མི་འཇིགས་པ།
ལོ་རྒྱུས་ཐོག་བོད་ནི་མི་ལོ་བརྒྱ་ཕྲག་རིང་མངའ་ཐང་དང་སྟོབས་སྦྱོར་ཤིན་ཏུ་ཆེ་བའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཟླ་དུས་ཚེས་གྲངས་གང་ལ་ཡིན་པ་གསལ་པོ་ཞིག་མི་དྲན་ནའང་ངས་ད་དུང་གང་ཞིག་གསལ་པོ་དྲན་གསོས་པ་ནི་ངའི་རོགས་པ་དང་ངེད་གཉིས་ཀྱི་བར་དུ་བྱུང་བའི་སྐད་ཆ་ཚིག་ཀ་གཅིག་རང་གཅིག་ཡིན། “ད་རྦད་དེ་ཚར་སོང་། ྋརྒྱལ་བ་རིན་པོ་ཆ་ཚང་གིས་བཀའ་དེ་འདྲ་ཞིག་གནང་བས། ད་ང་ཚོའི་རེ་བ་རྦད་དེ་བརླགས་སོང་།”སྐད་ཆ་འདི་ནི་ངའི་རོགས་པས་ང་ལ་བྷོ་དྷ་མཆོད་རྟེན་སྐོར་ལམ་ཟུར་གྱི་ཇ་ཁང་ཆུང་ཆུང་ཞིག་ཏུ་བཤད་པ་ཡིན། སྐད་ཆ་འདི་ཁོང་རང་ཉིད་ཀྱི་ཕུགས་འདུན་དང་རེ་སྤོབས་ང་ལ་སྟོན་སྟངས་ཤིག་ཡིན་པ་དང་། ད་ལྟ་ཁོང་གིས་ང་ལ་སྐད་ཆ་འདི་བཤད་ནས་ལོ་ལྔ་འགོར་ཟིན། ལོ་དེ་ནི་༢༠༠༨ ལོའི་དཔྱིད་ཀ་རེད། ལོ་དེའི་སྤྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ལྷ་ས་ནས་བྱུང་བའི་ཞི་བའི་ངོ་རྒོལ་གྱི་རྦ་རླབས་དེ་ཆུ་བོ་རག་ལས་ཤོར་བ་ལྟར་བར་སྐོར་ནས་སྐད་ཅིག་གིས་བོད་ཁམས་ཡོངས་སུ་ཁྱབ་པར་གྱུར། སྐྱ་སེར་ཁྲི་ཕྲག་མང་པོ་ཞི་བའི་ངོ་རྒོལ་དེར་མཉམ་ཞུགས་བྱས་ཤིང་། བོད་མི་བརྒྱ་ཕྲག་མང་པོ་ཞི་བའི་ངོ་རྒོལ་དེའི་ཁྲོད་ནས་ཚེ་སྲོག་རྒྱ་དམག་གི་མེ་མདའི་འོག་ཤོར་བ་དང་། དེ་ལས་མང་བ་རྒྱའི་བཙོན་དུ་ཚུད་པ་རྣམས་དེ་རིང་ད་དུང་བཙོན་དུ་ལྷག་ཡོད། ྋརྒྱལ་བ་རིན་པོ་ཆེ་ཚང་གིས་སྐབས་དེའི་གནས་ཚུལ་ཁ་ཤས་ལ་གཟིགས་ནས་ད་ནས་བཟུང་བོད་མི་མང་རྣམས་དྲག་པོ་ངོ་རྒོལ་གྱི་ལམ་དུ་ཞུགས་པར་བྱས་ཚེ། བདག་གིས་ཆབ་སྲིད་ཀྱི་འགན་དབང་འཕྲལ་མ་ཉིད་དུ་མཚམས་འཇོག་གི་ཡིན་ཞེས་བཀའ་ཕེབས་པ་དང་། དེ་ལ་ངའི་རོགས་པས་བཤད་ན། ད་ལྟ་བོད་ནང་གི་བོད་མི་རྣམས་ཀྱིས་རང་སྲོག་བློས་གཏོང་གིས་ཞི་བའི་ངོ་རྒོལ་འདི་འདྲ་ཆེན་པོ་ཞིག་འབྱུང་བཞིན་པའི་སྐབས་སུ། ྋརྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