ཨེ་མ་ཧོ
ན་མོ་གུ་རུ་ཀེ་ལ་ཤ་ཡེ།
སྲིད་པའི་གངས་དཀར་གླིང་འདིར་ཆགས་ནས་བཟུང་།།
ཡ་ཐོག་རིང་མོའི་གངས་ཅན་བོད་ཡུལ་ལ།།
མེས་དབོན་རྒྱལ་རབས་དམ་པའི་བཀའ་དྲིན་ལས།།
རང་བཙན་རྒྱལ་ཁམས་ཡོད་པ་བདེན་པའི་གཏམ།།
རྒྱལ་རབས་དམ་པར་བརྒྱུད་པའི་མི་དབང་དང་།།
སྲོང་བཙན་སྒམ་པོའི་བསྟན་སྲིད་རྒྱལ་མཚན་ལ།།
ཆོས་རྒྱལ་ཆེན་པོའི་ཡིད་བཞིན་ནོར་བུས་རྒྱན།།
སུམ་གཉིས་དབང་བའི་རྒྱལ་རབས་བརྗེད་ཕོད་དམ།།
གངས་སེང་གཡུ་རལ་མཛེས་པའི་རྒྱལ་དར་དང་།།
གསེར་སྲང་དངུལ་ལས་བྱས་པའི་ཐམ་ཀ་དང་།།
ཡིད་བཞིན་ནོར་ལས་ལྷག་པའི་སྐད་ཡིག་ཅན།།
རྒྱལ་སྤྲང་ཐུན་མོང་ཡིན་པར་འདོད་ཕོད་དམ།།
རུས་ཆེན་དུང་ལས་གྲུབ་པའི་གངས་རིའི་ལྗོངས།།
དམར་ནག་ཁྲག་གིས་གཡོགས་པའི་གཡོ་རྫུན་ལ།།
གཞིས་བྱེས་རེ་རྟོན་བཅའ་བའི་རང་དབང་ཉིད།།
རྒྱལ་འགོང་ཁྲེལ་མེད་ལག་ཏུ་བཞག་ཕོད་དམ།།
རུལ་སུངས་དྲི་མས་གང་བའི་ནང་རུལ་བས།།
འདི་ཕྱི་བློ་གཏད་མེད་པའི་ཁྲམ་པ་ལས།།
ཡབ་མེས་བཙན་པོའི་རང་ཆོས་སྨྲ་བ་ལ།།
བདེན་ཁ་ཡང་དག་སྟེར་ན་མི་ལེགས་སམ།།
བདེན་པའི་ཉི་མ་གསེར་འོད་ལམ་སེ་ལམ།།
དྲང་པོའི་ཟླ་བ་འོད་སྣང་ལམ་སེ་ལམ།།
རང་བཙན་སྐར་ཚོགས་བཀྲག་མདངས་ལམ་སེ་ལམ།།
ལམ་བཟང་ཆོས་ལྡན་ཞིང་ཁམས་རྒྱལ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོར་རྟེན་འབྲེལ་རྨི་ལམ་སྣ་ཚོགས་དང་བདེན་པའི་གཏམ་བཤད་ཅིག་གིས་འབོད་བསྐུལ་བཞིན་གང་དྲན་དུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བདེན་གཏམ་གླུ་རུ་བླངས་པར་དགེའོ།། །། ཛ་ཡ་ཛ་ཡ་སུ་ཛ་ཡ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།།
ཨེ་་་་་ཨེ་མ་ཧོ།
ད་ཁ་ཁར་བཞུགས་ན་ཡག་རེད་མ་གཏོགས་དབུ་ལམ་ཕྱོགས་གཏོགས་ཚོ་ནས་དམག་རྒྱག་ཡོང་གདའ། གོ་ཨེ་སོང་ངམ། གཏམ་དྲང་མོ་བཤད་ན་གཡོ་ཅན་ཚོ་མི་དགའ་རེད་དོ།།
