འདོན་སྤེལ། ༢༠༡༠/༠༨/༠༢
པེན་ ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དུས་ཀྱི་དགོས་མཁོ་ལྟར་རིམ་ བཞིན་བོད་ནང་གི་དམིགས་བསལ་ཚབ་མཚོན་རྩོམ་ཡིག་ཁག་ཅིག་གི་ནང་དོན་གསལ་རྟོགས་དང་ དགེ་སྐྱོན་བླང་དོར་གྱི་སླད་དུ་བགྲོ་གླེང་ཞིབ་ཙམ་རེ་གནང་རྒྱུའི་ལས་རིམ་ཞིག་འགྲོ་རྒྱུ་གལ་ཆེར་མཐོང་བས། ཕྱི་ཟླ་བརྒྱད་པ་འདིའི་ཚེས་བཅོ་ལྔ་ཉིན<<ཁྲག་ཡིག>>དང<<གནམ་ས་གོ་འབྱེད>>གཉིས་ ལ་རང་དབང་རང་མོས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་བྱེད་ཀྱིན་ཡོད་པས། ཤེས་ནས་སྨྲ་བའི་དཔྱོད་ལྡན་དག་གིས་གོང་གསལ་རྩོམ་ཡིག་གཉིས་གང་རུང་གི་དོན་ཚན་ནམ་གནད་དོན་བྱེ་བྲག་པ་གང་རུང་ཞིག་གི་སྐོར་ལ་དཔྱིས་ཕྱིན་པའི་བགྲོ་གླེང་རེ་གནང་རྒྱུའི་རེ་སྐུལ་ཞུ་གིན་ཡོད།
འདི་ནི་རང་དབང་རང་མོས་ཀྱི་བགྲོ་གླེང་རང་ཡིན་པས་སུ་གཅིག་ལའང་ཆེད་དུ་འབོད་སྐུལ་ཞུ་གིན་མེད། ཁྱེད་ཀྱིས་གནད་དོན་བྱེ་བྲག་པ་གང་གི་སྐོར་ལ་བརྗོད་འདོད་ན་གཤམ་གསལ་འབྲེལ་ལམ་གང་རུང་ཐོག་གམ། ཡང་ན་དྲ་ངོས་འདིར་འབྲེལ་བ་གནང་ཡང་འཐུས། གལ་ཏེ་ཁྱེད་ཀྱིས་བགྲོ་གླེང་སྐོར་རྩོམ་ཡིག་འབྲི་ཐུབ་ཚེ་འདི་གའི་མཐུན་ཚོགས་ཀྱི་དྲ་ངོས་སུ་འགོད་རྒྱུ། མཐུན་ཚོགས་ཀྱི་ཚོགས་མིས་གཙོས་དོ་སྣང་ཅན་གང་མང་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་དང་བཅས།
ཚོགས་ཡུལ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་ཁང།
དུས་ཚོད། སྔ་དྲོ་ཆུ་ཚོད། ༩།༣༠ ནས།༡༢།༣༠། ཕྱི་དྲོ་ཆུ་ཚོད། ༢།༣༠་ནས་་༥།༣༠བར།
བརྗོད་གཞི་ཁག དང་པོ། ཁྲག་ཡིག་ལས།
༡། ཁྲག་དྲི་བྲོ་བའི་དོན་རྐྱེན་དང་དེའི་ལྟག་རྒྱབ་ཀྱི་གསང་བ། ༢། འུ་ཚོས་ཀྱང་རང་ས་ནས་བསྒྲགས་གཏམ་སྤེལ་ཆོག
༣། ཟིན་ཐོ་ཁར་རྒུམ་ཁེར་རྒུམ། ༤། མྱ་ངན་དང་འགྱོད་བཤགས། ད་དུང་རྒོལ་གཏམ་ཁག་གཉིས།
༥། སྙིང་རླུང་ལྡང་བའི་གསར་འགྱུར། ༦།སྙན་དངགས་ཚན་པ་ཁག་ལས་གང་རུང་ཞིག
གཉིས་པ། གནམ་ས་གོ་འབྱེད་ལས།
༡། དགའ་བ་སྙིང་སྟོབས་ས་བོན་དགུ་འགྱུར། ༢། སྐྱོ་བ་དམ་དྲག་ལྕགས་ཐག་དགུ་སྒྲོག
༣། འཇིགས་པ་སྒེར་གཞུང་ཐལ་མཐའ་དགུ་འགྲིལ། ༤། བསླབ་བྱ་ཞི་བའི་ཐབས་ལམ་དགུ་གྲོལ།
གསུམ་པ། དེ་དག་དང་འབྲེལ་ཡོད་གཞན་དག་ཀྱང་གླེང་ཆོག་པ་བཅས།
tibpen@yahoo.com/ chapbrag@gmail.com
Tel:9218232996/ Mob:9805875642/ 9805345852
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ནས།
༢༠༡༠།༨།༢
