བོད། ལྷ་ཀླུ་གཉན་གསུམ།
བསམ་བློ་རང་བཙན་ཆེད་དུ་འཁོར་བཞིན་ཡོད།
གོམ་པ་རང་བཙན་ཆེད་དུ་སྤོ་བཞིན་ཡོད།
སྐད་ངག་རང་བཙན་ཆེད་དུ་འདོན་བཞིན་ཡོད།
འཚོ་བ་རང་བཙན་ཆེད་དུ་འཚོ་བཞིན་ཡོད།
ང་ལ་རང་བཙན་དགོས། རང་བཙན།
ང་ཡི་སྐད་དང་ཡི་གེར་རང་བཙན་དགོས།
ང་ཡི་རིགས་དང་རུས་པར་རང་བཙན་དགོས།
ང་ཡི་གཤིས་དང་སྲོལ་ལ་རང་བཙན་དགོས།
ང་ཡི་འགྲོ་འདུག་ཀུན་ལ་རང་བཙན་དགོས།
ང་ལ་རང་བཙན་དགོས། རང་བཙན།
རྒྱ་ལ་རང་བཙན་ཡོད་པ་སྐྱིད་ཀི་མོད།
བོད་ལ་རང་བཙན་མེད་པ་སྡུག་གི་ཡོད།
ཐོབ་དང་གོ་ས་མེད་པའི་སྐྱབས་བཅོལ་བ།
རང་བཙན་ཆེད་དུ་ཁ་ལག་མཉམ་འགུལ་བྱོས།
ང་ལ་རང་བཙན་དགོས། རང་བཙན།
བོད་པའི་རང་བཙན་རྒྱ་ཡིས་འཕྲོག་པ་རེད།
ད་ནི་ཕྱིར་ལ་སྤྲོད་པའི་དུས་ཤིགས་ཡིན།
དེ་མིན་ང་ཡི་རིགས་འདི་ཡར་བླངས་ན།
རྒྱ་གཞུང་དམར་པོའི་རྒྱལ་ཁབ་བདེ་འཇགས་མེད།
ང་ལ་རང་བཙན་དགོས། རང་བཙན།
བོད་ཀྱི་བྱེས་སུ་འཚོ་བའི་གླུ་བ་གླུ་མ་སུ་ཡིས་རང་བཙན་གླུ་འདི་ལེན་འདོད་ཡོད་ཚེ། ང་ལ་འབྲེལ་བ་མ་བྱས་པར་ཐད་ཀར་སྐད་ཤུགས་ཆེན་པོས་སྒོ་ནས་ལེན་རོགས་ཞུ་ཟེར་ནས་རང་བཙན་གླུ་ཚིག་འདི་སྤེལ་བ་ཡིན།
རང་བཙན་གླུ་རུ་བླངས་ནས་ལོ་མང་འགོར།
རང་བཙན་རླུང་རྟར་དཔར་ནས་ལ་ལུང་བཀང་།
རང་བཙན་ཚོང་རྭར་བཀྲམས་ནས་རྒྱལ་སྤྱིར་སླེབས།
རང་བཙན་གླེང་རྒྱུ་ང་ཚོའི་ལྟོ་དོན་རེད།
གཞིས་ལུས་མི་མང་བསམ་ན་སྙིང་རེ་རྗེ།
གསར་འབྱོར་ཞེ་དྲངས་དེ་ཚོའང་སྙིང་རེ་བརྗེ།
རང་བཙན་བསམ་ནས་རང་སྲོག་གཏོང་བའི་རྗེས།
རང་བཙན་ཚོང་བས་ཁེ་ཕོག་ལྷོད་ཀྱིས་བཞེས།
རང་དབང་རང་བཙན་ང་ཡི་ལྟ་བ་ཡིན།
བོད་དངུལ་རྒྱལ་དར་ང་ཡི་སྒྲུབ་བྱེད་ཡིན།
ཕྱོགས་ལས་རྣམ་རྒྱལ་ང་ཡི་རྒྱལ་ཁབ་ཡིན།
ཆོལ་གསུམ་སྤུན་ཟླ་དེ་ཡི་མངའ་འབངས་རེད
ལྷ་གླུ་གཉན་གསུམ་ང་ཡི་འཐབ་གྲོགས་ཡིན།
དགོས་མཁོ་བྱུང་ན་མདུན་ལ་འདོན་རྒྱུ་ཡིན།
རང་དབང་རང་བཙན་ང་ཡི་རྨི་ལམ་ཡིན། །
རྨི་ལམ་མངོན་འགྱུར་བོད་མིའི་ལས་དབང་རེད། །
རང་བཙན་གཙང་མའི་རྒྱལ་ས་མ་ཐོབ་ན། །
རྒྱ་མིའི་འོག་ལ་མི་འགྲོ་སེམས་ཐག་ཡིན། །
རྒྱ་མིར་རང་དབང་བདེ་སྐྱིད་མེད་པ་འདྲ།
གན་མ་བདེ་སྒོ་མོའི་ཐང་ཆེན་ཁྲག་གིས་སྦངས།
བོད་མི་སྡུག་བསྔལ་རྒྱ་མཚོར་ལྷུང་མེད་འདྲ།
གང་སར་གླུ་གར་རྩེད་འཇོ་ཆད་པ་མེད།
འདྲེ་རིག་ལྡན་ལགས།
རང་བཙན་གླུ་རུ་བླངས་པ་བདེན་པ་རེད།
བོད་ནི་རང་བཙན་རྒྱལ་ཁབ་ཡིན་མིན་ཐད།
སྔོན་བྱོན་ལོ་རྒྱུས་རི་མོར་གསལ་ན་ཡང་།
བདེན་པའི་གླུ་ལ་ལག་པའི་འགུལ་ཤུགས་དགོས།
ང་ལ་རང་བཙན་དགོས། རང་བཙན།
ཞི་དྲག་གཉིས་ལྡན་བོད་མིས་མ་བྱས་ན།
འཚེ་མེད་ལས་ཀྱི་མདུན་བསྐྱོད་མ་སྒྲུབ་ན།
ཚུར་ལ་སྤྲོད་པ་མི་སྲིད་རྒྱ་སྐྱག་ཚང་།
སྐྱིད་པོ་ཉལ་ནས་བསྡོད་སྟབས་གླུ་འདི་ཤོར།
ང་ལ་རང་བཙན་དགོས། རང་བཙན།
ཚེ་བསམ་ལགས།
ཆོད་སེམས་ཆིག་སྒྲིལ་བསམ་བློའི་རྒྱབ་སྐྱོར་འདི།
རིགས་ཀྱི་ན་ཟུག་སྐྱེ་བའི་ངར་ཤུགས་དེ།
དགོས་པའི་དུས་ལ་ངག་ནས་གསུངས་པ་ལ།
སེམས་ཀྱི་གཏིང་ནས་དགའ་བཞིན་སྤྲོ་བཞིན་དུ།
ང་ལ་རང་བཙན་དགོས། རང་བཙན།
སང་འཆི་ནངས་འཆི་མ་ངེས་འཁོར་བའི་གྲོང་།
འགྲོ་འདུག་རང་དབང་མེད་པ་སྐྱབས་བཅོལ་མི།
བོད་ཀྱི་བདེ་སྡུག་ཐག་གཅོད་རང་བཙན་གླུ།
འགོ་རྐང་ས་ལ་འཐིམ་རེག་བར་དུ་ལེན།
ང་ལ་རང་བཙན་དགོས། རང་བཙན།
དམག་ལོག་ལགས།
བོད་ཞེན་དྲི་མེད་སྙིང་གི་འགུལ་ཤུགས་ཉིད།
གློ་བུར་ངག་ནས་དབང་མེད་ཤོར་བ་དེར།
བསམ་ཞིང་བསམ་ན་བདེན་པ་རྫུན་མི་འགྱུར།
དེ་ཡི་ཆེད་དུ་ང་ཚོས་མཉམ་གླུ་ལེན།
