སྐར་ཆེན་གྱིས་བསྒྱུར།
ཨ་མས་རང་དབང་ཞེས་པ་ཅི་ཞིག་ཡིན་པ་ང་ལ་བརྗོད་མ་མྱོང་།
ངས་ཁྱིམ་མཚེས་རྣམས་ལ་སྐད་ཆ་དྲིས།
ཁྱིམ་མཚེས་རྣམས་ནི་དེའི་ཕྱོགས་ལ་གོ་རྟོགས་བྲལ།
ཁོང་ཚོས་རང་གི་སྒོ་ཕྱུགས་དང་ས་ཞིང་གླེང་ནས་དུས་འདའ།
ཁོང་ཚོས་རང་གི་ས་ཞིང་དང་དེའི་ལོ་རེའི་ཡོང་འབབ་ལ་ཆོག་ཤེས་བསྟེན།
ཁོང་ཚོའི་འཚོ་རྟེན་ནི་ཧ་ཅང་ཆུང་ཆུང་ཞིག་རེད།
ཨ་མས་ང་ཚོ་བོད་པ་མ་རེད་བསམ་འདུག
རྒྱུ་མཚན། ཨ་མ་ལྷ་སར་འགྲོ་མྱོང་མེད།
ཨ་མས་རྒྱལ་བ་རིན་པོ་ཆེར་མཇལ་མྱོང་ཡང་མེད།
ཨ་མའི་སེམས་ན་བོད་ཤོར་བའི་དུས་ཚོད་དེ་གསལ་བོ་ཞིག་མི་འདུག
ཨ་མས་རང་གི་གྲོང་གསེབ་དང་དེའི་མི་རྣམས་མ་གཏོགས་གཞན་ངོ་མི་ཤེས།
ཨ་མའི་འཇིག་རྟེན་ནི་ཧ་ཅང་ཆུང་ཆུང་དང་ཁེར་རྐྱང་ཞིག་ཡིན།
སློབ་གྲའི་ནང་དུ།
ངས་ྐློག་དེབ་ལས་རང་དབང་ཞེས་བའི་ཚིག་དེ་མཐོང་མྱོང་།
ངས་རང་གི་འཛིན་གྲོགས་ལ་ཚིག་དེའི་གོ་དོན་་སྐད་ཆ་དྲིས།
འཛིན་གྲོགས་ཀྱིས་ཁ་མུར་མུར་ཙམ་བྱེད་པ་ལས་ལན་བཏབ་མ་བྱུང་།
དགེ་རྒན་རྣམས་ཀྱིས་ཀྱང་ཚིག་དེར་འགྲེལ་བཤད་གནང་མ་བྱུང་།
འཛིན་ཁང་དུ། དགེ་རྒན་རྣམས་ལ་ཡང་རང་དབང་ཆ་ཚང་བ་ཞིག་མེད།
འཛིན་རིམ་བདུན་པ་ཐོན་རྗེས།
ཨ་ཞང་གིས་ང་བུ་ཕྲུག་འགའ་དང་མཉམ་དུ་རྒྱ་གར་ལ་བཏང་།
རྒྱ་གར་དུ་འབྱོར་རྗེས། ངས་ཨ་མར་ཁ་པར་བཏང་།
ཨ་མས་ང་རྒྱ་གར་དུ་འབྱོར་བ་ཡང་མཁྱེན་མི་འདུག
ཨ་མ་ངུས་བྱུང་། ཨ་མའི་ངུ་སྐད་ཆེ་རུ་ཕྱིན་སོང་།
ཨ་མས་། “སྙིང་གི་གཅེས་ཕྲུག་། ཕྱིར་བོད་ལ་ལོག་ཤོག”་ཟེར།
ངས་སྐད་དམའ་མོའི་སྒོ་ནས། “ང་ཕྱིར་ཡོང་བའི་རང་དབང་ཡོད་མ་རེད་།” ཞེས་ལབ།
ཨ་མ་བསྐྱར་དུ་ངུས་བྱུང་། རང་དབང་མེད་པའི་སྡུག་བསྔལ་དེའི་སླད་དུ།
མི་ཡི་རང་དབང་གི་དོན་དུ་རྩོད་དགོས་ཏེ།
རང་དབང་ཐམས་ཅད་བདེ་བ་རེད།
གཞན་དབང་ཐམས་ཅད་སྡུག་བསྔལ་རེད།
མི་ཡི་རང་དབང་ནི།
མི་ཡི་བདེ་སྐྱིད་རེད།
མི་ཡི་བདེ་སྐྱིད་ཀྱི་རྩ་བ་ནི།
མི་ཡི་རང་དབང་རེད།
མི་ཡི་རང་དབང་ནི།
བདེ་སྐྱིད་ཀྱི་སྲོག་ཤིང་རེད།
མི་ཡི་བདེ་སྐྱིད་ཀྱི་སྲོག་ནི
མི་ཡི་རང་དབང་རེད།
མི་ཡི་རང་དབང་ནི།
མི་ཡི་བདེ་སྐྱིད་ཀྱི་འབྱུང་ཁུངས་རེད།