ཚེ་རིང་རྡོ་རྗེ།
ཁྱེད་ཀྱིས་སྐུ་སྲོག་འབེན་ལ་བཙུགས་ཏེ། རང་དབང་བྲལ་བའི་སྐྱེ་བོ་གྲངས་མེད་ཀྱི་ཆེད་དུ། བྱམས་སེམས་རྒྱང་འབོད་བྱས། མི་ཤི་ཁྲག་སྦྱོར་བཟློགས། ཞི་བདེའི་ལམ་སྣ་དྲངས། ཁྱེད་ལ་བདེན་པ་སྨྲ་བའི་ཁྲེལ་གཞུང་མ་གཏོགས། གོ་མཚོན་ཁབ་རྩེ་ཙམ་ཡང་མེད།
འོན་ཀྱང་། སྒེར་གཅོད་པ་སྨྱོན་པས་ཁྱེད་ཉིད་ལྕགས་གཟེབ་ཏུ་བཙུད་ཅིང་། ཚེ་སྲོག་འཇོམ་པའི་ནད་གཞི་རང་དགར་གློད་དེ། ཁྱེད་ཀྱི་གསོན་ཤུགས་བསྣད། ད་དུང་ཁྱེད་ཀྱི་ཆུང་མ་ལའང་ཡ་ང་བའི་གནོད་འཚེ་བྱས། ཀྱི་ཧུར། རྒྱ་དམར་ནི་ཅི་འདྲའི་གདུག་རྩུབ་ཆེ་ཨང་།
ཁྱེད་ལ་ནག་ཉེས་སྤུ་ཙམ་ཡང་མ་མཆིས། འཚེ་མེད་ཞི་བའི་ལྟ་བ་ཁོ་ན་བརྟན་པོར་བསྲུངས་པ་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། འོན་ཀྱང་། ཡ་རབས་སྟོབས་ལྡན་གྱི་ཡུལ་གྲུ་ཚོ་ནི་རྒྱ་དམར་སྒེར་གཅོད་སྲིད་དབང་དང་ལྷན་དུ་གར་ལ་རོལ་པ་ན། ཁོ་ཚོས་འཛམ་བུ་གླིང་བ་ཀུན་གྱི་མཐོང་ས་ནས་ཁྱེད་ཉིད་འཆི་ལམ་ལ་དེད།
ཡ་རབས་སྟོབས་ལྡན་གྱི་ཡུལ་གྲུ་ཚོའི་བཟང་སྤྱོད་ནི། སྒེར་གཅོད་པའི་གཉེན་ཆང་གིས་བཟི་ཞིང་སྦྲིད་དེ། སྡར་མ་ནུས་མེད་དུ་གྱུར་འདུག ཉམ་ཆུང་ཚོའི་མི་སེམས་ལ་ཟུག་རྔུ་ཅི་འདྲ་ཆེ་ཨང་། སངས་རྒྱས་དཀོན་མཆོག་མཁྱེན། ཁོང་བཟའ་ཟླ་གཉིས་ལ་མགོན་སྐྱབས་གནང་རོགས།
ཚེ་རིང་རྡོ་རྗེས་༢༠༡༧ ཟླ༠༧ ཚེས༠༣ ཉིན་ལ་མེལ་སྦོན་དུ་བྲིས།
རྒྱ་ནག་གཅིག་གམ། རྒྱ་ནག་གཉིས་རེད།
http://www.unz.com/plee/what-if-it-wasnt-one-china-vs-two-chinas-what-if-there-was-no-china/