ཤར་ཕྱོགས་ཁུག་རྟ།
༄༅།། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆུ་གླང་ཟླ ༡ ཚེས ༨ དང་ཕྱི་ལོ ༡༩༡༣ ཟླ ༢ ཚེས ༡༣ ཉིན་སྩལ་བའི་གསུང་འཕྲིན་ལ་ཕྱིས་སུ་”རང་བཙན་གསལ་བསྒྲགས་”ཞེས་བཏགས་ཏེ་ཨུ་ཚུགས་རྒྱག་པ་ནི། ལོ་རྒྱུས་ཀྱི་དོན་དངོས་རང་གི་མངོན་འདོད་དམ་ཁེ་ཕན་གྱི་ཕྱོགས་སུ་བཙན་སྦྱོར་བྱེད་པ་ཡིན་ལ། ཁེ་ཕན་ཁོ་ནར་དམིགས་ནས་གླེན་པས་ཨུ་ཚུགས་རྒྱག་པ་ནི་ལོ་རྒྱུས་ནག་བསུབ་བྱས་པའི་ཉེས་པ་ཡོད་སྟབས། གསུང་འཕྲིན་རིན་པོ་ཆེས་མན་ཇུ་དང་མཆོད་ཡོན་འབྲེལ་བ་གཏན་གཅོད་དང། བོད་རང་གིས་ཆོས་སྲིད་གང་ཅིར་ཕྱིས་འབྱུང་བྱེད་སྒོ་ཁག་འདོམས་གནང་མཛད་པ་དེ་ཉིད་སོར་འཇོག་བྱས་ན་དགེ་ཕན་བླ་ལྷག་ཏུ་ཆེ་བ་ཡིན། དེ་བཞིན་རང་རྐུབ་རང་གིས་སྟོན་པ་ལྟར་”བསྐྱར་ནན་”ཞེས་པའི་ཚིག་ཅིག་རང་བཙན་གསལ་བསྒྲགས་ཀྱི་མིང་མཐར་བཙན་སྦྱོར་བྱས་པས་ཀྱང། ༧གསུང་འཕྲིན་རིན་པོ་ཆེར་འཁྱོག་བརྗོད་བྱས་པ་གཅིག་མཚུངས་ཡིན་པ་ཙམ་དུ་མ་ཟད། དོན་དངོས་བོར་སྐབས་དེར་བོད་ཀྱི་རང་བཙན་བསྐྱར་ནན་གསལ་བསྒྲགས་ཤིག་སྤེལ་དགོས་དབང་དུ་བཏང་ན། ༧བཀའ་དྲིན་ཟླ་མེད་མཁྱེན་དཔྱོད་རབ་ཡངས་༧གོང་ས་བཅུ་གསུམ་པ་དེས་རང་བཙན་བསྐྱར་ནན་གསལ་བསྒྲགས་གནང་སྟངས་ཞིབ་ཏུ་མཁྱེན་པ་ཡིན་སྟབས། རང་བཙན་གསལ་བསྒྲགས་སམ་རང་བཙན་བསྐྱར་ནན་ཞེས་མིང་གང་འདྲ་ཞིག་བཏགས་ཀྱང། མིང་དང་གསུང་འཕྲིན་ཐ་དད་ཡིན་པ་རིགས་པས་དཔྱད་ན་ང་ཚོ་ལྟ་བུ་སོར་སྐྱེས་ཕལ་བས་ཀྱང་བློ་མིག་གིས་གཅུན་ཐུབ་ཀྱི་འདུག་པས། རྫུན་བཤད་དེ་རང་བཙན་རྩོད་ཀྱི་ཡིན་པའི་རྣམ་པ་འདི་རིགས་སྤང་ན་ལེགས་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སུས་ཀྱང་ཁ་དཀྱོགས་ལ་བསྒྱུར་མི་ཆོག་པ་དེ་ཐུགས་ཉར་གནང་རོགས་ཞུ།
གཤམ་དུ་ངེད་རང་བོད་ཀྱི་དུས་བབ་གསར་འགོད་པས་༧གསུང་འཕྲིན་སྐོར་བཅར་འདྲི་ཞུས་པ་ཞིག་ཀྱང་མཉམ་བཀོད་བྱས་ཡོད།
དྲི་བ། ད་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་མོ་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་མི་ལོ་ ༡༠༠ ཏག་ཏག་འཁོར་བའི་དུས་དྲན་ཉིན་མོ་ཆཊ་ཡོད་སྟབས། སྐུ་ཉིད་ཀྱིས་ཉིན་མོ་དེ་བོད་ཀྱི་ལོ་རྒྱུས་ཐོག་གལ་གནད་ཆེ་ཆུང་གང་འདྲ་ཞིག་ཏུ་གཟིཊ་ཀྱི་ཡོད་དམ།
ལན། ཐོག་མར་ང་ཚོའི་སྤྱི་ཚོགས་ནང་ཡོངས་གྲཊ་ཆཊ་བསྡད་པའི་༸རྒྱལ་བ་བཅུ་གསུམ་པའི་གསུང་འཕྲིན་དེ་བོད་རང་བཙན་གསལ་བསྒྲཊ་ཇི་ལྟར་ཡིན་པའི་རྒྱུ་མཚན་འཚོལ་དགོས་པ་རེད་བསམ་གྱི་འདུག བོད་རང་བཙན་ཡིན་པའི་གསལ་བསྒྲཊ་ཉིན་མོ་དེར་བྱས་ཡོད་ན། དེའི་གོང་དུ་གང་ནས་གང་བར་རང་བཙན་ཤོར་བ་རེད་དམ། ཡང་ན་དེའི་གོང་བོད་ལ་རང་བཙན་མེད་པ་རེད་དམ། རང་བཙན་གསལ་བསྒྲཊ་ཤིག་ཡིན་ན། དབང་བསྒྱུར་མཁན་ལས་ཁ་བྲལ་བའི་གནས་སྟངས་གསལ་དགོས་མོད། གསུང་འཕྲིན་དེར་གནས་བབ་དེ་རྣམས་གསལ་མི་འདུག གཞན་ཡང་། ང་ཚོས་དངོས་ཡོད་གནས་ཚུལ་ཐོག་ནས་འགྲེལ་བཤད་བསྐྱོན་པའི་སྐབས་ལ་སོག་པོས་བོད་ལ་ལོ་བཞི་བཅུ་ཙམ་གྱི་དབང་བསྒྱུར་བྱས་རྗེས། གཅིག་སྟོང་ཉིས་བརྒྱ་དྲུག་ཅུ་རེ་གྲངས་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བ་ནས་བཟུང་སྟེ་བོད་ཀྱི་མངའ་དབང་བསྐྱར་གསོ་བྱུང་བ་རེད། དེང་སང་གི་ཚིག་ལ་རང་བཙན་ཡོངས་སུ་རྫོཊ་པ་ཞིག་བཙན་པོའི་རྒྱལ་རབས་ཀྱི་རྗེས་ནས་དེ་དུས་བྱུང་བ་རེད། དེ་ནས་བཟུང་སྟེ་ ༡༩༥༡ བར་བོད་ཀྱི་མངའ་དབང་རྒྱ་ནག་གིས་ཡོངས་སུ་འཕྲོག་ཐུབ་ཡོད་པ་མ་རེད། གཅིག་སྟོང་ཉིས་བརྒྱ་དྲུག་ཅུ་རེ་གྲངས་ནས་གཅིག་སྟོང་དགུ་བརྒྱ་ལྔ་གཅིག་བར་གྱི་ ༡༩༡༣ ལོར་རང་བཙན་གསལ་བསྒྲཊ་ཤིག་དགོས་ཀྱི་ཨེ་ཡོད། གསུང་འཕྲིན་འདི་ལ་རང་བཙན་བསྒྲཊ་གཏམ་ཟེར་བའི་དཀྲོཊ་གཏམ་རྣར་སྙན་པ་ཞིག་སུས་བཏཊ་མིན་གསལ་བོ་ཞིག་ཤེས་མ་སོང་། དེ་འདྲ་ཡིན་དུས། ངས་གསུང་འཕྲིན་འདི་ལ་”བོད་རང་བཙན་བསྒྲཊ་གཏམ”ཞེས་འབོད་རྒྱུའི་རྣམ་འབྱེད་ཤེས་རབ་རྙེད་མ་སོང་།
ངའི་ཡིད་ལ་རྟག་ཏུ་དྲན་པ་ཞིག་དང་། ཡང་ན་ཉེ་བའི་ཆ་ནས་གསུང་འཕྲིན་འདི་ས་འཕྱར་གནམ་འཕྱར་བྱ་རྩིས་མཐོང་ཐོས་གྱུར་བ་ནས། ལོ་རྒྱུས་སྨྲ་བ་ཚང་མས་ཐུན་མོང་གིས་གྲོཊ་མེད་ཁེར་རྐྱང་དུ་འབོད་པའི༸རྒྱལ་བ་བཅུ་གསུམ་པ་ཆེན་པོ་རྒྱ་དཀར་ནག་དང་སོག་པོ། སྐབས་དེར་བོད་ཁོངས་སུ་མི་བརྩི་བའི་ཨ་མདོ་སྐུ་འབུམ་སོཊ་སུ་བྲོས་བྱོལ་ལྟ་བུའི་སྐུ་ཚེགས་སྣ་ཚོཊ་མྱངས་འབྲས། ༡༩༡༣། ༢། ༡༣། ཉིན་ལྷ་སར་གསུང་འཕྲིན་འདི་ཁྱབ་བསྒྲཊ་བྱས་པ་ནི། ༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་གཡོ་ཐབས་སྣ་ཚོཊ་ཀྱི་སུན་བཙུར་རྒྱུན་མ་ཆད་པར་བྱེད་མཁན་གྱི་མན་ཇུ་དང་། དེའི་རྗེས་མཐུད་ལ་འབྲེལ་བ་གཏན་གཅོད་བྱ་ཆེད་གཙོ་བོར་དགོངས་པ་བཞེས་བ་མིན་འགྲོ་བསམས་ལ། དེ་བཞིན་༸རྒྱལ་བ་རང་གི་རླབས་ཆེན་བསྒྱུར་བཅོས་ཀྱི་དགོངས་གཞི་རྣམས་བོད་གཞུང་གི་ལས་སྣེ་ཚོས་ཡང་དག་པར་རྟོཊ་ཆེད། ཐུཊ་སེམས་སྐྱོ་བོས་གསུང་འཕྲིན་སྤེལ་སྟེ་འབྱུང་འགྱུར་རང་མགོ་རང་ཐོན་ཡོང་ཐབས་ཀྱང་རེད་བསམས་པས། ལོ་རྒྱུས་ཐོག་ཉིན་མོ་འདིར་བོད་ཀྱི་བྲན་གཡོག་སོཊ་རིང་ལུགས་ངན་པར་བསྒྱུར་བཅོས་དང་། ཕྱི་དགྲ་གཏན་འགོག་ལ་དྲན་སྐུལ་བཏང་བའི་ཉིན་མོ་ཞིག་རེད་བསམས། ངས་གསུང་འཕྲིན་འདི་ལ”གཉིད་དཀྲོཊ་བསྒྲཊ་གཏམ”ཞེས་མཚན་གསོལ་ན་ཏག་ཏག་རེད་འདོད།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲཊ་གཏམ་ནང་གི་བོད་ཀྱི་ས་ཁོངས་ཁྱབ་ཚད་སྐོར་གང་འདྲ་ཡོད་དམ།
ལན། བསྒྲཊ་གཏམ་འདིའི་བརྗོད་དོན་གཙོ་བོ་ག་རེ་ཡིན་མིན་ཚང་མས་ཤེས་གསལ་རེད། ཕལ་ཆེར་བོད་མིའི་ཁྲོད་རྒྱལ་བ་བཅུ་གསུམ་པའི་རྣམ་ཐར་མཇལ་མཁན་ཉུང་ཉུང་ཡིན་ཡང་བསྒྲཊ་གཏམ་འདིར་མ་མཇལ་མཁན་དཀོན་པོ་ཡིན་རྒྱུ་རེད། ངས་གོང་དུ་ཞུས་པ་བཞིན་འདིའི་ནང་གི་བརྗོད་དོན་གཙོ་བོ་གླེང་བརྗོད་ནང་གི་”དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་སུ་ཡོད་པའི་རྒྱ་དམག་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་ཁྱེར་ཏེ་དོན་དམ་བྲན་གཡོག་ཏུ་བཀོལ་རྒྱུའི་བསམ་སྦྱོར་ངན་གཤོམ་དེ་དག་བྱེ་མའི་ཆངས་བུའམ། ནམ་མཁའ་མཚོན་ལྟར་ཅིག་ཅར་ཞི་ནས” ཞེས་པ་འདི་རེད་བསམས། འདིའི་ཐོག་ནས་༸རྒྱལ་བ་རང་ཉིད་མན་ཇུ་གོང་མར་ཉོབ་ཐག་ཆོད་ཡོད་པ་གསལ་བོར་མཚོན་ཞིང་། མ་འོངས་པར་གོང་མར་མི་འདོད་བཞིན་ཡན་ལག་རྣམ་ལྔ་ས་ལ་བཙུཊ་ནས་ཕྱག་འཚལ་དགོས་པའི་བྲན་གཡོག་གནས་བབ་དེ་གཏན་སྤངས་ཐོག རང་ས་རང་སྲུང་དང་རིང་ལུགས་ཇི་ལྟར་ཡིན་མིན་དོན་ཚན་ལྔའི་ནང་འཁོད་འདུག་པ་དེ་ནང་དོན་གྱི་སྐོར་ཡིན།