་དེ་འདྲ་ཞིག་ཕེབས་པ་དེས་བོད་མི་རྣམས་ཀྱི་སེམས་ཤུགས་ཆག་གཞིར་འགྱུར་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་བོད་མིའི་རེ་བ་བརླག་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག་པར་མ་ཟད། ད་དུང་ཁོང་གིས་ཤུགས་རིང་འཐེན་ནས། ྋརྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་དེ་འདྲ་ཞིག་ཕེབས་པར་བློ་ཕམ་གྱི་རྣམ་འགྱུར་སྟོན་གྱིན་འདུག
འོན་ཀྱང་ངའི་མཐོང་སྣང་ནི་ཁོང་གི་ལྟ་ཚུལ་དང་རྦད་དེ་ཤར་ནུབ་དང་གནམ་ས་བཞིན་ལྡོག་ཕྱོགས་ཡིན་པས། བདག་གིས་འཕྲལ་མ་ཉིད་དུ་ཁོང་གི་ངོས་འཛིན་དེ་དངོས་དོན་དང་མི་མཐུན་པའི་རྩོད་གླེང་བྱེད་འགོ་བརྩམས་པ་ཡིན་ལ། ད་དུང་འདི་ལས་ཀྱང་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཞི་རྒོལ་ཞིག་གིས་ང་ཚོའི་མིག་མདུན་ན་བསྒུགས་ཡོད་པའི་སྐོར་ནས་ངས་ཁོང་ལ་མུ་མཐུད་རྩོད་སྒྲུབ་བྱེད་སྐབས་ཇ་ཁང་ཆུང་ཆུང་དེའི་ནང་འཚང་ཀ་ཤིག་ཤིག་གི་མགྲོན་པོ་ཚོས་རྣམ་འགྱུར་ཅི་སྟོན་ལ་ངས་གཏན་ནས་དོ་སྣང་བྱེད་རྒྱུ་མ་བྱུང་། ཡིན་ཡང་། ཉིན་དེར་ལོ་ངོ་གཅིག་གི་རྗེས་ཏེ། ༢༠༠༩ ལོའི་ཟླ་༢ ཚེས་༢༧ ཉིན་ནས་བཟུང་འདི་འདྲའི་བོད་མི་ཤིན་ཏུ་མང་པོ་ཞིག་གིས་རང་ལུས་མེ་སྲེག་གི་ཞི་རྒོལ་བྱེད་ངེས་ཡིན་པ་ཁོང་གིས་ལྟ་ག་ལ་དྲན་ཏེ། ངའི་སེམས་ཀྱི་ཟུར་ཙམ་ལའང་དྲན་མེད་ལ། ད་དུང་ངེད་གཉིས་ཀྱིས་རྩོད་གླེང་བྱེད་ས་དེ་རིང་ནས་རྒྱལ་གཅེས་དཔའ་བོ་ཚེ་སྒྲུབ་ཀྱིས་༢༠༡༣ ལོ་ཟླ་༢ ཚེས་༡༣ ཉིན་གྱི་ཞོགས་ཀ་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་རྒྱུ་ཡིན་པ་དེ་བས་ཀྱང་སུ་གང་གིས་ཤེས་མེད། བདག་གིས་བསམ་ན་དེ་ནི་ང་དང་ང་ཚོས་ཁོང་ཚོའི་ཆོད་སེམས་དང་བློ་སྟོབས། རྟུལ་ཕོད་བཅས་ལ་རྒྱུས་ལོན་ཞན་དྲགས་པའི་ཆ་ཕྱིར་མངོན་སྟངས་ཙམ་རེད། ཡིན་ཡང་ངས་ངའི་རོགས་པ་ནང་བཞིན་ད་ལན། ྋརྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་ཕེབས་པ་དེས་རྐྱེན་བྱས་ནས་ཉིན་དེ་ག་རང་ནས་ཞི་བའི་ངོ་རྒོལ་འདི་དེ་ལྟར་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་བསྐམས་འགྲོ་བ་དང་འོ་འཁོལ་ལ་ཆུ་འཁྱགས་བླུགས་པ་ལྟར་ལྷིང་འཇགས་སུ་འགྲོ་ངེས་ཡིན་པའི་ངོས་འཛིན་གཏན་ནས་བྱེད་ཐུབ་མ་སོང་ལ། དེ་ནི་ངས་ལོ་དེའི་ཞི་རྒོལ་སྒུལ་ཤུགས་ཀྱི་འཕར་རྩ་ངོ་མ་བོ་དེ་གང་དུ་ཟུག་ཡོད་མེད་ཧ་ཅང་གསལ་པོ་ཤེས་ཡོད་པས་ཡིན། ངས་རྒྱུན་དུ་དོ་སྣང་བྱེད་ས་གཙོ་བོ་གཅིག་ནི་བོད་ནང་གི་ན་གཞོན་ཚོའི་ཐོག་ལ་ཡིན། ང་རང་ཉིད་ད་ལྟ་ཁོང་ཚོ་དང་ཁ་ཐག་ཅི་བས་རིང་ས་ཞིག་ཏུ་ཡོད་ནའང་། ངས་རྒྱུན་དུ་དྲ་རྒྱུའི་བརྒྱུད་ལམ་ཐོག་ནས་བོད་ནང་གི་ན་གཞོན་ཚོའི་སེམས་ཀྱི་ན་ཟུག་དང་བློ་སྤོབས། རེ་བ་དང་ཆོད་སེམས། སྙིང་སྟོབས་དང་རྟུལ་ཕོད་སོགས་ཀྱི་ཆ་རྣམས་ཕྱིར་མངོན་སྟངས་ཐད་ཧ་ཅང་མཉམ་བཞག་ནས་དཔྱད་ཞིབ་ཀྱིས་བལྟས་བསྡད་པ་ཡིན།
དེ་ལྟ་ནའང་། བདག་གི་ལྟ་སྟངས་གང་ཞིག་ལ་ནོར་འཁྲུལ་གཅིག་རང་གཅིག་བྱུང་བ་དེ་ནི་ད་ལྟ་འབྱུང་བཞིན་པའི་ཞི་རྒོལ་ཆེན་མོ་འདི་ངའི་ཚོད་དཔག་གི་རྒྱ་ལས་འགོངས་པ་དེ་རེད། ཁ་ཇེ་གསལ་དུ་བཏང་ནས་བཤད་ན་དེ་ནི་བྱུང་བ་ཧ་ཅང་སྔ་དྲགས་པ་དང་ངོ་བོ་ཧ་ཅང་གཏིང་ཟབ་པ་དེ་རེད། བདག་གིས་སྐབས་དེར་ད་དུང་མུ་ནས་མུར་ཞི་རྒོལ་འབྱུང་ངེས་ཡིན་པའི་ཚོད་དཔག་བྱས་ཡོད་ནའང་། འདི་འདྲའི་ཚད་གཞི་མཐོ་ཤོས་དང་ཟབ་ཤོས་ཀྱི་ཞི་རྒོལ་ཞིག་འབྱུང་བའི་ཚོད་དཔག་བྱས་མེད་ལ། འདི་འདྲའི་ཞི་རྒོལ་ཞིག་གང་མགྱོགས་མགྱོགས་འབྱུང་བའི་ཚོད་དཔག་དེ་བས་ཀྱང་གཏན་ནས་བྱས་མེད། ཐ་ན་གོང་གི་ངའི་ཚོད་དཔག་དེ་ལ་ཉིན་གཅིག་རྒྱ་གར་པའི་ཇ་ཁང་ཆུང་ཆུང་ཞིག་ཏུ་ཇ་འཐུང་སྐབས་བོད་ནས་གསར་དུ་བསླེབས་མ་ཐག་པའི་ངའི་གྲོགས་པོ་ཞིག་གིས་ཀྱང་གཏན་ནས་མོས་མཐུན་བྱས་མ་སོང་། སྒྲུང་ལྟ་བུའི་བདག་གི་སྐད་ཆ་འདི་ལ་བརྟེན་ནས་ད་ལྟ་ང་ཚོས་རང་བཙན་བསྐྱར་གསོའི་སྐོར་སྐད་ཆ་ཚིག་ཀ་གཅིག་གིས་བཤད་ཆོག