སོག་མདའ།
ལས་ཀྱིས་དེད་པའི་འཇིག་རྟེན་ཀློངས་ནས་ངེས་མེད་ས་མཐའི་ཡུལ་ལ་འགྲིམས།།
སེམས་ཀྱིས་བསྐྱངས་བའི་ཕ་མ་བསྐྱུར་ཞིང་ཤ་ལུས་མཆེད་པའི་བུ་ཕྲུག་དོར།།
བཀོད་བའི་ཐོད་ཀྱི་ལམ་བུ་དེ་ལ་སུ་དང་གང་གིས་བཅོས་དཀའ་པས།།
འདི་སྣང་སྒྱུ་མའི་གྲོང་ཁྱེར་འདི་ནས་འདི་ལྟར་བགྲོད་པ་ཅིའི་ཕྱིར་སྐྱོ།།
གཉེན་ཞེས་བྱ་བའི་ཉེ་བོ་དེ་ཡང་རེ་འགར་དགྲ་སུ་ཤར་བ་དང་།།
དགྲ་བོ་ཞེས་བའི་སྡང་ས་དེ་ཡང་རེ་འགར་སྤུན་དུ་གྱུར་བ་ཡིས།།
དུས་ཡུན་ཙམ་གྱི་ཆགས་སྡང་འདི་ཡང་འཇའ་ཚོན་ལྟ་བའི་གཟུགས་རིས་ལ།།
ཞིབ་ཀྱི་སྙིང་ལ་ལག་པས་བཀབ་ན་ཕྱི་ནང་ཐམས་ཅད་སེམས་ཅན་གཅིག།།
ཡོད་པར་ཤར་བའི་ཀུན་རྫོབ་ཆོས་ཀུན་དངོས་སུ་མཐོང་སྣང་ལྟར་ཤར་ཡང་།།
དོན་གྱིས་རིག་པའི་དཔྱད་པས་བཙལ་ན་ཅི་ཡང་མི་རྙེད་དངོས་པོ་ལུགས།།
སྣང་སྟོང་སྒྱུ་མའི་ཆོས་ཉིད་འདི་ལས་འགྲོ་བའི་གནས་མལ་མི་རྙེད་ན།།
རྟེན་འབྲེལ་ཆོས་ཉིད་ཟབ་མོ་མཆོག་འདི་དོན་གྱི་གནས་ལུགས་ཅིའི་ཕྱིར་མིན།།།
གསོན་ན་གསོན་པའི་གསོན་ངོ་ཆོད་པའི་གཞན་ཕན་སེམས་ཀྱི་འོ་ཇ་ཞིག།
ཤི་ན་ཤི་པའི་ཤི་ངོ་ཆོད་པའི་ལམ་བྲོ་སེམས་ཀྱི་སྨན་ཐུན་ཞིག།
ཤི་གསོན་ཕྱེ་མའི་ལམ་བུ་བརྒལ་དུས་ཤར་གྱི་འཐེན་པའི་འོད་དཀར་ཞིག།
ཆོས་ཉིད་སེམས་ཀྱི་ངོ་བོ་ཕབ་དགོས་ཤེལ་གྱི་མཆོད་རྟེན་རང་གྲུབ་ཡིན།།
འདས་པ་མེ་ཏོག་སྟོན་གྱིས་བཅོམ་པ་ཆོས་ཉིད་རིག་པའི་གནས་ལུགས་དང་།།
རྙེད་ཐབས་དབེན་པའི་ད་བོ་ཞེས་པའི་འཕྲུལ་སྣང་དུས་ཀྱི་ཆོ་འཕྲུལ་དང་།།
འབྱུང་འགྱུར་ཞེས་པའི་སྨུག་ལོང་ཁྲོད་ཀྱི་དྲན་པའི་ཡུལ་གྱི་་དུས་གསུམ་ལ།།
འཕྲུལ་སྣང་རིག་པའི་རྦ་རླབས་ཁྲོད་ནས་མྱི་ཚེའི་རི་མོ་འདི་ལྟར་བྲིས།།
སྤྱི་ལོ་༢༠༡༧་༤་༢༡་ཉིན་རང་ཤག་ནས་བྲིས།
སྙན་དངགས་མཛེས་ཀྱང་ཇི་ལྟར་མིང་ཚིག་འབྲི་དགོས་ཡི་གེ་ཡི།
ཐོབ་ཐང་སྔོན་བྱོན་མཁས་པས་བྲིས་པའི་མིང་ཆིག་དག་ཆ་ཡི།
རྗེས་སུ་འབྲངས་ན་རང་ཕན་ལྟ་ཅི་བོད་སྐད་་ཉམས་པ་ཡི།
གསོས་སུ་འགྱུར་བ་ཁོ་བོའི་བྱེད་སྟངས་དེ་ལྟར་ལགས་པར་ཞུ། །
་
བཀའ་འདྲི།
དགྲ་སུ་ཤར་བ། རེ་འགར། ད་བོ། ཞེས་པ་བྲིས་སུ་ཡོད་པ་དག་གི་དོན་དག་རིགས་པ་བཞིན་དུ་གསུང་ན། ཁོ་བོའི་རྣམ་དཔྱོད་རྒྱས་ཤིང་། རིག་པ་ཡང་གོང་དུ་འཕེལ་བ་ལ་ཕན་ནོ།
༼༼ལས་ཀྱིས་དེད་པའི་འཇིག་རྟེན་ཀློངས༽༽ཚོད་ཚོད་ལ་གོ་བ་ཞིག་ཡོད་མདོག་དང་སྙན་ངག་ཞིག་ཡིན་འདོད་ཀྱིས་ཅིག་བྲིས་འི་འདུག། ཡིག་ངག་གང་ལ་གཏུགས་ན་ཡང་། འདི་སོག་སྐད་ཀྱི་བརྡ་སྤྲོད་ཞིག་མིན་ན། འདི་ལ་གོ་བ་ཞིག་མི་འདུག། ཧ་ཧ་ཧ།