འདྲེ་མགོ་རྡོ།
༡ ལངས་ཕྱོགས་ཀྱི་ལས་གཉེར་ཉི་འཚེ་བ་དག་གིས་རྩ་དོན་བརྗེད་ནས་ནང་འཁྲུག་རྒྱག་སྟངས།
བཙན་བྱོལ་སྤྱི་ཚོགས་ནས་མཆེད་པའི་སྐད་ཆ་ཞིག དེང་སང་བོད་རིགས་འདུས་སྡོད་ཀུན་དུ་ཁྱབ་འགོ་ཚུགས་ཡོད། དེ་ནི་རེ་ཤོས་ཀྱིས་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ནས་བྱུང་བར་བཤད་པ་དང་། རེ་ཤོས་ཀྱིས་ལངས་ཕྱོགས་འཐབ་རྩོད་རུ་དཔུང་གིས་མི་ཁ་ཤས་བེད་སྤྱོད་ཀྱིས། སྤྱི་ཚོགས་ནང་སྐད་ཆ་དེ་འདྲ་ཁྱབ་བསྒྲགས་བྱས་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད། བེད་སྤྱོད་ཀྱི་ཁྱབ་ཁོངས་ནས་ཐོན་པའི་སྐད་ཆའི་རིགས་ཁག་ཅིག་ཡོད་པ་ནི། ༧གོང་ས་མཆོག་བེད་སྤྱོད་བཏང་ནས་མི་མང་ལོག་འདེད་བྱས་ཚུལ་དང་། རྒྱལ་ཁབ་ཟེར་བའི་ཚིག་ལྗིད་པོ་དང་། ལར་ཞེན་ཟེར་བའི་ཚིག་རྣོན་པོ་དག་གིས་དབུ་མའི་ལམ་པ་བ་དག་ལ་མངོན་ལྐོག་གང་རུང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་ལ། ཐ་ན། དབུ་མ་པ་དག་ནི་ཕལ་ཆེར་རྒྱལ་བཙོང་བའི་མིང་གཞུང་དུ་དགོད་དགོས་པའི་བསམ་འཆར་འདོན་མཁན་ཡང་བྱུང་ཡོད།
དབུ་མ་པ་དག་གིས་དབུ་མ་རྟོགས་པའི་སྤུས་ཚད་ལ་འཕྱ་སྨོད་དང་། དབུ་མའི་ལམ་དང་འབྲེལ་བའི་ལས་འགུལ་ཐ་སྙད་ཚུད་ཆད་ཀྱི་བྱེད་པོ་དག་གི་མི་གཞི་ལ་གཟས་ནས་དམའ་འབེབས་ཀྱིས། དབུ་མ་ལམ་དུ་ལྷོངས་རྒྱུར་བར་གེགས་ཆེན་པོ་མ་ཐུབ་ནའང་། སྤྱི་ཚོགས་ནང་གི་བཤད་ཡམས་རྒྱུན་འཇགས་སུ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་གི་ཡོད། འདིའི་དཔེ་མཚོན་གསལ་ཤོས་ཤིག་ནི། དེང་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལྟ་བུ་རེད། ཁོང་གིས་ཁོ་རང་ཟམ་གདོང་བཀའ་ཤག་གིས་སྤྱི་ཚོགས་ཀྱི་སྡིངས་ཆར་དེད་རབ་སྨྲ་ཡང་། གཞོན་ནུའི་སྒྲིག་འཛུགས་སོགས་ཀྱིས་མངོན་ལྐོག་གང་རུང་ནས་ཁོང་གི་བསམ་ཚུལ་གང་ལའང་ལག་གཉིས་ཤུགས་ཀྱིས་རྡེབ་བཞིན་ངོས་ལེན་བྱེད་ཀྱི་ཡོད། འདིའི་མངོན་སྟངས་ནི་མཐོང་སླ་བོ་ཞིག་ཡིན། དེ་ནི་གཞོན་ནུའི་ནང་དུ་དོན་དམ་ཀླུ་མཁར་བྱམས་ལ་སྣ་དགོད་མི་རྒྱག་མཁན་གཅིག་ཀྱང་མེད། ད་དུང་ཁོང་ཚོས་མི་མང་སར་ཀླུ་མཁར་བྱམས་ལ་ཐུག་རྒྱུའང་འཛེམས་དོགས་བྱེད་ཀྱི་ཡོད། འདི་ནི་འགྱུར་རིམ་ཞིག་ཡིན། འགྱུར་རིམ་གང་ཡིན་ཞེ་ན། དང་པོར་ཀླུ་མཁར་གྱི་རང་ངམ་གཞན་བསྲེས་ཀྱི་སྐད་ཆར་སྡིངས་ཆ་སྤྲོད་མཁན་གང་འཚམས་ཡོད་མོད། ད་ལྟ་གནས་སྟངས་དེར་རྦད་དེ་འགྱུར་བ་ཕྱིན་ཡོད། འོན་ཀྱང་། ཀླུ་མཁར་བྱམས་ཀྱིས་ད་ལྟ་གནས་ཚུལ་དེ་དག་རང་གི་ལྟ་གྲུབ་དུ་སྦྱར་ནས་རང་ལ་རང་ཚུགས་ཡོད་པར་འབད་སྒྲུབ་བྱེད་ཀྱི་ཡོད། འོན་ཀྱང་གསལ་བོ་ཐག་བཅད་ཆོག་པ་ཞིག་ནི། ཆབ་སྲིད་ཀྱི་སྔོན་འགྲོའི་བརྒྱུད་རིམ་གང་ཡང་མེད་མཁན་ཞིག་ནི། ཆབ་སྲིད་ལས་ཀའི་ནང་བེད་སྤྱོད་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན།
ང་ཚོས་དེ་ལས་ཀྱང་དབུ་མ་པ་དག་གི་ཁ་གཏད་ལ་ལྟ་སྐབས། དགོད་བྲོ་བའི་གནས་ཚུལ་རེ་འགའ་རབ་དང་རིམ་པར་མཐོང་ཐུབ་པ་རེད། འཇམ་དབྱངས་ནོར་བུ་ནི་རང་བཙན་སྨྲ་བོའི་ཁྲོད་ཀྱི་ལོ་རྒྱུས་ཤེས་མཁན་དེ་ཡིན་ལ། ཁོང་གིས་མྱངས་པའི་སློབ་སྦྱོང་དང་དཀའ་སྡུག་གི་གྲུབ་དོན་གཉིས་ཀས་ཁོང་གི་སེམས་པ་གནམ་མཁར་སྤར་གྱི་ཡོད་པས། ཁོང་གི་རང་བཙན་ལ་དོན་དངོས་ཁྱོན་ནས་མེད་པའང་མིན། འོན་ཀྱང་ཁོང་གིས་ཀྱང་མཚམས་རེར་ཚོར་བ་དང་། ཡང་ན་དངོས་ཡོད་མ་རྟོགས་པའི་ཆའམ། ཡང་ན་གཟབ་གཟབ་མ་བྱས་པ་གང་ལྟར། བཙན་བྱོལ་བོད་གཞུང་ལ་དབང་བསྒྱུར་གྲལ་རིམ་ཞེས་པའི་ལྟ་ཚུལ་འཛིན་གྱི་ཡོད། སྐད་ཆ་འདི་ནི་ཁོང་ཚོའི་ནང་མོལ་ཞིག་དང་། ཡང་ན་རྣམ་རྟོག་ཅིག་ཀྱང་རེད། ཁོང་ཚོས་སྒོར་སྒོར་བྱས་ནས་བཀའ་མོལ་གནང་སྐབས། སྐུ་དྲག་དང་དབང་བསྒྱུར་གྲལ་རིམ་གཉིས་ནི་གླེང་བྱ་ཞིག་ཏུ་བརྩི་ཡི་ཡོད་མོད། འོན་ཀྱང་དེའི་བརྒྱུད་ལམ་ལྟ་བུ་ནི་ཀླུ་མཁར་བྱམས་ཁོ་ན་ཆགས་ཀྱི་ཡོད། འདིའི་རྒྱུ་མཚན་གང་གིས་ལན་གྱི་ཡོད་དམ། ཀླུ་མཁར་བྱམས་ཀྱིས་མཐོ་བཤད་དམའ་བཤད་ལུང་པ་གང་བྱས་རྗེས། རང་བཙན་པར་སྨྲ་བ་དག་གིས་ཀྱང་ལྐོག་ལྐོག་སུལ་སུལ་གྱིས་ “བཀའ་མོལ་བརྟན་པོ་མི་འདུག་“ཟེར་གྱི་ཡོད། དེའང་ལེ་ཁེག་ཁྱོན་ནས་མེད་དེ། ཀླུ་མཁར་བྱམས་ཀྱི་སྟེང་ན་ཁོང་ཚོའི་སྐད་ཆའི་བརྒྱ་ཆའི་ལྔ་བཅུ་མ་གཏོགས་སྤྱི་ཚོགས་ནང་འགྲོ་ཐུབ་ཀྱི་མེད་པ་རེད། ཡིན་ནའང་། བཟང་ཆ་གཅིག་ཡོད་པ་ནི། ཁོང་གིས་བཤད་ཐུབ་མི་ཐུབ་དང་། བསམ་བློ་གཏོང་དགོས་མི་དགོས། ཟེར་བའི་མི་རྣམས་ལ་རང་ཆས་སུ་ཡོད་པའི་གཤིས་ཀ་དེ་རྩ་ཡལ་དུ་ཕྱིན་པས་རེད། དེས་མི་རྣམས་ལ་དྲི་བ་གལ་ཆེན་བསྐྲུན་གྱི་ཡོད་ལ། དེ་ནི་ “ཀླུ་མཁར་བྱམས་ཀྱིས་ཅིའི་ཕྱིར་འདི་ལྟར་བྱེད་ཀྱི་ཡོད་པ་རེད་དམ་” ཅེས་པ་འདི་རེད། འདི་ནི་ཁོང་གི་ཉེ་གྲོགས་ནས་མཛའ་མོ་ཚུན་ཆད་ཀྱིས་ཀྱང་ཤེས་རྒྱུ་དཀོན་པོ་རེད།
ངས་གོང་དུ་དྲངས་པའི་དཔེ་མཚོན་འདིས། རང་བཙན་པ་རྣམས་ཀྱིས། ལོ་རྒྱུས་ཀྱི་དོན་དངོས་བཤད་རྒྱུ་ལས། ཆབ་སྲིད་དར་ཐག་ཁྲོད་ཀྱི་ལས་གཉེར་བྱས་དྲགས་ནས། ཁོང་ཚོས་ནམ་ཞར་དུ་བཀའ་བཀྱོན་གཟེད་དགོས་པ་ནི། རང་བཙན་ཐད་ཀྱི་སློབ་སྦྱོང་དང་གྲ་སྒྲིག་གི་ཆ་ནས་ཡིན། རྒྱུ་མཚན་འདིས་ཁོང་ཚོས་རང་བཙན་བཤད་པ་ནི་ཐོབ་ཐང་གཅིག་པུ་བཤད་བསྡད་པ་ལྟ་བུར་ཆགས་ཡོད་པས། དངོས་ཡོད་གནས་ཚུལ་ཁྱོན་ཡོངས་ནས་ལྟ་མ་ཤེས་བར་ངོས་འཛིན་བྱེད་པ་ནི་མཐོ་དམའ་ཚང་མའི་བསམ་ཚུལ་གཅིག་གྱུར་རེད།
ཁ་སང་དེ་རིང་བྱུང་བའི་གནས་ཚུལ་གསར་ཤོས་ཤིག་ནི། ཀླུ་མཁར་བྱམས་སྔར་བཞིན། རང་བཙན་པ་དག་གི་བརྒྱུད་ལམ་དུ་གྱུར་ནས། གསར་ཐོན་བཀའ་ཁྲི་ལའང་ལངས་ཕྱོགས་ཀྱི་ཐད་ནས་གཤེ་གཤེ་གཏོང་བ། འཇིགས་སྐུལ་བྱེད་བཞིན་པ་རེད། བཙོན་འོག་ཏུ་ལོ་ངོ་མང་པོ་བཞུགས་མྱོང་བའི་སྟག་སྣ་འཇིགས་མེད་བཟང་བོ་དང་། ཕུན་ཚོགས་ཉི་སྒྲོལ་སོགས་ཀྱིས་ཀྱང་། བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཁས་ལེན་བྱེད་ཀྱི་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་ལེགས་བཅོས་སྤྱི་ཚོགས་འཛུགས་རྒྱུའི་སྔ་ཕྱིའི་བོད་ནང་གི་གནས་བབ་ནི་རྦད་དེ་ཞིང་བྲན་མིན་པར་ཨུ་ཚུགས་བསྐྱོན་མྱོང་མེད། དེ་ནས་ད་བར་གྱི་གནས་ཚུལ་ཧྲིལ་བོའི་ནང་མང་གཙོའི་འགྲོ་ལུགས་ཆ་ཚང་ལག་བསྟར་བྱས་ཡོད་པས། བཙན་བྱོལ་དུ་དབང་བསྒྱུར་གྲལ་རིམ་ཞིག་དོན་དངོས་ཡོང་སྟངས་མེད་པ་རེད། འོན་ཀྱང་སྐད་ཆ་ཆེན་པོ་བཤད་རྒྱུར་དགའ་བའི་ཀླུ་མཁར་བྱམས་ཀྱིས་རང་ཉིད་ག་དུས་ཡིན་ནའང་། ༧ཏཱ་ལའི་བླ་མའི་བཙུགས་པའི་གཞུང་འདིའི་དབང་བསྒྱུར་གྲལ་རིམ་ལ་རྒོལ་མཁན་དྭང་བླངས་བ་ཞིག་ཡིན་པར་བཤད་ཀྱི་ཡོད། མི་རྣམས་ཀྱིས་རིག་པ་རྣལ་མོས་མནོ་བསམ་ཞིག་གཏོང་ཐུབ་ན། འདི་ནི། ” སྲན་མ་མ་ཆོད་པར་ཡས་ཀྱི་ཐོག་ལ་རྒྱུགས་” ཅེས་པའི་གཏམ་དཔེ་དེ་མི་རིག་གམ།
ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ནི། ༧གོང་ས་མཆོག་གིས་དེང་གི་ཆབ་སྲིད་ནང་དངོས་ཡོད་ཀྱི་འཁོར་རྒྱུགས་ཡོད་པའི་དབུ་མའི་ལམ་བཏོད་པ་ནི། རང་བཙན་རྨེག་མེད་བཏང་སྤྱད་མིན་ལ། ལོ་རྒྱུས་རྨེག་མེད་བཏང་སྤྱད་ཀྱང་མིན་པས། རང་བཙན་རྩོད་པའི་ལངས་ཕྱོགས་ནི་དབུ་མའི་ལམ་གྱི་ཁ་གཏད་དུ་ལངས་དགོས་པའི་རྒྱུ་མཚན་གང་ཡང་མེད། རྒྱུ་མཚན་གྱིས་མ་ཕོངས་ན། མི་མང་གི་མངོན་འདོད་སླར་ཡང་རང་བཙན་སྟེང་ཁྲིད་མི་ཆོག་པ་ཅི་ལ་ཡོད་ཀྱང་། སེམས་ཤུགས་དང་ཚོར་སྣང་རྐྱང་རྐྱང་གིས་དོན་དག་འགྲུབ་ཀྱི་མེད་པ་གསལ་བོ་ཡིན་པས། མི་མང་གིས་ཀྱང་དངོས་ཡོད་འཚོ་བའི་གནས་བབ་དང་བསྟུན་ནས་དབུ་མའི་ལམ་གྱི་མཚོ་འཇིངས་བརྒལ་བ་རེད།
༢ དབུ་མ་པས་རང་བཙན་པར་འཐབ་སྟངས། མུ་འགོད།
ཧ་གོ་འདི་གོ་མེད་པའི་རྩོམ་འཆལ་ཅིག་བྲིས་འདུག
འབྲི་ཤེས་ན་ཁ༌གསལ་པོ་གསུང་རོགས་གནང།
གྲྭ་གཟུགས་བུད་མེད་ལ་བརྫུས་མཁན་དག་གིས་ཆབ་སྲིད་ཤེས་སམ། གལ་སྲིད་ཆབ་སྲིད་ཤེས་པའི་དབང་དུ་བཏང་ནའང་ཆབ་སྲིད་ཐོག་འགན་འཁུར་ན་ཡག་པོ་མེད་སྐོར་གསུངས་དོན། “ང་ཚོ་བོད་མི་རིགས་ཀྱིས་ལོ་སྟོང་ཕྲག་རིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་བློ་སྦྱོང་དང་། བློ་སྦྱོང་དེ་ཡང་ཚིག་སྐམ་པོ་ཙམ་མིན་པར། དངོས་ཡོད་འཚོ་བ་དང་འབྲེལ་ཏེ་ཕྱིན་པའི་འབྲས་བུ་ལ། གཏིང་ཟབ་པ་ཟབ་མོ་སྟོང་ཉིད་ཀྱི་ལྟ་གྲུབ་དང་། རྒྱ་ཆེ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཞེས་ལོ་སྟོང་ཕྲག་རིང་གནའ་རབས་ཀྱི་ལྟ་གྲུབ་ཡོངས་སུ་རྫོགས་པ་གསོན་པོར་གནས་ཡོད་མཁན་ཕལ་ཆེར་བོད་པ་གཅིག་པུ་རེད། དེ་འདྲའི་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་དང་རན་པ་ཞིག་བྱ་དགོས་པ་ལས། དངོས་ཡོད་གནས་ཚུལ་དང་མ་རན་པ་བྱས་ཏེ་སྔར་གྱི་ལམ་དང་ལུགས་སྲོལ་ཟེར་ནས་སྐད་ཆ་བཤད་རྒྱུ་བསྡད་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་སྐབས། གདུལ་བྱའི་ཁམས་དང་མོས་པ་ལ་མཐུན་པའི་ཐོག་ནས་ཆོས་བསྟན་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་དུ་ཆབ་སྲིད་ཀྱི་འགྲོ་སྟངས་མང་པོ་ཞིག་འཕོ་འགྱུར་འགྲོ་བཞིན་པ་རེད། ངས་ནམ་རྒྱུན་འཛམ་གླིང་དེ་མི་མང་ལ་དབང་བ་རེད་མ་གཏོགས། རྒྱལ་པོ་དང་བླ་མ། དཔོན་པོ་བཅས་ལ་དབང་གི་ཡོད་པ་མ་རེད། ཡུལ་ལུང་བྱེ་བྲག་པར་མཚོན་ནའང་། ཡུལ་ལུང་དེའི་མི་མང་ལ་དབང་བ་ལས། རྒྱལ་བོ་དང་བླ་ཆེན་ལ་དབང་གི་མ་རེད། ཅེས་བཤད་བསྡད་ཡོད། ང་ཚོ་བོད་ལ་ཆ་བཞག་ནའང་། བོད་དེ་བོད་རྒྱ་ཆེ་མི་མང་ལ་དབང་གི་རེད་མ་གཏོགས། བླ་ཆེན་དང་སྔོན་གྱི་རྒྱལ་བརྒྱུད་གང་ལའང་དབང་གི་མ་རེད། དེར་བརྟེན། ངས་ནམ་རྒྱུན་ཆབ་སྲིད་ཀྱི་དབང་ཆ་དེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོས་བྱེད་ཀྱིན་པ་དེ་འགྲིག་གི་མི་འདུག