ང་ལ་རང་བཙན་དགོས། རང་བཙན།
ལྷ་མོ་དོན་གྲུབ་ལགས།
རྒྱ་ལ་རང་བཙན་ཡོད་པས་རྒྱའི་སྐད་ཡིག
འཛམ་གླིང་ཕྱོགས་བཞིའི་མཚམས་སུ་ལས་ཀ་རེག
བོད་ལ་རང་བཙན་མེད་པའི་རང་ས་ནས།
རང་གི་སྐད་ཡིག་ཐོབ་ཐང་ཤི་བཞིན་ཡོད།
ང་ལ་རང་བཙན་དགོས། རང་བཙན།
རྒྱ་མི་བོད་དུ་སླེབས་ཀྱང་ལས་ཀ་ཡོད།
བོད་མི་ནང་དུ་བསྡད་ཀྱང་ཟ་རྒྱུ་ཁག
འདི་གཉིས་ཁྱད་པར་བསམ་ནས་ཀུ་ཞིག་ཐོབས།
བོད་ལ་རང་བཙན་མེད་པའི་སྡུག་བསྔལ་ཡིན།
ང་ལ་རང་བཙན་དགོས། རང་བཙན།
རྒྱ་རྒན་ཚང་གི་སྟོབས་ཤུགས་ཇེ་ཆེ་རེད། །
བོད་པ་ཚང་ནི་སེམས་ཤུགས་ཇེ་ཆུང་རེད། །
རང་བཙན་རྨི་ལམ་ནང་གི་མཛེས་མ་རེད། །
རང་སྐྱོང་ཙམ་ཞིག་ཉིན་གཅིག་རེག་ན་ཐང་། །
རྩམ་དགའ་ལགས།
རྒྱ་ནག་གཞུང་གི་སྲིད་ཇུས་མཁྲེགས་ན་ཡང་།
བོད་ཀྱི་བདག་པོ་བོད་མི་རང་ཡིན་པར།
བདེན་དབུང་བྱེད་ལ་ཕྱོགས་པའི་གངས་ཅན་པ།
ད་ལྟ་འཛམ་གླིང་གང་སར་འཚར་བཞིན་ཡོད།
ང་ལ་རང་བཙན་དགོས། རང་བཙན།
འཛམ་གླིང་གང་སར་བོད་རིགས་མང་ན་ཡང་། །
རང་སྲོག་བློས་བཏང་ཐུབ་མཁན་དཀའ་ཚོད་རེད། །
རྒྱ་ནག་གཞུང་འདི་དམངས་ཚོགས་མ་འགྱུར་བར། །
བོད་ལ་རང་དབང་ཐོབ་རྒྱུ་ཁག་པོ་རེད། །
དེ་ལས་བཙན་བྱོལ་གཞུང་དང་སློབ་གྲྭ་ཁག །
བོད་མི་འདུས་སྡོད་བྱེད་སའི་གཞིས་ཆགས་བཅས། །
ཚགས་ཚུད་སྲ་བརྟན་ཡོང་བར་འབོད་བསྐུལ་རེ། །
གནང་ན་དགེ་མཚན་ཅི་བས་ཆེ་བར་སེམས། །
ལྷག་པར་དུ་ཡང་བཙན་བྱོལ་སློབ་གྲྭ་འགར། །
རང་རིགས་སྐད་ཡིག་རྩ་བར་མ་བཞག་པར། །
གཞན་ཡིག་དང་བོར་བཞག་པའི་ངང་ཚུལ་འདིས། །
རང་བཙན་ཐོབ་པ་དཀའ་བའི་བརྡ་ཞིག་བསྟན། །
མི་ཡི་རིགས་ལ་རང་དབང་དགོས་པ་དེ། །
མཐོ་དམན་བར་གསུམ་མེད་པ་འདྲ་འདྲ་ཉིད། །
རང་དབང་དོན་ལ་ཡོད་ཚད་བློས་བཏང་བའི། །