གལ་སྲིད་རང་བཙན་ཞེས་པའི་ཐ་སྙད་འདི་བོད་མི་ཞིག་ཡིན་པའི་དབང་དུ་བཏང་ནས་བཤད་ན། ཧ་ལས་པའི་བོད་མི་སྡུག་ཅག་ཅིག་རེད། འདིས་རྒྱ་ནག་ལྟ་ཅི། བཙན་བྱོལ་ནང་གི་ཕྱོགས་ཁག་མང་པོ་ཞིག་ལའང་ཕོག་ཐུག་བཟོས་ཡོད། ཨ་ལེ། ཀུ་རེ་ཡིན། ད་ལྟ་རྒྱལ་སྤྱིའི་ཐོག་མི་མང་པོ་ཞིག་གིས་བོད་ཀྱི་རང་བཙན་བསྐྱར་གསོ་ནི་འབྱུང་མི་སྲིད་པ་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་ནའང་། ང་ཚོས་འཛམ་གླིང་རིལ་རིལ་འདིའི་ལོ་རྒྱུས་ས་ལ་བཀྲམ་ནས་བལྟས་ཚེ། ཁོང་ཚོའི་དེ་ལྟའི་ལྟ་ཚུལ་བཟུང་བ་དེར་བདག་གིས་བརྒྱ་ཆ་བརྒྱ་འགྲིགས་ཡོད་པའི་བདེན་ཁ་སྟེར་ཐུབ་པ་མི་འདུག
རང་བཙན་བསྐྱར་གསོ་ནི་མི་ལོ་ལྔ་བཅུ་དང་། ཡང་ན་ལོ་བརྒྱའི་དམིགས་འབེན་དུ་འཛིན་མི་རུང་། ཁྱེད་ཀྱི་སེམས་ལ་ཉུང་མཐའ་ལོ་ངོ་སྟོང་གི་དམིགས་འབེན་འཛིན་དགོས། ལོ་ངོ་སྟོང་། ཁྱེད་ཀྱིས་ལོ་ངོ་སྟོང་གི་དམིགས་འབེན་བཟུང་ཚེ། རང་བཙན་བསྐྱར་གསོ་བྱེད་རྒྱུ་དེ་ཤིན་ཏུ་ནས་ཀྱང་སླ་བོ་ཞིག་ཡིན། དེ་བས་ཁྱོད་ཀྱིས་རང་བཙན་བསྐྱར་གསོ་ཐད་ཉུང་མཐའ་ལོ་ངོ་སྟོང་གི་དམིགས་འབེན་འཛིན་དགོས་པ་ཡིན། ང་ཚོས་དམིགས་ཡུལ་གྱི་རྒྱང་ཐག་ཧ་ཅང་ཐུང་དྲགས་པའི་རྐྱེན་གྱིས་ནམ་རྒྱུན་བྱ་བ་ཕྲན་ཚེགས་ཤིག་བསྒྲུབ་རྒྱུ་ཡང་ཤིན་ཏུ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། ང་ཚོས་ལས་ཀ་གང་ཞིག་བསྒྲུབ་རྒྱུའི་དམིགས་ཡུལ་གྱི་རྒྱང་ཐག་ཇི་ལྟར་ཐུང་ན་དེ་ལྟར་ང་ཚོ་ལ་ལས་ཀ་དེ་སྒྲུབ་རྒྱུར་དཀའ་ངལ་དང་འགལ་རྐྱེན་འཕྲད་ཀྱི་ཡོད། དེར་བརྟེན། ང་ཚོས་དམིགས་ཡུལ་རྒྱང་དུ་བསྲིངས་ན། ལོ་ངོ་སྟོང་གི་རྗེས་ཀྱི་དེ་རིང་གི་ཉིན་མོར་འདིར། རང་བཙན་གྱིས་བོད་མི་མང་ལ་བསྒུགས་ནས་བསྡད་ཡོད་པ་དང་། དེ་ནི་ངས་གནམ་འོག་གི་བོད་ཀྱི་ན་གཞོན་ཚོའི་བློ་སྟོབས་དང་། ཆོད་སེམས། རྟུལ་ཕོད་བཅས་ལས་དེ་ལྟར་ཡིན་པ་མཐོང་བས་བདག་གིས་དེ་རིང་འདིར་དེ་ལྟར་བཤད་པ་ཡིན།
