐབས་དེ་དུས་བོད་ཚོས་འདི་ལྟར་ལབ་པ་རེད། ཏཱ་ཡང་ཅི་རྒྱ་དངུལ་ལྷད་མེད་རེད། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། ཞེས་དང་། དངུལ་ཏཱ་ཡང་ཆར་པ་འབབ་འབབ་རེད། རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད་ཟེར་ནས་ཁོང་ཚོར་བོད་ཀྱི་མི་འབོར་ཞིབས་ཤེར་བྱེད་རྒྱུ་བྱུང་བ་རེད་ལ་ས་རྒྱུས་ཆ་ཚང་བྱེད་རྒྱུ་བྱུང་བ་རེད། དེ་དུས་མངའ་བདག་ཆེན་པོ་གསུམ་ཏཱ་ཡང་སྟོང་སྒམ་སྟོང་སྒམ་ལེན་རྒྱུར་རྔམས་པ་མ་གཏོགས་བོད་དང་བོད་མི་རིགས་ཀྱི་མཐའ་མའི་ལས་སྐལ་ལ་སྣང་འཇོགས་ཅི་ཡང་མ་བྱས་པ་རེད། དེ་གནད་དོན་གཅིག་ཡིན།
དེ་ནས་ཆོས་ལུགས་ཀྱི་བླ་ཆེན་ང་ཡིན་ཟེར་མཁན་འགས་བོད་དང་བོད་མི་རིགས་ཀྱི་གཉན་ཕྲངས་ཆེ་བའི་དུས་ལ་རང་ཉིད་ཀྱི་དབང་ཆ་བསྲུང་སྐྱོབ་ཆེད་ཕན་ཚུན་རྣོ་ངར་ལྡན་པའི་འཐབ་རྩོད་གནང་བ་མ་གཏོག་བོད་དང་བོད་མི་རིགས་ལ་དགོངས་པ་ཁྱོན་ནས་བཞེས་མི་འདུག།
མ་ཟད་སྐབས་དེ་དུས་བོད་ནང་ལྷ་ཆོས་རིག་གནས་ཀྱི་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་འཁོར་ཡུག་གི་སྡེ་མ་གཏོག་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཆབ་དཔལ་རིག་གསུམ་མཚོན་པའི་རྒྱལ་ཁབ་སྐྱོང་བའི་སློབ་གྲྭའི་སྡེ་ཟེར་བ་གཅིག་ཀྱང་མེད་པ་དེ་རེད། ༥༩་ལོའི་ཡར་སྔོན་ཙམ་ལ་ལྷ་སར་དབྱིན་ཇིའི་སློབ་གྲྭ་ཞིག་འཛུགས་རྩིས་བྱས་པར་གདན་ས་གསུམ་གྱིས་ངོ་རྒོལ་བྱས་ནས་ཚུགས་མི་ཐུབ་པ་རེད།
དེས་ན་ཞོགས་དུང་དང་འཇམ་དབྱངས་སྐྱིད་མཚོན་པའི་བོད་ནང་དར་དམར་འོག་ཚར་ལོངས་བྱུང་བ་མང་པོ་ཞིག་གིས་ནང་བསྟན་ལ་སྨ་མེད་ཀྱང་ཆོས་བྱེད་ཀྱི་གང་ཟག་དེ་ཚོའི་བྱེད་ལས་ལ་ཞེན་པ་རྟིང་ནས་ལོག་གི་ཡོད་པ་རེད། མ་ཟད་མང་པོ་ཞིག་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ཧ་ལས་པ་ཡོད་ཀྱང་ནང་ཆོས་ལ་དད་པ་རྩ་བ་ནས་བྱེད་ཀྱི་མི་འདུག། ཁོང་ཚོ་གཅིག་གྱུར་གྱིས་བཤད་ཚུལ་དང་འཛིན་ཚུལ་ལ་བོད་འདི་བསྐྱེལ་ས་གཅིག་ལ་བསྐྱལ་བ་དང་ལྷུངས་ས་གཅིག་ལ་ལྷུངས་བ་འདི་ནང་ཆོས་ལ་མགོ་འཁོར་དྲག་པ་དང་ཡོད་ཚད་ལྷ་ཆོས་རིང་ལུགས་དོན་དུ་བཏང་དྲག་པར་ངོས་འཛིན་གནང་གི་འདུག།