སྙིང་སྟོབས་ཅན་གྱི་སྐྱེ་བོ་ཉུང་ཉུང་རེད། །
རང་བཙན་གླེང་མཁན་མང་བས་དགའ་བ་ལ།
ཁ་བཤད་ལག་ཐོགས་མེད་པས་སྐྱོ་བ་ལ།
སློབ་ཕྲུག་ཁྲི་ཕྲག་ཡོད་པས་དགའ་བ་ལ།
རང་སྐྱ་འཕེར་མཁན་མེད་པས་སྐྱོ་བ་ལ།
རང་བཙན་སྒྲུབ་བྱེད་མང་བས་དགའ་བ་ལ།
དོ་གནང་བྱེད་མཁན་ཉུང་བས་སྐྱོ་བ་ལ།
དགའ་སྐྱོ་གཉིས་ལྡན་རང་བཙན་གླུ་སྒྲ་དེ།
ཚོར་སྣང་ཞིག་གིས་དེ་ལྟར་བྲིས་ལགས་སོ།
རང་བཙན་གླེང་མཁན་མང་བས་དགའ་བ་ལ།
ཁ་བཤད་ལག་ཐོགས་མེད་པས་སྐྱོ་བ་ལ།
སློབ་ཕྲུག་ཁྲི་ཕྲག་ཡོད་པས་དགའ་བ་ལ།
རང་སྐྱ་འཕེར་མཁན་མེད་པས་སྐྱོ་བ་ལ།
རང་བཙན་སྒྲུབ་བྱེད་མང་བས་དགའ་བ་ལ།
དོ་གནང་བྱེད་མཁན་ཉུང་བས་སྐྱོ་བ་ལ།
དགའ་སྐྱོ་གཉིས་ལྡན་རང་བཙན་གླུ་སྒྲ་དེ།
ཚོར་སྣང་ཞིག་གིས་དེ་ལྟར་བྲིས་ལགས་སོ།
རང་བཙན་ཆེད་དུ་རང་ལུས་མེ་རུ་བསྲེགས།
རྩ་ཆེན་ཚེ་སྲོག་ས་ཡ་དྲུག་ལ་ཕུལ།
རླབས་ཆེན་མཛད་རྗེས་ང་ཚོས་བརྗེད་མི་རུང་།
ཕུན་ཚོགས་ཐུབ་སྟན་གཉིས་ཀྱི་བློས་གཏོང་དེ།
གཞིས་བྱེས་གཉིས་ནས་བསྔགས་པའི་མེ་ཏོག་གཏོར།
སྤྱི་པའི་དོན་དུ་རང་ཉིད་བློས་གཏོང་གིས།
རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་ཞུས།
དེ་དག་ཚང་མ་རང་བཙན་ཆེད་ཡིན་པས།
བོད་འབངས་ཡོངས་ནས་མ་བརྗེད་སེམས་ལ་ཞོག
བོད་ལ་རྒྱལ་རབས་ལོ་རྒྱུས་གནའ་ནས་ཡོད།
འོན་ཀྱང་བོད་ཡིག་དར་ཁྱབ་ཡེ་ནས་མེད།
བོད་ལ་རང་ས་རང་དབང་་སྔར་ནས་ཡོད།
འོན་ཀྱང་རང་དོན་ལག་པ་སྔོན་ནས་ཆད།
ལྷ་མོ་དོན་གྲུབ་ལགས་
བོད་ཀྱི་རྒྱལ་རབས་་སྔར་ནས་ཡོད་ན་ཡང།
དེང་གི་དུས་སུ་ལོ་རྒྱུས་ཤེས་མཁན་ཉུང།
ཤེས་པ་ཚོས་ཀྱང་རང་བཙན་གླིང་གི་མེད།
དེས་རྐྱེན་ང་ཚོ་རང་བཙན་གླུ་ཆུང་ལེན།
རྩམ་དགའ་ལགས།
གནས་ལུགས་ཁྲིམས་དང་མཐུན་པ་བསྟུན་ཆེ་ན།