ཡ་དེ་རིང་ཡང་འདིར་ཁོངས་ལུང་རྩ་ནས་མེད་པའི་སྐད་ཆ་ཤོད་མཁན་སྡོམ་པོ་ཞིག་སླེབས་སོང་་་ཨ་ཁ་་་ཟ་དང་ཟུར་ནས་སྐྱབས་མགོན་རིན་པོ་ཆེས་མ་འཇོན་མདོག་མདོག་གིས་མ་ཉེས་ཁ་གཡོ་བྱེད་མཁན་ཞིག་སླེབས་སོང་།
གྲོགས་པོ་ཚོ་ལྟོས་དང་སྐྱབས་མགོན་རིན་པོ་ཆེས་འདི་འདྲ་ཞིག་གསུངས་ཕོད་ཀྱིན་རེད་དམ།
ྋརྒྱལ་བ་རིན་པོ་ཆེ་ཚང་གིས་སྐབས་དེའི་གནས་ཚུལ་ཁ་ཤས་ལ་གཟིགས་ནས་ད་ནས་བཟུང་བོད་མི་མང་རྣམས་དྲག་པོ་ངོ་རྒོལ་གྱི་ལམ་དུ་ཞུགས་པར་བྱས་ཚེ། བདག་གིས་ཆབ་སྲིད་ཀྱི་འགན་དབང་འཕྲལ་མ་ཉིད་དུ་མཚམས་འཇོག་གི་ཡིན་ཞེས་བཀའ་ཕེབས་པ་དང་། དེ་ལ་ངའི་རོགས་པས་བཤད་ན། ད་ལྟ་བོད་ནང་གི་བོད་མི་རྣམས་ཀྱིས་རང་སྲོག་བློས་གཏོང་གིས་ཞི་བའི་ངོ་རྒོལ་འདི་འདྲ་ཆེན་པོ་ཞིག་འབྱུང་བཞིན་པའི་སྐབས་སུ། ྋརྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་དེ་འདྲ་ཞིག་ཕེབས་པ་དེས་བོད་མི་རྣམས་ཀྱི་སེམས་ཤུགས་ཆག་གཞིར་འགྱུར་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་བོད་མིའི་རེ་བ་བརླག་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག་པར་མ་ཟད། ད་དུང་ཁོང་གིས་ཤུགས་རིང་འཐེན་ནས། ྋརྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་དེ་འདྲ་ཞིག་ཕེབས་པར་བློ་ཕམ་གྱི་རྣམ་འགྱུར་སྟོན་གྱིན་འདུག
ལུས་སྲོང་བཏང་ནས་ངོ་རྒོལ་བྱས་པ་བས་ ཨོ་རྒྱན་བླ་མར་མོས་གུས་རྩེ་གཅིག་པས་ གསོལ་བ་ཕུར་ཚུགས་བཏབ་པ་ན་དེ་བས་ལེགས ལྷ་འདྲེའདྲེ་ལྷར་བལྟ་བའི་དུས་འདི་ཅི
འདྲེ་རྐང་ཐོ་ལགས། སྐུ་ཉིད་ཀྱིས་ངའི་རྩོམ་ཡིག་ཡག་པོ་བྱས་ནས་ཀློགས་དང་ངས་ཅི་ཞིག་བཤད་རྩིས་བྱེད་ཀྱི་ཡོད་མེད་གསལ་པོ་ཤེས་ཀྱི་རེད།
