ཡོང་ཁུངས། བོད་ཀྱི་དུས་བབ།
ང་དངོས་གཞིའི་ནང་མ་བཞག་པ་དེས་རང་བཙན་གྱི་ལྟ་བ་ལངས་ཕྱོཊ་བཀག་པར་ངོས་འཛིན་གྱི་ཡོད།
ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་དབང་ཤུགས་ཀྱི་ཐོག་ནས་ཁྲིམས་སྒྲིག་བར་བཟོ་བྱས་ཏེ་ང་ཚོ་བཀག་བཞག་པ་ཡིན་པས་དངོས་གཞིའི་འོས་དམིགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཐུབ་ཀྱི་མི་འདུག་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྲིད་སྐྱོང་འོས་མིར་ལང་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁོང་དངོས་གཞིའི་འོས་དམིགས་ནང་མ་བཞག་པ་དེ་འོས་འཐོབ་མིན་ལ་མ་ལྟོས་པར་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཞིག་ལ་སྡིངས་ཆ་ཙམ་ཡང་མ་སྤྲད་པ་ཞིག་ཆགས་ཡོད་སྟབས། དངོས་གཞིའི་སྐབས་སུ་འདོད་པ་མ་ཁེངས་པའི་མི་མང་གིས་རྣམ་འགྱུར་ག་རེ་བསྟན་པ་ཡིན་ནའང་དབུས་འོས་བསྡུ་ལས་ཁང་དང་དངོས་གཞིའི་འོས་དམིགས་རྣམས་ཀྱིས་འགན་ཆ་ཚང་འཁུར་དགོས་སྐོར་བརྗོད་སོང་།
ཨ་ཚོགས་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་ནང་མ་ཚུད་པའི་སྐོར་ལ་ཁོང་གིས། དེ་རིང་གི་གསར་འགོད་གསལ་བསྒྲགས་འདིའི་གལ་ཆེ་ཤོས་དེ། ཁ་སང་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་རྣམ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ང་ཡིན་ན་སྲིད་སྐྱོང་འོས་དམིགས་ཨང་གསུམ་པ་ནས་བཞག་མེད་པ་དེ་གསལ་བོ་བྱུང་སོང་བ་རེད། དེར་བརྟེན་དེ་རིང་ངས་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྔོན་མ་ནས་སྤེལ་རྒྱུ་ཡིན་ཟེར་ནས་བཤད་ཡོད་སྟབས། ངས་བརྒྱུད་རིམ་འདྲ་པོ་དེ་གསར་འགོད་པ་རྣམ་པར་ཞུ་རྒྱུ་ཡིན། ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ལབ་ན། སོ་སོ་ལས་རིམ་འདིའི་ནང་དང་ལེན་བྱས་ནས་ཞུགས་པ་ཡིན་པས་ལས་རིམ་འདིའི་ནང་ག་རེ་བྱུང་བ་ཆ་ཚང་ལ་ང་རྒྱུས་ཡོད་པ་རེད་ལ། ངས་སྤྱི་ཚོགས་སྒང་ལ་ང་དང་འབྲེལ་བའི་གནས་ཚུལ་གསལ་པོ་བཟོ་དགོས་པ་དེ་ངའི་འོས་འགན་ཆགས་བསྡད་ཡོད་སྟབས། དེ་རིང་རྣམ་པ་ཚོ་སྐད་གཏོང་དགོས་པའི་རྒྱུ་མཚན་གལ་ཆེ་ཤོས་དེ་ཡིན།
སྤྱིར་བཏང་ཡིན་ན་ད་རེས་དངོས་གཞིའི་ནང་སུ་བསླེབས་པ་ཡིན་ནའང་དེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། སོ་སོར་མ་ཐོབ་པ་ཡིན་ན་གུ་ཡངས་བཟོད་གསོལ་གྱི་ངང་ནས་འོས་མི་གཞན་པ་ཚོར་འཚམས་འདྲི་ཞུ་དགོས་པ་དེ་ང་ཚོའི་རྩ་བའི་འགྲོ་སྟངས་ཤིག་རེད། ཡིན་ནའང་། ངས་ད་རེས་དེ་འདྲ་ཞུ་མ་ཐུབ་པའི་རྒྱུ་མཚན་ག་རེ་ཆགས་བསྡད་ཡོད་པ་རེད་ཟེར་ན། ང་ཚོ་འོས་འདེམས་ཀྱི་ནང་ཞུགས་ཏེ་འོས་ཤོག་གིས་ཁ་གྲགས་ནས་ཕམ་པའི་གནས་སྟངས་ཤིག་མ་རེད། འོས་བསྡུ་ལས་ཁང་གི་ཁྲིམས་སྒྲིག་བར་ནས་བཟོས་ཏེ། ང་ཚོ་དབང་ཤུགས་ཀྱི་ཐོག་ནས་མར་ཕུད་བཞག་པ་ཞིག་ཡིན་སྟབས། ངས་སྲིད་སྐྱོང་ཡིན་ནའང་རེད་དངོས་གཞིའི་འོས་དམིགས་ནང་སླེབ་མཁན་ཚོར་འཚམས་འདྲི་ཞུ་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་ག་རེ་རེད་ཟེར་ན། མི་སྒེར་གྱི་གནད་དོན་ཞིག་དང་ཡང་ན་རྒྱ་ཆེའི་འོས་བླུག་མཁན་མི་མང་གིས་འོས་ཤོག་ལ་རྩིས་མེད་བྱས་པ་དེ་འདྲ་བཤད་ཀྱི་མེད། འོས་བསྡུ་ལས་ཁང་གིས་ཡག་པོ་མ་བྱས་པས་ངས་གལ་ཆེ་ཤོས་ད་རེས་ཀྱི་འོས་བསྡུའི་གོ་རིམ་ང་སྒེར་གྱི་ངོས་ནས་ངོས་ལེན་བྱེད་མ་ཐུབ་པའི་རྒྱུ་མཚན་དེ་ཡིན།
ང་ཀླུ་མཁར་བྱམས་སྲིད་སྐྱོང་གི་དངོས་གཞིའི་ནང་མ་བཞག་པ་དེ་རྩ་བའི་ཆ་ནས་གནད་དོན་ཆུང་ཆུང་ཞིག་རེད། རྒྱ་ཆེའི་འོས་འདེམས་མི་མང་གི་ངོས་ནས་འདི་ལྟར་བྱས་ནས་ཐག་བཅད་པ་ཡིན་ན། ང་ཡིན་ནའང་དམིགས་བསལ་གྱིས་ཅི་གང་ཞུ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་རེད། ཡིན་ནའང་། གལ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། འོས་བསྡུ་ལས་ཁང་གིས་འོས་དམིགས་གཉིས་མ་གཏོགས་མ་བཞག་པ་དེ་ཀླུ་མཁར་བྱམས་གཅིག་པུའི་གནད་དོན་མ་རེད། ང་དང་པོ་ལངས་སྐབས་ནས་ང་བོད་རང་བཙན་གྱི་དམིགས་ཡུལ་ཐོག་ནས་ལངས་ཀྱི་ཡོད་ཅེས་བཤད་ཡོད། དེར་བརྟེན་ད་རེས་འོས་བསྡུ་ལས་ཁང་ནས་ང་བཀག་པ་དེ་བོད་རང་བཙན་གྱི་བརྒྱུད་ལམ་ཞིག་དང་། ང་ཚོ་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་འཁུར་མཁན་ཞིག་ལ་འོས་འཐོབ་མིན་ལ་མ་ལྟོས་པར་སྡིངས་ཆ་ཁོ་རང་མ་སྤྲད་པ་དེ་རེད། དེར་བརྟེན་འདི་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཤི་བོའི་དུར་སའི་ནང་ནས་ངས་བསམ་བློ་ཞིག་གཏང་བ་ཡིན་ན། འདི་ཁོང་ཚོས་ཁྲེལ་མེད་བྱས་པ་ཞིག་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འགན་མ་འཁུར་བ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཆགས་དགོས་པའི་རྒྱུ་མཚན་དེ་རྒྱལ་ཁབ་ཤོར་ནས་ཡོང་བ་རེད། ད་སྐབས་ང་ཚོར་དངོས་གནས་དམིགས་ཡུལ་ཞིག་ཡོད་པ་ཡིན་ན། ང་ཚོའི་རྒྱལ་ཁབ་སླར་གསོ་བྱེད་དགོས་པ་རེད། རྒྱལ་ཁབ་སླར་གསོ་བྱེད་མཁན་གྱི་ང་ཚོས་སྲིད་སྐྱོང་འོས་མི་ཞིག་གི་ངོས་ནས་སྐད་ཆ་འདི་བཤད་ཡོང་དུས་ཁྲིམས་སྒྲིག་བར་བཟོ་བྱས་ནས་བཅད་བཞག་པ་དེ། ངའི་ངོས་ནས་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་བཀག་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་བརྗོད་སོང་།