རང་གི་དོན་དང་སྤྱི་བའི་སྒྲིག་ལམ་སོགས།
བོར་ནས་ཚར་ལ་ཉེ་བའི་བཙན་བྱོལ་ན།
རང་བཙན་མེ་ཁ་གསོ་བའི་མི་རབས་ཡོད།
ང་ལ་རང་བཙན་དགོས། རང་བཙན།
རང་སྐད་དང་བོར་བཞག་པའི་བོད་ཁྱིམ་དག
རྒྱལ་གཅེས་ལྷག་བསམ་ཅན་གྱི་སློབ་ཕྲུག་མང་།
རང་སྐད་བཤད་པ་སྔ་ནས་ཤར་སེ་ཡིན།
བོད་ཡིག་འབྲི་སྤྱོད་ཕྱོགས་ལ་འདུར་བཞིན་ཡོད།
ང་ལ་རང་བཙན་དགོས། རང་བཙན།
ཉུང་ཉུང་ཡིན་པ་དམིགས་དཔེར་འཛིན་ཐུབ་ན།
གཅིག་ནས་བཅུ་དང་བཅུ་ནས་བརྒྱ་ཕྲག་བར།
གོམ་པ་སྤོ་ལ་རིགས་སྐུལ་བྱེད་ཐུབ་ཚེ།
རང་བཙན་ལོན་པར་བདག་གིས་ཡིད་ཆེས་བྱེད།
ང་ལ་རང་བཙན་དགོས། རང་བཙན།
ཚེ་བསམ་ལགས།
བྱེས་སུ་སློབ་ཕྲུག་མང་བ་བདེན་པ་རེད།
བོད་ཡིག་ཤེས་ཚད་སྐྱོ་བ་དེ་བས་བདེན།
འོན་ཀྱང་རང་ཉིད་བོད་མི་ཡིན་པ་དེར།
རྩ་བའི་བླ་མས་བཀའ་གསུང་གཙུག་དུ་འཛིན།
ང་ལ་རང་བཙན་དགོས། རང་བཙན།
སྔོན་བྱོན་དམ་པའི་ཤུལ་རྗེས་གསེར་ལས་ལྷག
ད་ལྟའི་དབའ་རྒོད་རྣམས་ཀྱི་ལུས་སྲོག་གིས།
རང་བཙན་གཙང་མའི་ཆེད་དུ་མར་མེར་སྒྲོན།
ང་ཚོས་བསྐལ་བའི་བར་དུ་བརྗེད་ཐབས་མེད།
ང་ལ་རང་བཙན་དགོས། རང་བཙན།
ཤི་གསོན་མཚམས་སུ་ཡོད་པའི་གངས་ཅན་ཚང་།
རང་བཙན་ཉི་མ་ཤར་བར་མ་འབད་ན།
མི་རབས་རྗེས་མའི་རྗེས་མ་དེ་དག་གིས།
ང་ཚོའི་མི་རབས་འདི་ལ་ལེ་འདའ་ཡོད།
ང་ལ་རང་བཙན་དགོས། རང་བཙན།
ལྷ་མོ་དོན་གྲུབ་ལགས།
ང་དང་ཁྱོད་ཅེས་འདུག་ཚད་མ་ཡིན་ལ།
གནའ་ཤི་ད་གསོན་གླེང་ནས་མི་འདུག་པར།
རིགས་ཀྱི་འཆི་གསོན་ཆེད་དུ་ཆིག་སྒྲིལ་ན།
རང་བཙན་སླར་གསོའི་བསྐལ་བ་ལྡན་ངེས་ཡིན།
ང་ལ་རང་བཙན་དགོས། རང་བཙན།
རང་གི་སེམས་ལ་སྐད་ཆ་ཞིབ་མོ་དྲིས།
བོད་མི་རེ་ལ་འགན་རེ་ཡོད་པ་ཡིན།
འཁྲི་བའི་ལས་དེ་དང་དུ་བླངས་གྱུར་ཚེ།
