ཁ་སང་ དུས་ཚོད་ ༦ དང་སྐར་མ་ ཉི་ཤུའི་ཐོག་ ཊོ་ཪོན་ཊོར་ཡོད་པའི་རྒྱ་ནག་གི་གཞུང་ཁང་གི་མདུན་དུ་ བོད་མི་བརྒྱ་ཕྲག་ཁ་ཤས་འཛོམས་ཡོད་པ་དང་། དེར་ཁྲོམ་སྐོར་སྐད་འབོད་དང་བཅས་ མེལ་ལེ་ ༥༠༠ ལྷག་དང་ཉིན་བཅོ་བརྒྱད་རིང་གི་གོམ་བགྲོད་དེ་མཇུག་སྒྲིལ་ཡོད་པ་རེད།
གོམ་བགྲོད་འདི་ནི་ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་སྣེ་འཁྲིད་ཡོད་པ་དང་། ཁོང་དང་ལྷན་དུ་ ཝི་ཊི་ནམ་ནས་ཡིན་པའི་སྐུ་ཞབས་ཐཱ་ཡེ་ལགས་དང་། དེ་བཞིན་ མེ་ཌི་སོན་ནས་ཕེབས་པའི་བོད་རིགས་ དཀོན་མཆོག་མགོན་པོ་ལགས་ཡོད་པ་རེད། ཞིབ་གསལ་གྱི་གནས་ཚུལ་རྣམས་དང་ཉིན་རེའི་གནས་ཚུལ་བཅས་ དྲ་རྒྱ་ འདི་ནས་གཟིགས་ཐུབ།
མཐའ་མའི་མཇུག་སྡོམ་གྱི་སྐབས་སུ་ ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དེ་བཞིན་ཁེ་ན་ཌའི་བོད་རིགས་མཐུན་ཚོགས། ས་གནས་ཀྱི་གཞོན་ནུ་དང་བུད་མེད། དེ་བཞིན་ཆུ་བཞི་སྒང་དྲུག་བཅས་ཕེབས་ནས་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད། ད་དུང་རྒྱབ་སྐྱོར་གྱི་གྲས་སུ་ཕེབས་པའི་བོད་མི་རྒན་རྒོན་འགའ་རེ་ནི་མིག་ལ་མཆི་མ་འཁོར་བ་ངུ་བཞིན་ཡོད་པ་དང་། དེའི་དོན་ལ་འཇིགས་མེད་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། “ཁ་ཤས་ནི་དགའ་ནས་ངུ་གི་འདུག བོད་དོན་ལ་ལས་ཀ་བྱེད་མཁན་འདུག་བསམས་ནས་ངུ་གི་འདུག དེ་བཞིན་ བོད་ནང་གི་གནས་སྟངས་དྲན་ནས་ངུ་གི་འདུག”ཅེས་གསུངས་སོང་།
གོམ་བགྲོད་པ་རྣམས་ཊོ་ཪོན་ཊོའི་རྒྱལ་སར་སླེབས་ཏེ། རྒྱ་མིའི་གྲོང་ (China Town)བརྒྱུད་ནས་འགྲོ་སྐབས་ ཁེ་ཎ་ཌའི་ཉེན་རྟོག་པ་སྐོར་ཞིག་གིས་སྲུང་སྐྱོབ་ཀྱིས་བསྐྱལ་ཡོད་པ་དང་། གོམ་བགྲོད་པ་རྣམས་རྒྱ་ནག་གི་གཞུང་ཚབ་ཁང་དུ་འབྱོར་སྐབས་ དེར་སྒུག་བཞིན་པའི་བོད་མིའི་ཁྲོད་དུ་ གདོད་མའི་ཨ་རི་བའི་མི་རིགས་བཅུ་གྲངས་ཤིག་ཀྱང་ཡོད་པ་དེ་དག་གིས་བོད་ཀྱི་གནས་ཚུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པ་རེད།
འཇིགས་མེད་ནོར་བུ་ལགས་ཀྱིས་རང་གི་གོམ་བགྲོད་བྱས་པའི་གནས་ཚུལ་རྣམས་བརྗོད་སྐབས།
ངེད་ཀྱི་ཕ་དམ་པའི་དགོངས་བཞེད་སྒྲུབ་པ་དང་།
འཛམ་གླིང་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་པ།
རྒྱ་ནག་གཞུང་ལ་ཡང་བོད་དོན་འདི་གནས་ཡོད་ལ། ང་ཚོས་བོད་དོན་གྱི་བདེན་པ་མ་གསལ་བར་དུ་གཡུགས་ཀྱི་མིན་ཞེས་པའི་བརྡ་ལན་སྤྲོད་པ།