ཡང་ཁོང་གིས། བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རེ་བ་དེ་ད་ལྟ་ལྷག་ཡོད་པའི་སྲིད་སྐྱོང་འོས་དམིགས་འདི་གཉིས་ཀྱིས་བསྐོང་ཐུབ་ཀྱི་རེད་དམ། གལ་སྲིད་འདིས་མ་བྱུང་བ་ཡིན་ན། མི་མང་ལ་ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་གདམ་ག་གསུམ་པ་ཞིག་མ་སྤྲད་པའི་འགན་དེ་སུས་འཁུར་དགོས་པ་རེད། ང་ཚོའི་དབུས་འོས་བསྡུ་ལས་ཁང་གིས་འཁུར་དགོས་པ་རེད་ལ། དེ་བཞིན་ད་ལྟའི་འོས་བསྡུའི་ལས་རིམ་ནང་ཞུགས་བསྡད་ཡོད་པའི་སྲིད་སྐྱོང་རྣམ་པ་ཚོ་ཡིན་ནའང་འགན་ཐད་ཀར་ཡོད་པ་རེད། སོ་སོའི་འོས་ཤོག་གཅིག་པུ་ལ་མ་གཏོགས་གཞན་པའི་གནས་སྟངས་གཅིག་ལའང་དོ་སྣང་མ་བྱས་པ་དེ་རྩ་བའི་ཆ་ནས་ཡག་པོ་ཞིག་མ་རེད་ལ། འགྲོ་སྟངས་ཤིག་ཀྱང་མ་རེད། ཅེས་དང་། རྒྱ་གར་གཞུང་དང་འོས་བསྡུའི་ཞིབ་འཇུག་ཚོགས་པ་སོགས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ལྟ་སྟངས་ཡག་པོ་བྱུང་མེད་སྐོར་སོགས་བརྗོད་སོང་།
ཡང་ཁོང་གིས་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་སྐོར་སྐྱོད་ཀྱི་བྱུང་སོང་ལྷག་གསུམ་སྐོར་བརྗོད་སྐབས། ཆེད་དུ་ཚོགས་ཆུང་བཙུགས་ཏེ་དངུལ་ཚང་མ་དངུལ་ཁང་ནང་བཞག་ཡོད་ལ། རྒྱ་གར་ནང་གི་རྩིས་ཁོངས་སུ་ཁྱོན་ཧིན་སྒོར་འབུམ་ ༦ ལྷག་(༦༦༤༢༨༢ )བྱུང་ཡོད་པ་དང་། ཡུ་རོབ་དང་ཨ་རིའི་ནང་བསྡོམས་པའི་ཧིན་སྒོར་འབུམ་གཉིས་ཡས་མས་ཤིག་གནས་སྐབས་ཚུར་འབྱོར་མ་ཐུབ་པར་ལྷག་ཡོད་ལ། ས་གནས་ཁག་ཏུ་སྐོར་སྐྱོད་ཆེད་ཧིན་སྒོར་ ༢༣༩༡༣༢ དང་ཁྱབ་བསྒྲགས་ཀྱི་སྦྱར་ཡིག་སོགས་ལ་ཧིན་སྒོར་ ༧༧༣༥ བཅས་ཁྱོན་ཧིན་སྒོར་ ༥༤༨༠༠༠ སོང་རྗེས། དངུལ་ཁང་དུ་ཧིན་སྒོར་ ༡༡༥༨༣༡ ལྷག་ཡོད་པ་དང་། མ་འོངས་པར་དངུལ་ལྷག་དེ་ཚོ་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏང་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་ཡང་འོས་བསྡུ་དང་འབྲེལ་འགྲོ་གྲོན་ཐད་ལ་ཁོང་གིས། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་བར་དུ་འགྲོ་སོང་གཏོང་ཆོག་པའི་ཚད་དེ་འབུམ་ ༨ རེད། ངའི་ཚད་གཞི་འདིར་ལྟ་དུས། ང་ཚོས་འགྲོ་སོང་གང་ཉུང་ཉུང་བཏང་ཡང་འདི་འདྲ་ཞིག་ཤོར་ཡོད་པ་ཡིན་ན། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་གཞུང་འབྲེལ་ཁ་ལ་འཁུར་ནས་ཡར་མར་འགྲོ་རྒྱུ་དེ་ཚོ་གནས་ཚུལ་ལོག་ཁ་རེད་མ་གཏོགས། ཁྱོན་ཡོངས་ཀྱི་འགྲོ་སོང་ཚང་མ་རྩིས་ཡག་པོ་ཞིག་བརྒྱབ་པ་ཡིན་ན་འབུམ་ ༨ ཀྱིས་ངས་བསམ་བློ་བཏང་ན་འདང་བ་ཞིག་མིན་པ་ཧ་ཅང་གསལ་པོ་རེད་འདུག ཅེས་བརྗོད་སོང་།
མཇུག་ཏུ་ཁོང་གིས། འདོད་པ་མ་ཁེངས་བའི་མི་མང་གི་ངོས་ནས་དངོས་གཞིའི་སྐབས་སུ་འོས་ཤོག་བླུག་སྟངས་སོགས་ཀྱི་ཐོག་ནས་རྣམ་འགྱུར་ཞིག་ཏན་ཏན་སྟོན་རྒྱུ་ཡིན་པས། དེའི་འགན་དེ་ག་རེ་ཡིན་མིན་ལ་མ་ལྟོས་པར་དབུས་འོས་བསྡུ་ལས་ཁང་དང་འོས་དམིགས་ནང་ཞུགས་ཡོད་མཁན་ཚོས་འཁུར་དགོས་སྐོར་དང་། འོས་འདེམས་ག་འདྲ་ཞིག་གི་ཁྲོད་དུ་ཡིན་ནའང་རང་ཉིད་ལ་འོས་བླུགས་མྱོང་མེད་ལ། ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སོ་སོའི་འོས་ཤོག་གཅིག་པུ་དེ་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་གཅིག་པ་འཇམ་དབྱངས་ནོར་བུ་ལགས་སུ་བླུགས་ཡོད་ཀྱང་། རང་བཙན་གྱི་ལམ་དུ་འགྲོ་མཁན་ཞིག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ལ་འོས་བླུག་པ་ཡིན་ན། སོ་སོས་སོ་སོ་ནག་ཁུང་ནང་དུ་འཁྲིད་ཀྱི་ཡོད་པ་དང་གཅིག་པ་ཡིན་སྟབས། དངོས་གཞིའི་སྐབས་སུ་ཁོང་གིས་འོས་བླུག་རྒྱུ་མིན་པ་དང་། ཡིན་ནའང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་འོས་བླུག་མིན་དེ་ཁོང་རང་ཚོའི་རང་དབང་ཡིན་སྐོར་བརྗོད་སོང་།
གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ། སྔོན་ཆད་དང་མི་འདྲ་བར་ད་རེས་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་གཉིས་གཏན་འབེབས་གསལ་བསྒྲགས་གནང་བ་དེ་འོས་བསྡུའི་སྒྲིག་གཞི་ག་རེ་གཞིར་བཟུང་ཐག་གཅོད་གནང་བ་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། དེ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ ཉིན་འོས་བསྡུའི་འགན་འཛིན་རྣམ་པ་གསུམ་ནས་བཅའ་ཁྲིམས་ཀྱིས་འགན་དབང་སྤྲད་པའི་དགོངས་དོན་གཞིར་བཟུང་སྤྱི་མོས་ཐག་གཅོད་བྱས་པ་ཞིག་ཆགས་ཡོད་པ་དང་། དེ་ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་བཞི་པའི་ནང་ག་རེ་གསལ་ཡོད་པ་རེད་ཟེར་ན། སྲིད་སྐྱོང་ཡིན་ན་དངོས་གཞིའི་འོས་དམིགས་གཉིས་ལས་མ་ཉུང་བ་གསལ་བསྒྲགས་དགོས་ཞེས་འགྲེལ་བཤད་གསལ་པོ་གསལ་རྐྱང་ཡོད་པ་རེད། དེར་བརྟེན་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཐད་གང་ཡང་ཧ་མ་གོ་བའི་ཐོག་ནས་ང་ཚོས་གྲངས་ཆ་ཞིག་གཏན་འབེབས་བྱས་ཡོད་པ་རེད། དེ་སྔའི་ལམ་ལུགས་གཞི་རྩར་བཞག་ནས་མང་ཚོགས་ཀྱི་ངོས་ནས་དེ་སྔ་གསུམ་བཏོན་ཡོད་པ་རེད་ཟེར་བའི་ཁུངས་འདྲེན་གནས་ཚུལ་མི་ཡོང་བའི་ཆེད་དུ། གལ་སྲིད་སྔོན་འགྲོའི་འོས་གཞིའི་ཁོངས་ནས་གཉིས་པ་དང་གསུམ་པའི་བར་འོས་གྲངས་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་ན། འོས་གཞི་གསུམ་པ་དེ་འཇོག་གི་ཡིན་ཞེས་དངོས་གཞིའི་ནང་འཇོག་ཆེད་ང་ཚོས་ཆ་རྐྱེན་ཞིག་བཏོན་པ་རེད་མ་གཏོགས། གལ་སྲིད་ཁོང་ཕར་འདོན་པའི་གནད་དོན་ཞིག་ཡིན་ན། ང་ཚོས་འོས་གཞི་གཉིས་པ་དང་གསུམ་པའི་བར་དུ་འོས་གྲངས་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་ན་འཇོག་གི་མིན་ཞེས་ལབ་པ་ཡིན་ན། འཇོག་གི་མེད་པར་རྦད་དེ་མེད་པ་བཟོ་འགྲོ་ཡི་ཡོད་པ་རེད། དེ་འདྲའི་གནད་དོན་མི་ཡོང་བའི་ཆེད་དུ་ང་ཚོས་གསལ་བསྒྲགས་ཞུས་ཡོད་པ་རེད་ལ། གང་ཟག་ལ་མ་ལྟོས་པར་ཐག་གཅོད་བྱས་པ་ཞིག་ཆགས་ཡོད་པ་རེད། གལ་སྲིད་ང་ཚོས་སྔོན་འགྲོའི་འོས་གྲངས་དེ་ཚོ་ཆ་ཚང་ཞིག་མིག་གིས་མཐོང་རྗེས་མི་གཉིས་མ་གཏོགས་མ་བཏང་བ་ཡིན་ན། གང་ཟག་ལ་བལྟས་ཏེ་ཨང་གསུམ་པ་དེ་བཀག་སོང་ཟེར་ན་རྒྱུ་མཚན་ཡོད་པ་རེད། སྐབས་དེ་དུས་གང་ཟག་གང་ཡང་ང་ཚོས་མཐོང་གི་ཡོད་པ་མ་རེད། འོས་ཤོག་གྲངས་བཤེར་གང་ཡང་བྱུང་མེད་པས་ཤེས་རྟོགས་མེད་དུས། གང་ཟག་ལ་བལྟས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཁོང་རང་གིས་གང་ཟག་ལ་བལྟས་ནས་ང་བཀག་སོང་གསུངས་པ་ཡིན་ན་དེ་རྒྱུ་མཚན་ཡང་དག་མ་རེད། དེ་བཞིན་ང་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས་བཀག་སོང་གསུངས་པ་ཡིན་ན། ང་ཚོ་ད་ལྟའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་གསུམ་ལ་ལས་འགན་ག་རེ་ཡོད་པ་རེད་ཟེར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་བྱེད་པ་ཆགས་བསྡད་ཡོད་པ་རེད་མ་གཏོགས། ལྟ་བ་རང་བཙན་དང་དབུ་མའི་འོས་བསྡུའི་ལམ་ལུགས་དེ་བྱེད་ཀྱི་ཡོད་པ་མ་རེད། བྱས་ཀྱང་ཡོད་པ་མ་རེད། དེར་བརྟེན་རང་བཙན་འཐབ་རྩོད་པ་བཀག་པ་རེད་གསུངས་པ་དེ་ཐལ་ཆ་ཆེ་དྲགས་པའི་བསམ་ཚུལ་ཞིག་མིན་འགྲོ་བསམ་པའི་བསམ་ཚུལ་ཞིག་བྱུང་། ཅེས་དང་། འོས་གཞི་གཉིས་པ་དང་གསུམ་པ་བར་གྱི་གྲངས་ཚད་དེ་མ་འོངས་པར་འོས་བསྡུའི་སྒྲིག་གཞིའི་ནང་བསྐྱར་བཅོས་འཆར་འབུལ་ཞུ་རྩིས་ཡོད་སྐོར་གསུངས་བྱུང་།
གསར་འགོད་པ། པདྨ་མཚོ།
འོས་བསྡུ་དྲང་མོ་ཡོང་གི་མི་འདུག་ཟེར།
བོད་ཀྱི་དུས་བབ། ༡༢:༤༨ རིག་པ། (༠)
12654334_1098362376854839_6400629869708230653_nཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་དང་རྒྱལ་སྤྱིའི་འཕེལ་རྒྱས་ཁང་གི་འཛིན་སྐྱོང་བ་བཅས་ལ་བཙན་བྱོལ་བོད་མིའི་འོས་བསྡུར་ལྟ་རྟོག་གནང་དགོས་པའི་ཞུ་ཡིག་ཕུལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རའོ་ཧར་བྷ་ཆིར་ (Dana Rohrbacher) ལགས་ཀྱིས། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ཆེ་ཇོན་ཁེ་རེ་ (John F.Kerry) དང་། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ཁང་གི་འགན་འཛིན་ (Gayle E.Smith) གཉིས་ཀྱི་མཚན་ཐོག་ལ་ཞུ་ཡིག་ཅིག་བཏང་པའི་ནང་། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་འོས་བསྡུའི་ཐད་ལ་ལྟ་རྟོག་བྱེད་དགོས་པ་དང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་སྒྲིག་གཞིའི་ནང་སྨྲ་བརྗོད་རང་དབང་དང་འདུ་ཚོགས་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་སེམས་འཚབ་ཡོད་སྐོར་བཀོད་འདུག
12661846_1098362380188172_8415100501634886401_nཞུ་ཡིག་དེའི་ནང་མུ་མཐུད་དུ། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐད་མཐུན་འགྱུར་གནང་མུས་ཡིན་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་། “ རང་དབང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བཀའ་སྤྱིའི་འོས་བསྡུའི་སྐོར་ལ་བྱ་འགུལ་དང་གསལ་བསྒྲགས་གང་ཡང་སྤེལ་མི་ཆོག” ཅེས་འཁོད་པ་དང་། “ ངོས་འཛིན་ཡོད་པའི་ཚོགས་སྡེ་ཁག་ཅིག་མ་གཏོགས་ཚོགས་སྡེ་གཞན་དག་གིས་སྨྲ་བརྗོད་རང་དབང་ཆ་ཚང་ལོངས་སྤྱོད་མི་ཆོག་པ་དང་། དམངས་གཙོའི་ལམ་སྲོལ་ནང་འོས་མི་སུ་ཞིག་གིས་ཚོགས་སྡེ་གང་རུང་ཞིག་བརྒྱུད་འོས་བསྡུའི་བྱ་འགུལ་ལ་འགྲོ་གྲོན་དང་གཏམ་གླེང་མི་ཆོག”ཅེས་འཁོད་འདུག་པ་སོགས་ནི་རང་དབང་དམངས་གཙོའི་སྒྲིག་སྲོལ་ལ་མཐུན་ཐབས་མེད་སྟབས། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་བསྡུ་ཚུད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ད་ལྟའི་དམངས་གཙོའི་ལམ་སྲོལ་དང་མཐུན་མིན་ཐད་ལ་ལྟ་རྟོག་དགོས་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
བསྐྱར་བཅོས།: ༢༠༡༦/༠༢/༠༤ཀློག་གྲངས། (༨༠༢)
Print