དེ་ནས། ཁྱབ་ཚད་དང་མི་མང་གི་ཁེ་དབང་གནས་བབ་རེད། ད་རྙོག་དྲ་ཚ་ཤོས་དེ་ཁྱབ་ཚད་སྐོར་རེད། ལྕཊ་ཕག་ལོའི་གསར་བརྗེས་མན་ཇུའི་གནམ་རྡིབ་སྐབས་དང་རྡིབ་པ་ལ་སྔོན་དུ་ཕྱོཊ་པ་བཅས་ཀྱི་སྐབས། “དབུས་གཙང་ཁམས་”གསུམ་ནས་རྒྱ་དམག་མཐར་སྐྲོད་ཟེར་བའི་ཚིག་ཅིག་ཐོན་ཡོད། དེང་སང་གི་དབུས་པའི་མཁས་པ་རྒན་རབས་ཚོས་ཀྱང་”དབུས་གཙང་ཁམས་གསུམ་”ཟེར་བ་འདི་ནན་བརྗོད་གནང་གི་འདུག དེ་དུམ་བུ་གཅིག་བྱས། དེ་ནས་”དབུས་གཙང་ཁམས་གསུམ་”ཟེར་བ་འདི་གང་ནས་བྱུང་ངམ་ཞེས་དོཊ་པ་ཞིག་བྱེད་དགོས་དབང་དུ་བཏང་ན། དོཊ་པ་འདི་དྲི་བའི་ནང་གི་ཁྱབ་ཚད་ཟེར་ན་འདྲ། ས་མཚམས་ཟེར་ན་འདྲ། དེར་འབྲེལ་བ་ཞིག་ཏན་ཏན་ཡོད་པ་རེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་གི་སྐབས་ ༡༩༡༨ ལོར་རྒྱ་ནག་དང་མཉམ་ཏུ་བཞག་པའི་ཆིངས་ཡིག་དོན་ཚན་ ༡༤ ཅན་གྱི་དོན་ཚན་ ༣ པའི་ནང་བོད་རྒྱའི་ས་མཚམས་གསལ་བོ་རེད། དེ་ལ་སྲིན་དོན་རྒྱལ་རབས་ནང་”འདྲ་མཉམ་གྱི་ཆིངས་ཡིག་འདིས་བོད་རང་དབང་རང་བཙན་གཙང་མ་ཡིན་པའི་གནས་སྟངས་ར་སྤྲོད་ཤིན་ཏུ་གསལ་བོ་བྱུང་ཡོད་”ཅེས་མི་དབང་ཞྭ་སྒབ་པས་ཀྱང་ནན་བརྗོད་གནང་འདུག སོང་ཙང་། བཀའ་བློན་བླ་མ་བྱམས་པ་བསྟན་དར་མདོ་སྤྱིའི་ཞི་དྲག་གི་ལས་དོན་ཐད་གཟེངས་སུ་ཐོན་ནས་གཞུང་ནས་བདག་རྐྱེན་རྒྱ་ཆེར་བསྩལ་བ་ཀུན་ལ་མངའ་གསལ་ལྟར། ༸རྒྱལ་བ་བཅུ་གསུམ་པ་རང་ཉིད་ཀྱིས་ཀྱང་ ༡༩༢༩ ལོར་གསུང་འཕྲིན་འདི་ཚུལ་བཞིན་ལག་བསྟར་མཇུག་ནོན་ཐད་བཀའ་ཡིག་བསྩལ་སྐབས་ཀྱང་། བཀའ་བློན་ཁོང་བྱས་རྗེས་ཅན་ཞིག་ཡིན་པ་མཚན་དངོས་སུ་བཏོན་ཡོད་པ་མ་ཟད། བོད་ཀྱི་དམག་སྤྱི་ཞིག་གིས་གསུང་འཕྲིན་འདི་ལག་བསྟར་བྱས་པའི་བྱས་རྗེས་སོཊ་གཟེངས་སུ་ཐོན་པ་བཀའ་ཡིག་དེར་གསལ་སྟབས། བྱས་རྗེས་དེའི་ནང་ཆེས་ཆེར་བགྲང་བའི་ཆིངས་ཡིག་ནང་གསལ་རྒྱ་བོད་ས་མཚམས་དེ ”རང་བཙན་བསྒྲཊ་གཏམ་”དུ་འབོད་པའི་གསུང་འཕྲིན་འདིའི་ཁྱབ་ཚད་མ་རེད་ཅེས་སུས་བཤད་ཐུབ། ད་དུང་བཀའ་ཡིག་ནང་” ཁམས་ཁུལ་རང་ཁོངས” ཟེར་བའི་ཚིག་གཅིག་ཀྱང་བྲིས་འདུག དེ་འདྲ་ཡིན་པས་གསུང་འཕྲིན་དོན་ཚན ༤ པའི་ནང་” སྟོད་སྨད་ལྷོ་བྱང་གི་ས་མཚམས” གསུངས་པ་དེ་བཀའ་བློན་བླ་མའི་སྐབས་ཀྱི་ཆིངས་ཡིག་གིོ་གཞི་འཛིན་སའམ་ཨ་མར་གྱུར་བ་གསལ་བོ་རེད་འདོད། དེ་བཞིན་ཆོས་ཕྱོགས་ཀྱི་གནད་དོན་འཁོད་པའི་དོན་ཚན་ ༡ ནང་ཅིའི་ཕྱིར་དབུས་གཙང་ཁུལ་གྱི་དགོན་སྡེ་གནས་ཆེན་རྣམས་མ་གཏོཊ་དགའ་ལྡན་ཕོ་བྲང་ཕྱི་ལོཊ་ཀྱི་དགོན་སྡེ་རྣམས་མ་བཀོད་པ་རེད། དེ་ལྟ་བུ་མང་ཡང་དུས་ཚོད་ཐུང་ཐུང་ནང་བརྗོད་མི་ཚར་བ་ཞིག་རེད། དེར་བརྟེན། ངས་བསམ་ན་བསྒྲཊ་གཏམ་འདིའི་ཁྱབ་ཚད་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལས་བརྒལ་ཡོད་པ་ཞིག་མཐོང་མ་སོང་། འདིའི་སྐོར་ངའི་དཔྱད་རྩོམ་རྒྱས་པ་ཞིག་འགྲུབ་ལ་ཉེ། དགོས་གལ་བྱུང་ཚེ་འདོན་ངེས་ཡིན།
གསུམ་པ་མི་མང་གི་ཁེ་དབང་སྐོར་བཙན་པོའི་སྐབས་ཀྱི་མཐའ་སྲུང་པ་ཚོའི་བུ་རབས་ཚ་བརྒྱུད་བདག་མེད་ཚོར་བཙན་གཡེམ་འཕྲོག་བཅོམ་བསོད་གཏུབ་བྱེད་མི་ཆོག་པ་དང་། ས་བདག་དང་ཞིང་བདག ཆོས་དཔོན་ཚོས་བྲན་གཡོག་ཚོར་དགོངས་བཞེས་ཀྱིས་ས་སྟོང་རྣམས་རྨོ་འདེབས་བེད་སྤྱོད་ཚུལ་བཞིན་བྱེད་བཅུགས་ཐོག ཡོང་འབབ་ལ་དཔག་པའི་ཁྲལ་བསྡུ་བྱ་རྒྱུ་བཅས་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་བླ་ན་མེད་པའི་དགོངས་བཞེས་ཐུཊ་ཀྱིས་མི་བཟོད་པ་ལྟ་བུ་གནང་འདུག་བསམ།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་མ་སྤེལ་གོང་གི་བོད་ཀྱི་ཆབ་སྲིད་གནས་བབ་དེ་དོན་དངོས་ཐོག་གང་འདྲ་ཞིག་ཡོད་དམ།
ལན། ལྷ་སྲས་དར་མའི་རྗེས་ནས་སོག་པོའི་དབང་བསྒྱུར་བར་དང་། སོག་པོས་འགྲོ་མགོན་ཆོས་འཕགས་ལ་བོད་ཆོལ་གསུམ་དབང་ཡོན་དུ་ཕུལ་བ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་པའི་བར་ལ། ཆབ་སྲིད་དང་བྱུང་རབས་ལ་གཞན་དྲིང་འཇོག་མི་དགོས་པ་ཚོས་གཅིག་གྱུར་གྱིས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་མགོ་རྙོག་ཚ་བོ་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། ལྷག་དོན་མཁས་དབང་ཟམ་གདོང་རིན་པོ་ཆེས་སོག་པོའི་རྗེས་ནས་༸གོང་ས་བཅུ་བཞི་པ་ཆེན་པོའི་བར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་གཙང་མ་མེད་པ་ཞིབ་གསལ་འདོམས་གནང་མཛད་ཡོད་པ་དེ་ལས་ལྷགས་གང་ཡང་ཞུ་རྒྱུ་མི་འདུག སོང་ཙང་གནད་དོན་འདི་རང་ལྗིད་རང་གིས་ལོན་རྒྱུའི་གདམ་ངག་ཅིག་ཀྱང་རེད།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བསྒྲགས་གཏམ་དེ་སྤེལ་ནས་ལོ་ ༡༠༠ འཁོར་བཞིན་པའི་སྐབས་དང་བསྟུན། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ལས་འགུལ་དང་ལས་དོན་གང་འདྲ་སྤེལ་དགོས་པར་གཟིཊ་ཀྱི་ཡོད།
ལན། ཟླ་འདིའི་ཚེས་ ༡༤ ཉིན་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས། དམིཊ་བསལ་བསྒྲགས་གཏམ་འདིའི་སྐོར་བཀའ་སློབ་ཅིག་བསྩལ་བའི་ནང་། ལྕཊ་ཕག་ལོའི་གསར་བརྗེའི་སྐབས་ཀྱི་རྒྱ་ནག་དང་དེ་རིང་གི་རྒྱ་ནག་མི་འདྲ་བ་དང་། ༸གོང་ས་མཆོག་གིས་དགུང་ལོ་ ༡༦ ནས་བདུན་ཅུ་དོན་གྲངས་བར་ཕྱོགས་ཡོངས་ལ་ཞིབ་གཟིཊ་གནང་ཟིན་པར་བཀའ་གནང་འདུག སོང་ཙང་། ཆོལ་གསུམ་གངས་ཅན་པ་རྣམས་སྐྱིད་ན་སྡུག་ན་མཉམ་ཤི་མཉམ་གསོན་ཡིན་པའི་ལམ་དུ་ཁྲིད་པའི་རྒྱལ་མཆོག་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་རླབས་ཆེན་དགོངས་གཞི་དང་ལམ་སྟོན་འོག ང་ཚོས་གོམ་ཞེང་ཆེན་པོས་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུར། ༑གོང་ས་ ༡༣ པའི་”གཉིད་དཀྲོཊ་བསྒྲཊ་གཏམ་”གྱི་ལོ་རྒྱུས་ཀྱི་སྙིང་སྟོབས་བླངས་ནས་ཤར་སྐྱོད་བྱ་རྒྱུ་དང་། ཉིན་དེར་༸གོང་ས་བཀའ་དྲིན་ཟླ་མེད་གྲོཊ་མེད་ཁེར་རྐྱང་ཅན་དེའི་བོད་བཅོས་བསྒྱུར་གྱི་མཛད་འཕྲིན་ལ་སྙིང་ཁུངས་རུས་པའི་སྟེང་ནས་རྗེས་དྲན་དང་། རྒྱ་སྡེར་འབོད་པའི་བོད་ས་སྟག་འཚེར་ནས་སྟོན་པ་བཅོམ་ལྡན་འདས་དངོས་སུ་བྱོན་པ་ལས་ཀྱང་ལྷག་པ། འཇིག་རྟེན་ཧྲིལ་བོ་སྣོད་ཆུང་དུ་བྱེད་མཁན་རླབས་ཆེན་གྱི་སྐྱེས་བུ་དམ་པ་འདི་འདྲ་ཞིག་འབྱོན་རྒྱུའི་ཐུཊ་བསྐྱེད་དམ་བཅའ་བཙན་པོ་བདག་གིར་བཞེས་པ་རྣམས་ལ་དམིཊ་བསལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་རེད་འདོད། དམིཊ་བསལ་བཀའ་ཤག་ནས་ཉིན་འདིར་དབུ་མའི་ལམ་ནས་༸གོང་ས་མཆོག་གདན་ཞུའི་ཐད་དབུས་དང་མི་མང་གཉིས་ནས་སྤེལ་དགོས་པའི་སྲིད་བྱུས་དང་ལས་རིམ་ཚད་ལྡན་ཞིག་གསལ་བསྒྲཊ་གནང་ཐུབ་ན་ཡག་པོ་རེད།
༢༠༡༣། ༢། ༡༤། ཉིན། གསར་འགོད་པ། དཔལ་ལྡན།
བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།
སུས་སུ་ལ་དྲིས་པ་རེད། ནག་ཁུངས་རེད་འདུག་པ
ཧཧཧཧ་ངོ་ཙ་བདེན་གི་་་་་ནག་ཁུང་་་་
ཤར་ཁུག་འདིས་ཅི་ཞིག་བཤད་ཀྱིན་ཡོད་པ་རེད། སུ་ལ་དྲིས་ཀྱིན་ཡོད་པ་རེེད། གནས་དོན་འདིའི་བསྐོར་དུས་བབས་ཚང་གིས་ཆུང་ཚེ་རིང་ལགས་ལ་བཅར་འདྲི་དང་ལེན་ཞུས་པ་ཞིག་འདུག་ལ་ཨ་རིའི་རླུང་འཕྲིན་ཁང་གིས་ཁོང་ལ་བགྲོ་གླེང་ཞུས་པ་ཞིག་འདུག་པས་དེར་མིག་ཉུལ་འཁྱུག་ཙང་བགྱིས་དང་ཁྱོད་ཀྱི་རྣམ་རྟོགས་དང་ལོག་རྟོགས་གཙང་བསེལ་འགྲོ་རྒྱུའི་རེ་བ་འདུག། རྒྱུ་མཚན་ཆུང་ཚེ་རིང་དང་ཁྱོད་ཉིད་ལོ་རྒྱུས། རིག་གནས། ཉམས་མྱོང་། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་ལ་རྒྱ། གདུང་ཞེན། མི་རིགས་ཀྱི་བསམ་བློའི་འདུ་ཤེས། ལོ་མང་གཞུང་ཞབས་བྱས་པའི་ཉམས་མྱོང་སོགས་ཕྱོགས་གང་གི་ཆ་ནས་གནམ་སའི་བར་ཁྱད་འདུག།
བོད་ལ་རང་བཙན་དང་ཐོགས་ནས་ཡོད་ཡོད་ཁ་རེད། རྒྱལ་དབང་བཅུ་གསུམ་པ་དང་། རྒྱལ་དབང་ལྔ་པ་ལས་མི་མཐོང་བ་ནི་མིག་ཡ་གཅིག་ལས་མེད་ཅིང་། རང་གི་ཆོས་བརྒྱུད་དང་། མི་རིགས་ལས་མཐོང་འདོད་མེད་པ་ཚོས་བཤད་པ་རེད། དེ་ཕྱིར་བོད་ཕྱི་ལ་ཕན་པའི་ལས་ཤིག་བྱ་འདོད་ན་དུས་དྲན་དང་། བསྲུང་བརྩི་བྱ་འོས་པ་ཚོར་བྱས་ན་ཕན་ཐོགས་ཆེ་བར་སེམས། དེ་མིན་ཆབ་སྲིད་ཚོགས་པ་ཁག་གིས་འགྲན་རྩོད་ནང་བཞིན་བྱེད་བསྡད་ན་བོད་སྤྱི་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པར་མི་སེམས།
ཁྲག་དཀྲུག་གི་ཐུར་མ། རས་ནག་གི་སྲུབ་ཟན་འདིས། ཅི་བཤད་འདུག་པ་རེད། ཁྱོད་མུག་ལྟོ་སྐམ་རྩིས་བྱེད་ནས་ཁྱི་སྐད་རྒྱག་འདུག་ལེ་ཨེ་ཡིན།
