ཁ་བའི་འབྲོག་མོ།
ས་གཞི་ནག་གོར་སེར་ཐང་ཆེན་ལ་བརྡལ་འདུག
འོད་ཟེར་ཡང་བཀག་རྒྱ་ལས་གྲོལ་ཏེ
འཛུམ་ཆུང་སྟོན་པ་ནི
རང་དབང་གི་ངང་རྒྱུད་ཅིག་ལོས་ཡིན
མི་མངོན་པའི་ཁྲིམས་དང་བཀག་རྒྱའི་ཞགས་པ་
སྲ་སྲུབ་ལ་དཔྱངས་འདུག
དེ་གྲུབ་སྟངས་ཤིག་ཡིན་པར་ཡང་སྨྲོས་ཅི་ལ་དགོས
གོར་ཐིག་དེས་བསྡམས་ཤིང་གཅུན་པས
མཐའ་འཁོར་ལ་རང་དབང་གི་འོད་སྟོང་འབར་ཡང
བྲིས་ཟིན་པའི་མཐའ་ཐིག་ལས་བརྒལ་ཐབས་བྲལ
འོད་ཟེར་དང་ས་གཞི་ལ་རང་བྱུང་གི་གུ་ཡངས་ཐོབ་ཡོད
གུ་ཡངས་ལ་བྱམས་སྐྱོང་ལྡན་པས
ལྗོང་མདོག་གྱི་ཡུལ་གྲུ་ཞིག་ལྷུན་གྱིས་གྲུབ་ཡོད
བཙན་དང་ཤེད་ཀྱི་རྔམས་རིམ་མཐུག་པ་དང
ཙག་དང་འཁྱགས་པས་ལག་ཟུང་བསྲིངས་ཡོད
འོད་ཟེར་དེ་ཐིག་གི་མཐའ་སྐོར་ལ་འཕྲོ་ཡང
ཐིག་ལ་འོད་ཟེར་གྱི་ཟེའུ་འབྲུ་སྨིན་ཨེ་ཐུབ
༡༧།༠༥།༣༠༡༣
གོར་ཐིག་དེ་རྫོགས་མཐའ་བྲལ་བའི་རྨི་ལམ་ཞིག་ཡིན་ན།
རྨི་ལམ་དེ་ཡང་མཐའ་མེད་པའི་རང་དབང་ཅིག་ཡིན་ངེས།
གང་ལྟར་ལ་ལའི་མིག་གོང་གི་གོར་ཐིག་འོད་ཟེར་དང།
ལ་ལའི་སེམས་ཁོང་གི་རྨི་ལམ་རང་དབང་ཡིན་པས།
སུ་དང་གང་ལ་ཡང་དབང་ཆོག་ཆོག་ཅིག་ཅིས་ལ་མིན་ཨང།