ལས་གཞི་དེ་མི་བཟང་གི་ཟེར་གྱི་མེད། འོན་ཀྱང་ཁོང་ཚོའི་བརྩམས་ཆོས་དང་དེའི་ནང་དོན་སྐོར་ལ་འདྲ་མི་འདྲ་གླེང་ན་ཁོང་ཚོའི་གནས་སྟངས་ལ་དཀའ་ངལ་ཐོལ་བ་རེ་སྤྲད་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་ཡང་འདུག ད་བཤད་མི་ཤེས་གེ་སེར་གི་སྒྲུང་འདྲ་འདྲ། གཤིག་མི་ཤེས་གོས་སྐུ་ཡི་དཀྲིས་འདྲ་འདྲ། དངོས་གནས་ཅང་བཤད་མི་ཤེས་ཀི
ཞོགས་དུང་དང་ཐེའུ་རང་གཉིས་ལ་གནོད་སྐྱེལ་ན་སྐྱེལ་མཇུག་སྐྱོང་དགོས་པ་རེད།
མི་བཙོན་ལ་བཟུང་ཚར་དུས་དེ་ཚོའི་སྐོར་ལ་མི་ཤེས་ཤེས་མདོག་གིས་སྐྱག་ལབ་རྒྱག་གི་མ་འདུག ཁོང་ཚོ་ལ་ནི་ཕན་ཐོགས་གི་མ་རེད། དེ་ལས་ལྷག་པའི་བཟང་ཆ་ཅན་གྱི་ལས་འགུལ་འདྲ་སྤེལ་རྒྱུ་མི་འདུག་གམ། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་རེ་སྐུལ་དང་། སྙན་ཞུ་འབུལ་བ་འདྲ་བྱེད་ཐུབ་ན་ཕན་ཐོགས་ཡོད་ཀྱི་རེད་མ་གཏོགས། ཁོང་ཚོས་བྲིས་བཞག་པ་དེའི་སྒང་ལ་སྟོད་ར་གཏོང་གི་ཡོད་དམ། སྨད་ར་གཏོང་གི་ཡོད་མི་ཤེས་པར་འགྲེལ་བཤད་མང་པོ་ཞིག་རྒྱག ཚད་གཞི་མང་པོ་བཞག་ནས་མི་འཇོན་འཇོན་མདོག་མ་བྱས་ན་དགའ་གི་རེད།
རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱའི་ཁ་བྱང་ཡོད་ན་འདིར་འཇོག་རོགས།
མ་གཞི་མི་བཙོན་དུ་གནས་ཡོད་མུས་ལ་དེའི་བརྩམས་ཆོས་ལ་ཕྱི་ལོགས་ནས་བསྐྱར་འགྲེལ་ཡང་འགྲེལ་གནང་ན་དགེ་སྐྱོན་ཅི་འགྱུར་དེ་ཡང་བསམ་གཞིགས་དགོས་པ་ཞིག་མ་རེད་དམ།
ལས་འགུལ་སྤེལ་གནང་བར་རྗེས་སུ་ཡི་རངས་ཡོད།
འོན་ཀྱང་། སྤེལ་སྟངས་ཀྱི་རྣམ་པ་དེས་གཞན་དབང་དུ་ཚུད་པའི་མི་བུ་དེ་ཚོའི་གནས་སྟངས་ལའང་ཕན་གནོད་ཅི་འགྱུར་དེ་སྔོན་ཚུད་ནས་ཐུགས་བསམ་བཞེས་དགོས་པ་རེད།
དེ་མིན་ལས་འགུལ་སྤེལ་ཐབས་འདྲ་མིན་བཙལ་ཆོག་གི་རེད། འདི་ནི་གཞེན་སྐུལ་ཙམ་ཡིན་ནོ།།
དཔེར་ན། དེ་སྔོན་བཙོན་ཁང་དུ་ཡོད་པའི་བཙུན་མ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་བོད་གཞས་བཏང་།
ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་ཁོང་ཚོ་བཙོན་ཁང་དུ་ཡོད་བཞིན་དུ་བོད་གཞས་དེ་ཚོ་ཕྱིར་བསྒྲགས་བྱས་སྟབས་ཁོང་ཚོར་མི་ལོ་དུ་མའི་ཁྲིམས་ཆད་པ་ཕོག་མྱོང་བ་དེ་ལོ་རྒྱུས་ཐག་རིང་པོ་མ་རེད།།
ཕྱིར་སྡོད་པའི་རྩོམ་པ་པོ་དང་རྒྱལ་སྤྱི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ད་རེས་ཀྱི་ལས་མགུལ་དེ་ལ་རྒྱབ་བསྐྱོར་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན།
གོང་གི་བགྲོ་གླེང་ཞུ་ཡུལ་གྱི་རྩོམ་དེབ་དེ་གཉིས་ཀྱི་རྩོམ་པ་པོ་རྣམ་པ་གཉིས་ལ་ཚེ་བཙོན་བྱ་རྒྱུ་ཡིན་ནམ་སྲོག་ཐོག་གཏོང་རྒྱུའི་འཆར་གཞི་གདེངས་རྒྱུ་ཡིན།