༧གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲཊ་གཏམ་སྐོར་ལ་དགོངས་ཚུལ་གང་འདྲ་ཡོད།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་ལོ་ངོ་བརྒྱ་འཁོར་ལ་ཉེ་བའི་སྐབས་དང་བསྟུན་ཏེ། ཧྥ་རན་སིའི་སྐད་ཡིག་གཙུག་ལག་སློབ་ཆེན་གྱི་བོད་ཡིག་དགེ་རྒན་ཆུང་ཚེ་རིང་ལགས་སུ་བསྒྲགས་གཏམ་དེ་དང་འབྲེལ་བའི་སྐོར་ལ་ཡིག་ཐོག་གི་དྲི་བ་བཏོན་པར་ལན་འདེབས་གནང་ཡོད།
དྲི་བ། ད་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་མོ་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་མི་ལོ་ ༡༠༠ ཏག་ཏག་འཁོར་བའི་དུས་དྲན་ཉིན་མོ་ཆཊ་ཡོད་སྟབས། སྐུ་ཉིད་ཀྱིས་ཉིན་མོ་དེ་བོད་ཀྱི་ལོ་རྒྱུས་ཐོག་གལ་གནད་ཆེ་ཆུང་གང་འདྲར་གཟིཊ་ཀྱི་ཡོད་དམ།
ལན། ༸གོང་ས་བཅུ་གསུམ་པ་ཆེན་པོའི་མཛད་རྗེས་མང་པོའི་ནང་ནས་ཆབ་སྲིད་ཀྱི་ཐད་རླབས་ཆེ་ཤོས་ཤིག་ནི། བོད་རང་བཙན་གྱི་གསལ་བསྒྲགས་བསྐྱར་ནན་དུ་གནང་བ་དང་གནང་བ་ལྟར་དོན་དུའང་བྱུང་བ་དེ་རེད། འདི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཡོད། རྒྱུ་མཚན་ནི། དེའི་གོང་དུ་བོད་དང་རྒྱ་ནག་གི་འབྲེལ་བ་དེ་མཆོད་ཡོན་ཟེར་བའི་འབྲེལ་བ་རྙོག་གྲ་ཆེན་པོ་ཞིག་གི་འོག་ཏུ་ཡོད། གསལ་བསྒྲཊ་འདི་གནང་བ་ནས་བཟུང་རྙོག་གྲ་ཆེ་བའི་འབྲེལ་བ་དེ་ཡོངས་སུ་བཅད་དེ། བོད་རྒྱ་གཉིས་གཅིག་འོག་གཅིག་ཏུ་མེད་པར། བོད་རང་བཙན་ཡིན་པ་གསལ་སྟོན་གནང་བ་རེད། དུས་དེ་ནས་བཟུང་སྟེ། ༡༩༥༡ བར་བོད་རང་བཙན་གྱི་མངའ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། ལོ་རྒྱུས་ཀྱི་བྱུང་བ་དེ་གལ་ཆེན་པོ་ག་ཚོད་ཡིན་མིན་ཉེ་རབས་ལོ་རྒྱུས་ཡིག་ཆ་ཁ་ཤས་ལ་གཟིགས་ན་མཁྱེན་གྱི་རེད། དཔེར་ན། ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་བོད་གཞུང་བཀའ་ཤག་དང་། ༡༩༦༢ ཟླ་དགུ་པའི་ཚེས་དགུ་ལ་༸གོང་ས་མཆོག་གིས་མཉམ་འབྲེལ་རྒྱལ་ཚོཊ་ལ་ཕུལ་བའི་སྙན་ཞུ་གཉིས་ཀའི་ནང་། ༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གྱི་གསལ་བསྒྲཊ་བསྐྱངས་པ་དང་། དེའི་རྗེས་ཀྱི་བོད་ཀྱི་བདག་དབང་གི་གནས་སྟངས་གང་འདྲ་ཡིན་མིན་དེ་རྒྱུ་མཚན་གལ་ཆེ་ཤོས་ཤིག་ཏུ་ནན་བཤད་གནང་ཡོད། དེ་ག་ནང་བཞིན་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཛད་ཁུར་དམ་འབུལ་གྱི་གསུང་བཤད་ནང་དུའང་། དམིགས་སུ་བཀར་ཏེ་རང་བཙན་གསལ་བསྒྲཊ་འདི་ནན་བཤད་གནང་ཡོད། དེ་ཚོའི་ཐོག་ནས་བོད་ཀྱི་འཐབ་རྩོད་ནང་དུ། རང་བཙན་བསྒྲགས་གཏམ་འདིས་སྔོན་ཆད་ནུས་པ་ཐོན་ཡོད་རེད་ལ། ད་ལྟའང་ནུས་པ་ཐོན་བཞིན་ཡོད་པ་དེ་གསལ་པོ་མཐོང་ཐུབ་ཀྱི་ཡོད།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་ནང་བརྗོད་དོན་གཙོ་བོ་ག་རེ་བཀོད་ཡོད་དམ།
ལན། རང་བཙན་བསྒྲཊ་གཏམ་གྱི་མགོ་འཛུཊ་ས་དེ། “འཕཊ་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང”ཞེས་པ་དེ་རེད། ཚིག་གཞི་འདི་ནི་ ༡༩༠༩ ལོར་༸གོང་ས་མཆོག་ལ་བོད་ལྗོངས་ལྷ་སྡེ་མི་སྡེས་ཕུལ་བའི་གསེར་ཐམ་ཆེན་མོའི་ཚིག་བརྗོད་རེད། དེས་བོད་ཀྱི་མངའ་དབང་གི་ཁུངས་དེ་རྒྱ་ནག་དང་འབྲེལ་བ་མེད་པ་སྟོན་གྱི་ཡོད། བསྒྲཊ་གཏམ་གྱི་སྔོན་གླེང་ངམ་རྒྱབ་ལྗོངས་ནང་བོད་ཀྱི་སྲིད་དབང་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་བོད་པ་རང་གིས་བསྐྱངས་ཡོད་པ་དང་། སོག་པོ་དང་རྒྱ་ནག་གི་རྒྱལ་རབས་རིམ་བྱུང་སྐབས་བོད་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ལས་གཅིག་འོག་གཅིག་ཏུ་མེད་ནའང་། ཉེ་ལམ་རྒྱ་ཕྱོཊ་ནས་བོད་ས་ཟ་སེམས་ཀྱིས་རྒྱ་དམག་མང་པོ་རྒྱལ་ས་ལྷ་ས་བར་དུ་བསླེབས་པར་བརྟེན་༸གོང་ས་མཆོག་རྒྱ་གར་ལ་མི་ཕེབས་མཐུ་མེད་བྱུང་བ། དེ་ནས་རྒྱ་ནག་ནང་གསར་བརྗེའི་ལས་འགུལ་ཚུགས་པ་དང་སྟབས་བསྟུན་རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་མཐར། ༸གོང་ས་མཆོག་བོད་ཀྱི་རྒྱལ་སར་སྐུ་བདེ་བར་ཕེབས་ཏེ་འབངས་རྣམས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་ཡོད་ཚུལ་གསུངས་ཡོད། དེ་ནས་དོན་ཚན་ཆེན་པོ་ལྔ་གསུངས་ཡོད་པའི་སྙིང་པོ་བསྡུས་ན། དོན་ཚན་དང་པོ་དང་གཉིས་པ་ནི་བོད་རང་གི་ཤེས་ཡོན་གྱི་བསྟི་གནས་དང་དེ་དག་གི་སློབ་ཚན། སློབ་གཉེར་གནང་མཁན་ཚོའི་བྱེད་སྒོའི་སྐོར་རེད། དོན་ཚན་གསུམ་པ་ནི་གཞུང་ཞབས་སྤྱི་དང་ལྷག་པར་ཐག་རིང་མངའ་རིས་སྐོར་གསུམ་དང་མདོ་སྨད་ཕྱོཊ་ཀྱི་ལས་བྱེད་ཚོའི་བྱེད་སྒོའི་སྐོར་རེད། དོན་ཚན་བཞི་པ་ནི་རྒྱལ་སྲུང་གི་སྐོར་རེད། དོན་ཚན་ལྔ་པ་ནི། ཐོན་སྐྱེད་གོང་འཕེལ་གཏོང་ཕྱོཊ་ཀྱི་སྐོར་རེད། དེའི་རྗེས་སུ་མཇུག་བསྡོམས་བཀོད་ཡོད། མཇུག་བསྡོམས་དེ་ཡང་ཞེ་དྲག་སྙིང་རྗེ་པོ་ཡོད།
བསྒྲཊ་གཏམ་ནང་ལ་བོད་ཀྱི་ས་ཁོངས་ཁྱབ་ཚད་སྐོར་ཁ་ཤས་གསལ་ཡོད། དཔེར་ན། བསྒྲཊ་གཏམ་བསྒྲག་ཡུལ་གྱི་ཁྱབ་ཁོངས་ཐད། “བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདིའི་ཁོངས་སུ་གཏོཊ་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང་། བྱ་བ་ཞི་དྲག་གི་སྣེ་མོར་མངཊ་སླེབས་མཐའ་དག་ལ་བཟློ་བ།”ཞེས་གསུངས་ཡོད། ཚིག་ཟིན་ལྟར་ན། འདི་ནི་གནས་ཡུལ་གྱི་ཆ་ནས་བོད་ཆོལ་ཁ་གསུམ་ཡོངས་དང་། རྟེན་གྱི་ཆ་ནས་སྐྱ་བོ་དང་སེར་མོ་བ་གཉིས་ཀ གནས་བབ་ཀྱི་ཆ་ནས་དྲག་པ་དང་ཞན་པ། བར་པ་བཅས་གསུམ་ཀ་ཚུད་ཡོད་པ་དང་། དེའི་ནང་ནས་ཀྱང་ཞི་དྲག་གི་ལས་སྣེར་སླེབས་པ་ཡོངས་ལ་བཀའ་གནང་གི་ཡོད་པ་གསལ་པོ་རེད། ཡང་དཔེ་མཚོན་གཞན་དག་ཅིག་དྲངས་ན། བསྒྲགས་གཏམ་ནང“རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་སུ་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ”ཞེས་གསུངས་ཡོད། འདིས་ག་རེ་སྟོན་གྱི་ཡོད་ཟེར་ན། རང་བཙན་བསྒྲཊ་གཏམ་གནང་དུས། དབུས་གཙང་ཁུལ་གྱི་རྒྱ་དམག་ཡོངས་རྫོཊ་མཐར་སྐྲོད་བཏང་ཟིན་པ་དང་། མདོ་ཁམས་ཕྱོཊ་སུ་ཡོད་པའི་རྒྱ་དམག་རྣམས་རིམ་བཞིན་མཐར་སྐྲོད་གཏོང་རྒྱུའི་འཆར་གཞི་ཡོད་པ་དེ་གསལ་པོ་རེད། དེའི་རྗེས་སུ་བོད་རྒྱ་གཉིས་ཁམས་ཕྱོགས་སུ་ལོ་ནས་ལོ་བསྟུད་དེ་དམག་བརྒྱབ་སྟེ། མདོ་སྟོད་ཀྱི་ས་ཆ་གང་ཙམ་ནས་ཀྱང་རྒྱ་མི་མཐར་སྐྲོད་བཏང་ཐུབ་པ་རེད། དེ་ཡིན་དུས། ༸གོང་ས་བཅུ་གསུམ་པ་ཆེན་པོ་དང་བོད་གཞུང་གི་དགོངས་པའི་ནང་ལ། མདོ་སྟོད་དང་མདོ་སྨད་ཀྱི་ས་ཆ་དེ་ཚོ་བོད་གཞུང་གི་མངའ་ཁོངས་ཡིན་པར་བརྩི་བཞིན་ཡོད་པ་དེ་གསལ་པོ་རེད་ལ། དེ་ཚོ་ཚུར་ལེན་ཐབས་ཀྱང་ལོ་ནས་ལོ་བསྟུད་དེ་གནང་འདུག དཔེར་ན། རང་བཙན་བསྒྲགས་གཏམ་གནང་རྗེས་ ༡༩༡༤ ལོར་སིམ་ལར་ཆིངས་ཡིག་འཇོག་སྐབས། བློན་ཆེན་བཤད་སྒྲས་ཡིག་རིགས་མང་པོ་དཔང་རྟགས་སུ་བསྟན་ཏེ་མདོ་སྟོད་སྨད་ཀྱི་ས་ཆ་དེ་ཚོ་བོད་གཞུང་གི་ཁོངས་ཡིན་པར་བསྒྲུབས་པ་དང་། ༡༩༤༩ ལོར་བོད་གཞུང་ཕྱི་རྒྱལ་ལས་ཁུངས་ཀྱིས་མའོ་ཙེ་ཏུང་ལ་གནང་བའི་ཡི་གེའི་ནང་དུའང་། མདོ་སྟོད་སྨད་ཀྱི་ས་ཆ་དེ་ཚོ་བོད་གཞུང་ལ་ཕྱིར་སྤྲོད་དགོས་པའི་སྐོར་གསལ་ཡོད་རེད། ཡིན་ནའང་། རང་ཁོངས་ཡིན་པར་བརྩི་བ་ལྟར་ཚུར་ལེན་ཐུབ་དང་མ་ཐུབ་དེ་གནད་དོན་གཞན་ཞིག་རེད། མང་ཚོཊ་ཀྱི་ཁེ་དབང་སྐོར་བསྒྲཊ་གཏམ་ནང་དམིཊ་བསལ་རྩལ་འདོན་གྱིས་གསུངས་པ་ཡོད་མ་རེད། ཡིན་ནའང་། ཆབ་འབངས་མི་སེར་བརྡབ་མནར་མི་ཆོག་པ་དང་། སྤྱི་ས་རི་ཀླུང་བེད་མེད་སྟོང་པར་ལུས་པ་དེ་ཚོར། ཁྱིམ་པ་ཉམས་མྱོང་ཅན་ཚོས་ས་ཞིང་འདེབས་པ་སོཊ་བྱས་ཚེ། ལོ་གསུམ་ཁྲལ་མེད་པ་སོགས་གསལ་ཡོད།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་མ་གནང་གོང་གི་བོད་ཀྱི་ཆབ་སྲིད་གནས་བབ་དོན་དངོས་ཐོག་གང་འདྲ་ཞིག་ཡོད་དམ།
ལན། རང་བཙན་གྱི་གསལ་བསྒྲཊ་མ་གནང་གོང་། བོད་ཀྱི་ཆབ་སྲིད་གནས་བབ་སྐྱོ་བོ་དང་ཛ་དྲག་པོ་རེད། ཕྱོཊ་གཅིག་ནས་རྒྱ་ནག་གིས་བོད་བཙན་བཟུང་གིས་ཐད་ཀར་དབང་སྒྱུར་བྱེད་འདོད་ཡོད་པ་རེད། དབྱིན་ཇི་དང་ཨུ་རུ་སུ་གཉིས་ཀྱིས་རང་རང་གི་དབང་ཤུཊ་བོད་ནང་སླེབས་ཐབས་དང་། ཁ་གཏད་ཀྱི་དབང་ཤུཊ་བོད་ལ་མ་སླེབས་པའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། བོད་པའི་ངོས་ནས་གནས་སྟངས་དེ་ཚོ་གསལ་པོ་མཐོང་གི་མེད་པའི་སྒང་ལ། བོད་པ་ནང་ཁུལ་དུ་དབུས་གཙང་དང་མདོ་སྟོད་སྨད་ཀྱི་བར་ལ་ཆོས་ཕྱོགས་ལས་ཆབ་སྲིད་ཀྱི་འབྲེལ་བ་ཆེན་པོ་མེད་པ་དང་། ས་མཚམས་ཁག་གསལ་པོ་མེད་པ། ཐ་ན་བོད་པའི་ཁྲོད་དུ་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཀྱང་མེད་པ་ལྟ་བུའི་གནས་སྟངས་ཧ་ཅང་སྐྱོ་པོ་རེད། གནས་སྟངས་དེ་འདྲའི་འོག་ནས་བོད་རྒྱའི་འབྲེལ་བ་དང་། བོད་དང་རྒྱལ་སྤྱིའི་འབྲེལ་བ། རྒྱལ་སྤྱིས་བོད་ཀྱི་གནས་བབ་ལ་ངོས་འཛིན་བྱེད་སྟངས་བཅས་ཚང་མར་གནད་འགག་ཆེ་བའི་འགྱུར་བ་ཆེན་པོ་མང་པོ་ཕྱིན་ཡོད་རེད། འགྱུར་བ་དེ་ཚོ་ལོ་བཅུའི་འཕོ་འགྱུར་ནང་ནས་ཀྱང་མཐོང་ཐུབ། དཔེར་ན། ༡༩༠༤ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པ་རེད། དེ་དུས་དབྱིན་ཇི་བོད་པའི་དགྲ་རེད། ༸གོང་ས་མཆོག་ཀྱང་དང་པོ་སོག་ཡུལ་དང་དེ་ནས་རྒྱ་ནག་ལ་ཉེན་གཡོལ་དང་རྒྱབ་སྐྱོར་འཚོལ་བར་ཕེབས་པ་རེད། ཡིན་ནའང་ ༡༩༡༠ ལོར་རྒྱ་ནག་མན་ཇུས་བོད་ལ་བཙན་འཛུལ་བྱས་པ་རེད། དེ་དུས་བོད་རྒྱའི་མཆོད་ཡོན་གྱི་འབྲེལ་བ་དེ་དགྲ་ཡའི་འབྲེལ་བར་གྱུར་པ་རེད།༸གོང་ས་མཆོག་རྒྱ་གར་ཕྱོཊ་ཉེན་གཡོལ་དང་སྔོན་མ་དགྲ་ལ་བརྩི་བའི་དབྱིན་ཇིའི་རྒྱབ་སྐྱོར་འཚོལ་བར་ཕེབས་པ་རེད། དེ་དུས་ཐ་ན། རྒྱ་ནག་གིས་༸གོང་ས་མཆོག་ཏཱ་ལའི་བླ་མའི་ཡང་སྲིད་ནས་གནས་དབྱུང་བཏང་བ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། ༡༩༡༣ ལོར་བོད་ལ་ཕེབས་ཏེ་རང་བཙན་གསལ་བསྒྲཊ་གནང་དུས། ༸གོང་ས་མཆོག་གིས་དབྱིན་ཇི་དང་ཨུ་རུ་སུ་གཉིས་ཀར་འབྲེལ་ལམ་གནང་སྟེ། བོད་ལ་རྒྱལ་སྤྱིའི་ངོས་འཛིན་ཡོང་ཐབས་གནང་གི་ཡོད་རེད་དེ། དེ་ལ་སྐུ་ངལ་མང་པོ་འཕྲད་ཀྱི་ཡོད། དེ་བཞིན་གནད་འགག་གཙོ་བོ་དེ་བོད་པ་རང་གིས་རང་གི་རྒྱལ་ཁབ་འཛིན་སྐྱོང་འཐུས་ཤོར་མེད་པར་བྱེད་དགོས་པ་དེ་ངོས་འཛིན་ཐུབ་ཡོད། ཡིན་ནའང་། དེའི་ཐད་ལའང་སྐུ་ངལ་མང་པོ་འཕྲད་ཡོད། དཔེར་ན། བོད་ཀྱི་དམག་དཔུང་མང་དུ་བཏང་དུས། དམག་ཁྲལ་འཕར་གྱི་ཡོད། དམག་ཁྲལ་འཕར་ཡོང་དུས་བོད་པས་དགའ་པོ་མི་བྱེད་པ་དང་། ཕྱིའི་ཤེས་བྱ་སྦྱོང་ས་འཛུགས་དུས། དེས་སངས་རྒྱས་ཀྱི་བསྟན་པར་གནོད་ཀྱི་རེད་ཅེས་ཤོད་པ་ལྟ་བུ་རེད།
དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བསྒྲགས་གཏམ་དེ་སྤེལ་ནས་ལོ་ ༡༠༠ འཁོར་བཞིན་པའི་སྐབས་དང་བསྟུན། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ལས་འགུལ་དང་ལས་དོན་གང་འདྲ་སྤེལ་དགོས་པར་གཟིཊ་ཀྱི་ཡོད།
ལན། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ལ་ཉེན་གཡོལ་དུ་ཕེབས་ཏེ་ལོ་ ༡༠༠ འཁོར་བའི་དུས་ཚིཊ་དེ། གཞུང་འབྲེལ་ཐོག་སྲུང་གཙི་གནང་ཟིན་པ་རེད། དེ་ག་ནང་བཞིན་བོད་ལ་རྒྱལ་ཁའི་ངང་ཆིབས་སྒྱུར་གྱིས་རང་བཙན་གྱིས་གསལ་བསྒྲཊ་གནང་བའི་དུས་ཚིཊ་དེ་ཡང་གཞུང་དམངས་ཚང་མས་སྲུང་གཙི་གནང་ན་ཡག་པོ་འདུག ཡིན་ནའང་། འདི་ལ་དོཊ་པ་རྣམ་རྟོག་མང་པོ་ཞིག་ཡོང་གི་ཡོད་པ་འདྲ། དང་པོ་དེ། སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲཊ་གནང་དུས། ཁྱབ་ཁོངས་སུ་བོད་ཀྱི་ས་ཁོངས་ཡོངས་རྫོཊ་ཚུད་ཡོད་མེད་ཀྱི་སྐད་ཆ་ཞིག་འདུག དེའི་ཐད་གོང་དུ་འགྲེལ་བཤད་ཞུས་ཟིན་པ་ལྟར། ༸གོང་ས་མཆོག་དང་བོད་གཞུང་གིས་མདོ་སྟོད་སྨད་ཀྱི་ས་ཆ་དེ་ཚོ་བོད་གཞུང་གི་ཁོངས་ཡིན་པ་དང་། དེ་ཚོ་ཚུར་ལེན་ཐབས་ལུ་གུ་བརྒྱུད་དུ་གནང་ཡོད་པ་རེད། ལེན་ཐུབ་ཡོད་མེད་དེ་གནས་སྟངས་ལོཊ་ཀ་རེད། གནད་འགག་གཙོ་བོ་བོད་ལ་མངའ་དབང་ཆ་ཚང་ལྡན་པའི་གཞུང་ཞིག་ལོ་བརྒྱ་ཕྲག་མང་པོའི་རིང་བར་མཚམས་མ་ཆད་པར་གནས་ཡོད་པ་དང་། གཞུང་དེའི་མངའ་དབང་གི་ངོ་བོ་དེ། གཉན་འཕྲང་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཏུ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ནང་ཡོངས་སུ་བསྐྱར་ནན་དུ་གསལ་བསྒྲཊ་བསྐྱངས་ཐུབ་པ་བྱུང་བ། དེ་ལ་བརྟེན་ནས་ད་ལྟའི་ང་ཚོའི་འཐབ་རྩོད་འདིར་ལོ་རྒྱུས་དང་ཁྲིམས། ཆབ་སྲིད་སོཊ་ཕྱོཊ་གང་ཐད་ནས་གཞི་རྩ་ཆེན་པོ་ལྡན་པར་གྱུར་པ་དེ་རེད། འཐབ་རྩོད་ཀྱི་ཁ་ཕྱོགས་དེ་རང་བཙན་དང་རང་སྐྱོང་གང་ཡིན་རུང་། རང་བཙན་བསྒྲཊ་གཏམ་འདིས་ཕན་ལས་གནོད་ཀྱི་མ་རེད། གཉིས་པ་དེ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་གྱི་འཐབ་རྩོད་གནང་བ་དང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རང་སྐྱོང་རྩོད་ལེན་མཛད་བཞིན་པ་འདི་གཉིས་འགལ་བ་ལྟག་སྤྲོད་ཡིན་པར་སྒྲུབ་ཐབས་བྱེད་པ་དེ་རེད། དེ་ནི་ནོར་འཁྲུལ་ཆེན་པོ་རེད། དུས་སྐབས་དང་ཆབ་སྲིད་ཀྱི་ཁོར་ཡུག ཁ་གཏད་ཀྱི་སྟོབས་ཤུགས་བཅས་རྦད་དེ་མི་འདྲ་བའི་གནས་བབས་གཉིས་ཀྱི་འོག་ཏུ། སྐུ་མདུན་སྐུ་ཕྲེང་སྔ་ཕྱི་གཉིས་ཀྱིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཏེ། བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་སྐྱོབ་ཐབས་མཛད་ཡོད། སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་རང་བཙན་ལེན་ཐུབ་པའི་གོ་སྐབས་དང་མཐུན་རྐྱེན་འཛོམས་པ་རེད། གོ་སྐབས་དེ་བཞེས་ཏེ་རང་བཙན་བླངས་པ་རེད།༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རང་བཙན་བཞེས་ཆོག་ཆོག་ཅིག་ཡོད་བཞིན་དུ། དེ་མ་བཞེས་པར་རང་སྐྱོང་གི་ལམ་དུ་ཕེབས་ཀྱི་ཡིན་གསུང་གི་ཡོད་མ་རེད། བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཟིགས་ཏེ་དབུ་མའི་ལམ་ལ་ཕེབས་པ་རེད་ལ། ལམ་དེ་ལ་ཕེབས་པ་དེས་བོད་ཀྱི་འཐབ་རྩོད་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་དང་འཐོན་བཞིན་པ་རེད། ཐབས་མཁས་ཐུགས་རྗེའི་ཆ་ནས་བཤད་ན། ཚུར་མཐོང་སྣང་ངོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ལས་ལྷག་པ་གཅིག་སྐུ་ཕྲེང་རིམ་བྱོན་ནང་བྱུང་མེད་པ་རེད། ད་ལྟ་ང་ཚོར་ས་ཆ་ཡོད་རུང་མེད་རུང་། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྡོག་རྡོག་གཅིག་བཟོས་གནང་ཡོད་རེད་ལ། ཆོས་ལུགས་ཁག་མི་ཉམས་མཐུན་སྒྲིལ། སྐད་ཡིག་རིག་གཞུང་མི་རིགས་དང་བཅས་པར་རྒྱལ་སྤྱིའི་གནས་བབ་བསྐྲུན་ཡོད་རེད། འདི་ཚོར་ཇི་ཙམ་གྱིས་ཞིབ་ཚགས་བལྟས་པ་དེ་ཙམ་གྱིས་རྒྱལ་དབང་སྐུ་ཕྲེང་སྔ་ཕྱི་གཉིས་ཀྱིས་བོད་འབངས་བཀའ་དྲིན་གྱིས་བསྐྱངས་དང་སྐྱོང་བཞིན་པ་དེ། སྔར་བས་ཟབ་པ་ཚོར་ཡོང་གི་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པའི་བར་དེར། ཆོས་སྲིད་གང་ཐད་ནས་འཐུས་ཤོར་གཏོང་མཁན་ངོ་མ་དེ་ང་ཚོ་བོད་འབངས་ཚོ་རེད། དཔེར་ན། ༸གོང་ས་བཅུ་གསུམ་པ་ཆེན་པོས་ང་ཚོར་རང་བཙན་གཙང་མ་ཞིག་གནང་བ་རེད། ཡིན་ནའང་། བཅུ་གསུམ་པ་ཆེན་པོ་མྱ་ངན་ལས་འདས་རྗེས། ༸གོང་ས་བཅུ་བཞི་པ་ཆེན་པོས་ཆབ་སྲིད་ཀྱི་མཛད་འགན་བཞེས་དུས། རྒྱ་ནག་གུང་ཁྲན་གྱི་བཙན་འཛུལ་དམག་ཆབ་མདོ་བར་ལ་བསླེབས་ཚར་བ་རེད། ལྷ་སའི་དམངས་གཞས་སུ། ཕུལ་སོང་ལ་ད་ཕུལ་སོང་། །རྩབ་ཧྲལ་ཕྱག་ལ་ཕུལ་སོང་།། ཟེར་བ་དེར་གོ་རྒྱུ་ཆེན་པོ་ཡོད་རེད། དེ་ནས་ད་བར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ག་རེ་ག་རེ་མཛད་འདུག དེ་ཚོར་དགོངས་པ་བཞེས་ན་ཧ་གོ་གི་རེད། དེར་བརྟེན་གཞུང་དམངས་གཉིས་ཀས་དུས་ཚིཊ་གལ་ཆེན་འདི་སྲུང་གཙི་དང་སྦྲཊ། འདིའི་སྔ་ཕྱིའི་བྱུང་རིམ་དང་། ལྷག་པར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་པའི་སྐོར་ལ་བགྲོ་གླེང་མང་ཙམ་འཚོགས་ཐུབ་ན། གནད་དོན་ངོ་མ་ཤེས་པར་ཏན་ཏན་ཕན་ཐོགས་ཡོང་གི་རེད།