ཅེས་བཤད་བསྡད་ཡོད། ང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་དབང་ཆ་ཞིག་བཟུང་བསྡད་ན། ཁ་ནས་བཤད་པ་དང་ལག་ལེན་བསྟར་བ་གཉིས་མ་མཐུན་པ་ཞིག་ཆགས་ཀྱི་འདུག དེ་ལྟར་ཆགས་སྐབས་མཚམས་རེར་མ་བདེ་བ་ཡོང་གི་འདུག ད་ཆ་ང་རང་གི་སེམས་ནང་ཡིད་ཆེས་ཡོད་པ་དང་མི་ལ་བཤད་པ་དངོས་སུ་ལག་ལེན་བསྟར་ཡོང་སྐབས། ང་རང་དང་མི་སུ་འདྲ་ཞིག་ཡིན་ཡང་རང་ལ་ལྟ་གྲུབ་ཡོད་བསྡད་པ་དེ་འཛམ་གླིང་མི་མང་ལ་དབང་བསྡད་ཡོད་པ་རེད། ཆོས་སྲིད་ཀྱི་དབུ་ཁྲིད་སོ་སོར་དགོས་པ་སྤོབས་པའི་ཐོག་ནས་བཤད་བསྡད་པ་དེ་དངོས་སུ་ལག་ལེན་བསྟར་ཡོང་དུས་ང་ལ་མུ་མཐུད་ཤུགས་ཆེན་པོས་བཤད་པའི་གོ་སྐབས་ཡོད། དེར་བརྟེན། ང་རང་སྒེར་གྱི་ངོས་ནས་དེ་རིང་གི་ཉིན་མོ་འདི་ནི། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་པ་རེད” ཅེས་གསུངས་བྱུང་།
འདྲེ་མགོ་རྡོ། ངོ་མ་མིང་དོན་མཚུངས་ཀི ཆ་ཚང་བ་ཀློག་འདོད་ཡོད།
རྩོམ་ཆ་ཚང་ཞིག་ཀློག་པ་ཡིན།སོ་སོར་ལངས་ཕྱོགས་ཕར་ཟད།སོ་སོའི་བཤད་འདོད་ཀྱང་གསལ་ཁ་ཐོན་མི་འདུག
ཁ་བྱང་བརྗིད་པོ་ཞིག་བཏགས་ཐུབ་པར་བྱུང་ཡང་ད་དུང་འོ་ཙམ་རེད།
ད་བལྟས་ནས་སོང་ན། ཨ་ཚོགས་གླུ་བྱམས་ཀྱིས་དྲི་བ་དེ་ཚོ་གནད་འགག་ཅིག་ཆགས་ཡོད་པ་འདྲ། རྣམ་རྟོག་ལ་མཐའ་མེད་པའི་ཕྱིར་ལྟ་གྲུབ་ཀྱི་རྩོད་པ་བརྒྱབ་ན་རྫོགས་རྒྱུ་ཞིག་ཡོད་པ་མ་རེད། རྩོད་པ་རྒྱག་ས་གང་ཡིན་མིན་གསལ་བོ་ཞིག་ངོས་མ་བཟུང་བར་དབུ་མ་ལ་རྒོལ་བ་དག་གིས་ཤ་ཟད་ནས་རུས་པ་ལ་ཐུག་པའི་བོད་ཀྱི་རྩ་དོན་ཇི་ལྟར་རྩོད་ཐུབ་བམ་ཞེས་དྲི་བ་ཡོད།
འདྲེ་མགོ་རྡོ། ཚིག་ཉོག་མེད་ཀི གནད་དོན་གྱི་དཀྱིལ་སྙིང་བཟུང་སྟངས་ཡག་གི ད་དུང་ལོག་སྐད་ཉུང་གི ངའང་གོང་གི་རྒན་ལྷ་མོ་སྐྱབས་དང་གཅིག་པ་ཡིན།
འདྲེ་མགོ་རྡོའི་རྩོམ་ཆ་ཚང་མུ་འགོད་མ་གྲུབ་བར་དུ་ལེགས་ཉེས་ཀྱི་བཤད་པ་གང་ཡང་མེད་མོད་མུ་འགོད་ལ་བར་ཆད་མེད་པར་ཤོག
རྣམ་པ་ཚོ་ཕེབས་པར་དགའ་ཡོད། ང་རང་ཚོའི་གླེང་བྱ་ཁ་ཤས་ཤིག་རང་དགར་མ་བཞག་པར་ཡིག་ཐོག་ནས་གླེང་རྒྱུ་མེད་རག་བར་དུ་གླེང་བ་ཡིན་ན། གནད་དོན་ཁ་ཤས་ཐད་གསལ་བོ་ཆགས་ཀྱི་རེད་ལ། ཁ་ཤས་ཐད་ཆིག་སྒྲིལ་ཡོང་གི་རེད། དེ་མིན་འཁྲབ་སྟངས་ཁ་ཤས་མངོན་སུམ་ཆགས་ཀྱི་རེད། ངས་དེར་དམིགས་ནས་འདི་མུ་འགོད་བྱ་བཞིན་ཡོད།
ལེའུ་གཉིས་པ་བཀོད་ཟིན། ངའི་དུས་བབ་ནང་གི་ཟིན་བྲིས་ནང་ཕེབས་རོགས་ཞུ། རྒན་ལྷ་མོ་སྐྱབས་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་ཐུགས་རྗེ་ཆེ་ཞུ། གང་ཡིན་ཞེ་ན་ངོ་རྟགས་ཆོད་པ་ཁྱེད་གཉིས་ཁོ་ན་རེད་འདུག སུ་ཡིན་ཡང་། ཕེབས་ཏེ་གླེང་སློང་ཡོང་བ་ཞུ།
དང་པོ་སོ་སོས་རྩོམ་འབྲི་ཁུལ་བྱས། གཉིས་པར་སོ་སོས་མཆན་འདེབས་མཁན་གྱི་ཚུལ་གྱིས་སོ་སོར་བསྟོད་པ་འཐེན་གི་ཡོད་ག ལྟད་མོ་ཡོད་ག
ངའི་གླེང་སྟངས་འདི་ནོར་མེད་པ་འདྲ། གང་ཡིན་ཞེ་ན་མི་གསར་བ་གྲོག་མ་བཞིན་ཐོན་གྱི་འདུག
ལམ་དབུ་མའི་རྒྱུགས་ཁྱི་ཆབ་བྲག་དང་ཤར་ཕྱོགས་རྟ་གཉིས་མ་གཏོགས་མེད་པ་འདི་ལས་མང་བོ་ཞིག་འགྲེལ་བཤད་བྱས་ཡོད་སྙམ། ལྷག་པར་འདྲེ་མགོ་རྡོ་ཟེར་བ་འདི་མིང་དངོས་ལ་སྨྲས་ཏེ་ཤོག་དང་།་དྲང་བདེན་སུ་ཡོད་ལྟོས་ཆོག་པར་སྒུག་ཡོད།
མུ་འགོད་བྱས་རུང་མ་བྱས་རུང་དེ་ཙམ་གྱི་ཁྱད་པར་ཡོད་མ་རེད། གང་ཡིན་ཟེར་ན་གཏམ་ལ་རིན་ཐང་མེད་ན་མང་རུང་འཆར་གཏམ་ལས་མ་འདས་པས་རེད། དོན་ངོ་མར་རྒད་པོ་ཀླུ་བྱམས་ཀྱི་སྐད་ཆར་ཉན་བཞིན་ཉན་བཞིན། བདེན་དོན་གྱི་ཇེ་ཕྱུག་དང་རྣ་བར་ཇེ་སྙན་རེད། འདྲེ་རྡོག་མགོས་གཅིག་བཤད་འདུག་མོད། གནམ་སའི་བར་ཁྱད་ཡོད་པའི་ཕྱོགས་སྔ་ཕྱི་གཉིས་ཀྱི་སྐད་ཆར་གསེར་དང་བོང་བའི་ཁྱད་པར་གཏན་གཏན་ཡོད་འདུག
འདྲེ་མགོ་རྡོ་ཞེས་པ་དེའི་དམིགས་བྱ་དང་བསྒྲུབ་བྱ་ག་རེ་ཡིན་ཤེས་ཀྱི་མི་འདུག་
གཅིག་བྱས་ན་མཁས་པ་ཆེན་པོས་ཚེར་དཔུངས་སྐོར་ནས་རི་བོང་ལ་འཇབ་རྡོ་ཞེས་པ་དེ་ཡིན་སྲིད།
གཅིག་བྱས་ན་ཆར་ནག་ར་ནག་འཇོ་འཇོ་ནང་རྒོད་སྐམ་མ་བཞོན་ནས་ཐལ་བ་འཚུབ་པ་ཡིན་
གྱི་རེད། ཨ་ལ་ཀུ་རེ་ཡིན།
ཉིད་ཀྱི་ལྟ་བར་རྒྱབ་སྐྱོར་མེད། ཡིན་ན་ཡང་ངས་ཀླུ་མཁར་བྱམས་དང་ཁྱེད་གཉིས་ཀྱི་སྨྲ་བརྗོད་རང་དབང་ལ་ནམ་ཡང་རྒྱབ་སྐྱོར་བྱེད་ཀི་ཡིན།
ཀླུ་སྨྱོན་སྤྱིར་བཏང་ཆབ་སྲིད་ནང་ཇུས་གཏོགས་མི་བྱེད་མཁན་ཞིག་རེད་འདོད་མོད། དེ་རིང་འདིར་ཚིག་ཙམ་བྲིས་འདུག་པས། ངས་ནན་ཏན་གྱིས་གང་ཞིག་ཞུ་འདོད་དམ་ཞེ་ན། ངས་འདི་གར་ལྟ་བ་ཞིག་རྩ་བ་ཉིད་ནས་བཤད་ཀྱི་མེད། ལངས་ཕྱོགས་འཐབ་རྩོད་ཀྱི་ལས་གཉེར་ཉི་འཚེ་བ་དག་གི་གནས་སྟངས་དམར་འབྲི་བྱེད་བཞིན་པ་དེ་ཙམ་ཡིན། དེས་ན་ཕྱོགས་ཚང་མར་རྒྱུས་མངའ་མེད་ན། ཞལ་བཙུམས་ནས་བཞུགས་ཀྱང་གནོད་ཀྱི་མ་རེད།
ད་རེས་འདྲེ་མགོ་རྡོ་ལགས་ཀྱིས་རྩོམ་ཡིག་གནད་ལ་འཁེལ་བ་ཞིག་བྲིས་འདུག དངོས་གནས་ཐུགས་རྗེ་ཆེ། རྗེས་ཕྱོགས་ཀྱང་བོད་མི་རིགས་ཀྱི་ཆེས་གོང་ན་མེད་པ་དག་ལ་དམའ་འབབ་དང་ཟུར་ཟ་སོགས་ཀྱི་ཚིག་ངན་སྤེལ་མཁན་དག་ལ་རྫུན་ཁོངས་བརྟོལ་བའི་རྩོམ་ཡིག་རྣོ་ངར་ལྡན་པ་འདི་ལྟ་བུ་སྤེལ་ཐུབ་ན། ཕྱི་ནང་བོད་རིགས་མི་མང་གི་ལྷག་བསམ་དག་པས་རྒྱབ་སྐྱོར་བྱ་རྒྱུར་ཐེ་ཚོམ་མི་དགོས།
རྩོམ་ཡིག་འདི་འདྲ་སྤེལ་ཐུབ་ན། ཁྱེད་རང་འདྲེ་མགོ་རྡོ་ཙམ་མ་ཟད་འདྲེ་རྐང་ཏོ་དང༌། འདྲེ་མགོ་མེད་སོགས་སུ་ཞིག་ཕེབས་ཀྱང་གུས་བརྩི་ཞུ་གི་ཡིན།
འདྲེ་མགོས་ཀྲུང་ནན་ཧེའེ་ཡི་ཆབ་སྲིད་ཟློས་གར་ལ་ཆ་རྒྱུས་ཡ་རྒྱུས་མི་འདུག་ལ། ད་དུང་འཐབ་ཕྱོགས་གཅིག་བསྒྱུར་པུའུ་ཡིས་དབུ་མའི་ལམ་གྱི་ཞི་མོལ་གྲོས་མོལ་ལ་བསྒྱུར་གྲོས་མོལ་འབྲེལ་མོལ་ལ་བསྒྱུར་བྱས་པའི་གཏམ་བརྗོད་འཁྲབ་མཚན་ལེའུ་རིམ་གྱི་ལྟད་མོར་མགོ་འཁོར་བཞིན་པ་འདྲ། རྒྱུ་མཚན་། ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་པའི་དཀའ་གནད་སེལ་རྒྱུའི་འདུན་པ་ནམ་ཡང་མེད་ལ་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་གླེང་གི་མེད་པ་རེད། དེར་བརྟེན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་འགྱུར་བ་མ་ཕྱིན་བར་དུ་རང་བཙན་ལྟ་གྲུབ་པས་བསྒྲུབ་བྱ་རང་བཙན་དང་། དབུ་མའི་ལྟ་གྲུབ་པས་བསྒྲུབ་བྱ་རང་སྐྱོང་གཉིས་ཀ་འབྲས་བུའི་དོན་ལ་མཉམ་གནས་རེད། ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་འགྱུར་བ་ཕྱིན་སོང་ན་རང་བཙན་འཐོབ་སྲིད་ལ་རང་སྐྱོང་ཡང་འཐོབ་སྲིད། སྤྱིར་སྟངས་དམངས་གཙོའི་གཞུང་ཞིག་ཡིན་ན་ལྟ་གྲུབ་འདྲ་མིན་སླེབས་ཆོག་ལ་དམངས་གཙོའི་ཆ་རྐྱེན་ནམ་བསྒྲུབ་བྱ་གལ་ཆེན་ཞིག་རེད། རང་བཙན་ལྟ་གྲུབ་བམ་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲུབ་བྱ་རང་བཙན་ནི་སུས་ཀྱང་བསྙོན་དུ་མེད་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་རེད། དེ་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག།།
ཉེ་བའི་ལོ་རྒྱུས་ཀྱི་དོན་དངོས་བགྲངས་ནས་བསླབ་བྱ་ལེན་དགོས་པ་འདི་ལྟ་སྟེ།
དོན་ཚན་བཅུ་བདུན་བཙན་འོག་བཞག་པ་ནས་གསུམ་བཅུའི་དུས་དྲན་བར་དུ་རྒྱར་བསྟུན་ཏེ།
༡༽ལོ་བརྒྱད་རིང་དུ་འུ་ཐུག་ཐབས་ཟད་རང་དབང་བྲལ་ཏེ་གནས་པའི་མཐར།ཁ་དན་ཚིག་ལ་མ་གནས་པའི་རྒྱ་
དམར་ནག་གཉིས་ཀྱིས་དེང་སང་གྲོས་ཆོད་སྣ་ཚོགས་བཞག་ནས་འཛམ་གླིང་རྒྱལ་ཁབ་གཞན་སུ་ལ་ཡང་
རྩི་འཇོག་སྤུ་ཙམ་་མེད་པར་རང་སྣང་གང་དྲན་གྱིས་གྲོས་ཆོད་ཚང་མ་རྡོག་རོལ་བཏང་བའི་རྗེས་གཞི་ནས་རྒྱ་གར་དུ་བཙན་གྱི་ལམ་བུ་མ་ིའདེམས་ཀ་མེད་བྱུང་བ་དང་།དེ་སྐབས་འཚོར་བ་རྣོ་ཞིང་མྱོང་བ་ཟབ་ལ་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་གསོན་ཤུགས་ཤིན་ཏུ་དར་བས་བཙན་བྱོལ་གྱི་ལམ་ཞོར་དུ་རང་འགུལ་གྱིས།
རྒྱ་ནག་གཞུང་དང་མཉམ་གནས་མི་ཐུབ་པའི་ཀུ་ཅོ་འདོན་བཞིན་དུ་ལོ་རྒྱུས་རང་བཞིན་ཅན་གྱི་ཆིངས་ཡིག་
དོན་ཚན་བཅུ་བདུན་རྩིས་མེད་བཏང་སྟེ་བོད་རང་བཙན་སླར་གསོའི་གསན་ཤུགས་ལྡན་པའི་ངར་སྐད་
ཐོག་མ་དེ་སྐད་གསངས་ཐོན་པོས་རེ་བ་དང་ཡིད་ཆེས་སྤོབས་པ་ལྷག་བསམ་བཅས་འགྲན་པའི་ངང་ནས་སྔ་ཕྱི་བར་གསུམ་དུ་ལོ་བརྒྱད་རིང་གི་མྱམས་མྱོང་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་འཛམ་གླིང་པྱི་ཕྱོགས་ལ་ཁ་གཏད་ནས་བསྒྲགས་པ་དང་།
གང་ལྟར་ངས་ཆབ་སྲིད་མི་ཤེས་ལ་ཆོས་ཡང་མི་ཤེས་་གང་ཡང་ཅི་ཡང་མི་ཤེས་མི་འཇོན་པའི་མི་ང་ལ་མཚོན་ན། མག་མོག་རབ་རུབ་ཀྱི་ང་ཚོའི་སྤྱི་ཚོགས་ཁྲོད་ཤིང་གི་བོའུ་ཁུར་པའི་རྒད་པོ་ཀླུ་ལྟ་བུ་ཉུང་དྲག་མེད་ན་མང་མེད། ཁོང་དང་ཁོང་ལྟ་བུའི་བུ་རྒོད་རརེ་མེད་ཚེ། ང་ཚོ་སླར་ཡང་རྭ་སྒྲེང་སྟག་བྲག་སྐབས་ཀྱི་སྲིད་གཞུང་ལས་བརྒལ་ཁ་དཀའ་རྒྱུ་རེད་ཡ། ད་དུང་སྟོད་བསྔགས་དང་རེ་སྨོན་གྱི་རྨི་ལམ་ཁྲོད་ནས་ཡང་སྐྱར་མི་ཐོག་གཅིག་འཇུག་སྒྲིལ་བ་ཐེ་ཚོམ་མེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༢༽ཏིང་ཞོའོ་པིང་གི་མགོ་སྐོར་བསླུ་བྲིད་ལྟ་བུའི་འཆར་གཞི་ལྡན་པའི་ཆབ་སྲིད་ཀྱི་གཡོ་ཇུས་འོག་བོད་རང་
བཙན་ཕུད་པའི་བོད་དོན་ཡོངས་རྫོགས་འགྲུབ་རེའི་བོད་ཀྱི་རེ་བས་རང་བཙན་གྱི་གཉའ་བཅག་ནས་མཇུག་མ་བསྐུམས་ཏེ་ཡ་རབས་བཟང་སྤྱོད་དང་རེ་དོགས་སྟོང་པ་ཞིག་དང་ལྷན་དུ་སྤུན་མཆེད་ཐུག་ཕྲད་སོགས་གནས་