སྐུ་ངོ་ཀླུ་བྱམས་དང་ཀླུ་བྱམས་རྗེས་འབྲང་བ་ཀླད་མེད་བྱབ་ཆུང་དག་ལ་འདི་ཞུས་འདོད། ད་རེས་ཤོར་བ་དེ་རང་བཙན་ཤོར་བ་མིན་ལ། དབུ་མའི་ལམ་ཐོབ་པ་ནི་དེ་བས་ཀྱང་མིན། དེ་ནི་ཆོལ་ཁ་ཞིག་གིས་སྲིད་དོན་འཁྲབ་སྟངས་ཙམ་ཡིན། ངས་དེ་ལྟར་བཤད་དོན་ནི། བོད་ཡིག་ཙམ་ཤེས་པས་མི་ཕན་ལ། བོད་མིའི་སྤྱི་ཚོགས་ཙམ་མཐོང་བས་དེ་བས་ཀྱང་མི་ཕན། གསལ་པོར་ཤེས་དགོས་ན། འཇིག་རྟེན་ཕྱོགས་མེད་ཀྱིས་སྲིད་དོན་པ་དང་མཁས་པ་ཚོའི་གསུང་ལ་བལྟ་དགོས། དེ་དགོས་ན། དབྱིན་ཡིག་ཤེས་དགོས། ས་ར་སློབ་གྲ་དང་ཨེ་ཤེ་ཡ་རླུང་འཕྲིན་གྱི་ཨམ་སྐད་རྒྱང་སྲིང་ཤེས་པ་ཙམ་གྱིས་ཀྱང་མི་ཕན། ཤེས་འདོད་ན། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱི་གསུང་བཤད་དང་། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཀྱི་གསུང་ལ་ཉན་དགོས། དེ་ལས་ཀྱང་གལ་ཆེ་བ་ནི། ཨ་རིའི་སྲིད་དོན་གལ་ཆེའི་མི་སྣ་ Dana Rohrabacher གྱིས་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ John F. Kerry དང་ Gayle E. Smith (Administrator) བཏང་བའི་ཡི་གེ་ལ་གཟིགས་ན་ཤེས། ད་དུང་དགོས་ན། མུ་མཐུད་ནས་འབྲི་རྒྱུ་དང་། དེས་ཀྱང་མ་ཚིམས་ན། ཡི་གེ་བོད་ཡིག་ཏུ་བསྒྱུར་ངེས། ཡི་གེ་བོད་ཡིག་ཏུ་ཐོན་ན། སྲིད་སྐྱོང་བློ་སེང་དང་ཀླུ་བྱམས་གཉིས་ལ་མི་བཟང་བ་ཀུན་ཤེས་ཡིན།
རྡ་སའི་སྲིད་དབང་སྒེར་གཅོད་པ་དག་གིས་བོད་རང་བཙན་ཕྱོགས་ཁ་ཡི་སྨྲ་བརྗོད་རང་དབང་ལ་བཀག་འགོག འདུས་འཛོམས་རང་དབང་ལ་བཀག་འགོག གཏམ་བཤད་རང་དབང་ལ་བཀག་འགོག འོས་མིའི་ནང་དུ་ཞུགས་པ་ལ་བཀག་འགོག་བྱས་དང་བྱེད་བཞིན་པ་རེད།
རྡ་སའི་སྒེར་གཅོད་པ་ཚོས་དད་པ་ལོག་སྤྱད་བྱས་ནས་བོད་རང་བཙན་པའི་འོས་མི་ལ་ཚོགས་ཁང་མི་གཡར་བ་དང་། འདུས་འཛོམས་བྱེད་པ་ལ་འགོག་རྐྱེན་བཟོ་བ་སོགས་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ཡོད་དུས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་མཐོང་འདུག་པས་དགའ་པོ་བྱུང་།
མ་ཟད་ཡུང་རོབ་རྒྱལ་ཁབ་ཁག་གིས་ཀྱང་རྡ་སའི་སྲིད་དབང་སྒེར་གཅོད་པ་དག་གིས་བཙན་བྱོལ་བའི་བོད་རང་བཙན་པ་རྣམས་ལ་བརྙས་བཅོས་བྱེད་བཞིན་ཡོད་པ་འདིར་མཐོང་དགོས་ངེས་རེད་ལ་སྒེར་གཅོད་པ་དག་ལ་བརྡ་ལན་སྤྲོད་དགོས་ངེས་རེད།
ཅོ་རི་ཉི་མ་དང་དེའི་གོང་གི་མཆན་གཉིས་ལ་གོ་དོན་ལྡན། མུ་མཐུད་འགོད་རོགས། དཔྱིད་ཉི་རིང་མོ་ཡུན་གྱིས་སྐྱེལ།
སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་འོས་གཞི་ནས་བཏོན་པ་འདི་མི་ལེགས། གངས་སྐྱིད་དུ་འགྲན་བསྡུར་རྒོད། རང་དབང་མེད། མང་གཙོ་མེད།
བཙོན་བྱོལ་དུ་སྐུ་དྲག་རིང་ལུགས་ཁག་ཅིག་གིས་འོས་ཤོག་ལ་དྲང་པོ་མ་བྱས་པའི་རྐྱེན་གྱིས་ཕྱི་ནང་གི་རྒྱལ་ཁབ་མང་པོ་ཡིད་མ་རངས་པ་ཆགས་ཡོད། ཁ་ནས་དམངས་གཙོ་བཤད་པ་ཙམ་ལས་དོན་དུ་བཀས་བཀའ་བརྒྱུད་འཛིན་དང་། བྲན་བཀོལ་རིང་ལུགས་ལ་འགྱུར་ལྡོག་གཏན་ནས་བཏང་མྱོང་མེད་པ་མངོད་གསལ་རེད། ད་དུང་སྒེར་འཛིན་ཅན་གྱི་དབང་སྒྱུར་བྱེད་ཐལ་ཆེ་ན་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོང་། འདིར་གཟིགས།http://tibettimes.net/འོས་བསྡུ་དྲང་མོ་ཡོང་གི/
གྲོགས་ཅོ་རིས་གསུངས་པ་ལྟར་རེད། ཨ་རིས་བཙན་བྱོལ་སྒྲིག་འཛུགས་ལ་དངུལ་བཏང་བ་དེ་ཚོ་དམངས་གཙོ་ཡང་དག་དང་རང་དབང་ཡང་དག་སྨྲ་བརྗོད་རང་དབང་ཐོབ་སྟངས་འདྲ་མཉམ་སོགས་ཡར་རྒྱས་འབྱུང་བའི་ཆེད་དུ་ཡིན་པ་ལས་མཐོ་རིམ་པ་དག་གིས་རང་སྣང་ལོངས་སྤྱོད་ཀྱི་ཆེད་དུ་སྤྲད་པ་མ་རེད། ཨ་རིས་གནད་དོན་འདི་དག་མཐར་ཕྱིན་པའི་ཞིབ་འཇུག་ཅིག་གནང་བའི་རེ་བ་ཡོད།། ད་དུང་ཆོས་ལུགས་དང་རིག་གཞུང་ལས་སོགས་ལ་འདྲ་མཉམ་གྱི་ཐོབ་སྟངས་མེད།
ད་དུང་འོས་ཤོག་དེའི་སྐོར་ལ་ངན་ཇུས་བཤམ་མཁན་དགའ་ལྡན་ཕོ་བྲང་གི་སློབ་སྟོན་པ་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མེད་པའི་ངས་སྨོན་ལམ་དང་། རེ་བ་བྱེད་བཞིན་ཡོད། གལ་སྲིད་ཁོང་དེའི་ཁོངས་སུ་ཡོད་པའི་དབང་དུ་བཏང་ན་བོད་མི་རིགས་ཀྱི་ལོ་རྒྱུས་སུ་རང་བཙན་བཀའ་སྡོམ་པ་དེ་ཆགས་ངེས་རེད། སུ་་་་་་དགའ་ལྡན་ཕོ་བྲང་
རང་བཙན་གྱི་ལྟ་བ་ལངས་ཕྱོགས་པ་ཞིག་བཀག་པར་
ངོས་འཛིན་ཞུ་གི་མེད་བཙན་བྱོལ་བོད་མིའི་འོས་བསྡུའི་
སྒྲིག་གཞི་ལག་ལྟར་གནང་བར་ངོས་འཛིན་ཞུ་གི་ཡོད
གྲོགས་ཁྱུང་སེང་ལགས་ཕེབས་པར་དགའ་པོ་བྱུང་། ཁ་ཞེ་གཉིས་མེད་དང་། བྱ་བ་ཅི་ལ་ཐུག་ཀྱང་བོད་རང་བཙན་འཐབ་རྩོད་བྱ་ངེས་པའི་བོད་མི་རྣམས་ཀྱིས་ད་རིང་དངོས་གཞིའི་འོས་བསྡུའི་སྐབས་སུ་མཉམ་ཞུགས་མ་བྱེད་ན་བསམས་ཀྱི་འདུག
གཅིག་ནས་་་་་རང་བཙན་འཐབ་རྩོད་པ་ཞིག་གིས་ངོས་ནས་དབུ་མའི་ལམ་ནས་དམར་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཟེར་མཁན་གྱི་སྲིད་སྐྱོང་རྒྱལ་བཙོང་བ་ཞིག་ལ་འོས་བླུགས་ན་རང་གི་འཐབ་རྩོད་དང་མངོན་འདོད་ལ་རང་གིས་རྡོག་རོལ་བཏང་བ་དང་གཅིག་པ་རེད།
གཉིས་ནས་་་་བོད་རང་བཙན་པའི་འོས་མི་རྒྱལ་གཅེས་པ་ཀླུ་མཁར་བྱམས་དངོས་གཞིའི་ནང་དུ་ཞུགས་མི་བཅུག་དོན་་སྤེན་ཚེ་དང་བློ་སེང་གཉིས་ལ་འོས་གྲངས་མཐོ་པོ་ཡོང་ཆེད་དུ་ཡིན་ཟེར་གི་་འདུག རང་བཙན་དང་དམངས་གཙོ་ཡོངས་རྫོགས་བློས་བཏང་ནས་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་འགྲོ་གི་ཡིན་ཟེར་མཁན་ཞིག་ལ་འོས་བླུགས་ན་བོད་མི་དམངས་ལ་གནོད་པ་ལས་ཕན་ཐོགས་སྤུ་རྩེ་ཙམ་ཡང་མེད་ངེས་རེད།
བོད་རང་བཙན་པ་ཚོས་་་ངོ་རྒོལ་གྱི་ཆེད་དུ་དངོས་གཞིའི་འོས་བླུག་མཁན་འགྲོ་མི་ཉན། སྒེར་གཅོད་པ་དང་དད་པ་ལོག་སྤྱོད་ཕྱོགས་ཁ་ལ་ངོ་རྒོལ་གྱི་ཆེད་དུ་དངོས་གཞིའི་འོས་བསྡུའི་ནང་དུ་མཉམ་ཞུགས་བྱ་མི་ཉན། འདི་ནི་་་ཅོ་རི་རང་གི་བསམ་ཚུལ་ཡིན།
རང་བཙན་གྱི་ལྟ་བ་བཀག་པ་མ་རེད། ཀླུ་བྱམས་མི་ངན་གྱི་ལྟ་ངན་ཁེག་པ་རེད། ཧ་གོ་སོང་ངེ་། དྷ་རམ་ས་ལའི་བོད་མི་མ་རབས་ཐལ་བ་ཚོ།