གསར་འགོད་པ། དཔལ་ལྡན།
༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽
༧གོང་ས་བཅུ་གསུམ་པ་ཆེན་པོའི་རྩ་ཚིག་ནང་ལ།
་་་ གཅིག་འོག་གཅིག་ཏུ་མེ་དཔའི་གནས་ལུགས་་་་ ཞེས་པ་དང་། དོན་ཚན་བཞི་པའི་ནང་ལ། ་་་་ཆོ་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། ་་་་་ཞེས་སོགས་ནང་ལ་རང་བཙན་ཞེས་ཚིག་གཅིག་ཀྱང་མི་འདུག
དྲ་གྲོགས་ཁུག་རྟ་ལགས།
དུས་ཚོད་ཆེར་མེད་པས་ཉེ་ཆར་ཁྱེད་ཀྱི་རྩོམ་ཡིག་སྔོན་མ་ཞིག་ལ་མཆན་བཏབ་པ་ཞིག་འདིར་དྲངས་ཡོད།
ང་ལ་འཆར་སྣང་ཞིག་ཡོང་གི་འདུག ཁྱེད་སོགས་ཀྱིས་དབུ་མའི་ལམ་ཐོབ་པའི་ཆེད་ལ་འབད་བརྩོན་མི་བྱེད་པར་བོད་རང་བཙན་མི་ཐོབ་པའི་ཆེད་འབད་བརྩོན་མང་བར་བྱེད་པ་དང་འདྲ་བོ་ཞིག་མཐོང་གི་འདུག
ཁྱེད་ཅག་གི་བྱེད་དགོས་པ་དབུ་མའི་ལམ་འཐོབ་ཆེད་དུ་འབད་དགོས་པ་ལས་རང་བཙན་མི་འཐོབ་པར་འབད་བརྩོན་བྱེད་དགོས་དོན་ཅི་ཡིན།
༡། ཁྱེད་ཀྱིས་ལོ་རྒྱུས་ཐོག་བོད་རང་བཙན་ཀྱི་ཐོབ་ཐང་མེད་ལུགས་ཀྱི་གཏམ་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་ལས། དབུ་མའི་ལམ་གྱིས་མ་འོངས་བའི་གནས་བབ་གསལ་ཁ་མེད་རིགས་ལ་ཁ་ཇེ་གསལ་དུ་གཏོང་བའི་ལས་འགུལ་སྤེལ་བ་གོ་ཐོས་མ་བྱུང་།
༢། ཁྱེད་ཀྱིས་༧གོང་ས་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་དེ་ནུས་མེད་དུ་སྒྲུབ་ཆེད་རྩོམ་ཞིག་འབྲི་བཞིན་ཡོད་ཚུལ་ཤེས་བྱུང་བ་ལས། ཉེ་ཆར་རྒྱ་གཞུང་གིས་བཀྲམས་པའི་ “རང་བསྲེགས་དོན་རྐྱེན་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་དྲིལ་བསྒྲགས་ཡིག་ཆ།” ཞེས་པ་དེ་ལ་དགག་ལན་ཞིག་འབྲི་བཞིན་པ་གོ་མ་བྱུང་།
༣། ཁྱེད་ཀྱིས་རང་བཙན་པ་ལ་བོད་མི་ཕྱེད་ཀ་མ་ཞེས་སོགས་འཆའ་སྨོད་དང་འབྲེལ་རང་ནུས་གང་ཡོད་ཀྱིས་ནང་ཁུལ་དཀྲོགས་གཏམ་སྣ་ཚོགས་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་ལས། ཁྱེད་ཆབ་སྲིད་པ་ཞིག་གི་ངོས་ནས་བོད་ནང་དུ་རང་སྲེག་རེ་བྱུང་སྐབས་གདུང་སེམས་མཉམ་སྐྱེད་ཀྱི་ལུས་འགུལ་ལ་ཞུགས་ཀྱི་མེད་པར་ཁྱེད་ཀྱིས་གསུང་བ་གོ་བྱུང་།
༤། ཁྱེད་ཀྱིས་གཞོན་ནུ་དང་རང་བཙན་སློབ་ཚོགས་ལ་ནམ་ཡང་ཁ་ཐད་དུ་ལངས་བ་མཐོང་རྒྱུ་ཡོད་པ་ལས། དབུ་མའི་ལམ་གྱི་བསམ་འཆར་ལ་རྒྱ་གཞུང་གིས་ལན་གང་སྤྲད་པ་ལ་ལན་འདེབས་བྱས་རིགས་གོ་ཐོས་མི་འདུག
༥། ཁྱེད་ཀྱིས་ཚིག་འབྲུ་གཅིག་བྲིས་རུང་ཐེ་ཚོམ་གྱི་གནས་སུ་ཡོད་པའི་རིགས་ཚང་མ་གཟུར་གནས་ཡིན་མདོག་གིས་རྒྱ་གཞུང་གིས་བཤད་པ་ལ་བདེན་ཁ་སྦྱིན་ཇི་ཐུབ་བྱེད་ཀྱིན་པ་མཐོང་རྒྱུ་ཡོད་པ་ལས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཕྱོགས་ཀྱིས་བཤད་པའི་ཕྱོགས་ལ་བདེན་ཁ་སྦྱིན་པའི་གཏམ་གཅིག་ཀྱང་བཤད་པ་མ་མཐོང་།
དེས་ན་ཁྱེད་ཀྱིས་གནང་སྟངས་འདི་ལ་ངོ་མ་གླུན་རྟགས་ཤིག་གི་ཚུགས་ཀ་འདུག སྤྱིར་ན་ཁྱེད་ཀྱིས་གསུང་བ་ལྟར་དབུ་མའི་ལམ་འདི་འཐབ་ཇུས་དང་དམིགས་ཡུལ་གཉིས་ཀ་ཡིན་པ་ཡོང་མི་སྲིད་པ་ངས་སྔོན་མ་ཞུས་པ་ཡོད་ལ། ཁྱེད་ཀྱིས་གནང་ཕྱོགས་དེ་ནི་འཐབ་ཇུས་ཤིག་གི་བྱེད་སྟངས་ཡེ་ནས་མ་རེད།
ཁྱེད་ཀྱིས་རྔ་སྐད་ལ་ཉན་ནས་བྲོ་འཁྲབ་མི་ཤེས་སམ། ཁྱེད་ཀྱི་ལས་རོགས་གཞན་གྱིས་ཇི་ལྟར་གནང་བཞིན་ལྟར་ཁྱེད་རང་ཉིད་ཀྱིས་འགྲོ་ཤེས་འདུག་ཤེས་གནང་ན་ཡག་པོ་མི་འདུག་གམ།
དྲ་གྲོགས་ལགས།
ཁྱེད་ལ་ཕྱག་ལས་འདི་དག་བྱེད་པར་ཧི་མ་ལ་ཡའི་ཕར་ཕྱོགས་ནས་གླ་ཕོགས་རག་གི་ཡོད་མེད་ཁོ་བོས་མི་ཤེས་ན་ཡང་། ཁྱེད་ཀྱིས་གནང་སྟངས་འདི་ཏག་ཏག་རྒྱ་ནག་གཞུང་ལ་དགོས་པ་དེ་རེད་འདུག རིན་མེད་ཀྱི་ཕྱག་ལས་དེ་ཏག་ཏག་རང་རིགས་ལ་ཕན་པ་ཞིག་གི་ཐོག་ལ་འབུངས་ཡོད་ན་ཅི་མ་རུང་ཨང་།
ཁུགས་རྟ་ཟེར་བའི་མི་འདི་ཡང་རྒྱ་སྐུབས་ལྡག་པའི་ཁྱི་ཞིག་རེད་འདུག། སྙིང་རྗེ་ཁོ་་་
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས། ཁྱེད་ཀྱིས་མ་གོ་བ་མ་ཐོས་པ་དེ་སྤྱིར་ན་ཁྱེད་རང་གི་སྐྱོན་མ་གཏོགས། ངས་མ་བྱས་པར་མི་འགྲོ་ནའང། ཁྱེད་བཞིན་ཁྱེད་ལ་ལན་ཅུང་ཙམ་ལྡོན་ན།
༡ ངས་ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཐོབ་ཐང་མེད་ལུགས་ཀྱི་གཏམ་བཤད་དང་ལས་འགུལ་སྣ་གཅིག་སྤེལ་མ་མྱོང་ལ། དེ་འདྲ་བློ་ཡིད་ལའང་འཁོར་མ་མྱོང། ངས་བྱས་ཡོད་ན་ཟླ་ཚེས་འདི་ལ་ཞེས་དྲངས་ཏེ་ཐེར་འདོན་གནང་རོགས། རང་བཙན་རྩོད་པ་ལ་ལོ་རྒྱུས་ཀྱི་བདེན་དཔང་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་པ་མ་རེད། དབུ་མའི་ལམ་ནས་རང་སྐྱོང་རྩོད་བཞིན་པའི་གནས་བབ་དེ་རིང་སང་ཉིན་གང་དུ་སླེབས་ཡོད་མེད་དང་ཅི་ཞིག་བྱེད་དགོས་མིན་ངས་མཐོ་རིམ་སློབ་གྲྭ་ཁག་གཙོས་སྒྲིག་འཛུགས་ཁག་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གང་རྒྱས་རེ་བྱེད་བཞིན་པ་ཡིན།
༢ ༧གོང་ས་བཅུ་གསུམ་པའི་གསུང་འཕྲིན་དེ་ངས་དོན་དངོས་ཇི་བཞིན་གང་ཡིན་པ་དེ་ག་རང་ངོས་འཛིན་བྱས་ཡོད་པ་མ་ཟད། གསུང་འཕྲིན་ལ་འཁྱོག་བརྗོད་ཀྱིས་རང་གི་འདོད་ཕྱོགས་སུ་འདྲུད་པའི་བོད་མི་ཤེས་པའི་བོད་མི་དང་བོད་མི་ཕྱེད་ཀ་ཚོའི་གནང་སྟངས་ལ་རྒྱུ་མཚན་གྱི་ལམ་ནས་ཐེར་འདོན་གནང་བཞིན་པ་ཡིན། དེ་བཞིན་རང་བསྲེགས་དྲིལ་བསྒྲགས་ཡིག་ཆ་ལག་སོན་བྱུང་བ་ཉུང་ཤས་ལ་ལན་འདེབས་དང་ལན་འདེབས་འབྲི་རྒྱུར་རྩོམ་པ་པོ་ཚོར་འབོད་སྐུལ་བསྟུད་མར་ཞུས་ཟིན།
༣ ངས་བདེན་པ་གསལ་རྗེན་བྱས་པ་དེ་དཀྲོགས་གཏམ་ཡིན་ན། དེ་ལ་ཁྱེད་སོགས་ཀྱིས་དོ་སྣང་གནང་དགོས་དོན་ཡོད་པ་མ་རེད་ལ། དཀྲོགས་གཏམ་ཡིན་ན་དེས་ནུས་བའང་ཐོན་གྱི་མིན་པ་དངོས་བོའི་གཤིས་ཀ་རང་རེད།
༤ང་གཞོན་ལྷན་སོགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ཡང་མེད་ཁར། བོད་རང་བཙན་གྱི་གཞི་རྩ་བོད་ཀྱི་ས་ཆ་ཡིན་པ་དང། ས་ཆ་དེའང་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་ཕྱི་ནང་གསང་གསུམ་གྱི་བྱ་སྤྱོད་དང་འདོད་ཚུལ་དེའི་ཁ་གཏད་དུ་ལངས་བ་མ་གཏོགས། བོད་ཀྱི་རིག་གནས་གཙོ་བོ་ཡིན་པའི་ཆོལ་གསུམ་རང་བཙན་གཙང་མའི་གནས་བབ་རྩོད་མཁན་རྣམས་ལ་ལྟ་གྲུབ་མི་གཅིག་ཀྱང་སེམས་སྟེང་ནས་བརྩི་བཀུར་བྱེད་ཀྱི་ཡོད།
༥། ངས་བྲིས་པ་དང་བཤད་པ་མཐའ་དག་ཁུངས་ལྡན་དང་དྲང་བོ་ཚད་ཐུབ་ཡིན་ན་འགྲིག་པ་ལས། དེས་རྒྱ་ཕོག་གི་རེད། བོད་ལ་ཕོག་གི་རེད་བསམས་པའི་ཀུན་སློང་སྔོན་དུ་བསྐྱེད་ཀྱི་མེད་ལ། ནམ་ཞར་ཡང་བསྐྱེད་མི་སྲིད་པས། སྐད་ཆ་འདི་འདྲས་ང་རྒྱ་མི་དང་ཐག་ཇེ་ཉེར་སོང་བར་ཁྱེད་ཀྱིས་ངོས་འཛིན་བྱས་ན་འགྱོད་པ་ལྟ་ཅི། བདེན་པ་བཤད་རྒྱུར་འཛེམས་དོགས་གང་ཡང་མེད།