སྐབས་ཀྱི་ཁེ་ཕན་ཅུང་ཟད་བློས་མ་ཐོངས་པར་རིམ་བཞིན་དབུ་མའི་ལམ་དུ་མི་ཁ་དང་བཅས་ཏེ་སྐྱོད་ཐུབ་ཙམ་བྱུང་བ་མ་གཏོགས་ད་ཆ་བཞིན་ལམ་དབུ་མ་ལ་ངོས་ལེན་དང་རྒྱབ་སྐྱོར་བ་དེ་ཙམ་མེད་ཁར་དེ་ལས་ཟློག་ཏེ་
མཚམས་དེའི་སྔ་རྗེས་སུ་དམུ་མའི་ལམ་དུ་སྐྱོད་ཆེས་ན་རྒྱ་མིའི་སོ་མྱུལ་དང་བོད་རྒྱལ་ཁབ་བཙོང་མཁན་གྱི་མིང་ཡང་འབད་མེད་དུ་རྡ་སའི་དབྱར་དུས་ཀྱི་ཆར་བཞིན་ལྷོག་པོར་འབབ་རྐྱང་བྱེད།
༣༽ད་ཆ་རང་བཙན་གྱི་ལྟ་བ་སྨྲ་མཁན་མངོན་གསལ་དོད་པོ་དང་དོགས་ཟོན་མེད་མཁན་མང་པོ་ཡོད་ན་དེ་
དག་ལ་རྒྱ་མི་ལས་ཀྱང་སྡང་བར་བྱེད་ཅིང་ངན་དམོད་དང་བསྡིགས་ར་ཁངས་ར་སུན་གཙེར་བཅས་ཕན་ཚུན་
འགྲན་པ་བཞིན་དུ་བྱེད་ལ་ཐ་ན་མཐུ་དང་གཏད་སོགས་ཀྱང་ཅི་ཐུབ་ཀྱིས་འཚེ་བའི་སེམས་དང་བཅས་ཏེ་དང་དུ་ལེན་པར་བྱེད།
༤༽དེ་དག་སྔ་ཕྱིར་མདངས་བརྒྱབ་ན་རྒྱ་ནག་གཞུང་བཟང་དུ་ཕྱིན་མེད་ལ་རྒྱལ་སྤྱིས་དཔང་རྟགས་དོན་ནས་
བར་དཔང་གི་ནུས་ཆེ་རུ་ཡང་ཕྱིན་མེད་པ་ཤིན་ཏུ་གསལ་པོ་རེད་།གང་ཡིན་ཟེར་ན་ད་ཆ་རྒྱ་ནག་གིས་འཛམ་གླིང་ཐོག་གྲོས་ཆོད་གང་ལ་ཡང་ཁ་བདེན་ཚིག་ལ་གནས་མྱོང་མེད་པས་དེ་ལ་ང་ཚོས་སྔ་ས་ནས་གྲ་སྒྲིགས་དང་གདོང་ལེན་བྱེད་དགོས་པ་ལས་ནང་ཁུལ་བརྩད་ནས་འབྷབྲས་བུ་ཏིལ་འབྲུ་ཙམ་ཡང་ཡོང་མི་སྲིད་པས་པུང་པ་
མཉམ་གཤིབ་ཀྱིས་རང་རང་གི་ལྟ་བ་བཟུང་ནས་དཀྱེལ་ཆེ་ཁོག་ཏངས་ངང་དུས་རབ་གསར་པའི་སྨྲ་བརྗོད་རང་
དབང་འགན་འཁུར་དང་ལྡན་པ་ཞིག་བྱེད་དགོས་ནི་ཕྱོགས་གཉིས་ཀའི་ལས་འགན་ཡིན་པ་ཀུན་གྱིས་མཁྱེན་
པར་མཛོད་ཅིག་ཅེས་ཐལ་མོ་སྙིང་གར་སྦྱར་ནས་རེ་བ་ཞུ་རྒྱུ་ཡིན་པས་ཁ་བརྡ་ཚང་གིས་རྩོམ་མཆན་འདི་འབོད་སྐུལ་གྱི་ཚུལ་དུ་རྩོམ་གྱི་སྡེ་ཙན་ཞིག་ཏུ་ཕན་ཚུན་ལམ་གྱི་ཆེད་དུ་དགག་བྱ་དང་དགོས་པར་གཞིག་ཏེ་འགོད་
གནང་ཡོང་བ་མཁྱེན་ཞུ།
བཅས་གོང་མིང་པས་གུས་ཕུལ།
ང་ལམ་དབུ་མའི་རྒྱུག་ཁྱི་ཆགས་ཀྱིན་ཡོད་ན་ངོ་མ་དགའ་གི ང་ལ་དེ་ལས་ལྷག་གི་བསྟོད་པ་ཞིག་མེད། བཀའ་དྲིན་ཆེ།
lha and de thinking is some.
དྲ་གྲོགས་ཁ་ཤས་ཀྱིས་བསམ་ཚུལ་ཞིབ་ལྷུག་བྱེད་ཀྱི་འདུག་པས་དགའ་བྱུང་ལ། མི་གཞི་དང་ཤེས་ཡོན་གང་གི་ཆ་ནས་ཚད་མཐོར་སླེབས་པའི་སྐུ་ཞབས་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ཕེབས་པ་དེ་བས་ཀྱང་དགའ།
མི་ཟེར་མཁན་འདི། སྐྱག་ལངས་ལ་ཅིག་ཤོར་ཚར་དུས་ད་དྲང་ལམ་དུ་འབུད་རྒྱུ་ཁག་པོ་རེད། དེ་བཞིན་ང་ཚོའི་སྨྲ་སྒོ་ཁ་འདི་ཉིད་ཀྱང་། སྲང་བར་གྱི་མཐོང་ཐོས་དང་བཤད་ཡམས། རང་གི་ཚོར་སྣང་བཅས་ཀྱི་འོག་དང་གཡོག་ཏུ་ཕྱིན་པ་ཡིན་ན། ད་གཟོད་རང་མགོ་གཏུབ་བྱེད་ཀྱི་སྐད་ཆའང་བཤད་ངེས་པས། ང་ཚོས་དེ་དག་ཉི་མ་ཁ་དཀར་ངོ་དཀར་ལ་མ་མཐོང་མདོག་མདོག་གིས་སྔར་བཞིན་བཏང་སྙོམས་སུ་བཞག་པ་ཡིན་ན། རང་སྣང་རང་དག་གི་ལྒང་བུ་གནམ་ལ་འཕུར་རྒྱུ་དང་། སྐབས་མཚམས་ཤིག་ནས། མིག་གི་མཐོང་ཚད་ལ་གླེན་པ་གླེན་ནག་ཤེས་མེད་འཇོན་མེད་ཀྱང་འདོག་སྲིད་པ་འདྲ་བས། དབུ་མ་པ་ཡོད་ཚད་ཁྱི་དང་རྒྱལ་བཙོང་བའི་གྲས་སུ་མ་བྲིས་གོང་། རང་བཙན་པ་དག་གི་བཤད་ཡམས་སྤེལ་སྟངས་ལ་མི་རྣམས་ཀྱིས་དཔྱད་ཞིབ་ཅིག་བྱས་ན་མི་དགའ་འམ་བསམས་ནས། ངས་ལས་ཞོར་ནས། ཁོང་ཚོར་ཀུན་སློང་རྣམ་དག་གིས། མི་གཞི་སོགས་ཀྱི་ཟུར་ལའང་སེན་འབྲེད་ཙམ་མ་བྱས་པར། རིག་པ་དང་མཐུན་པའི་གླེང་སློང་འདི་མ་འབྲི་རང་འབྲི་ཆགས་སོང་།