ཨ་ཁ་་་་ང་ཚོའི་སྤྱི་ཚོགས་འདི་ཅི་འདྲ་སྐྱོ་བ་ཤིག་འགུ་་་་་མི་གཞན་ནམ་སྲིད་པ་གཞན་ཞིག་གིས་ཅིག་བྲིས་འདུག་ཟེར་ངུས་ཤག་རྒྱག་ལ་བསམ་ཡིད་སྐྱོ་རེ་འགུ་་་་ང་ཚོ་རང་དབང་པའི་སྤྱི་ཚོགས་ཡོད་བརྗེད་འགུ་ཨ་་་་བླུད་ཁ་བཤད་ངུས་ན་ང་ཚོར་འབྲེལ་བ་ཅི་འགུ་ལེ་་་་་་་་་་་་་
ཐོག་མར་སྐུ་ཞབས་ཨ་ཚོགས་ཀླུ་མཁར་བྱམས་ལ་བདེན་ཁ་ཡོད་པས་མུ་འཐུད་ནས་རང་བཙན་གཙང་མའི་དཔའ་ཁྱོད་ལ་རྒྱ་ཆ་བརྒྱ་ཐམ་པ་ཡི་རང་ཡོད་དང་བསྔགས་བརྗོད་ཡོད།
བོད་པ་རངབཙན་ཡིན།
བོད་ཡུལ་བདག་པོ་བོད་པ་ཡིན།།
བོད་མིའི་སྐྱབས་མགོན་རྒྱ་མི་མིན།།
བོད་པ་ཚང་མ་རང་བཙན་མི་སེམས་མཁན་སུ་ཡང་མེད།
གལ་ཏེ་ཡོད་ན་ཕ་བླ་བཙོང་ཤིང་ཕ་ཤ་ཟ་འཁན་ཚོ་རེད།།
གངས་ཅན་བོད་པའི་གཅེས་ཕྲུག
རྒྱལ་གཅེས་དཔའ་བོ་ཆེན་པོ།།
བོད་ལྗོངས་རང་བཙན་གྱི་བདག་པོ།།
ཀླུ་མཁར་བྱམས་པ་རྒྱལ་ལོ།།
སྲིད་སྐྱོང་གི་མིང་དོན་ཁྱོད་ལ་ཚང་ན་ཡང་ངོ་ཚ་དང་ཁྲེལ་གཞུང་མེད་པའི་འགྲིགས་འཛུག་དེས་བཙན་བཀའ་དང་ཕྱོགས་རིས་སྒེར་སྤྱོད་འདིས་རྒྱ་ནག་དམར་པོའི་ཕྱོགས་ལ་བདེན་ཁ་སྟེར་ཡོད།
ཡིན་ན་ཡང་ཨ་རིའི་ཚན་རིག་པ་དང་ཁྱབ་སྲིད་པ།
རྒྱ་ནག་གི་རྒྱུག་ཁྱི་ཁུག་རྟ་དང་སྤེན་ཚེ་སོགས་ལ་བརྡ་ལན་གསལ་བོ་བྱས་ཡོད།
ཁྱོད་ཀྱི་དམིགས་ཡུལ་དང་དྲང་བདེན་ལ་རྨ་ཁ་འབྱིན་མཁན་དེ་ཚོགས་གཙོ་རུལ་བསུང་ཆང་བཟི་དུད་ནག་གི་བདག་པོ་ཚོ་ཡིན།
བོད་ལ་རང་བཙན་མི་དགོས་རང་ཤི་རྒྱག་དགོས་ཟེར་མཁན་དེ་དབུ་མ་པ་མ་ཡིན་ནམ།
ལྷག་བསམ་དང་གཅིག འཇམ་ནོར་དང་གཉིས། ཀླུ་བྱམས་གསུམ། ཁྱོད་གསུམ་པོ་གང་རུང་ཅིག་ལ། སྤྱི་འཐུས་ཀྱི་འོས་ཙམ་ཐོབ་ན་ཡང་། བོད་མི་མང་པོ་ཅིག ཉི་མ་དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ནས་བུད་བགྱི་རེད་གདའ། མི་ངན་ཚོ། ད་རང་ངོ་རང་གིས་ངོ་ཤེས་པ་བྱས་ནས། རང་ཚོད་རང་གིས་ཟིན་ན། ཡག་བགྱིད་རེད་དོ།།
ཀརྡོ་ལགས་ཁོང་གསུམ་གིས་གཞུ་གུ་འཇུ་
མཁན་ཅོ་རི་ལགས་
རྒྱ་ནག་གུང་ཁྲན་གྱིས་དམིགས་ཡུལ་ནི་བོད་མིའི་སྒྲིག་འཛུགས་གཏོར་རྒྱུ་དང་གོང་ས་མཆོག་མེད་པར་བཟོ་རྒྱུ་དེ་ཡིན་པ་བཞིན་གུང་ཁྲན་ཏང་གིས་གསོ་སྐྱོང་བྱས་པའི་ལས་འགན་བསྒྲུབ་མཁན་ཀླུ་མཁར་ཇམ་དང་དེའི་རྗེས་འབྲངས་ཨབ་ཕྲུག་ཚོ་ད་ལངས་ཡོང་གིན་འདུག་མོད། ཁྱེད་ཚོས་དམིགས་འདུན་ནམ་ཡང་འགྲུབ་ཐུབ་ཀྱིན་མ་རེད།
རང་བཙན་འདོད་མཁན་ཞིག་གིས་དབུ་མའི་ལངས་ཕྱོགས་འཛིན་མཁན་སུ་ལའང་འོས་བླུགས་དགོས་དོན་མིན་འདུག།
བཙན་བྱོལ་བོད་མི་ཞིག་གིས། སྲིད་སྐྱོང་འོས་མི་གང་རུང་ཅིག་ལ་འོས་མ་བླུགས། ཞི་ཆིན་ཕིང་ལ་ཡང་རྒྱབ་སྐྱོར་མེད་ན། མི་ཚེ་འདི་སྣང་གི་ཆབ་སྲིད་ཀྱི་གོ་སྐབས་བརླག་པ་ཙམ་ལས། ཧ་ལས་རྒྱུ་གང་ཡང་མེད་པ་རེད་དོ།།
ཀླུ་མཁར་བྱམས་གྱིས་མཐོང་དགོས་ཡ་འདྲ་པར་ནང་གི་༸སྐུ་པར།
http://freetibet.org/news-media/na/severe-punishments-dalai-lama-photos
སྟོབས་ལྡན་ལགས་ཏོག་ཙམ་ཐལ་དྲགས་སོང་།
ཡ་ཡ་ཡ། ངུ་འདུག དགའ་འདུག བསྟོད་འདུག དཀྲུགས་འདུག ཚང་མ་དད་ལོག་ཚོའི་ཉེས་བྱས་རེད། ད་རུང་འགྲིག་མ་སོང་ངམ། མ་འགྲིག་ན་ཁྱེད་ཚོས་ རང་བཙན་བཤད་མཁན་དང་རྩོད་མཁན་ཚོ་སྤྱི་ཚོགས་ཕུད་འདོད་དམ།དེང་སང་མི་ཚང་མ་སྤྱང་པོ་ཡིན་པས་དཀའ་ལས་ཁག་པོ་རེད།
བོད་ཡུལ་ལས་ཕྱི་ཡུལ་གདམས། བོད་བཙན་བྱོལ་ནི་འགྲིགས་འཛུགས་དང་འགྲིགས་འཛུགས་དབུ་མ་དབུ་མ་ཡུ་མེད་བཟོ་མཁན་རུལ་སུངས་སྒེར་སྤྱོད་པ་ཚོ་ལས་ཨ་ཚོགས་ཀླུ་མཁར་བྱམས་པ་མ་ཡིན་པར་ངེས་པར་ཤེས་དགོས།
༡ སྤེན་ཚེས་བླ་མ་བསད་རྐུ་འཕྲོག་ལོག་གཡེམ་བྱས་ཀྱང་དགའ་ལྡན་ཕོ་བྲང་གི་སྐྱོར་གཡོར་གྱིས་སྲིད་སྐྱོང་འབད་དགོས་པ་གང་ཡིན་ནམ།
༢ སི་ཏུས་བོད་ཕྱི་ནང་མགོ་སྐོར་བཏངས་༧གོང་ས་མཆོག་ལ་རྫུན་ཞུས་བྱས་ན་རྒྱལ་ཚབ་ཏུ་བཞག་དགོས་དོན་ཡིན་ནམ།
༣ ཁྲི་བྱང་གིས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་གནང་ཡང་འདྲེ་གྲལ་དུ་བཞག་དགོས་དོན་གང་ཡིན་ནམ།
༤ རྒྱ་མིས་བོད་མི་ས་ཡ་མང་པོས་ཚེ་སྲོག་བརླགས་ཀྱང་གཉིས་སྨན་དུ་རྩི་དགོས་དོན་གང་ཡིན་ནམ།
༧ ཨ་ཀོང་གིས་བོད་ཀྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གསོ་སྐྱོང་གནང་བར་ངོ་སོ་མེད་པར་མི་བསད་ཁྲག་སྦྱོར་མཁན་གཉིས་དུས་བབ་གསར་ཤོག་ཏུ་སྤེལ་དགོས་དོན་གང་ཡིན་ནམ།
༨ བལ་ཡུལ་དང་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་དགོན་པ་དང་བཞེས་ཆགས་སྲ་བརྟན་བྱས་ནས་ཁ་ནས་བོད་ལ་ལོགས་འགྲོ་བཤད་པ་བདེན་སྲིད་དམ།
༩ རང་བཙན་བཀག་ནས་དབུ་མ་དམངས་གཙོ་དགོས་དོན་གང་ཡིན་ནམ།
༡༠ སྤེན་ཚེས་བློ་སེང་ལ་ཕྲག་དོག་དེ་ཙམ་དགོས་དོན་གང་ཡིན་ནམ།
༡༡
དད་པ་ལོག་ཅན་གྱི་མི་ངན་དེ་ཚོས།
ཁ་ནས་ཡ་རབས་བཟང་སྤྱོད་གླུ་དབྱངས་ལེན་ཀྱང་།
དོན་ལ་དྲང་བདེན་མེད་པའི་འོས་བསྡུ་བྱས་དུས།
ཨ་རིའི་གྲོས་ཚོགས་འཐུས་མིས་རལ་གྲི་འཕྱར་བྱུང་།།
དད་པ་ལོག་སྤྱོད་ཅན་གྱི་ལྐོག་ཟན་དེ་ཚོས།
ཁ་ནས་སྤྱི་དོན་ཡིན་ཞེས་གཏམ་བཤད་བྱས་ཀྱང་།
དོན་ལ་རྐུ་མའི་རྒྱབ་རྩ་ཇག་པ་ལངས་དུས།
ཨ་རིའི་བདེ་སྲུང་དམག་མིས་ལྕགས་དབྱུག་འཕྱར་བྱུང་།།
དད་པ་ལོག་སྤྱོད་ཅན་གྱི་རྒྱལ་བཙོང་དེ་ཚོས།
ཁ་ནས་དམངས་གཙོ་ཟེར་ནས་བསྟོད་གླུ་ལེན་ཀྱང་།