བོད་གངས་ཅན་པའི་མགོ་ལ་སྐྱེས་པའི་རྭ་དང་འདབ་གཤོག་གཉིས་ལྡན་གྱི་གླ་རྒོད་འཕུར་རྩལ་ཅན་མཁས་དབང་ཆུང་ཚེ་རིང་ལགས་ཀྱིས་ཁུངས་མེད་རུ་དཔང་གི་ཁ་ལ་རྡོ་རྗེའི་རྒྱ་གྲམ་བརྒྱབ་ཟིན་པ་རེད། དེ་ལས་བསྐྱར་བཤད་ཡང་བཤད་བྱེད་ན་ཕན་ཐོགས་ཡོད་མ་རེད།
ཟུར་བལྟས་ལེབ་མཐོང་ཞིག་ལ་་་་་རང་བཙན་དང་དབུ་མའི་ལམ་གྱི་དཀའ་རྙོབ་དེ་ཡང་མཐའ་སྐོར་རི་སྐོར་གང་བྱས་ཀྱང་བོད་མི་ནང་ཁུལ་གྱི་མཐུན་ལམ་སྟོར་བཤིས་གཏོང་ཡག་གི་ཆ་རྐྱེན་རང་དུ་མངོན།།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྔོན་གླེང་དུ་༼སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་ནས་རིང་པོར་མ་སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང་། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་༽ཞེས་འཁོད་འདུག དེར་གཟིགས་དང་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་ཞེས་པར་འགལ་བ་གང་འདུག མ་གཞི་མིང་གང་བཏག་རུང་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་རེད། དེ་ལ་རྒྱ་དམར་གཞུང་ནས་དགག་ལེན་ཡོང་བསམ་པ་ལས་བཙན་བྱོལ་བོད་མིའི་འཁྲོད་ནས་དགག་པ་བྱེད་ཡོང་བསམ་པ་སུ་ཡོད། ཞབས་འདྲེན་རེད་ལས་འགུལ་དེ་དང་མཉམ་དུ་ཤར་ཁུག་དང་རྒྱ་དམར་དཔོན་པོ་མཉམ་དུ་པར་མེ་རུ་སྦར་དགོས་ས་རེད།
ཤར་ཕྱོགས་ཁུག་རྟ་འདིས་མི་གཞན་གྱིས་རྐང་པར་འཇུས་ནས་འཐེན་པ་མ་གཏོགས་གང་ཡང་ཤེས་ཀྱི་མི་འདུག
རང་བཙན་གསལ་བསྒྲགས་ལབ་དུས་དེའི་སྔོན་ལ་རང་བཙན་མིན་ལབ་ཀྱི་ཡོད་མ་རེད། དོན་ངོ་མའི་ཐོག་༡༩༡༣་སྔོན་ལ་རང་བཙན་ཡིན་རུང་དེང་དུས་ཆབ་སྲིད་འགྲོ་ལུགས་ལྟར་གསལ་བསྒྲགས་བསྐྱངས་མེད། ༡༩༡༣་ལོའི་རང་བཙན་གསལ་བསྒྲགས་དེ་དབྱིན་ཡིག་ནང་ declared the restoration of tibetan independence ལབ་ཀྱི་ཡོད། དེ་ལ་གནད་འགག་ཆེན་པོ་ཡོད་་་གང་ཡིན་ཞེ་ན་restoration ཞེས་པ་དེ་བོད་སྐད་ནང་བསྐྱར་གསོ་ཟེར། དེ་ཁྱེད་ཀྱིས་མགོ་ཚོས་ན་བཟང་། ད་དུང་རང་བཙན་གསལ་བསྒྲགས་ཡིན་མིན་དོགས་པ་ཡོད་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་སྐད་ཆ་འདྲི་གི་རྒྱུག་་་་
དྲྭ་གྲོགས་མངའ་རིས་ཕྲིན་ལས་གསུངས་པ་ལྟར་རེད། ད་ཡིན་ན་ར་ཚང་ནང་ནས་གཟིག སྨན་ཁུག་ནང་དུ་དུག་ཞེས་པའི་དཔེ་རང་རེད་འདུག ཤར་ཁུག་གཙོས་པའི་མི་འདི་རྣམས་ལ་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་བསམ་བཞིན་དུ་རང་བཙན་དབུ་མའི་གང་གི་ཕྱོགས་སུ་མེད་པའི་ཕུང་གསུམ་པ་ཞིག་ཡིན་པ་ལ་སུས་ཡ་ལན་བྱེད། ལར་ནི་རྡ་རམ་ས་ལར་སྔ་ཕྱི་ཐོག་མཐའ་བར་གསུམ་དུ་རང་བཙན་གྱི་བཀག་རྡོ་བ་དེང་སང་སྲིད་དབང་གི་རྐུབ་སྟེགས་ཤོར་ཀྱང་ད་དུང་སྲིད་ཀྱི་དར་ལུང་ལ་ཤི་འཇུ་རོ་འཐམ་བྱེད་མཁན་རྡ་སའི་སྲིད་ཀྱི་ཕུང་རྒན་མགོ་སེ་བ་ཁ་ཤས་ཀྱིས་རྩེད་མོའི་ལག་ཆར་གྱུར་ཟིན་ཡོད་པས་ལངས་ཕྱོགས་གང་ཡང་མེད་པ་ཤར་ཁུག་ཁྱེད་རང་གང་ཡིན་པ་ཤེས་པར་གྱིས།
རྒྱ་བྱ་ཁུག་རྟ་འདིས་བོད་མི་མང་གི་ནང་ཁུལ་དཀྲུག་འདོད་ཀྱི་བསམ་པས་སྔ་བར་ཕྱི་གསུམ་ལ་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པ་འདི་དག་ཤེས་ལྡན་དག་ལ་གསལ་བཤད་མ་དགོས་ཀྱང་དེང་སང་གསར་བུ་མགོ་འཐོམ་འགའ་རེ་ཡོད་འདུག་པས་གཟབ་གཟབ་གྱིས་ཤིག
ནང་བའི་ཆོས་ལུགས་བོད་ལ་དར་ནས་སྲིད་ཀྱི་སྟོབས་ཤུགས་ཉམས་མགོ་བཟུང་། །
གླང་དར་རྒད་པོ་གྲོངས་བ་དེ་ནི་སྲིད་ཀྱི་ཕམ་ཁ་ཆེ་ཤོས་ཤིག །
དོན་ཚན་བཅུ་བདུན་ས་རྟགས་བཀོད་པ་ལོ་རྒྱུས་ཐོག་གི་ཉེས་ཅན་ཞིག །
དབུ་མ་རང་བཙན་ཕྱོགས་འགལ་སོང་བ་གུང་ཁྲན་གཞུང་ལ་རྒྱལ་ཁ་ཞིག །
ཁུག་རྟས་རང་གི་ནང་མི་ལ་རྒྱས་ལྟ་སྟངས་ཡག་པོ་ཡོང་སྤྱད་ལ་བཙན་བྱོལ་དཀྲུག་ན་ཤིན་ཏུ་མི་འཐད་དོ།
ཤར༵་ཕྱོག༵ས་རྒྱ་ནས་འཕུར་བའི་ཁུག༵་རྟ༵་དེ།། ནུབ་ཕྱོགས་འཕགས་པའི་ཡུལ་ལ་སྐོར་ལྡིང་བྱས།། འབབས་ས་རྡ་རམ་ས་ལ་ཡི་རི་རྩེར་བབས།། ཐན་བྱའི་སྐད་ངན་དེ་ནི་ཡག་རྟག་མིན།།
འབབས་ས་རྡ་རམ་ས་ཡི་རི་རྩེར་བབས།། ཞེས་པར་བཅོས་རོགས།
སྔོན་མ་བཀའ་ཤག་གསར་བས་ལས་ཀ་འགོ་བཙུགས་མ་ཐག་ནས་ཁུག་རྟ་མིང་ཅན་ཉིན་གླའི་ངོ་བོ་ཅན་གྱི་ལས་ཀ་ལས་ཕྱིར་ཕུད་གཏོང་དགོས་པའི་གནས་ལུགས་དེ་གཞི་ནས་ཤེས་སོང་། སྐབས་དེ་ཤེད་དུ་ངས་ཅང་དེ་ནི་དྲང་བདེན་ཞིན་མ་རེད་བསམ་ཡང་ད་ལྟ་བསམ་ན་ཕལ་ཆེར་གནས་ལུགས་དེའི་རྒྱབ་ན་གསང་བོ་མང་བོ་ཞིག་ཡོད་པར་གདོན་མི་ཟའོ།།
དུས་དེ་ཙམ་ནས་བྱེའུ་འདི་ཉིད་འུག་པ་ཟླ་བ་ཚེ་རིང་དང་སྐྱ་ཀ་རྨོག་རུ་བསྟན་པ་གཉིས་ཀྱི་དྲིལ་བསྒྲགས་ལག་ཆར་བཀོལ་ཆོག་ཆོག་གི་གསོས་ཕྲུག་ཏུ་གྱུར་ཏོ།།
༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ལ་དགག་ན་སྐུ་འཕྲེང་བཅུ་བཞི་པ་ལ་ཁ་བཏད་བཅོག་པ་ཡིན་པ་ནི་ལྐུག་པ་ཡིན་ན་མ་གཏོགས་ཚང་མས་ལོས་ཤེས། དེ་སྔོན་ལ་དྭགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་༸གོང་ས་མཆོག་གིས་ཐུགས་ཕམ་བྱུང་བའི་བཀའ་སློབ་གནང་བ་དེའི་རྒྱབ་ལྗོངས་འཚོལ་ན་ད་ལས་སླ་རུ་འགྲོ་ཡི་འདུག་བ། བླ་སློབ་བར་དམ་ཚིག་དཀྲུག་ཟེར་ན་འདི་འདྲ་བོ་ལ་ཟེར་བ་རེད།
དྲ་གྲོགས་ཚོས་བཤད་དགོས་ཡ་དེ་མ་བཤད་པར་ཤར་ཕྱོགས་ཁུག་རྟ་ལ་སྨོད་ན་ཅི་ཕན། ལྷག་པར་དུ་ཁ་ཤས་ཞིག་གི་བརྩོམས་ཡིག་འདི་མགོ་ནས་འཇུག་བར་དུ་ཐེངས་གཅིག་གློག་འེ་ཡོད་བསམ་གི། ངོ་མ་དྲ་འབུ་ནི་དྲ་འབུ་རང་རེད།
པདྨ་འཕྲིན་ལས་ལགས། ཁྱེད་ཀྱིས་ཞིབ་མོ་ཀློག་ཡོད་ན་ཀློད་མཁན་རྣམས་ལ་ཁྱེད་ཀྱི་གོ་བ་ལེན་སྟངས་ལྟར་ངོ་སྤྲོད་གནང་དང་། ཕན་ཐོགས་ངེས་རེད།
དབུ་མའི་ལམ་གྱི་ཡོང་ཁུངས་རྒྱ་ནག་ཡིན་པས་རྩེད་མོ་དེ་ཅི་ལྟར་རྩེད་དགོས་མིན་རྒྱ་ནག་ལ་གསལ་བོ་འཆར་གཞི་ཡོད་པ་མ་ཟད། བོད་མིའི་ནང་དུ་འགལ་ཟླ་སློང་བ་རྒྱ་ནག་གིས་གསལ་བོ་ཤེས་ངེས་རེད། གང་ལྟར་ཤར་ཁུག་གིས་བོད་མི་རིགས་ཀྱི་སེམས་ཁམས་ཕོག་པའི་རྩོམ་ཡིག་འདི་ལྟར་མ་བྲིས་ན་ལེགས། དེས་གནོད་ལས་ཕན་དུ་མ་ངེས། དེ་ལས་ལྡོག་སྟེ་བོད་མིའི་ནང་དུ་ཁུལ་འགལ་ཟླ་སློང་བྱེད་རེད། ཁོ་ཆབ་སྲིད་པ་ཞིག་ན་བོད་མི་མང་གི་མངོན་འདོད་དང་མཐུན་པའི་ལས་དོན་སྒྲུབ་རྒྱུ་ལས་དེ་ལས་ལྡོག་སྟེ་ལྐུག་པ་ཨུ་ཚུགས་བྱས་ན་ཕན་ཐོགས་ཡོང་བ་དཀའ་བ་འདོད།
ཨ་ནུ་ཐང་བསོད་ནམས་ལགས། ཁྱེད་རང་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་གྱི་རེད་འདོད་ཡོད། གལ་ཏེ་དེ་ལྟར་ཡིན་ན་བཙན་བྱོལ་གཞུང་དམངས་གཉིས་ལམ་དབུ་མའི་སྒང་ལ་འགྲོ་སྡད་ཡོད་རེད། ཁྱེད་གྱི་གསུངས་བ་བཞིན་ལམ་དབུ་མ་ཡོང་ཁུངས་རྒྱ་ནག་ཡིན་ན་ཤར་ཕྱོགས་ཁུག་རྟ་ལ་འབྲེལ་བ་འདུག་གམ། བོད་མིའི་སེམས་ཁམས་ལ་ཕོག་པའི་རྩོམ་ཡིག་མ་བྲིས་ན་ལེགས་ཟེར། སྐུ་མཁྱེན་ཁྱེད་དང་ཁྱེད་ལྟ་བུ་བསམ་བློ་ཡོད་མཁན་མང་དྲག་ནས་ད་དུང་བོད་ནང་གི་བོད་མི་ཚོས་སྡུག་བསྔལ་སད་ཡ་ལ་ད࿒དུང་ལོ་མང་འགོར་ངེས་རེད། བསམ་བློ་སྔོན་ལ་གཏོང་དེ་ནས་བསམ་ཚུལ་ཤོད། མི་ཐུད་དུ་ཡིན་ད་་་་་་
མ་ཧཱ་སིདྡྷི་ཅན་ཁྱོད་རང་ཉིད་རང་བཙན་ཁ ལ་འཁྱེར་བའི་དབུས་གཙང་ལྟས་ངན་དེ་ཚོའི་རྐུབ་གཡོག་ཏུ་གྱུར་པ་ཤེས་པར་གྱིས། སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་ནང་མདོ་སྟོད་སྨད་གཉིས་ཀ་མེད་པ་ཨེ་ཤེས། ལྐུགས་པ་མགོ་རུལ་ཀྱང་སྣ་ཁུང་གིས་མི་ཚོར་བ་ཁྱེད། དབུས་གཙང་གི་རྒྱུགས་ཁྱི། ཁམས་པའི་རང་ཚུགས་ཡོད་ན་མདོ་དབུས་ཁམས་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་དགོས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་བཀའ་སློབ་དེ་ཁྱེད་ཀྱི་མིག་ཀྱོག་དེས་གཅིག་ལྟོས་ཤིག རྒྱུགས་ཁྱི་འདི་ཚོའི་རང་འཚང་ལྷང་ལ་བུད་མ་ཐུབ་ན་བོད་གངས་ཅན་སྐྱིད་པའི་ཉི་མ་ཤར་མི་སྲིད།