བོད་ཀྱི་མ་འོངས་མི་རབས་གསོན་ཉམས་ལྡན།
ང་ལ་རང་བཙན་དགོས། རང་བཙན།
ལྷག་བསམ་ལ་རྒྱལ་ཅན་གྱི་གྲོགས་པོ་ལགས། །
ཁྱོད་དང་ང་ཡི་རྨི་ལམ་ཡན་ཆོད་ནས། །
རང་རིགས་རྒྱལ་ཁབ་རང་བཙན་གཙང་མ་ཞིག །
བྱུང་ན་འདོད་པའི་རེ་བ་གཅིག་པ་ཉིད། །
ཡིན་ཡང་རང་བཙན་གཙང་མ་ལེན་པ་ལ། །
ཅིས་ཀྱང་དགོས་པའི་ལམ་ཁ་དང་བོ་སྟེ། །
རང་རིགས་གཞུང་དང་གཞོན་ནུ་ཚོགས་པ་གཉིས། །
ལངས་ཕྱོགས་གཅིག་ཏུ་བསྒྱུར་རྒྱུ་གལ་ཆེན་མཐོང་། །
གཞུང་གི་ལངས་ཕྱོགས་གཞོན་ནུས་མི་འདོད་ལ། །
གཞོན་ནུའི་འགྲོ་ཕྱོགས་གཞུང་གིས་མི་འདོད་པས། །
གཅིག་གི་ནུས་པ་གཅིག་གིས་འགོག་བྱེད་པའི། །
ལངས་ཕྱོགས་འདི་གཉིས་གཅིག་ལ་སོང་ན་ལེགས། །
རང་བཙན་གཙང་མའི་རྒྱལ་ཁབ་འཛུགས་པ་ལ། །
རང་རིགས་ཀུན་ལ་ཆབ་སྲིད་དཔར་འབྱོར་སོགས། །
གང་ལ་གང་འཚམ་ཅིས་ཀྱང་ལྡན་དགོས་པའི། །
གནད་འདི་ཀུན་ལ་ཞིབ་མོར་གཟིགས་པ་གལ། །
རང་རིགས་ཁ་གཏད་གཅོད་ས་བྲག་རི་རེད། །
བྲག་ལ་མདར་མོ་ཅི་ཙམ་འཕེན་ན་ཡང་། །
རང་གི་ལག་པ་ན་བའི་རྒྱུན་ཉིད་ལས། །
གཡོ་འགུལ་ཙམ་ཡང་མི་ཐེབས་ཐག་གིས་ཆོད། །
རང་རིགས་ཚོགས་ལ་ཡོད་པ་ཞི་འབོད་རེད། །
ཕར་གའི་རྒྱ་ལ་ཡོད་ནོ་དཔར་འབྱོར་རེད། །
ད་ལྟའི་མི་ཚོགས་འབྱོར་བའི་བྲན་ལ་ཚུད། །
དེས་ན་རང་བཙན་དོན་གྱིས་རྩོད་མཁན་དཀོན། །
རང་རིགས་རྒྱལ་ཁབ་འདི་ཉིད་དེ་སྔོན་ལ། །
རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དེ། །
ཕར་ཆེར་ཚང་མས་གསལ་བོར་ཤེས་ན་ཡང་། །
སྲོག་རྒྱུན་གཉིས་ཀས་རྒྱབ་སྐྱོར་གནང་མཁན་ཉུང་། །
དེ་ལས་རང་བཙན་གཙང་མ་མ་རྩོད་པར། །
རང་སྲིད་རང་སྐྱོང་ཚད་ལྡན་ཡོང་ཐབས་ལ། །
རང་རིགས་ཚང་མས་འབད་བརྩོན་གནང་རྒྱུ་ན། །
གཞིས་བྱེས་མཉམ་འཛོམས་འགྱོག་པོར་ཡོང་ན་ཐང་། །