བྷོ་དྷ་མཆོད་རྟེན་ཞེས་པར བོ་དྷ་མཆོད་རྟེན། ཞེས་ བྱང་ཆུབ་མཆོད་རྟེན་ བྱིན་རླབས་ཀྱིས་བོད་ཀྱི་རིང་ལུགས་དར་བར་གྱུར་ཅིག ཅེས་སོ།།
མི་འདིས་སོ་སོའི་བསམ་འདུན་གྲོགས་པོའི་བསམ་ཚུལ་གྱི་རིས་སུ་ཕབ་ཏེ་༧སྐྱབས་མགོན་རིན་པོ་ཆེར་སྐྱོན་བརྗོད་བྱས་པ་དང་འབྲེལ།སོ་སོའོ་བསམ་ཚུལ་ཐ་དད་དུ་སྟོན་ཁུལ་གྱིས་དཀར་འདོན་བྱས་འདུག་མོད།དོན་གྱིས་སྐབས་དེའི་༧གོང་ས་མཆོག་གི་དགོངས་ཚུལ་ངོ་མ་རྟོགས་མ་ཐུབ་པར་ཧོལ་རྒྱུགས་གནང་གི་འདུག
༢༠༠༨ལོའི་ཡར་ལངས་སྐབས་༧གོང་ས་ནས་ལྡི་ལེ་ཨ་ཤོཀ་མགྲོན་ཁང་དུ་གསར་འགོད་པ་བརྒྱ་ཕྲག་མང་པོར་བཀའ་གནང་དུས།གལ་ཏེ་བོད་མི་རྣམས་དྲག་སྤྱོད་ཀྱི་ལམ་དུ་ཞུགས་ན་ངོས་ནས་དགོངས་ཞུ་གནང་རྒྱུ་ཡིན་ཟེར་བ་དེ།སྔ་མོ་༨༠གྱ་གྲངས་ནང་ལྷ་སའི་ཡར་ལངས་སྐབས་ཀྱང་ཡོངས་གྲགས་སུ་བཤད་པ་ཡིན་ལ།ད་རེས་ཀྱང་བཤད་ཀྱིན་ཡོད་པ་ནི་བོད་མི་ཚོས་དྲག་སྤྱོད་གནང་གི་འདུག་ཅེས་བརྗོད་ཀྱི་མེད་པར།བོད་མི་རྣམས་ཛ་དྲག་སྐབས་དྲག་སྤྱོད་ཀྱི་ལམ་དུ་ཞུགས་མི་རུང་བའི་གསལ་འདེབས་ཡིན་ཞེས་གསུངས་སོང་།འོན་ཀྱང་།ཚགས་པར་གྲགས་ཅན་ཁག་ཅིག་གི་འགོ་བརྗོད་དུ་(བོད་མིས་དྲག་སྤྱོད་བྱས་ན་ངོས་ནས་དགོངས་ཞུ་གནང་རྒྱུ་)ཞེས་བཀོད་སོང་བས།མི་མང་པོ་ཅིག་འགོ་འཐོམས་པ་རེད།
དགོངས་དག ༧གོང་ས་མཆོག་གི་མཚན་བཤམ་དུ་ཚང་ཚང་ཟེར་བས་སྣང་བ་འགྲོ་མ་སོང་།
འོ་བོད་ལ་དམ་དྲག་བྱེད་དེ་སྒོ་ཕྱི་ནང་གི་བར་ལ་ཐོན་རྒྱུར་ཆོག་མཆན་ཞུ་དགོས་འདུག་ཟེར། ད་ཡང་བལ་ཡུལ་དུའང་དེ་འདྲ་ཡོང་རྒྱུ་རེད་འདུག་བལ་ཡུལ་དང་རྒྱ་གར་དབར་ལ་རྣམ་ཀུན་འགྲོ་འོང་སྟབས་བདེ་ཡོད་ཀྱང་ད་ནི་ཆུ་རྐ་བཅད་པ་བཞིན་མི་འབྱུང་བའི་ངེས་པའང་མི་འདུག
ཚང་ཚང་ལབ་ན་འོས་པོ་མི་འདུག ཚང་ལ་རྣམ་གྲངས་པོ་ཡོད། མི་ཚང་ ཤིག་ཚང་ རྐྱག་ཚང་ བྱེ་ཚང་ ཕག་ཚང་ བ་ཚང་ སྤྱང་ཚང་ འབུ་ཚང་ སོགས་མང་པོ་ཡོད་ བོད་ཀྱིས་གནས་ཚུལ་དེར་རྒྱལ་སྤྱི་སྟེང་ཡོངས་གྲགས་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ཚང་མ་ཤེས་པ་དགོས་།