དོན་ལ་དམངས་ཀྱི་སྨྲ་བརྗོད་རང་དབང་བཀག་དུས།
ཨ་རིའི་དམངས་གཙོའི་འཐུས་མིས་དགག་པ་བརྒྱབ་བྱུང་།།
ད་ཡིན་ན་་་་་བུ་མོ་མཛེས་མ་བཙལ་ནས་བུ་ཕྲུག་སྙིང་རྗེ་མོ་བཟོས་ནས་མ་འོངས་པའི་ལས་དོན་བྱས་མ་གཏོགས་དྲ་འབུ་འདྲེ་འདྲ་བོ་དག་ལས་རྣམ་པར་རྒྱལ་པར་དཀའ་གདའ་འོ།
༸གོང་ས་མཆོག་རྒྱལ་གྱུར་ཅིག
བོད་མིའི་སྒྲིག་འཛུགས་རྒྱལ་གྱུར་ཅིག
བདེན་པ་རྣམ་པར་ཉིད་རྒྱལ་གྱུར་ཅིག
བློ་བཟང་སེང་གེ་ཉིད་རྒྱལ་གྱུར་ཅིག
ཁྱི་དང་ཤ་བའི་དབུགས་ཐག་སུ་རིང་བལྟ་ཆོག
ཆུ་དང་ཟམ་པའི་ཚེ་ཐག་སུ་རིང་བལྟ་ཆོག
བདེན་དང་ཁྲམ་པའི་མདུན་ལམ་སུ་བཟང་བལྟ་ཆོག
རང་བཙན་དབུ་མ་སུ་རྒྱལ་སྒུག་ནས་སྡོད་ཨ་་་་་་་ཧཧཧ
ཀླུ་མཁར་བྱམས་ཀྱི་ཡོན་ཏན་ཆ་ཤས་ཙམ་ཡང་མེད་ཀྱང། ཁོང་ལ་མི་ངན་སོགས་དམོད་ཚིགས་སྣ་ཚོགས་བརྗོད་བཞིན་པ་འདི་ནི་ངོ་ཚ་ཁྲེལ་མེད་རང་རེད། རང་བཙན་འཐབ་རྩོད་པ་ཞིག་ལ་རྒྱ་གུང་ཁྲན་ལས་ཀྱང་སྡང་ལུགས་དེ་ལ་བལྟས་ན་རྣམ་རྟོག་སློང་བྱེད་རང་རེད། མིས་མི་གསོན་པོ་ཟ་གིས་མ་འདུག། གོ་བ་མེད་པའི་གླང་རྒན་ཚོ།
༸ཀར་ནག་ལྟ་བུ་རུལ་བསུང་ངན་ཐུལ།།
ངན་ཇུས་སྒྲིག་འཛུགས་དྲང་བདེན་སྲོག་རྩ་གཅོད།།
ཚོགས་གཙོ་ངན་པས་གཡོ་རྫུན་འཁོར་ལོ་བསྐོར།།
རྒྱ་སྨན་དབུ་མས་རང་བཙན་དཀྲུངས་ལ་ལྟོས།།
ད་རེས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་དུ་ངོ་ཚ་དང་ཡིད་མུག་དགོས་པའི་གནས་ཚུལ་འདི་འདྲ་བྱུང་བ་ནི་འོས་བསྡུ་ལས་ཁུངས་ཀྱིས་དངོས་སུ་འཁྲབ་སྟོན་ངོ་ཚ་དགོས་པ་ཞིག་འཁྲབ་ཡོད་རུང་རྒྱབ་ལོགས་སུ་ལག་སྲིང་མཁན་གཅིག་ནི་སྐུ་ངོ་ཚོགས་གཙོ་རེད། ཁོས་འཛེམ་མེད་ཐོག་ནས་ཀླུ་བྱམས་མགོ་ལ་ཉེས་མེད་སྐྱོན་འཛུགས་དང་མི་མང་དང་ཚོགས་སྡེ་ཁག་སྐུལ་སློང་ཆེད་ཀླུ་མཁའ་བྱམས་དང་མཉམ་དུ་སྡིང་ཆ་གཅིག་ཏུ་མི་སྡོད་ཚུལ་བཤད་དེ་སྤྱི་ཚོགས་སུ་ངན་སྐུལ་བྱས། ངན་སྐུལ་དེས་གདན་ས་རེ་འགའ་ནས་གཏམ་བཤད་བཀག་པ་དང་ཨ་རི་སོགས་ནས་སྤྱི་ཁང་མི་གཡར་བ་སོགས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་འདི་བྱུང་ཡོད། ད་ཆ་ཨ་མི་རི་ཀའི་སྤྱི་འཐུས་ཀྱིས་ཞིབ་འཇུག་དགོས་ལུགས་ཀྱི་བསྒྲགས་གཏམ་ཡང་སྤེལ་དགོས་ཐུག་པའི་གནས་ཚུལ་བྱུང་ལ། རྒྱལ་སྤྱིའི་མདུན་དུ་ངོ་ཚ་དགོས་པ་ཞིག་བྱུང་བ་འདི་དག་ཚང་མ་ངན་སྐུལ་དེས་བྱུང་བ་ནི་བཤད་མ་དགོས། ད་ཁྱི་སྤྱང་ངན་འབྲེལ་བྱེད་ན་ཡོང་རྒྱུ་འདི་རེད། ཙིག་ཙིག་ལ་ངན་བྱེད་ས་ཁང་པ་མེ་ལ་ཤོར། ཟེར་བ་འདི་རེད།
ད་རུང་ཡང་བསྐལ་བ་ཁྲི་སྟོང་མང་བོར་རྨོངས་གཉིད་ལས་བསད་མི་ཐུབ་པའི་བོད་མི་དམངས་ཚོགས་རྣམ་པ་ཚོ་སྙིང་རེ་རྗེ། རྨོངས་དད་དང་མགོ་བསྐོར་རྐྱང་རྐྱང་གི་འོག་ཏུ་ཚུད་ནས་དོན་དངོས་ཀྱི་མང་གཙོ་ཟེར་བ་ནི་ཟ་རྒྱུ་ཞིག་ཡིན་ནམ། ལྡག་རྒྱུ་ཞིག་ཡིན་གང་དུ་ཡང་ཁ་ཚོན་མ་ཆོད་པར་ལྷག་འདུག དད་པ་ཁ་ལ་ཁྱེར་ནས་མང་གཙོའི་ལམ་ཁ་བཀག་འགོག་བྱེད་པའི་ད་རེས་ཀྱི་ཡ་ང་བའི་བྱ་སྤྱོད་འདི་ལ་སེམས་གཏིང་ནས་ཡི་མུག་སྐྱེས་སོང་།
འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མང་གཙོ་རྩིས་མེད་རྡོག་རོལ་གཏོང་བའི་ཐལ་སྤྱོད་རང་ལུགས་པའི་བྱ་སྤྱོད་སྤེལ་མཁན་འདི་འདྲ་འདྲ་མཉམ་དང་མང་གཙོ་ཁ་ལ་ཁྱེར་བའི་བཙལ་བྱོལ་སྤྱི་ཚོགས་ནང་བྱུང་བ་ནི་རང་གཞན་ཐམས་ཅད་ངོ་ཚ་ཁ་སྐྱེངས་དགོས་པའི་སྐྱོ་གར་ཞིག་དང་། དེ་ལས་ཀྱང་༧གོང་ས་ཐམས་ཅད་མཁྱེན་པའི་མཚན་གནས་རྗེས་འབྲེལ་ཐོག་རུལ་སོང་དཔོན་ངན་དག་གི་གཡོ་ཇུས་ངན་སྐུལ་ཐེབས་ཏེ་སྐབས་འཚོལ་རང་ལུགས་པ་དག་གིས་ཉེས་མེད་ཉེས་འདོགས་དང་སྐྱོན་མེད་སྒྲོ་འདོགས་ཀྱི་བྱ་སྤྱོད་མངོན་གསལ་བྱུང་བ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཁོ་ན་ཡིན།
བོད་མི་རང་བཙན་པ་བྱེད་འདོད་ན། བསྟན་འཛིན་བརྩོན་འགྲུས་ནང་བཞིན་བྱེད་བཞིན་བསྡད་ན། ཡག་པོ་ཡོད་རེད།
དེ་མིན་རང་བཙན་ཁ་ལ་འཁྱེར་ནས། ༸གོང་ས་མཆོག་གཞི་མེད་མཚན་དམོད་ཞུ་མཁན། འཇམ་ནོར་དང་གཅིག ལྷག་བསམ་དང་གཉིས། ཀླུ་བྱམསས་གསུམནི། ང་ཚོ་བོད་གཞིས་བྱེསགཉིས་ནས། ༸མགོན་དང་། ༸སྐྱབས་༸ཁོང་ལ་དད་ལྡན་མི་མང་ཚོས། ཕྱིར་ཟློག་པར་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག ཅེས་པའི་སྨོན་པའི་གཞིར་ཆགས་པ་རེད་དོ།། །།
ཅོ་ ཅོ་རི་ལགས་དང་། དམན་ པདྨ་ལགསུ།། །།
ངས་སྔོན་ཡང་། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་དུས། དང་པོ་དབུ་མའི་སྒརིག་འཛུགས་ཀྱི་སྤྱི་འཐུས་ནས། དགོངས་པ་ཞུས་ཤོག་ཅེས་བྲིས་མྱོང་ལ། ད་ལྟ་ཡང་ཀླུ་བྱམས་ཁྱོར་རང་། རང་བཙན་པ་མཚན་ཉིད་ཚང་བ་ཅིག་བྱེད་འདོད་ན། དང་པོ་དབུ་མའི་ཕོགས་བཟའ་་རྒྱུ་དེ་བཞག་ནས། རང་བཙན་པའི་ཚོགས་པ་བཙུགས་ཤོག ཅེས་ཟེར་འདོད་བྱུང་སོང་ངོ་།། །།
དེ་མིན། ཁ། ཁ་རོག་སྡོད། རྐུབ། མཎི་དྲོངས། ཟེར་བ་དེ་ཆགས་པ་རེད་གདའ།
འཇམ་ནོར་ཟློག་པར་གྱུར་ཅིག
ལྷག་བསམ་མེད་པར་གྱུར་ཅིག
ཀླུ་བྱམས་ཞི་བར་གྱུར་ཅིག
