ལུང་རྟོགས་རྒྱལ་མཚན། ༼རྫོང་གསར།༽
རང་དབང་ཞེས་པའི་ཚིག་འབྲུ་གཉིས་པོ་འདིའི་བསྟན་དོན་ནི་ཧ་ཅང་གི་རིན་ཐང་ཅན་ཞིག་རེད་ལ། མཐའ་ན་ཚེ་སྲོག་ལས་ཀྱང་རིན་ཐང་ཆེ་བ་རེད། དེས་ན་སེམས་ཅན་སུ་ཡིན་ཡང་རང་དབང་འདོད་པ་ལས་གཞན་དབང་མི་འདོད་ལ། བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ནི། རང་དབང་ཐམས་ཅད་བདེ་བ་ཏེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། ཞེས་པ་ལྟར་རེད། རང་དབང་དེ་ལ་ཡང་འགལ་རྐྱེན་གྱི་སྒོ་ནས་དབྱེ་ན། བཙན་གནོན་བྱེད་མཁན་གྱི་འོག་ནས་ཐར་བའི་རང་དབང་དང་། སྤྱི་ཚོགས་ཀྱི་བཀག་རྒྱ་ལས་ཐར་བའི་རང་དབང་ཏེ་གཉིས་སུ་དབྱེ་ཆོག།༼འདིར་སྤྱི་ཚོགས་ཀྱི་བཀག་རྒྱ་ཞེས་པ་ནི་ནམ་རྒྱུན་སྤྱི་ཚོགས་ཁྲོད་ཀྱི་བཟང་ངན་གྱི་བལྟ་ཚུལ་དེ་ཚོ་རེད། བལྟ་ཚུལ་འདི་དག་གི་དབང་གིས་མི་ཕལ་མོ་ཆེའི་རང་དབང་ལ་ཚད་བཀག་བཟོས་ཡོད ༽རང་དབང་རྩོད་ལེན་བྱེད་མཁན་གྱི་བོད་མི་རིགས་འདི་ལ་མཚོན་ན། གཞིས་ཀྱི་བོད་མི་རྣམས་ནི་གོང་དུ་བཤད་པའི་རང་དབང་གི་བཀག་རྒྱ་གཉིས་ཀ་ལས་ཐར་མེད་ལ། བཙན་བྱོལ་བོད་མི་རྣམས་བཀག་རྒྱ་དང་པོ་ལས་ཐར་ཡོད་ཀྱང་ཕྱི་མ་ལས་ཐར་ཐུབ་མེད། དེ་གཉིས་ལས་ཀྱང་ཧ་ཅང་གི་ཐར་དཀའ་བའི་བཀག་རྒྱ་ནི་སྤྱི་ཚོགས་ཀྱི་བཀག་རྒྱ་འདི་རེད་ལ། ཐར་ན་དོན་སྙིང་ཆེན་པོ་ལྡན་པ་ཡང་འདི་རེད། རྒྱུ་མཚན་དེས་ན་ཨ་རིའི་ནེའུ་ཡོག་དུ་ ༡༩༦༩ ལོར་ན་གཞོན་སྒྱུ་རྩལ་པ་ཁག་གཅིག་ནས་མི་མང་འདུས་པའི་ཁྲོམ་སྲང་ལ་ལུས་གཅེར་བུར་ཕུད་དེ། ཆང་རག་འཐུང་བ་དང་། ཉལ་ཐ་འཐེན་པ། འཁྲིག་པ་སྤྱོད་པ་སོགས་ཀྱི་ལམ་ནས་རང་དབང་རྩོད་ལེན་བྱེད་པ་དེ། ཨ་རིའི་རང་དབང་རྩོད་ལེན་གྱི་ལོ་རྒྱུས་ནང་གལ་གནད་ཆེན་པོར་གཙི་བ་དེ་ནི། རང་དབང་རྩོད་ལེན་བྱེད་སྟངས་ཀྱི་ངོ་གདོང་ལ་བལྟས་ན་དེ་ཙམ་བཟང་རྒྱུ་མེད་ན་ཡང་། དེའི་རྒྱབ་ལྗོངས་ལ་བལྟས་ན། རང་ དབང་རྩོད་ལེན་བྱེད་སྟངས་དེ་ནི་སྤྱི་ཚོགས་ཀྱི་བཀག་རྒྱ་ལ་རྒོལ་བའི་རང་དབང་རྩོད་ལེན་བྱེད་སྟངས་ཤིག་ཡིན་པའི་དབང་གིས་གལ་གནད་ཆེན་པོར་ཆག་པ་རེད། བོད་མི་རྣམས་འདི་ལྟ་བུའི་རང་དབང་ལ་རྒྱུས་མངའ་མེད་པའི་དབང་གིས་མི་གཞན་གྱི་བྱ་སྤྱོད་ལ་བྱུས་ཏོག་བྱེད་རྒྱུ་དང་བཟང་ངན་གླེང་རྒྱུར་དགའ་བ་རེད་ལ། བཀག་རྒྱ་འདི་ལས་མ་ཐར་བའི