བལ་ཡུལ་དང་རྒྱ་གར་བར་གྱི་འགྲོ་ལམ་སྟབས་བདེ་དེ་ཟླ་བ་ཁ་ཤས་སྔོན་ནས་སྟབས་མི་བདེ་བ་བཟོས་ཟིན་པ་རེད། དེ་ཡང་ཚང་མས་ཤེས་པར་གྱིས་ཤིག ངས་འདི་ལྟར་བཤད་པ་ཡང་སྐབས་འཚོལ་བ་འགའ་རེས་ལོགས་འགྲེལ་མི་འབྱུང་བའི་ཆེད་དུ་ཡིན།
སྤྱིར་ནི་ཚང་ཚང་ཟེར་བ་ཇག་ཚང་རེད་ཟེར་བའང་ཐོས།
འགའ་ཞིག་གིས་ལོག་འགྲེལ་བྱས་སོང།
ལོག་འབྲེལ་བྱ་མི་ཉན་ཁོང་གིས་བཤད་པ་ནི་ཁག་ཡོད་ལག་ཡོད་ཅིག་རེད་སྙམ།
ྋརྒྱལ་བ་རིན་པོ་ཆ་ཚང་གིས་བཀའ་དེ་འདྲ་ཞིག་གནང་བས། ད་ང་ཚོའི་རེ་བ་རྦད་དེ་བརླགས་སོང་། ཚིག་འདི་སྙན་པོ་རང་མི་འདུག། བོད་མི་རིགས་ཀྱི་རེ་བ་གསོན་པོར་གནས་ཡོད་ཞུ།
༄། སྒྲུང་ཅིག་གོ་སོང་འདི་དངོས་གནས་རེད་། སྔོན་མ་George w bush སྲིད་འཛིན་ཡིན་པའི་སྐབས་སུ་བོད་ནས་ཨ་མ་ལགས་ཞིག་བུ་ཐུག་ཁ་ཨ་རིས་རྒྱལ་ས་Washington dc སླེབ་འདུག་། ཟླ་ཤས་རྗེས་སུ་བུ་དང་མཉམ་དུ་ཕྱི་ལོག་ལ་འགྲོ་བའི་སྐབས་ཞིག་ལ་ཕོ་བྲང་དཀར་པོའི་མདུན་དུ་མི་མང་པོ་ཞིག་གིས་སྲིད་འཇིན་ལ་ངོ་རྒོལ་བྱེད་པ་མཐོང། བུ་ལ་བུ་འདི་ག་རེ་བྱེད་གི་ཡོད་རེད་ལབ། བུས་ཨ་མ་ལགས་འདི་སྲིད་འཛིན་ལ་ཨེ་རག་ལ་དམག་རྒྱབ་པར་ངོ་རྒོལ་བྱེད་ཀྱི་ཡོད་རེད་ལབ། ཨ་མས་གཟིགས་རྗེད་རེད་། དངོས་གནས་རངདབང་དམངས་གཙོའི་ལུང་པ་ཟིར་ཡག་དེ་འདྲ་མི་འདུག་ལབ། དེ་ནས་བུས་ཨ་མ་ལ་ཨ་མ་ལགས་གལ་སྟེ་༧གོང་ས་མཆོག་གི་ཕོ་བྲང་མདུན་ལ་བོད་མིས་ངོ་རྒོལ་བྱེད་ན་ག་རེ་བསམ་ས་རེད་ལབ། ཨ་མས་ལྟས་ངན་རྣམ་རྟོག་རེད་ཅེས་ལབ་འདུག།
ངག་དབང་ནས་སྒྲུང་དེ་དངོས་གནས་སྙེན་པོ་འདུག། ང་ཚོ་བོད་པ་ཚང་དམངས་གཙོ་ཡང་དག་པ་ཞིག་ད་དུང་ཡང་ཤེས་ཀྱི་མེད།
རྨོང་དད་ཆེ་དྲ་ན་བོད་ཕུང། རྒྱལ་བ་རིན་པོ་ཆེས་ཞལ་ནས་ཤེས་ནས་དད་པ་ཐུབ་པ་ཞེས་ཡང་ཡང་གསུང་གི་འདུག་། ཨ་མ་རྒན་མོ་དེ་དངོས་དད་ཆེན་པོ་རེད་