སྔོན་མ་ཅོ་རི་ཉི་མ་འདི་མགོ་མཁྲེགས་ཤིག་རེད་བསམ་ཡོད། ཁོང་གི་མཆན་གྱི་མགོ་རྔ་ཚང་མར་དོ་སྣང་བྱེད་དུས་ཁོང་དངོས་གནས་རང་བཙན་པ་བརྟན་པོ་ཞིག་རེད། མི་སུ་ཡིན་ནའང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་ལ་ཁ་ཞེ་གཉིས་མེད་ལ་གུས་བཀུར་དང་བསྔགས་བརྗོད་ཡོད། དེ་མིན་སྲོང་བཙན་ཟེར་བའི་མི་འདི་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་མེད་པར་ཆོལ་ཁའི་ནད་རྙིང་གི་སེམས་ཁམས་འཁྲུག་པའི་ན་ཚ་ཅན་ཞིག་རེད། ཁོས་བཤད་ཚུལ་ལ་དོགས་པ་འདུག མཚམས་རེར་རང་བཙན་གཙང་མའི་ལངས་ཕྱོགས་འཛིན་མཁན་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་པ་དང་། ཡང་མཚམས་རེར་དབུ་མ་པ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག མི་འདི་ལྟ་བུར་ལ་རྒྱ་དང་ལངས་ཕྱོགས་ཟེར་བ་ཞིག་མེད་པར་ནད་དུག་ཕོག་འདུག་སྙམ།
ཨ་རིའི་གཞུང་ལ་ཕུལ་བའི་ཡི་གེ་དེའི་ནང་དུ་སྲིད་སྐྱོང་ལས་ཐོག་དང་ཚོགས་གཙོ་ལས་ཐོག་གཉིས་ཀྱིས་གཞུང་འབྲེལ་སྡིངས་ཆ་བེད་སྤྱད་དེ་ཁེ་ཕན་ལེན་གྱི་ཡོད་ཚུལ་དང་འོས་མི་གཞན་ལ་ཆོག་མི་ཆོག་གི་བཅས་མཚམས་བྱས་ཏེ་འོས་བསྡུའི་དྲིལ་བསྒྲགས་ལ་གྱོང་རེག་གི་ཡོད་ཚུལ་བཤད་ཡོད་ལ། ཨ་རིའི་གཞུང་གིས་བརྟག་དཔྱད་ཞིབ་འཇུག་གནང་དགོས་ཚུལ་བཤད་ཡོད། འདིའི་ནང་གི་གནས་དོན་གཙོ་བོ་ནི་སྲིད་སྐྱོང་ལས་ཐོག་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འོས་བསྡུའི་དྲིལ་བསྒྲགས་ལ་ངོས་ལེན་མ་བྱས་པའི་ཐད་ལ་སྐྱོན་བརྗོད་བྱེད་གི་ཡོད། དེ་ལྟར་ཞིབ་འཇུག་གནང་ཚེ་སྲིད་སྐྱོང་ལས་ཐོག་པར་སྐྱོན་གནད་མང་པོ་ཞིག་ལྷག་གི་ཡོད། འོས་བསྡུ་ལས་ཁངས་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་ནའང་སྲིད་སྐྱོང་ལས་ཁུངས་ཀྱི་ཐད་ཀར་འཛིན་སྐྱོང་འོག་ཏུ་ཡོད། མི་ཁ་ཤས་ཀྱིས་འོས་བསྡུ་ལས་ཁང་དེ་སྤྱི་འཐུས་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པ་ལྟ་བུ་ཞིག་བཤད་ཀྱི་ཡོད་ཀྱང་དོན་དངོས་ཐོག་སྤྱི་འཐུས་ལྷན་ཁང་གི་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཁུངས་གཅིག་མ་གཏོགས་མེད། དེ་ཚོགས་དྲུང་ལས་ཁུངས་ཡིན། བཀའ་ཤག་གི་འཛིན་སྐྱོང་འོག་ཏུ་ལྷན་ཁང་བདུན་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཏེ་རྩིས་ཞིབ་ལས་ཁངས་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། འོས་བསྡུ་ལས་ཁངས་གསུམ་བཅས་ཡིན། གོང་གསལ་རང་དབང་ཅན་གྱི་ལས་ཁངས་གསུམ་པོ་ལྷན་ཁང་བདུན་ལས་རང་དབང་ཅན་ཡིན་ཡང་སྲིད་སྐྱོང་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཏུ་ཡོད་ཡོད་པ་ཡིན་ལ། ལས་བྱེད་བསྐོ་འཐེན་དང་ཉིན་རེའི་མཛད་ཕྱོགས་ཐོག་བཀའ་ཤག་གི་ཐད་ཀར་མ་ཡིན་པའི་དབང་ཤུགས་ཐོན་གྱི་ཡོད། འོས་བསྡུའི་ལས་ཁངས་ཀྱི་ལས་བྱེད་འཕོ་འགྱུར་གཏོང་དགོས་བ་བཅས་ལ་བཀའ་ཤག་གིས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ལ་བསམ་ཚུལ་གནང་བ་ཙམ་གྱིས་རང་བཞིན་གྱིས་དབང་ཤུགས་སླེབས་ཀྱི་ཡོད་པ་རེད། འོས་བསྡུ་ལས་ཁང་གིས་སྤྱི་འཐུས་ལྷན་ཁང་ལ་སྔོན་རྩིས་གཏན་འབེབས་ཐོག་མ་གཏོགས་དབང་ཆ་བར་གྱི་འབྲེལ་བ་རྩ་བ་ནས་མེད། ཚོགས་གཙོ་སྤེན་པ་ཚེ་རིང་གིས་འོས་བསྡུ་ལས་ཁང་གི་རྒྱབ་ན་ཅིག་ལས་ཀྱི་ཡོད་ཚུལ་བཤད་པ་དེ་ནི་དགྲ་ཤར་ལ་བཞག་ནས་ཀླུད་ནུབ་ལ་གཡུག་པའི་དཔེ་དང་མཚུངས། གལ་སྲིད་ཨ་རིའི་གཞུང་གིས་ཞིབ་འཇུག་བྱས་ཚེ་སྲིད་སྐྱོང་བློ་བཟང་སེང་གེ་ལ་སྐྱོན་གནད་ཕོག་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད།
ཀླུ་དཀར་བྱམས་ལགས་སུ་ཞུ་རྒྱུར། ཁྱོད་ཀྱིས་རང་བཙན་ཁ་ལ་འཁྱེར་ནས། བཙན་བྱོལ་ནང་གི་གཞུང་གི་སྒྲིགས་འཛུགས་དང་དབུ་འཁྲིད་ཁག་ལ་སྐྱོན་བརྗོད་ཁོ་ན་ལས། ཁྱོད་ཀྱི་རང་བཙན་ཕར་ཞག་བོད་སྤྱི་ལ་ཕན་པའི་ལ་ཀ་ག་རེ་བྱེད་ཡོད་པས། དབུས་འོས་བསྡུ་ལས་ཁང་གི་སྒྲིགས་གཞི་ནི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་འཕབས་པ་ཞིག་ཡིན་པ་ལས། འོས་བསྡུའི་བསྒྲིགས་གཞི་འོས་བསྡུ་ལས་ཁང་གི་བཟོས་པ་མ་ཡིན། ཁྱེད་རང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཁས་ལེན་མཁན་ཞིག་ཡིན་ན། འོས་བསྡུ་ལས་ཁང་གི་སྐྱོན་བརྗོད་ཀྱི་གསར་བགོད་གསལ་བསྒྲགས་བྱེད་མི་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁ་མཆུ་རྒྱབ་ན་སྒྲིགས་གི་རེད། ཁྱེད་བྱས་བྱེད་ནི་རང་བཙན་ཁ་ལ་ཁྱེར་ནས་བཙན་བྱོལ་བོད་མིའི་གཅིག་སྒྲིལ་གྱི་ནུས་མེད་པ་བཟོ་རྒྱུ་ཁོ་ན་རེད་མ་གཏོགས། དེ་མིན་ཁྱེད་ལ་བོད་སྤྱི་ལ་ཕན་པའི་ལས་འགན་བསྒྲུབ་མཁན་མིན་པ་གསལ་པོ་ཧ་གོ་གསོང་། རང་བཙན་མི་འདོད་པའི་བོད་པ་ཕལ་ཆེར་ཡོད་མ་རེད། ཡིན་ན་ཡང་འཛམ་གླིང་གི་འགྱུར་འདོག་དང་། བོད་ཀྱི་གནས་གཏང་གང་ཅིའི་ཐོག་ནས་བཙན་བྱོལ་བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གི་དབུ་མའི་ལམ་ལ་རྒྱབ་བསྐྱོར་གྱི་འོས་བསླུགས་པའི་སྲིད་བྱུས་ཞིག་རེད།། དེར་ཁྱེད་ལྟ་བུའི་གང་ཟག་རེ་གཉིས་ཀྱི་ལ་དོན་ག་རེ་བསྒྲུབ་ཀྱི་རེད་པས་། བོད་སྤྱི་ལ་ཕན་པའི་བསམ་བློ་ཡག་པོ་གཏོང་། ཧ་གོ་གསོང་པས། ཁྱེད་ལ་རྒྱབ་བསྐྱོར་བ་ནི་དོལ་ཚོགས་ཅོ་རི་ཉི་མ་སོགས་རེད་འདུག་ག། ཡང་སྐྱར་བསམ་བློ་ཡག་པོ་ཐོངས།།
འོས་བསྡུ་ལས་ཁང་གིས་གནང་གཞག་ཡག་པོ་འགུ་ཟེར་འདོད་བྱུང།་་་་ཕམ་ཚར་ད་དུང་བོད་མིའི་ནུས་བ་དང་ཆིག་བསྒྲིག་ལ་ངན་སྨོས་བྱེད་སྟངས་ངོ་ཚའི་གནས་སོང་མི་འགུ་ལེ་ཧཧཧཧཧཧཧཧཧཧ