དྲ་གྲོགས་ཚོ། བདག་ལྟ་བུ་ལོ་རྒྱུས་མི་ཤེས་མཁན་ཞིག་གིས་འདིར་ཅི་ཡང་བཤད་མི་ཐུབ། གཙོ་བོ་བཅུ་གསུམ་པ་ཚང་གི་གསུང་དང་དེའི་སྐོར་གྱི་སྐད་ཆ་མང་པོ་ཞིག རང་གིས་མཐོང་བ་དང་རྟོགས་པ་བྱ་རྒྱུ་དེ་རེད། དེ་ནས་ཅི་ཞིག་བཤད་རུང་། ང་རང་ཚོའི་ཆེད་དུ་ང་རང་ཚོས་འཆད་ཀྱིན་ཡོད་པའི་ངོས་འཛིན་ཐོག་ནས། གླེང་མོལ་བྱ་རྒྱུ་གལ་ཆེན་རེད་འདོད། གཞན་སྨན་དུག་ཏུ་ལོག་སོང་ན། འུ་ཚོའི་མི་རབས་གོང་མ་ཚོ་ཡང་སེམས་གཅོང་གི་རེད་ལ། ནམ་ཞིག་ངོས་ཟིན་པའི་དུས་སུའང་འུ་ཚོར་སེམས་སྐྱོ་དགོས་བྱུང་གི་རེད། འདིའི་རིགས་ང་ཚོའི་ལོ་རྒྱུས་ན་མང་མེད་ན་ཉུང་རྩ་ནས་མེད་མོད། གཞན་ཡང་གཞི་མེད་སྒྲོ་སྐུར་དང་ཚིག་ལོག་ཚིག་རྩུབ་རིགས་མ་གསུང་རོགས། འདིས་ང་ཚོས་དོན་ཆེན་ཤེས་པ་དང་སྒྲུབ་པ་ལ་བར་ཆད་བྱེད་པ་མ་ཟད། ལྡོག་ཕྱོགས་ཀྱི་བག་ཆགས་ངན་པ་དང་འགལ་རྐྱེན་བཟོ་རྒྱུ་འདུག
དྲྭ་གྲོགས་བློ་གྲགས་མིང་ཅན་ཁྱོད།།
དབུས་གཙང་ལྟས་ངན་ཟེར་ལུགས་ལ།།
རང་ཚུགས་མེད་པའི་གཡམ་རྒྱུགས་ཅན།།
དཀྲུགས་ཤིང་མཁན་ཞིག་ད་གཟོད་ཤེས།།
ཁྭ་ཏས་མི་གཙང་ཟོས་པའི་མཆུ།།
གཙང་སར་འཕྱི་བའི་དཔེ་ཟླ་ལྟར།།
ཚིག་གི་ཟོལ་ལ་དཔྱད་པ་ན།།
སྤྱི་གཏོལ་ཅན་ཞིག་ད་གཟོད་ཤེས།།
མཁན་པོ་འཇིགས་ཕུན་ཟེར་ལུགས་ལ།།
ཞོ་ལྟར་ཆག་པའི་ཆོས་ལུགས་དེ།།
བསམ་བཞིན་ཁྲག་ལྟར་དཀྲུགས་མཁས་པ།།
མ་བོས་བདུད་ཀྱི་གཤེད་མར་བསམ།།
ཨ་ཅང་མི་ཟེར་ཀུ་རེ་ཡིན།།
བློ་གྲགས་བློ་ངན་མ་གྱུར་ན།།
དབུ་མ་རང་བཙན་ཚིག་རོ་དེ།།
གཡུགས་ནས་རང་འཁྲིའི་ལས་ལ་བརྩོན།།
ལོ་རྒྱུས་ལོ་རྒྱུས་སུ་མ་བཞག་པར་གང་བྱུང་བཅོས་བསྒྱུར་མང་སོང་ན་་་ཡོད་པ་དེ་ཡང་མེད་པར་འགྱུར་ངེས་རེད་་་་་་
མངའ་རིས་འཕྲིན་ལས་ལ་དོགས་པ་བྱུང་བ་ཐུགས་ཁག་མི་འདུག བཅའ་ཁྲིམས་རིན་པོ་ཆེའི་སྔོན་གླེང་དང་འཕྲད་པ་རེད། ངས་སྔ་མོ་ནས་བཤད་ཡོད། བཅའ་ཁྲིམས་ན་ནིང་བསྒྱུར་བཅོས་བྱས་པ་རེད། དེའི་སྔོན་དུ་རང་རེའི་གཞུང་འབྲེལ་ཡིག་ཆའི་ནང་འདི་རང་བཙན་གསལ་བསྒྲགས་ཞེས་བཏགས་ཡོད་ས་རེད། ལྷག་པར་སྐུ་ངོ་ཞྭ་སྒབ་པ་སོགས་ཀྱིས་ཨུ་ཚུགས་ཞེ་དྲག་བསྐྱོན་གནང་འདུག་ཅེས་བཤད་ཟིན། ཡིན་ནའང། སྐབས་དེར་རང་རེ་བ་ཐམས་ཅད་ཀྱིས་རང་བཙན་ཡིན་པའི་དཔང་རྟགས་འཚོལ་ཅི་ཐུབ་དང། ཐམས་ཅད་རང་བཙན་དཔང་རྟགས་སུ་བསྒྱུར་ཨེ་ཐུབ་ལྟོས་ཡོད་ཙང་ཁོར་ཡུག་དེ་དང་གནས་སྟངས་དེའི་འོག་འདི་ལྟར་ངོས་འཛིན་བྱས་པ་འཁང་ར་བྱེད་དོན་མེད་ཀྱང། དེ་རིང་རིགས་པའི་ལམ་ནས་ད་འོ་ན་མངའ་དབང་གི་གནས་བབ་ག་འདྲ་རེད་ཅེས་གསུང་འཕྲིན་ཐོག་མཛུབ་མོ་བཙུགས་ཡོང་ན། སྐད་ཆ་རྩབ་ཧྲལ་ཞིག་གམ་རབ་རིབ་ཅིག་གིས་ལན་རྒྱག་རྒྱུ་ལས་མེད་པ་ནི་གསལ་བོ་རེད། དེ་བས་སུས་གསུངས་ན་ཡོད་ན་ཁྱད་པར་གང་ཡང་ཡོད་པ་མ་རེད། དཔྱད་པ་རང་དབང་ལྡན་པར་བྱོས། དོན་ལ་མི་གནས་ཤིང་ཁུངས་ལུང་ཚད་ཐུབ་དང་བྲལ་སོང་ན་དཔོན་པོའི་བཀའ་དང་བླ་མའི་གསུང་ཡིན་ཟེར་བས་རྩ་བ་ནས་ཕན་གི་མ་རེད། དེ་ལྟར་ཐག་གིས་བཅད་ན་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་འགལ་སོང་བ་རེད།། དེ་ཙམ་ཞུ།།
དེ་བཞིན་གསུང་འཕྲིན་ཨ་མར་ཨིན་ཡིག་ནང་མིང་ཞིག་བཏགས་པ་ཡིན་ན། དེ་དེང་དུས་ཆབ་སྲིད་ཀྱི་ཡིག་ཆ་དང་མཐུན་པར་འགྱུར་འགྲོ་ཟེར་ན་གད་མོ་ལྷུག་ལྷུག་ཏུ་མི་ཤོར་རམ། མདོ་དོན་ད་ཐེངས་གསུང་འཕྲིན་འདི་ས་འཕྱར་གནམ་འཕྱར་བྱ་མཁན་ཚོའི་ཀུན་སློང་ལ་དོགས་པ་ཆེན་པོ་ཡོད། དོགས་པ་ཡོད་དགོས་དོན།
༡ གསུང་འཕྲིན་འདི་ས་འཕྱར་གནམ་འཕྱར་བྱས་ཏེ་གསུང་འཕྲིན་གྱི་དགོངས་དོན་དང་མཚན་ཆུད་ཆད་གང་དྲན་བྱུང་རྒྱལ་དུ་འདོགས་པའི་ཆ་ནས། ལས་འགུལ་འདི་བོད་སྤྱིའི་དོན་དུ་ཡིན་ཐབས་མེད་ཁར། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆོལ་གསུམ་ཆིག་སྒྲིལ་དང་ཐབས་ལམ་འཚེ་མེད་ཞི་བར་ཟུར་ཟ་བྱ་འཆར་ཡིན་པ་མ་ཟད། ༧གོང་ས་ཆེན་པོར་རྟག་ཏུ་ཟུར་ཟ་བྱེད་མཁན་གྱི་གང་ཟག་སྣར་སྐྱིད་དང་འཇམ་ནོར་སོགས་ཀྱིས་སློབ་སྟོན་བྱེད་བཞིན་པ་དེ་དེ་བས་ཀྱང་བོད་གཞིས་བྱེས་མི་མང་གི་གཟུར་གནས་ཤེས་ལྡན་པ་ཚོས་རྩ་བ་ནས་ངོས་ལེན་བྱ་ཐབས་བྲལ།།།
ད་གཡུགས་བཞོགས། ལྟས་ངན་ཤར་ཁུག་ལ་སོགས་པའི་མདོ་སྨད་པ་འདི་ཚོས་སོ་སོ་རྒྱ་སྡེར་བློ་ངན་གོམས་སོང་བས་བཅོས་སུ་མེད་པས་རྒྱ་ནང་ལ་ལོག་རྒྱུགས། བོད་ཀྱི་ལོ་རྒྱུས་བྱུང་རབས་ལ་རྫུན་བཟོ་བྱེད་པའི་ཐོབ་ཐང་མེད་ལ་ཇུས་ཏོག་མ་བྱེད་རོགས། ད་དུང་ཁོས་ང་གཅིག་མིན་ན་སུ་་གཅིག་ཡིན་བསམ་པས་༧སྐུ་ཕྲེང་བཅུ་གསུམ་པ་ལས་ལྷག་གཅིག་དང་བོད་ཀྱི་ལོ་རྒྱུས་ཉམས་ཞིབས་པ་ཁོ་ལས་ལྷག་གཅིག་མེད་བསམ་པའི་གུང་ཁྲན་ནང་བཞིན་སྐྱག་རྫུན་ཧམ་བཤད་རི་ལྟར་བཤད་ན་བདེན་པ་གཡག་ཙམ་འཐོབ་རེ་ཡིས་རེ་ངན་བཅངས་བཞིན་པ་མངོན་གསལ་ལགས་ན་དཔྱོད་ལྡན་དྲ་གྲོགས་ཚོས་བྱེ་མ་བཙིར་ནས་མར་མི་འབྱུང་བས་ཁོ་རང་ཁེར་རྒྱུགས་བྱེད་འཇུག་དགོས།
ཨ་ནུ་ཐང་བསོད་ནམས། དབུ་མའི་ལམ་གྱི་ཡོང་ཁུངས་རྒྱ་ནག་ཡིན་པས་རྩེད་མོ་དེ་ཅི་ལྟར་རྩེད་དགོས་མིན་རྒྱ་ནག་ལ་གསལ་བོ་འཆར་གཞི་ཡོད་པ་མ་ཟད། བོད་མིའི་ནང་དུ་འགལ་ཟླ་སློང་བ་རྒྱ་ནག་གིས་གསལ་བོ་ཤེས་ངེས་རེད་ཟེར། སོ་སོའི་སྐད་ཆ་སོ་སོའི་འགན་འཁུར་དགོས་ངེས་རེད།
ཁུག་རྟ་འདྲ་བོ་ཞིག་གིས་སྤྱི་ཚོགས་ལ་སྒུལ་ཤུགས་ཅི་ཡང་ཐེབས་ཀྱི་མ་རེད་་་་དེ་ན་ང་ཚོས་རང་རང་གི་དུས་འཕྲོ་བརླག་མི་གཏོང་བར་མཉམ་ལས་ཤིག་བྱེད་ན་དེ་རེད་་་་་་་ཁུག་རྟ་རྒད་པོ་སྙིང་རྗེ་་་་་་་ཁེར་རྐྱང་ནས་ཁེར་རྐྱང་ལ་བུད་གྲབས་ཡོད་རེད་་་་་་་་
དེང་སང་རྒྱ་ནག་གཞུང་གི་སྐད་ཆ་རྡ་རམ་ས་ལ་ནས་དྲིལ་བསྒྲགས་བྱེད་བཞིན་འདུག།
ཆབ་སྲིད་དང་ལོ་རྒྱུས་མི་ཤེས་མཁན་ཞིག་གིས་ཧམ་པ་འདི་ཙམ་ཤོད་པ་ངོ་ཚ་མེད་པ་རང་རེད།
ཤར་ཁུག་ཟེར་བ་འདིས་དབུ་མའི་ལམ་དང་ཆབས་ཤིག་༸གོང་ས་མཆོག་གི་དགོངས་གཞི་ཡང་མི་སེམས་ལ་ནག་པོ་བཟོ་བཞིན་འདུག
ད་ནི་གང་དྲག རང་ཉིད་དྲ་རྒྱའི་བདག་པོ་ཡིན་དུས། བེད་སྤྱོད་ག་རེ་བཏང་བཏང་རེད། དང་པོ་དབུ་མའི་ལམ་ཟེར་བའི་ཚོགས་པ་དེ་ནག་པོ་ནག་རྐྱང་བཟོས། དེ་ནས་ཟམ་གདོང་བླ་མ་ནག་པོ་ནག་རྐྱང་བཟོས། ད་༸གོང་ས་མཆོག་ལའང་ཤུགས་མ་ཐུབ་ཀྱིས་ནག་ཐིག་བགོ་བཞིན་འདུག ལྷག་པར་དུ་༸གོང་ས་མཆོག་གི་དབུ་མའི་ལམ་དེ་བུ་གུའི་རྩེད་ཆས་ལྟ་བུར་བསྒྱུར།་ལོག་འགྲེལ་སྣ་ཚོགས་བྱས། རྒྱ་དམར་གཞུང་ལ་དགོས་པ་ཚང་མ་བསྒྲུབས་ཅིང་སྐད་ཆ་བཤད་ནས་བོད་ཀྱི་ཆེད་དུ་ཡིན་ཟེར།
ཨ་ཁ་ཁ།
ད་དུང་ཁ་བརྡ་ཟེར་བའི་དྲ་ཚིགས་འདི་ཡང། ཁ་ཤས་ཀྱིས་སྒེར་དོན་སྒྲུབ་བྱེད་རང་ཆགས་འདུག། དཀྲུགས་བྱེད་རང་ཆགས་འདུག
ཤར་ཕྱོགས་ཁུག་རྟ་ཟེར་བའི་བོད་མི་དེ་ཞོགས་དུང་ཞིག་དང་འདྲ་བར་བོད་མིའི་ཡིན་ཤག་ཤག་གི་བསམ་བློར་དྭོགས་སློང་སྙིང་སྟོབས་ཤིག་སྐུལ་མ་ཞིག་གནང་བཞིན་པ་དགེ་མཚན་རེད་ཨང་།
ཤར་ཕྱོགས་ཁུག་རྟ་ཟེར་བའི་བོད་མི་དེ་ཞོགས་དུང་ཞིག་དང་འདྲ་བར་བོད་མིའི་ཡིན་ཤག་ཤག་གི་བསམ་བློར་དྭོགས་སློང་སྙིང་སྟོབས་ཀྱི་སྐུལ་མའི་དུང་སྒྲ་གྲགས་བཞིན་པ་དགེ་མཚན་རེད་ཨང་།
རྣམ་དཔྱོད་དཔལ་གྱིས་རབ་ཏུ་ཕྱུག་པའི་ཤར་ཕྱོགས་ཁུག་རྟ་ལགས་ཐུགས་རྗེ་ཆེ། ཁྱེད་ནས་དཔྱད་རྩོམ་འདི་འདྲ་ཞིག་རྩོམ་པ་ང་ཚོའི་བློ་མིག་འབྱེད་བྱེད་རང་ཆགས་སོགས་ལགས། ཐུགས་རྗེ་ཆེ་ཞུའོ། །
ད་ཡང་སེར་སྨད་ནས་རྒྱ་ཁྱི་ཞིག་ཐོན་བྱུང་ང་།
ཁུག་རྟ་གྲྭ་ལོག་གི་དགོན་ནང་གི་ཤག་རོགས་བརླ་རྒྱག་མ་ཞིག་ཡིན་རྒྱུ་རེད། སྐྱག་པའི་རྣམ་དཔྱོད་ཀྱིས་ཕྱུག་ན་འདྲ་ཟིག་མ་གཏོགས། དྲང་ལ་ལེན་ནི་ཞིག་མ་ཡོད་དུས་ཁོ་ཁ་ཕྱིན་ཆི་ལོག་ལ་འཁོར་ཚར་འདུག། དཀོན་མཆོག།
