ཨོ་སི་ཁཱར ཐྲི ལྱིང་། (ཧོང་ཀོང)
སྒར་བ་ཤེས་རབ་སྟོབས་རྒྱལ་གྱིས་བསྒྱུར།
བོད་ནང་གི་མི་གྲངས་༨༤ལོན་པའི་རང་ལུས་མེར་སྒྲོན་གྱི་ཛ་དྲག་གི་གནས་སྟངས་དེ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་དོན་རྐྱེན་ཞིག་རེད། ཕྱི་སྡོད་བོད་མི་དང་རྒྱལ་སྤྱིའི་གསར་ལམ་ཁག་གི་གསར་འགོད་བརྒྱུད། ཡ་ངའི་གནས་སྟངས་འདི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་ཐུབ་ཡོད་མོད་ཀྱང་། ད་ལྟའི་གནས་ཚུལ་ཆེས་སྡུག་ཤོས་ནི་རྒྱ་ནག་སྲིད་གཞུང་གི་དམ་དྲག་གི་རྐྱེན་གྱིས་བོད་ནང་དུ་ཡོད་པའི་བོད་མི་དག་གིས་ཀྱང་རང་གི་སྤྱི་ཚོགས་ནང་ཅི་ཞིག་བྱུང་ཀྱིན་པ་ཆེར་ཤེས་ཀྱིན་མེད་པ་དེ་རེད་ལ། བོད་པའི་གྲྭ་བ་དང་ཞིང་འབྲོག་མི་མང་ཕུད། གྲོང་དུ་སྡོད་པའི་དགེ་རྒན་དང་སློབ་མ། ལས་བྱེད་པ་དག་གིས་ཡ་ང་བའི་དོན་རྐྱེན་ཅི་ཞིག་བྱུང་བཞིན་པ་དང་། དེ་དག་ལ་ཇི་ལྟར་གདེང་འཇོག་བྱས་ན་འགྲིག་པ་དང་། ཕྱི་སྡོད་བོད་མི་དག་གིས་ཇི་ལྟར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་པ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལྟ་སྟངས་ཅི་ཞིག་འཛིན་གྱིན་པ་སོགས་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་ལྟར་ན་ད་གཟོད་བོད་མི་ཚང་མས་གནས་བབ་ལ་ཤེས་རྟོགས་བྱུང་ནས་མཐུན་སྒྲིལ་བྱེད་ངེས་ལ། གཅིག་བྱས་ན་མིག་སྔའི་གནས་བབ་ཀྱང་དེ་ལ་བརྟེན་ནས་འགྱུར་སྲིད། ད་ལོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་གནད་འགག་གི་ལོ་ཞིག་ཏུ་གྱུར་ཡོད་པས། ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདི་མ་ཡོལ་བ་བྱས་ཏེ། མི་རེ་ངོ་རེ་ནས་ཤུགས་རྒྱག་རྒྱུ་ཤིན་ཏུ་གལ་ཆེ། བོད་ཀྱི་གནད་དོན་དེ་མཐར་གཏུགས་ན་ཁྱོད་ཚོ་བོད་པ་རང་ནས་ཐག་གཅོད་དགོས་པ་ལས་ཕྱི་གླིང་གི་རོགས་སྐྱོར་ཞིག་ལ་རེ་བ་རྒྱག་པ་ནི་ཆེས་འཁྲུལ་ཅིང་རེ་འབྲས་ཆུང་བའི་ལས་ཡིན། འདིར་དེ་ལ་དམིགས་ནས་བསམ་འཆར་ཆུང་ངུ་གཉིས་འདོན་འདོད།
གཅིག རང་དབང་ལུང་པའི་བོད་མི་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ནང་དུ་བེད་སྤྱོད་ཆེ་བའི་དྲ་གནས་ཁག་ཏུ་དུས་ཐོག་གི་གསར་འགྱུར་དང་། དེ་དང་འབྲེལ་བའི་དཔྱད་བརྗོད་དང་དཔྱད་རྩོམ་སྤུས་ཡག་དག་སྤེལ་དེ། གསར་འགྱུར་དག་རྒྱུས་ལོན་དང་དོན་རྐྱེན་དེ་དག་ལ་ངོས་ཟིན་གཏིང་ཟབ་བྱུང་དུ་འཇུག་དགོས།
རྒྱ་ནག་ཏུ་དྲ་བྱང་འདི་དག་རྒྱུགས་ཆཻ།