ད་ཆ་ཁོང་གཉིས་ཀ་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱང་དང་མྱོང་བཞིན་པ་མ་ཟད་ལོ་ངོ་དྲུག་བདུན་གྱི་ཁྲིམས་ཐག་བཅད་ཟིན་པ་ནི་མི་མཁྱེན་པ་ག་ལ་ཡིན།།
ཕྱིར་སྡོད་པའི་རྩོམ་པ་པོ་དང་རྒྱལ་སྤྱི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ད་རེས་ཀྱི་ལས་མགུལ་དེ་ལ་རྒྱབ་བསྐྱོར་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན།
གོང་གི་བགྲོ་གླེང་ཞུ་ཡུལ་གྱི་རྩོམ་དེབ་དེ་གཉིས་ཀྱི་རྩོམ་པ་པོ་རྣམ་པ་གཉིས་ལ་ཚེ་བཙོན་བྱ་རྒྱུ་ཡིན་ནམ་སྲོག་ཐོག་གཏོང་རྒྱུའི་འཆར་གཞི་གདེངས་རྒྱུ་ཡིན།
ད་ཆ་ཁོང་གཉིས་ཀ་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱང་དང་མྱོང་བཞིན་པ་མ་ཟད་ལོ་ངོ་དྲུག་བདུན་གྱི་ཁྲིམས་ཐག་བཅད་ཟིན་པ་ནི་མི་མཁྱེན་པ་ག་ལ་ཡིན།
ཁྱེད་རྣམ་པས་དེ་འདྲའི་བགྲོ་གླེང་ཚོགས་འཆར་ཡོད་པ་ཕྱོགས་གཅིག་ནས། ཐེའུ་རང་དང་། ཞོགས་དུང་ཁོང་རྣམ་པའི་རྩོམ་ཡིག་ལ་གདེང་འཇོག་ཆེན་པོ་བྱས་པ་རེད་སྙམ་པས་དགའ་ཚོར་བྱུང་། ཕྱོགས་གཞན་ཞིག་ནས་བསམ་ན་རྩོམ་པ་པོ་ཁོང་རྣམ་པས་རྩོམ་ཡིག་དེ་དག་བྲིས་པའི་རྒྱུ་མཚན་ལ་བརྟེན། ད་སྐབས་རྩོམ་པ་པོ་དེ་དག་རྒྱའི་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པ་ཀུན་གྱིས་ཤེས་གསལ་རེད། འདི་ནས་རྩོམ་ཡིག་དེ་དག་ལ་བགྲོ་གླེང་སྣ་ཚོགས་བྱས་ཏེ་བརྗོད་བྱ་དམར་རྗེན་དུ་བཏོན་ནས་རྒྱ་བོད་གཉིས་ཀར་ཁྱབ་དུས། རྩོམ་པ་པོ་ཞུགས་དུང་དང་། ཐེའུ་རང་སོགས་ལ་ཉེས་པ་ལྗི་རུ་མི་འགྲོ་བའི་ངེས་པ་མེད་པས། བགྲོ་གླེང་དེ་ལྟ་བུར་ཚོགས་པར་ཁེ་ཉེན་གཉིས་ཀའི་ཕྱོགས་ལ་བསམ་བློ་གཏིང་ཟབ་རེ་གཏོང་རྒྱུའི་རེ་བ་ཡོད།
ནོར་བཅོས་་་་ཞོགས་དུང་
དགའ་བསུ་ཡོད། རྩོམ་པ་པོའི་མཐུན་ཚོགས་ནས་བགྲོ་གླེང་འདི་འདྲ་མུ་མཐུད་གནང་ན་དགའ་བསུ་ཡོད། བགྲོ་གླེང་བརྒྱུད་ནས་ཤེས་དགོས་པ་དེ་ཚོ་ཤེས་ཐབས་བྱེད་པ་དང་། ལྷག་ཏུ་བོད་ཕྱི་ནང་གི་རྩོམ་པ་པོ་ཚོས་གང་བཤད་ཡོད་པ། གང་བསམ་གྱི་ཡོད་པ་དེ་ཚོ་མང་ཚོགས་ཁྲོད་ཁྱབ་བརྡལ་གྱི་ཆེད་དུ་བགྲོ་གླེང་མུ་མཐུད་གནང་བར་དགའ་བསུ་ཡོད།
བགྲོད་གླེང་གནང་ན་ཕན་གྱིན་འདུག་གམ་གནོད་ཀྱིན་འདུག་་་་་་ཐུགས་མདང་རྒྱོབས་ཨ།
ཤེས་ལྡན་པ་ཚོར་རེ་སྐུལ་ཞིག་ཞུ་འདོད་ཡོད།ལས་འགན་སྤེལ་མཁན་ཀྱི་ཚོགས་པ་ཁག་ལ་རྒྱབ་སྐྱོར་མི་བྱེད་པར་ངན་བཤད་མ་བྱེད་རོགས།བོད་དོན་ཐདརང་ངོས་ནས་ལས་འགུལ་མི་ཐུབ་ན་ཁ་ཁ་རོགས་གེར་བསྡད་ན་བཟང་གི