བོད་ནང་གི་བོད་མི་ཚོ་ལ་ཡང་། “ང་ཚོས་ནམ་ཡང་ཁྱོད་ཚོ་བརྗེད་གི་མེད་།”ཞེས་གོ་བརྡ་འཕྲོད་པ་བྱེད་ཆེད་བཅས་ཡིན་པར་གསུངས་ཡོད་པ་རེད།
གནས་ཚུལ་རྒྱས་པ་གཟིགས་ན།
http://www.ambassadorsforworldpeace.org/
http://tibettruth.com/
སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
༼ང་ཚོས་ཁྱེད་རང་བརྗེད་གི་མིན།༽
འཇིགས་མེད་ནོར་བུ་ལགས་ལ་ཐུགས་རྗེ་ཆེ་ཞུ། ཁྱོད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག བོད་རྒྱལ་ལོ།
རང་བཙན་གྱི་ལྟ་བ་བཟུང་ནས་འཐབ་རྩོད་ཀྱི་ལས་ལ་ཞུགས་མཁན་ཚོ་ནི་བོད་པའི་དཔའ་རྒོད་རྐྱང་རེད་འདུག་མོད། རང་བཙན་ཁ་ལ་འཁྱེར་ནས་བོད་གཞུང་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་དང་། ཚོགས་སྡེ་ཁག་དབར་ལྟ་གྲུབ་གླེང་སྟེ་འགལ་ཟླ་བཟོ་མཁན་དེ་རིགས་རིགས་ནི་བསྟན་དགྲ་རང་རེད། ང་ཚོར་ཁྱོད་ཅག་ལྟ་བུའི་རང་བཙན་འཐབ་རྩོད་པ་དགོས་པ་ལས། རང་བཙན་བཤད་མཁན་དང་ལྟ་གྲུབ་རྩོད་མཁན་གཏན་མས་མི་དགོས། ཁྱེད་ཅག་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ།
this is so good
ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག ལྷ་སྲས་འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
རང་བཙན་གཙང་མ་ཐོབ་གྱུར་ཅིག རང་བཙན་གཙང་མ་ཐོབ་གྱུར་ཅིག
རང་བཙན་གཙང་མ་ཐོབ་གྱུར་ཅིག རང་བཙན་གཙང་མ་ཐོབ་གྱུར་ཅིག
རང་བཙན་གཙང་མ་ཐོབ་གྱུར་ཅིག རང་བཙན་གཙང་མ་ཐོབ་གྱུར་ཅིག
རང་བཙན་གཙང་མ་ཐོབ་གྱུར་ཅིག རང་བཙན་གཙང་མ་ཐོབ་གྱུར་ཅིག
བོད་རྒྱལ་ལོ། །
ལས་དོན་འདི་ཡག་པོ་རེད། སྲས་འཇིགས་མེད་ནོར་བུ་ལ་མི་རིགས་རང་གི་རིག་གཞུང་དྲི་མ་ཙམ་ཡང་ཡོད་ཚོད་མི་འདུག འདི་ཡག་པོ་མ་རེད། ཉེར་ལེན་དེས་རང་གི་ནང་མི་བུ་ཕྲུག་ལའང་ཤན་ཞུག་ངན་པ་དེ་ཐེབ་ངེས་དེ་འདི་ལས་ཚབ་ཆེན་རེད། རང་མི་རིགས་ཤིག་གི་བདེ་སྡུག་ལ་བསམས་ནས་དཀའ་ལས་བགྱིས་པ་ཧ་ཅང་ཡག་པོ་རེད། དེ་ལ་རང་གི་རིག་གཞུང་དང་དེའི་སྐད་ཡིག་ཕྱུག་པོ་ཞིག་ལྡན་ན་དེ་ལས་ཡག་པོ་རེད།
ལས་དོན་འདི་ཡག་པོ་རེད། སྲས་འཇིགས་མེད་ནོར་བུ་ལ་མི་རིགས་རང་གི་རིག་གཞུང་གི་དྲི་མ་ཙམ་ཡང་ཡོད་ཚོད་མི་འདུག འདི་ཡག་པོ་མ་རེད། ཉེར་ལེན་དེས་རང་གི་ནང་མི་བུ་ཕྲུག་ལའང་ཤན་ཞུག་ངན་པ་དེ་ཐེབ་ངེས་དེ་འདི་ལས་ཚབ་ཆེན་རེད། རང་མི་རིགས་ཤིག་གི་བདེ་སྡུག་ལ་བསམས་ནས་དཀའ་ལས་བགྱིས་པ་ཧ་ཅང་ཡག་པོ་རེད། དེ་ལ་རང་གི་རིག་གཞུང་དང་དེའི་སྐད་ཡིག་ཕྱུག་པོ་ཞིག་ལྡན་ན་དེ་ལས་ཡག་པོ་རེད།