་དབང་གིས་སྒྱིད་ལུག་དང་བག་འཁུམས་སུ་གྱུར་པ་རེད། བཀག་རྒྱ་འདི་ནི་མངོན་མེད་ཀྱི་ཐོག་ནས་རང་དབང་གི་སྲོག་རྩ་གཅོད་མཁན་གྱི་གདོན་འདྲེ་དེ་རེད། དེས་ན་རང་དབང་གི་སྐུ་ཚེ་བརྟན་དགོས་ན་སྙིང་སྟོབས་དང་ཇི་མི་སྙམ་པའི་མཚོན་ཆ་བཟུང་ནས་སྤྱི་ཚོགས་ཀྱི་བཀག་རྒྱའི་གདོན་འདྲེ་འདི་ངེས་པར་དུ་འདུལ་དགོས་སོ།། སྤྱི་ཚོགས་ཀྱི་བཀག་རྒྱ་ནི་གོང་དུ་རག་ཙམ་བཤད་ཡོད་ལ་ཞིབ་ཚགས་ནི་ང་ཚོ་བོད་མི་མི་རེ་ངོ་རེའི་ཉིན་རེའི་འཚོ་བའི་ནང་འཕྲད་དང་འཕྲད་བཞིན་ཡོད་པས་ངས་འདིར་ཉི་མའི་ མདུན་ལ་སྒྲོན་མེ་འཕྱར་དགོས་དོན་མི་འདུག་ལ། ཡང་གཅིག་བཤད་ན་འདི་ནི་སྤྱི་ཚོགས་དཔྱད་བརྗོད་པ་ཚོའི་ལས་འགན་ཡིན་པས་ཁོང་ཚོའི་བགོ་སྐལ་ལ་བཞག་ཡོད་དོ།། བཀག་རྒྱ་དེ་གཏོར་ཐབས་ནི། །བསྟོད་པས་དགའ་བར་མི་འགྱུར་ཞིང་། །སྨད་པས་མི་དགར་མི་འགྱུར་ལ། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེ་བོ་དམ་པའི་ཁྱད་ཆོས་ཡིན།། ཞེས་པ་ལྟར། གཞན་གྱིས་བསྟོད་སྨད་དང་བཟང་ངན་ཅི་ཞིག་བརྗོད་ཀྱང་ཇི་མི་སྙམ་པར། རང་གིས་གང་ཞིག་སྒྲུབས་འདོད་པ་དང་ཅི་ཞིག་བཤད་འདོད་པ་རྣམས་རང་དབང་གི་སྒོ་ནས་བྱེད་རྒྱུ་ནི་སྤྱི་ཚོགས་ཀྱི་བཀག་རྒྱ་གཏོར་བའི་གནད་ཀྱི་དམ་པ་ཡིན་ནོ།།
ཨ་རིའི་ན་གཞོན་ཚོའི་སྤྱོད་དེ་སྐྱོང་འདོད་པ་མ་རེད་དམ། སྔོན་རྒྱངས་འཕེན་པས་ཀྱང་མ་བག་མར་ལེན་པའི་བསྟན་བཅོས་རྩོམ་ཡོད།
ཕ་བཟང་བུ་རང་དབང་གི་བཀག་རྒྱ་དེ་གཏོར་ཞིག
གཅེར་བུ་ལ་བུད་ཅིག
འཁྲིད་བདེ་རེ་མྱོང་ཞིག
རེད་རེད།
རྫོང་གསར་ནས་ཐོན་ཀྱང་ཆོག་ཀ
རེད་རེད།
རྫོང་གསར་ནས་ཐོན་ཀྱང་ཆོག་ཀ
དཔྱད་སྟོབས་དང་སྙིང་སྟོབས་ལ་ཡི་རངས་ཡོད།
སྐུ་ཉིད་ཀྱི་རྩོམ་ཡིག་ཡོངས་སུ་བཀླགས་ཟིན། རྩོམ་ཡིག་གི་ལྟ་ཚུལ་ལ་ཡོངས་སུ་མོས་མཐུན་ཡོད། སྤྱི་ཚོགས་དང་ཁོར་ཡུག་གི་མངོན་མེད་ཀྱི་མནོན་ཤུགས་ཀྱིས་སྐྱེ་བོ་རྣམས་ཀྱི་རང་དབང་གི་འགུལ་སྐྱོད་ལ་ཚད་འཛིན་ཐེབས་ཀྱི་ཡོད་པ་དང་། དེ་ལས་འདའ་བ་ལ་ལྟོས་པ་མེད་པའི་སྙིང་སྟོབས་དང་རེ་དོགས་མེད་པ་ཅིང་ཤེས་སྒྲོག་ལས་ཐར་བ་ལྟ་བུ་ཞིག་དགོས་པ་དེ་ཧ་ཅང་བདེན་པ་རེད།
དེ་ནི་ད་བཟོད་ཕུགས་མདུན་གྱི་ལྷད་དུ་འཚོ་བའི་མི་བོ་དམ་པར་རིགས་སོ།
ཁྱེད་རྩོམ་དེ་ལ་ཡིད་རང་ཞུ
བགྲོ་གླེང་ཀུན་ལ་ཐུགས་རྗེ་ཆེ་ཞུ།།