མཛུབ་མོ་གར་བསྟན་ཤར་ལ་རྒྱུགས་མཁན་དེ་ལ་ཨ་རིས་ཞིབ་འཇུག་བྱེད་རྩིས་ཡོད་ཟེར་དེ་དུས་ཀླུ་མཁར་བྱམས་ལ་དྲང་བདེན་བྱས་མ་བྱས་སོགས་གསལ་ཁ་ཐོན་པའི་རེ་བ་ཡོད།
་་་་་་་་་་ རང་དབང་ཅན་གྱི་སྡེ་ཚན་གསུམ་ཏེ་རྩིས་ཞིབ་ལས་ཁངས་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། འོས་བསྡུ་ལས་ཁངས་གསུམ་བཅས་ཡིན་་་་་་་་་
ཀླུ་མཁར་བྱམས། བོད་རང་བཙན་ལེན་དུ་འགྲོ་བ་ལས། ད་དུང་གཞན་གྱི་གཡག་བརྐུ་ནས་བསད་ནས། བཙོན་དུ་འགྲོ་ན་ལེགས་པ།
པདྨ་རང། ཁ་བརྡར་བྲིས་ནས་སྡོད་པ་ལས། དྷ་རམ་ས་ལའི་གད་སྙིགས་འཕྱག་གར་འགྲོ་ན་ལས་ཀ་དེ་ཡག་ག
ཧ་ཧ། ཧོ་ཧོ།། །།
ཨ་ཚོགས་ཀླུ་མཁར་བྱམས་ནས་ད་ལྟའི་གནས་སྟངས་འདི་ལ་དཔག་ན་ཁོ་རང་སྲིད་སྐྱོང་ལ་ཐོབ་མི་ཐུབ་པ་ཤེས་བཞིན་དུ་འདི་འདྲ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ངས་སྔོན་ཆད་མི་ངན་འདི་ལ་རྒྱབ་སྐྱོར་བྱས་མྱོང་། ད་ལྟ་མི་ངན་འདིའི་དམིགས་གཞི་ནི་བོད་མི་ནང་ཁུལ་ལ་དཀྲུགས་ཤིང་འཕེན་གྱི་ཡོད་པ་གསལ་པོ་མཐོང་ཐུབ། དེ་མིན་སྔོན་འགྲོ་འོས་གཞི་ལ་བལྟས་ནས་དང་བླངས་ཀྱི་མཚམས་འཇོག་བྱ་རྒྱུ་ནི་མི་ཚད་ལྡན་ཞིག་གི་འགྲོ་སྟངས་རེད། མི་འདིའི་བྱེད་སྟངས་ལ་བལྟས་ན་ཆབ་སྲིད་པ་ཞིག་ཕར་ཞོག་ངོ་ཚའང་མེད་མཁན་ཞིག་རེད་འདུག མི་འདིའི་གདོང་ལ་བལྟས་ནའང་བཀྲ་མི་ཤིས་པ་ཞིག་གི་རྟགས་མཚན་ཚང་གི་འདུག །
གླུད་གར་འཁྲབ་ཀྱིས།
https://www.facebook.com/monlambon/videos/10207376366440668/
བཙན་བྱོལ་གྱི་དབང་འཛིན་ཕྱོགས་ཁག་འདིས་བོད་ལ་ཕན་པའི་ལས་ཀ་ལས་རྒྱུ་མིན་པ་ཤེས་གསལ་རེད། རང་བཙན་བཀག་པའི་ནག་ཉེས་དེ་ལོ་རྒྱུས་ནང་གསུབ་ཐབས་མེད་པ་རང་རེད། ད་དུང་རང་བཙན་ཤོག་ཁག་ལ་རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་ནས་འཐབ་རྩོད་བྱ་ངེས་རེད།
སྲིད་སྐྱོངགི་འོས་བསྡུའི་ཆ་རྐྱེན་ནང་རང་བཙན་དང་དབུ་མ་གང་ཡང་གསལ་མེད་པ་མ་ཟད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་གསལ་ཐབས་ལས་རང་བཙན་དང་དབུ་མ་གང་ཡང་གསལ་མེད་ན་ཞི་བའི་འོས་འཕེན་མི་མང་ལྐུག་པ་མ་བཟོ་རོགས་ཐུགས་རྗེའི་གཟིགས་།
ལས་དབང་དང་རིགས་རུས་གཅིག་པའི་དྲ་ཐོག་གི་བོད་མི་ཚོ། ཁྱེད་ཚོས་དྲ་རྒྱ་བརྒྱུད་ནས་ཁོམ་པ་གང་ཡོད་དམ། ཡང་ན་དུས་རྒྱུན། ཆབ་སྲིད་གཙོའི་བོད་དོན་གྱི་དོན་དག་ཆེ་ཆུང་མང་པོའི་ཐོག སྐད་ཆ་བཤད་པ་ནས་ཡི་གེ་བྲིས་པ་ཐམས་ཅད། རྩ་བའི་ཆ་ནས་བོད་དང་བོད་དོན་ལ་ཐུགས་ཁུར་གནང་བ་ཞིག་ཏུ་ངོས་བཟུང་ཆོག་ནའང་། མང་པོ་ཞིག་གིས་གང་བཤད་པ་དང་བྲིས་པ་ཕལ་ཆེར། ཡིན་པ་མིན་པ་ནས་མིན་པ་ཡིན་པ་དང་། ཡོད་པ་མེད་པ་ནས་མེད་པ་ཡོད་པ་ཤ་སྟག་ལགས་ན། དེ་ནི། ཁྱེད་ཚོས་ཅི་ཞིག་འཆད་པ་དང་འབྲི་བའི་སྐབས་དེར། འདུ་ཤེས་མ་གཙོ་བར་ཚོར་བ་གཙོ་བ་སྟེ། ཕུགས་བསམ་མ་འཁོར་ནས། རེས་གཅིག་ལ་བསམ་བློ་ཤོར་བའི་གོ་འཛོལ་ལ་ཐུག་པ་སུས་མི་ཤེས་ཏེ། ཀུན་ཀྱིས་ཤེས་པ་ཞིག་ལགས་ན། ད་ནི། སྒམ་རླིང་གི་བསམ་བློ་ཞིག་འཁོར་ཐུབ་པ་བྱས་པ་ཟེར་ན་འདྲ། རང་གིས་གཞི་རྩའི་བོད་དང་བོད་དོན་ལ་ཐུགས་ཁུར་གནང་གིན་པ་དེ་རང་གིས་ཤེས་པ་བྱས་ནས། ཆབ་སྲིད་གཙོའི་བོད་དང་བོད་དོན་ཐད་དོན་དག་ཅིག་གླེང་ཚེ། ཕན་མ་བྱུང་ནའང་གནོད་མི་སྐྱེལ་བ་ཞིག་བྱ་དགོས་པ། ཁ་ཚ་དགོས་གཏུག་ཅེས་པ་དེ་རེད། ངས་འདིར་བསམ་པ་རྣམ་དག་གིས་བསམ་འཆར་བཤད་དོན། ང་རང་ཁོམ་ལོང་སྐབས་དྲ་འདིར་བལྟས་པས། འདིའི་སྟེང་གི་གནས་ཚུལ་ཤེས་ཀྱི་ཡོད་པ་དང་གཅིག དྲ་འདིའི་དེང་གི་རྩོམ་དང་རྩོམ་མཆན་ཕལ་མོ་ཆེ་ཆབ་སྲིད་དུ་སྙད་ཆོག་པ་རྐྱང་རྐྱང་མ་གཏོགས། ཞིབ་འཇུག་ཅིག་ཏུ་རློམ་ཆོག་པ་མེད་པ་དང་གཉིས། དྲ་འདིའི་དེང་གི་རྩོམ་དང་རྩོམ་མཆན་མིག་རྫོད་དེ་ཚོས། མ་མཐའ་ཡང་། དྲ་ཐོག་འདིའི་མ་འོངས་པའི་བོད་དང་བོད་དོན་གྱི་གླེང་སློང་མང་པོ་ཞིག་ལ། བག་ཆགས་གཞག་རྒྱུ་ཡིན་པ་ཤེས་པའི་སེམས་ཁྲལ་དང་གསུམ་གྱི་སྟེང་ནས་བཤད་པ་ཡིན། སླར་ཡང་མཇུག་ཏུ་རེ་ཞུ་ཞིག་ནི། བོད་སྤུན་ཚོ། ཁྱེད་ཚོས་ཆབ་སྲིད་བཤད་ལོས་དགོས་ཏེ། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ལད་མོ་རྐྱང་རྐྱང་མ་ཡིན་པ། བོད་མི་རང་གི་ཚུགས་ཀ་ཡོད་པའི་ཆབ་སྲིད་ཅིག་བཤད་ཨེ་ཤེས་བལྟ་རོགས། ལས་ཨེ་ཤེས་བལྟ་རོགས། ཁ་དྲོ་བཀྲ་ཤིས།
གལ་སྲིད།དད་ལོག་ཅན་ཚོས་ནོར་འཁྲུལ་ཡིན་པ་ཤེས་ནས་ད་རུང་གཞན་ལ་མི་ངན་དང་མི་གསོད། དཀྲུགས་ཤིང་སོགས་ཀྱི་སྐྱོན་བརྗོད་བྱས་པ་དེས་སོ་སོ་ཀླད་སྙིང་ཡིན་པ་བསྟན་ཡོད།
དབུ་མ་དད་ལོག་ཁྱེད་རང་ཚོ་ལ་ཤེས་འཇོན་ཡོད་ཚེ།ཁ་སྔོན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་བཙན་བྱོལ་ནང་གི་འོས་བསྡུའི་སྒྲིག་གཞི་དེས་དམངས་གཙོའི་རིན་ཐང་དང་དགེ་དམིགས་ལ་ཐད་ཀར་ངོ་རྒོལ་བྱས་ཏེ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ལ་བཀག་སྡོམ་བྱས་འདུག་ཅེས་བྲིས་པར་དགག་པ་རྒྱོབས་དང་ཚང་མས་ལྟ་ཆོག་གི་རེད།
ཡག་སོང་།
རང་བཙན་མི་ཤེས་དུད་འགྲོ་རིགས།།
རྨོངས་པའི་གཉིད་ལས་སད་རན་ཀྱང་།།
སྒེར་སྤྱོད་སྐྱིན་བཤོངས་ལུང་པ་ནས།།
ཕྱོགས་རིས་གད་རྙིགས་མཐོང་ལགས་སམ།།
སངས་རྒྱས་བསྟན་འཛིན་དབུགས་ཐུམ་བསད།།
དགེ་བཤེས་ཐུབ་བསྟན་བསྡུས་གྲིས་བསད།།
ཀརྨ་ཆོས་འཕེལ་དུག་གིས་ཤི།
སྒྲིགས་འཛུགས་དབུས་མ་ངོ་མཚར་ཆེ།།
དངོས་གནསསྙན་པོའདུག་