རྣོ་སྦྲང༌།
དགུན་ཁའི་སྒྱུ་འཕྲུལ་གྱི་མཁའ་དབྱིངས་ནས་པེ་ཅིན་Aལ་ཁ་བ་་རྡོག་གཅིག་ཀྱང་ལྷུང་མ་བྱུང
ཉེ་འཁོར་ཚོས་ལམ་ཆས་བརྒྱབ་ཏེ་རེ་རེ་བཞིན་ཕ་ཡུལ་ལ་ལོ་སར་རོལ་དུ་འགྲོ་གི་འདུག
ཉིན་ཧྲིལ་བོའི་ངལ་གསོ་ཡི་ཁྲོད་ནསལོ་སར་ལ་བརྡ་རྟགས་མེད་པ་འདྲ་བའི་ཕ་ཡུལ་ཡིད་ལ་ལོས་དྲན་མོད
ཕ་ཡུལ་གྱི་སྙིང་དང་འདྲ་བའི་གྲོགས་པོ་ཚོ་དང་ལྷན་དུསྟོང་བཤད་ཡིད་ཚིམ་རེ་བརྒྱབ་ནས་བསྡད་ན་ལོས་བསམ་མོད
འོན་ཏེ་ད་ལོ་ང་ཕ་ཡུལ་ལོག་འདོད་ཡེ་ནས་མེད ཁུ་སིམ་མེར་ཁ་བ་ལ་སྒུག་སྟེ
ཁ་བའི་ཁྲོད་ནས་ཁེར་ལབ་གྱི་ཚོར་བའི་མཛེས་སྡུག་ཅིག་རྙེད་ཐུབ་སོང་ན
འདོད་པ ཤོག་བུ་མེ་ཡིས་འཚིག་པ་དང་འདྲ་བར་རྨག་མེད་དུ་འགྲུབ་སོང་བ་ཡིན
རོལ་དབྱངས་ཤིག་མི་མངོན་པའི་དབྱངས་ནས་གྲགས་ཏེ
མུན་ནག་གི་ཁྲོད་ན་དྲ་བར་འཇུག་གིན་པའི་ཁོ་བོར་སེམས་གསོ་བླ་མེད་གནང་གི་ཡོད་ན་ཡང
བརླན་བཤེར་གྱིས་གྲུབ་པའི་མཛུབ་གུས མཆི་མའི་གཏམ་རྒྱུད་ཅིག་དྲོད་རླངས་ཀྱི་ཁྲོད་ན་འབྲི་གི་འདུག
འཛིན་རེག་བྲལ་བའི་གཟུགས་མེད་རལ་གྲི་ཞིག་འཆར་ཏེ་བཞེངས་བསྐྲུན་བྱ་གི་འདུག
ཕོ་བ་མ་གཟེར་བའི་ཡར་སྔོན་ལ་ཐུག་པ་རྒྱག་ཚད་ཅིག་འཐུང་སྟེ
གཅིན་ཁུང་མ་གཟེར་བའི་ཡར་སྔོན་ལ་གཅིན་པ་ལྷོད་ལྷོད་ཅིག་བཏང་རྗེས
འཛམ་གླིང་གི་སྐྱེས་ཆེན་ཚོའི་ཕྱི་ནང་ཀློག་ཆོག་སའི་གློག་ཀླད་ཀྱི་ཁ་གཏད་ནས
མིག་ཟུང་ཀེར་ཀེར སྐྱོ་གར་གྱི་སྐད་ཆ་ཁ་ཤས་རྨི་ལམ་གྱི་སྒལ་གཞུང་ནས་བཤད
ཨ རྒྱུ་འབྲས་མི་རྩི་བའི་འགྲོ་བ་མིའི་རིགས་ཀྱི་གཞུང་ཚབ་ཁང་དག་ཨང
རི་ཁའི་དར་ལྕོག་ཟད་པོ་གྲངས་མེད་ཀྱི་འདབ་རོལ་ན་ཡོད་པའི་ངའི་ཕ་ཡུལ་གྱི
རང་དབང་གི་སྨྲ་བརྗོད་མེད་པའི་ལོ་རབས་འདི་ནམ་ཞིག་ལ་མཇུག་རྫོགས་སྲིད་ཨང
༢༠༠༩ ༡ ༢༢ཉིན་པེ་ཅིན་དུ།