སེར་སྨད་འབྲུག་སྐད་འདི་སྤོམ་ར་ཁམ་ཚན་ནས་ཡིན་ན་ཐང་།
རྡ་སའི་ས་གནས་རྒྱའི་རྒྱུག་ཁྱི་ཤར་ཁུག་གི་ཁ་ལ་གཏོར་མ་བརྫོངས།
ཆབ་བྲག་ཕོ་ཉ་ལགས། འདི་འདྲའི་ལན་ནམ་གསལ་བཤད་ཐུང་ཐུང་ཞིག་མགྱོགས་པོ་རང་རྒྱགས་དགོས་དོན་རང་འེ་ཡོད།
དགོངས་དག་བཏང་ནོར་ཤོར་འདུག།
བལྟས་ངན་སྲིན་བྱ་དེས་ཨག་སྐད་སླར་ཡང་རྒྱབ་ཡོང་གི་འདུག བོད་རང་བཙན་གྱི་སྒྲགས་གཏམ་སྤེལ་བར་ཁྱོད་རང་ལ་ག་རེ་གནོད་ཀྱི་འདུག མ་གཞི་ནས་སྐད་ཆ་དེ་རིགས་རྒྱ་གཞུང་གི་ཁ་ནས་མཐོན་པའི་སྐད་ཆ་རེད། དབུ་མ་བརྩོད་ཀྱང་རུང་རང་བཙན་བརྩོད་ཀྱང་རུང་ཚང་མ་བོད་མི་རིགས་ཀྱི་ཆེད་དུ་རེད། ངོ་མ། ད་ཁྱོད་རང་ལ་བསུན་ཡོང་གི་འདུག ཁྱོད་རང་ཡང་ཡོད་ཚད་ཁ་ཕོར་ཁོ་ནའི་ཆེད་དུ་རྒྱུག་མཁན་གྱི་རྒྱ་ཁྱི་ངོ་མ་ཞིག་རེད་འདུག སྐད་ཆ་བཤད་ན་འདི་ལས་ཅུང་གནས་ལུགས་ཡོད་པའི་སྐད་ཆ་གཞན་ཤོད་རྒྱུ་མི་འདུག་གམ བོད་རང་མི་ཚོ་ཚོས་ཉི་མ་རེར་དཔེ་བཞག་སྟེ་མི་བསྲེག་གཏོང་གི་ཡོད་པ་རེད་དེ་ཁྱོད་རང་གིས་ཨ་སྐད་དེ་རྒྱའི་ཕྱོགས་དང་མཐུན་པར་རྒྱབ་པ་ནི་ཅི་འདྲའི་ཐབས་སྡུག་ཞིག་མ་རེད་དམ།
སེར་སྨད་འབྲུག་སྐད་ཟེར་བ་ཁྱེད་རང་བསམ་ཚུལ་གང་བཤད་མིན་རང་དབང་ཆ་ཚང་ཡོད་རེད་
འོན་ཀྱང་ངས་རེ་བ་ཞུ་ཡག་ལ་་་་་་་་ཁྱེད་ཀྱི་སེར་སྨད་ཞེས་པའི་མཚན་འདི་བེད་སྤྱོད་བྱེད་སེམས་ན་་་་་་ཁྱེད་རང་སྒེར་གྱི་ཡོངས་གྲགས་ཀྱི་མིང་ངོ་མ་དེ་བེད་སྤྱོད་བྱེད་རོག་་་་་་་ཁྱེད་ཀྱི་འབྲུག་སྐད་ཟེར་བའི་ཡོངས་གྲགས་མིན་པའི་མིང་ཞིག་བེད་སྤྱོད་བྱེད་སེམས་ན་་་་་སེར་སྨད་ཞེས་པའི་གྲ་ཚང་ཆེན་པོ་དེའི་མཚན་བེད་སྤྱོད་མ་གནང་རོག་ཞེས་རེ་བ་ཞུ་བ་ཡིན་
ཁྱེད་སྐུ་རླུང་མ་ལང་་་་་་ང་ཡི་རེ་བ་ཞུ་བ་ཙམ་ཡིན་་་་་་
དྲང་གཏམ་གྱི་བུ་ལགས། ང་སེ་ར་སྨད་པ་ཞིག་གིས་སེར་སྨད་བྲིས་པ་ལ་སྐྱོན་གང་ཡང་མེད། ཁྱེད་རང་གིས་ཀྱང་དྲང་མོ་ཞེས་བོད་སྐད་རྫིག་པོ་དེ་བེད་སྤྱོད་གཏོང་བསམ་ན་ཁྱེད་རང་སྒེར་གྱི་ཡོངས་གྲགས་ཀྱི་མིང་ངོ་མ་དེ་བེད་སྤྱོད་བྱེད་རོགས། ཁྱེད་ཀྱང་རླུང་མ་ལངས་རོགས། ངས་རེ་བ་ཞུ་བ་ཙམ་ཡིན། མ་གཞི་ནས་ཁྱེད་རང་གིས་ངའི་མིང་ཤེས་འདོད་ཡོད་ན་སེར་སྨད་གྲྭ་ཚང་ལ་སྐད་ཆ་དྲི་རོགས།
ངས་ཟེར་ན་་་སྤྱིར་མིང་གང་བྲིས་ཀྱང་སྐྱོན་ཞིག་མ་རེད་་་་་་འོན་རང་གི་མིང་ཡོངས་གྲགས་མིན་པའི་སྨྱུག་མིང་ཞིག་བེད་སྤྱོད་བྱས་་་་དེ་དང་མཉམ་དུ་གྲ་ཚང་ཆེན་པོ་ཞིག་གི་མཚན་ངོ་མ་དེ་བེད་སྤྱོད་བྱེད་པ་དེ་སྒྲིག་གི་མི་འདུག་ཞུ་བ་ཡིན་
དེང་སང་་དྲ་ཐོག་ལ་དྲ་འབུ་མང་པོ་ཞིག་ཡོད་པས་དྲ་འབུ་དེ་ཚོས་ཁྱེད་ཀྱི་བྲིས་པའི་བརྗོད་བྱར་འགྲོ་གླེང་མི་བྱེད་པར་ཁྱེད་བྲིས་པའི་མིང་དང་ལྷག་པར་་་་་ཁྱེད་ཀྱི་ཞོར་དུ་གྲ་ཚང་ཆེན་པོ་ཞིག་ལ་ཟུར་ཟའི་སྐད་ཆ་བཤད་ཡོང་དུས་ང་བདེ་པོ་ཞིག་མི་འདུག་ཞུ་བ་ཡིན་་་་་་་་་་་་
བཟང་བྱས་པ་ངན་ལ་མཐོང་་་་་་་་་སྐྱག་པ་སྐམ་པོ་གསེར་ལ་མཐོང་་་་་་ཟེར་བ་དེ་ཁྱེད་རེད་འདུག་་་་་་་་་ད་ནི་ཁྱེད་གང་དགའ་གྱིས་ཤིག་
ལྟས་ཕྲུག་དྲང་གཏམ་གྱི་བུ་ཟེར་བ་ཁྱོད་སྡུག་ཅོག་ཉོན་ཅིག ཁྱེད་བོད་སྤྱི་དོན་དང་༸གོང་ས་མཆོག་ལ་མཚན་སྨྲོད་ཞུ་བར་དོ་སྣང་གང་ཡང་མེད་པར་གྲྭ་ཚང་ཞིག་གི་ཆེད་ངར་པོ་དེ་འདྲ་བྱེད་དགོས་པ་འདིས་ཁྱེད་ཕྱོགས་ཞེན་གདོན་གྱིས་སྨྱོ་འདུག་པ་གསལ་པོ་རེད། ལྟས་ཕྲུག་ངན་རྒུ་འཚང་བ་ཁྱོད་ཀྱིས་བཟང་བྱེད་ན་ཁྱེད་ཀྱི་རྐུབ་ནག་ལ་བྱོས།
ལགས་སོ་་་་་
ཤར་ཁུག ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་ནང་ལ་བོད་རྒྱ་གཉིས་མཆོད་ཡོད་གྱི་འབྲེལ་བ་ཙམ་ལས་གཅིག་འོག་ལ་གཅིག་མེད་ཅེས་གསལ་པོ་གསུང་འདུག་པས་དེ་ལས་ལྷག་པའི་ཁུང་ཅི་ཞིག་དགོས་སམ།
༼ རང་རེ་བོད་སོག་གཉིས་མཉྫུའི་རྒྱལ་ཁབ་ཀྱི་མངའ་འོག་ནས་ཐོན་རྒྱ་ནག་པོ་དང་བྲལ་ཏེ་བོད་སོག་སོ་སོ་རྒྱལ་ཁབ་རང་བཙན་པ་བགྱིས་། ༽
བོད་སོག་ཆིངས་ཡིག་གི་དབུར་འདི་འདྲ་ཞིག་བྲིས་འདུག་པས་འདི་ལ་ཅི་ལྟར་འགྲེལ་ལམ། ཧཧཧཧཧ ཡིག་ཆ་འདི་རིགས་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་ཚོས་གནའ་ནས་གསལ་གཟིགས་གནང་ཟིན་སྟབས། ལས་དང་པོ་བ་ཚོས་ས་འཕྱར་གནམ་འཕྱར་བྱེད་པ་དགོད་སྤྲོའི་གནས།།
དྲ་གྲོགས་ཤར་ཁུག་ལས།
༡། ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས། ངས་ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཐོབ་ཐང་མེད་ལུགས་ཀྱི་གཏམ་བཤད་དང་ལས་འགུལ་སྣ་གཅིག་སྤེལ་མ་མྱོང་ལ། དེ་འདྲ་བློ་ཡིད་ལའང་འཁོར་མ་མྱོང། ངས་བྱས་ཡོད་ན་ཟླ་ཚེས་འདི་ལ་ཞེས་དྲངས་ཏེ་ཐེར་འདོན་གནང་རོགས། ཞེས་གསུང་འདུག དེ་ཁྱེད་ཀྱིས་དུས་རྒྱུན་དུ་བྱེད་བཞིན་པ་དེ་རེད། ད་ལན་གྱི་རྩོམ་འདིའི་ཁ་བྱང་ཁྱེད་རང་ཉིད་ཀྱིས་ཚར་གཅིག་བཀླགས་ན་དེས་ཀྱང་འགྲིག་པ་རེད། ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་བསྐུལ་ནས་ཤེས་རབ་དགའ་ཚལ་གླིང་ལ་གཏམ་བཤད་གང་བྱེད་དུ་བཅུག་ཡོད། དུས་བབ་དྲ་ཐོག་ལ་ལན་ག་འདྲ་བསྐྱོན་ཡོད། དེ་དག་ཚང་མ་བོད་མི་རིགས་ཀྱི་རྩ་དོན་ལ་མི་མཁོ་ཞིང་རྒྱ་མི་མཁོ་བའི་ལས་དོན་ཤ་སྟག་རེད་ལགས
༢། དྲ་གྲོགས་བློ་གྲགས་ལགས་ཀྱི་མཆན་༡༨་ནང་དུ་བྲིས་པའི་ཐུགས་དོགས་དེ་ཤར་ཁུག་ལགས་ལ་ཡང་བྱུང་བ་འདྲ། གཞོན་ནུ་དང་རང་བཙན་ཚོགས་པས་བོད་ཆོལ་གསུམ་ཡོངས་ལ་དགོངས་པ་བཞེས་ཀྱི་མེད་པའི་དགོངས་ན་དེ་དག་ལ་གསུང་དགོས་པ་ལས་རང་བཙན་མི་དགོས་རྒྱུ་ཡེ་ནས་མིན་པར་བསམ།
ངས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་བསམ་པ་བཟང་པོའི་ངང་ནས་ཚིག་གཅིག་ཞུ་འདོད་བྱུང་། དེ་སྔོན་ཁྱེད་ཀྱི་ཟིན་བྲིས་ཁག་ནང་གསལ་བ་ལྟར་བདེན་པ་ཡིན་ན་ད་རེས་ཁྱེད་ཀྱི་ཡོད་ཚད་ཀྱིས་བློས་གཏངས་ཀྱིས་ཞི་བའི་གོམས་བགྲོད་ཆེན་པོའི་ལས་འགུལ་འདིར་ཚོགས་སྐྱིད་གང་གིས་ཀྱང་བརྒྱུད་བསྐུལ་མེད་པར་ཁྱེད་རང་གིས་རལ་གྲི་གནམ་གཡུགས་ལྟར་ཐག་བཅད་པ་ཡིན་ཟེར་བ་འདི་ངོ་མ་བདེན་པ་ཡིན་ན། ད་རེས་ལངས་ཕྱོགས་ལ་ཁའི་དར་ཅོག་ལྟ་བུ་ཤར་ཁུག་གཙོས་རྡ་སའི་སྐབས་འཚོལ་བའི་མི་རེ་ཟུང་ནས་ཁྱེད་ཀྱི་རླབས་ཆེན་གྱི་བྱས་རྗེས་འདིར་རྐང་རྗེས་ལག་བསུབ་མི་གཏོང་བའི་ངེས་པ་མི་འདུག་པས་གཟབ་གཟབ་གནང་རོགས།
ལར་ནི་ཁྱེད་ནི་བོད་ནས་གསར་དུ་འབྱོར་ཞིང་ང་དང་འདྲ་བ་བོད་མི་དཀྱུས་མ་ཞིག་ཡིན་ཀྱང་ཁ་རྒྱགས་པ་རྐྱང་རྐྱང་བསྡད་པ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཁྱེད་མ་སྨད་གསུམ་གྱི་སྙིང་ཤུགས་དང་ཆོད་སེམས་ལ་རྒྱབ་རྩ་བྱེད་པ་ལས་ཁྱེད་ཀྱི་མདུན་རྒྱབ་ཏུ་ཁུར་བའི་དར་དམར་དང་ཁྱེད་ཀྱི་རྐུབ་ཏུ་གླན་པའི་དར་ནག་སོགས་གང་ལའང་བལྟ་གི་མེད་ནི་གཤམས་ཀྱི་རྩོམ་འདི་རྣམས་ཀྱིས་མཚོན་ཐུབ།།
དར་དམར་མགོ་བོར་ཁུར་ཀྱང་ཁྱད་པར་མེད།།
དར་ནག་རྐུབ་ལ་གླན་ཀྱང་དེ་བས་མེད།།
ཁྱེད་ཀྱི་ཡོད་ཚད་བློས་གཏངས་སེམས་ཤུགས་དེར།།
མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།
དབུ་མ་ཉལ་ནས་བརྩད་ཀྱང་ཁྱད་པར་མེད།
རང་བཙན་ལངས་ནས་བརྩད་ཀྱང་དེ་བས་མེད།།
ཁྱེད་ཀྱི་ལངས་ཕྱོགས་འཐབ་རྩོད་གསར་པ་འདིར།།
མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།
གཞིས་ལུས་བོད་མི་ཡིན་ཀྱང་ཁྱད་པར་མེད།།
བཙན་འབྱོལ་སྐྱབ་བཅོལ་ཡིན་ཀྱང་དེ་བས་མེད།།
ཁྱེད་ཀྱི་ཁ་ཡོད་ལག་ཡོད་བློས་གཏོངས་འདིར།།
མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།