རྩམ་དགའ་ལགས།
གཞུང་གི་ལོངས་ཕྱོགས་བརྟན་མིན་མི་ཤེས་ལགས།།
གཞོན་ནུའི་ལོངས་ཕྱོགས་རང་བཙན་ཡིན་ན་ཡང་།།
རང་བཙན་ཆེད་དུ་རང་འགོ་གང་ཐོན་ཞིག།
སྔར་ནས་མ་བྱས་ཕྱིས་ཀྱང་མི་བྱེད་སྐྱོ།།
ང་ལ་རང་བཙན་དགོས། རང་བཙན།
གཞུང་གིས་གཞུང་དོན་འཐུས་ཤོར་མ་བཏང་བར།།
གཞོན་ནུས་ཆོད་སེམས་ཐོག་ལ་ཕྱིན་ཡོད་ཚེ།།
རྒྱ་ནག་གཞུང་དེར་ཅུང་ཙམ་འགུལ་ཡོད་ངེས།།
གཅིག་མེད་གཉིས་མེད་ད་ལྟའི་ངང་ཚུལ་བྱུང་།།
ང་ལ་རང་བཙན་དགོས། རང་བཙན།
རྒྱ་ནག་དཔལ་འབྱོར་ལྡན་པའི་གཞུང་ཞིག་མིན།།
ཚོང་ཁེ་ཆུང་བའི་ཅ་དངོས་བཟོས་བཟོས་པ།།
མི་རྣམས་ཁེ་ལ་དགའ་བའི་དེ་ལ་འཁོར།།
དེ་དོན་བོད་མིས་ཤེས་རན་དུས་ཤིགས་ཡིན།།
ང་ལ་རང་བཙན་དགོས། རང་བཙན།
བོད་ཀྱི་སྤྱི་དོན་ཕུགས་དོན་གང་བསམ་ཡང་།།
རང་བཙན་མ་བརྩད་རང་སྐྱོང་བཤད་བསྡད་ན།།
ད་ལྟ་ལས་ཀྱང་སྡུག་དུ་གཏོང་བ་ལ།།
རྒྱ་ནག་དཔོན་ངན་ཚོ་ལ་ཞེད་སྣང་མེད།།
ང་ལ་རང་བཙན་དགོས། རང་བཙན།
རང་རིགས་ནང་བསྟན་རྩྭ་བ་བརྟན་དགོས་ཚེ།།
རང་གི་རིགས་ཀྱི་སྐད་ཡིག་འཕེལ་འདོད་ན།།
རང་གི་རིགས་ཀྱི་ཤ་རུས་གཙང་སྤེལ་ན།།
བོད་མིས་རང་བཙན་ཁོ་ན་འབད་འབུངས་དགོས།།
ང་ལ་རང་བཙན་དགོས། རང་བཙན།
ཁ་བ་གངས་ཅན་བོད་མི་སེམས་ཁོངས་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཟོད་མེད་བཟོད་་་་་་་་་་་་་་་་རང་བཙན་རང་བཙན་འབོད་སྒྲ་གྲོགས་བཞིན་ཡོད། རྒྱ་མི་དམར་པོའི་མནར་པྱོད་འོག་ལ་བཟོད་ཐབས་མེད།
དེ་ནི་རང་བཙན་ལེན་པའི་དུས་ལ་བབ། གུང་ཨ་སྔོན་ཉིན་མ་ཤར་ཕྱོགས་རི་རྩེར་བཞུད། ཁོང་མ་ལོ་མ་ལོའི་སེམས་བག་ལ་ཉལ། ད་གཞོན་པ་ང་ཚོས་མ་ལངས་ན། ་་་་་་་་་་་་་་་་་་་་་་་་་་་་བཙན་པོ་གོང་མ་དག་གི་ངལ་བ་དོན་མེད་རེད།