1. Weibo(微博): http://www.weibo.com/
2. Renren(人人网):http://www.renren.com/
3. QQ:
ནང་དོན་གྱི་ཐད་ནས་ཆགས་སྡང་དང་ཕྱོགས་རིས་ཀྱིས་བྲིས་པ་མིན་པར། རྒྱུ་མཚན་གནས་ལུགས་ཀྱིས་རྒྱབ་རྟེན་བྱས་ཡོད་པའི་དཔྱད་བརྗོད་ཡིད་འཁུལ་བ་ཅན་ཡིན་དགོས། དཔེར་ན།
· Elliot Sperling
· Christophe Besuchet
· Jamyang Norbu
· weise
· Josh Schrei
· Tsering Shakya སོགས་ཀྱི་རྩོམ་ཡིག་དག་ལེགས་པོ་ཡོད།
གཉིས། སྲིད་གཞུང་གི་གསར་ལམ་ཁག་གི་རྐྱེན་གྱིས། རྒྱ་རིགས་མང་ཚོགས་ནས་བོད་མི་དག་གི་བསམ་ཚུལ་དང་གནས་བབ་ལ་ཤིན་ཏུ་རྒྱུས་ལོན་མེད་ཅིང་། ཐ་ན་སྡིགས་དམོད་དང་འཕྱ་སྨོད་ཀྱིས་ཡོད་མི་འོས་པའི་འགལ་བ་བྱུང་གིན་ཡོད་པས། གོང་བརྗོད་གནས་ཚུལ་དག་རྒྱ་ཡིག་གི་ལམ་ནས་རྒྱ་ནང་དུ་སྤེལ་རྒྱུའང་གལ་ཆེན་པོར་ཆགས་ཡོད་དོ།།
བདེན་པ་རེད། ང་ཚོའི་དབྱིན་ཡིག་ཐོག་དངོས་ཡོད་གནས་ཚུལ་སྤེལ་བ་ལས་གོང་གསལ་གྱི་ཁ་བྱང་ཐོག་རྒྱ་ཡིག་ཐོག་སྤེལ་མ་ཡག་པོ་འདུག
བཀླགས།
རྩོམ་ཐུང་འདི་དོན་ལ་གནས་པའི་སྐད་ཆ་ཞིག་རེད། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་ཚེ་སྲོག་བློས་བཏང་བའི་རླབས་ཆེན་གྱི་མཛད་རྗེས་དག གཙོ་བོ་རང་རེ་བོད་ནང་ཁུལ་དུ། རྩ་དོན་རྩོད་སྒྲུབ་ཐད། ཆིག་སྒྲིལ་་་ལ་རྒྱ་་་་ཐབས་ཤེས་་་་སྙིང་བསྟོབས་་་་་གདེང་སྤོབས་བཅས་ཀྱི་ངོ་བོ་སྲ་བརྟན་དང་གོང་འཕེལ་གཏོང་ཆེད་དུ་དགོལ་སྤྱོད་ཐུབ་པ་བྱེད་རྒྱུ་དེ་རེད།
སྐད་ཆ་དྲང་བོ་དང་ལྷག་བསམ་རྣམ་དག་རེད།
བོད་ནང་ལ་ཁྱབ་བསྒྲགས་གལ་ཆེན་པོ་རེད། ཤེས་ཡོན་ཅན་རྣམས་ནི་མི་རིགས་གཅིག་གི་ཀླད་པ་ལྟ་བུ་ཡིན་པས་བོད་པའི་ཤེས་ཡོན་ཅན་དང་། དེའི་ནང་ནས་བོད་ཡིག་ལ་བྱང་ཆ་ཡོད་པའི་བོད་པའི་ཤེས་ཡོན་ཅན་རྣམས་ཀྱིས་རང་སྲེག་ཐད་རྒྱལ་སྤྱིའི་ལྟ་ཚུལ་དང་། རང་མི་རིགས་ཀྱི་བླ་ཆེན་དམ་པ་ཁག་གི་དགོངས་ཚུལ། དེ་བཞིན་བོད་པའི་ཤེས་ཡོན་ཅན་རྣམས་ཀྱི་བསམ་ཚུལ་དེ་དག་གོ་བདེའི་ལམ་ནས་ནང་ཁུལ་དུ་ངོ་སྤྲོད་བྱེད་རྒྱུ་གལ་པོ་ཆེ། དེ་མ་གཏོགས་ནང་ཁུལ་གྱི་བོད་པ་མང་པོས་གནས་ཚུལ་གསལ་པོ་ཧ་མི་གོ་བ་དང་། ཧ་གོ་བ་དེ་ཚོ་རྒྱ་གཞུང་གི་ལོག་འགྲེལ་ནས་ཐོས་པ་མང་བས་གོ་བ་མ་ནོར་བ་དང་། བདེན་པ། དངོས་ཡོད་གནས་ཚུལ་དེ་དག་ཧ་གོ་རྒྱུ་གལ་ཆེ། བདེན་པ་ཁྱབ་བསྒྲགས།
རྫུན་མ་ཐེར་འདོན། ཁྱབ་བསྒྲགས། ཁྱབ་བསྒྲགས། ཁྱབ་བསྒྲགས། གངས་རིའི་ཕྱི་ནང་ཀུན་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་བསྒྲགས་བྱེད་དགོས།