དེས་ན། སུས་ཀྱང་། གནད་དོན་རང་གི་སྒང་ལ་ཅི་ཙམ་བགྲོ་གླེང་དང་དོགས་འདྲི་བྱེད་ཐུབ་པ་དེ་སྲིད་དུ་ངས་ཀྱང་དབང་རྟུལ་འདི་བེད་སྤྱོད་བཏང་ནས་མ་ཚར་བར་བཏང་རྩིས་ཡོད་ལགས་པས། སྐད་ཆ་ཆེན་པོ་བཤད་ནས། མི་མང་འུར་ལ་དཀྲོག་པ་ཚོས་ཀྱང་མ་གསན་མདོག་མདོག་གིས་ཡིབས་ནས་མ་འདུག་རོགས་ཞུ་རྒྱུ་ཡིན།
ཆབ་བྲག་ཕོ་ཉ་ལགས་ཁོང་ས་རྭ་མཐོ་སློབ་ཀྱི་སྙན་ངག་དགེ་རྒན་ནས་བཤོལ་ཏེ་སྤྱི་མཐུས་ཀྱི་གར་སྟེགས་སུ་ཕེབས། དེ་ནས་ནུབ་ཕྱོགས་སུ་བཞུད་པའི་རྣམ་ཐར་ལ་གཞིག་ན་ཁོང་སྐབས་འཚོལ་རིང་ལུགས་པའི་ཆབ་སྲིད་པ་ཞིག་ཡིན་པ་རང་བཞིན་གྱི་མངོན་ཡོང་གི་འདུག། སྤྱིར་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་ན་ལྕེ་བདེ་དྲན་སྐྱེན་ཞིག་ཡིན་དགོས་ལ་ཁོང་སྙན་ངག་ལ་མཁས་པ་མ་གཏོགས་ཆབ་སྲིད་མི་སྣའི་ཆ་རྐྱེན་ལྡན་མི་འདུག། གང་ལགས་ཞེས་ན་། ཁ་སྔོན་ཀུན་གླེང་སྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་དྲིས་ལན་གསལ་པོ་ཞིག་སྐྱོན་ཐུབ་ཀྱི་མི་འདུག་ལ་ཐུགས་ལ་མི་དྲན་པ་དང་ཞལ་ནས་མི་ཐོན་པའི་སྐུ་ངལ་ཆེན་པོ་འདུག། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་བརྗོད་བྱ་དོན་གྱི་སྟོང་བའི་སྙན་ཚིག་ཁོ་ན་ཡིག་ཐོག་ལ་འཕབ་རྒྱུ་ནི་སྙན་ངག་པ་ལ་མཚོན་ན་དཀའ་ངལ་ཆེར་མེད་མོད། ཆབ་སྲིད་རིག་པའི་ཆ་རྐྱེན་མི་ལྡན་པའི་དབུ་ལམ་ལྟ་གྲུབ་ཀྱི་སྲིད་དོན་པར་རློམས་པ་ནི་ཅུང་ཡ་མཚན་སྐྱེ་གཞི་ཞིག་རེད། མ་གཞི་ཁོང་སྙན་ངག་ལ་མཁས་པར་བརྟེན་ཁ་ཚ་དགོས་གཏུགས་བཙན་བྱོལ་ནང་སྙན་ངག་གི་བྱིས་པ་འགའ་གསོ་སྐྱོང་གནང་ནས་བཞུགས་ན་ཅི་འདྲའི་མི་ལེགས་སམ། འདས་པའི་བྱུང་རབས་ནང་ཆོས་བྱེད་དགེ་འདུན་པ་ཚོས་དགོས་པའི་ནང་ཆོས་ཚུལ་བཞིན་མ་བྱས་པར་སྲིད་དོན་ལ་ཕྱག་བསྐྱངས་པ་དང་། ཁྱིམ་པ་ཚོས་དགོས་པའི་རང་སྲིད་དེ་ཡག་པོ་ཞིག་མི་བསྐྱངས་བར་མི་འཇོན་པའི་ནང་ཆོས་བྱེད་ཁུལ་བྱེད་པ་དང་གཅིག་མཚུངས་འདྲ་ཞིག་རེད་དོ།
དབྱངས་འཛོམས་ཟེར་བས་དང་པོ་རྒན་ཆབ་བྲག་དང་ཤར་ཕྱོགས་ཁུག་རྟ་གཉིས་དམིགས་འབེན་དུ་བཟུང་ནས་དབུ་མའི་ལམ་གྱི་རྒྱུགས་ཁྱི་རེད་ཅེས་བྲིས་སོང་། སྐབས་དེར། ཁོང་གཉིས་ཀྱི་ངའི་རྩོམ་འཆལ་འདིར་རྒྱབ་སྐྱོར་བྱས་པས་ལན་པ་རེད་བསམས། རྗེས་སུ། ཀླུ་མཁར་བྱམས་ཀྱི་སྐྱེད་དམན་གྱི་སྙན་ངག་གི་ཞབས་མཆན་ནང་ང་འདྲེ་མགོ་རྡོ་ཤར་ཕྱོགས་ཁུག་རྟ་རེད་ཅེས་བྲིས་པ་རེད། འདི་ནི་བསམ་བཞིན་རྩོམ་འཆལ་འདིའི་རྣོ་ཁ་མ་བཟོད་ནས་གང་ཟག་ཕན་ཚུན་བར་དུ་དབྱེན་སྦྱོར་བྱས་པ་ཞིག་མ་རེད་དམ།
གང་ལྟར། ཁྱེད་རང་དབྱངས་འཛོམས་སུ་བཏགས་པ་དེ་གཞོན་ལྷན་གྱི་དབུས་རྒྱུན་བུ་མོ་ཞིག་ཡིན་སྐད་འདུག་ཟེར་བ་དེ་རྩ་བ་ཉིད་ནས་མིན་པར་ཤོག
ཉོག་བཤད་ལུང་བ་གང་གནང་པར་ཐུགས་རྗེ་ཆེ།