སྲིད་པའི་གངས་དཀར་གླིང་འདིར་ཆགས་ནས་བཟུང་། །
ཡ་ཐོག་རིང་མོའི་གངས་ཅན་བོད་ཡུལ་ལ། །
མེས་དབོན་རྒྱལ་རབས་དམ་པའི་བཀའ་དྲིན་སོམས། །
རང་བཙན་བཞག་ནས་དབུས་ལམ་ཐོབ་ཐབས་གྱིས། །
ཨེ་མ་ཧོ་བླ་རྒན་ཞིག་གིས་ཆགས་སྡང་གསོག་གི་མ་འདུག་ལོ།
ཆོས་པ་ཡིན་ན་དམ་ཆོས་ཡང་དག་མཛོད།།
སྲིད་པ་ཡིན་ན་རང་བཙན་གཙང་མ་མཛོད།།
ཆོས་མིན་སྲིད་མིན་དབུ་མ་སྒྲུབ་པ་ལས།།
སྐྱ་མིན་སེར་མིན་ཕུང་གསུམ་བྱས་ན་བཟང་།།
རང་བཙན་ཡོད་ནོ་བཤད་ན་ཡིད་སྨོན་ཤོར་ས་ཞིག།
རང་བཙན་ཤོར་ཚུལ་བསམ་ན་ངུ་རྒྱུ་ཡོང་སྤྱད་ཅིག།
རང་བཙན་ལན་རབས་བཤད་ན་ཉི་མ་འགྲོ་བྱེད་ཅིག།
རང་བཙན་རིན་པོ་ཆེ་ལ་ཕྱག་གསུམ་འཚལ་ནས་ཕྱིན།
སྲིད་པའི་གངས་དཀར་ཆུ་ལ་རྒྱུར་ནས་འགྲོ་།
སྲིད་གསུམ་མི་རྟག་ཡིན་པ་ཤེས་ན་དགའ་།
རྒྱལ་རབས་ལོ་རྒྱུས་འཕོ་འགྱུར་མང་བ་འདི་།
ཆབ་སྲིད་ངེས་བརྟན་མེད་པ་མི་རྟག་རེད་།
རང་བཙན་བཤད་ནས་ཉི་མ་བཀྱལ་བ་ལས་།
དབུ་ལམ་བརྩད་ནས་རང་ཡུལ་སྲུང་ན་དགའ་།
་
རང་བཙན་བཤད་ནས་ཉི་མ་བཀྱལ་བ་ལས་།
དབུ་ལམ་བརྩད་ནས་རང་ཡུལ་སྲུང་ན་དགའ་།
་
འདི་ལ་རྒྱབ་སྐྱོར་ཆ་ཚང་ཡོད་དོ།།
རང་བཙན་ཤོད་མཁན་མ་འཇོན་འཇོན་མདོག་རེད། །
དབུ་མ་ཤོད་མཁན་ཉམས་མྱོང་དངོས་བདེན་རེད། །
་
རང་བཙན་བཤད་ནས་དབུས་ལམ་གནོད་སྟངས་འདི། །
སུ་ཡིས་བལྟས་ཀྱང་མཐོང་ཡ་མི་འདུག་གམ། །
་
ཀརྡོས།
ཨེ་མ་ཧོ་དངཏྲེ་ཧོར་བྱམས་པ། པད་མ་ཁོང་རྣམས་པས་བདེན་པ་གསེར་འདྲ་ཞིག་གསུང་འདུག་སྟེ། རང་བཙན་བཤད་པ་ཙམ་ནས་སྙིང་རླུང་སྟོད་ལ་ཚངས་འགྲོ་མཁན་རིགས་ལ་བདེན་པ་མཐོང་མི་ཐུབ་བོ། དཔེར་ན་ཇི་སྲིད་ལུས་ལ་མཁྲིས་ནད་ཡོད་པ་དེ་སྲིད་གངས་རི་དཀར་པོ་མཐོང་མི་ཐུབ་པ་བཞིན་ནོ།
མདོར་ན་དབུ་མ་ཟེར་ན་ད་ལྟ་རྒྱ་དམར་གྱིས་བཤད་བཞིན་པ་དེ་རེད། དེའི་ལྷག་གང་ཡང་མ་རེད། ཨ་རི་དང་ཨིན་ཇི་སོགས་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་བོད་ཟེར་བ་རྒྱལ་ཁབ་ལོག་ཁ་ཡོད་མ་ཟེར་བའི་སྐྱག་རྫུན་དེ་རེད། བོད་དང་རྒྱ་ནག་གཅིག་པ་རེད་ཟེར་བ་དེ་རེད། རང་བཙན་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་དང་སྐད་ཡིག་ཡོད་པ་འདོད་པ་དེ་རེད། བདེན་པའི་སྐད་ཆ་མ་རེད་ལབ་ཀྱང་ཀརྡོ་སོགས་ཀྱི་འདོད་པ་རེད། ངོ་མ་བཤད་ན་འགྲིག་འཛུགས་ནང་གི་རུལ་སུངས་ཚོས་རང་བཙན་རེད་ཟེར་བའི་སྤོབས་པ་མེད་ལ་ས་ཡ་མང་པོས་ལྐུག་ཟོས་བྱས་ནས་དབུ་མ་དང་སྤྱི་ཕན་ག་ཚད་བཤད་ཀྱང་བོད་ཀྱི་འབྱུང་འགྱུར་མདུན་ལམ་མེད་པ་བཟོ་མཁན་ནམ་རྒྱལ་ཚོང་བཤད་ན་མི་ཆོག་པ་གང་ཡང་མི་འདུག་གོ། ངོ་མ་བཤད་ན་ཤར་ཕྱོགས་ཁུག་རྟས་དར་དམར་བཟུང་ནས་དབུ་མ་རྩོད་པ་དེ་ཚོ་བསམ་ཚེ་བོད་རིགས་ཚོ་རང་བཙན་གོ་རྟོགས་མེད་པར་གསལ་བོ་རེད།
#9 པདྨ ་ལགས་ཀྱིས་སྤེལ་དོན།:
January 13th, 2016 at 6:34 am
མདོར་ན་དབུ་མ་ཟེར་ན་ད་ལྟ་རྒྱ་དམར་གྱིས་བཤད་བཞིན་པ་དེ་རེད། དེའི་ལྷག་གང་ཡང་མ་རེད། ཨ་རི་དང་ཨིན་ཇི་སོགས་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་བོད་ཟེར་བ་རྒྱལ་ཁབ་ལོག་ཁ་ཡོད་མ་ཟེར་བའི་སྐྱག་རྫུན་དེ་རེད། བོད་དང་རྒྱ་ནག་གཅིག་པ་རེད་ཟེར་བ་དེ་རེད། རང་བཙན་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་དང་སྐད་ཡིག་ཡོད་པ་འདོད་པ་དེ་རེད། བདེན་པའི་སྐད་ཆ་མ་རེད་ལབ་ཀྱང་ཀརྡོ་སོགས་ཀྱི་འདོད་པ་རེད། ་་་་་་་་་ ཟེར།
་་་་་་་་ བདེན་པའི་སྐད་ཆ་མ་རེད་ལབ་ཀྱང་ཀརྡོ་སོགས་ཀྱི་འདོད་པ་རེད། ་་་་་་་་་ ཟེར།
དབུ་མའི་ལམ་ཟེར་ཡ་ཞིག་ལྷག་ཡོད་མ་རེད་ལ། བོད་རྒྱ་འབྲེལ་མོལ་ཟེར་བ་ཞིག་ཡོག་མ་རེད། ཡིན་ནའི། ཏཱ་ལའི་བླ་མ་མཆོག་གི་ཨུ་ཡོན་ཀྲང་སྐུ་གཞོན་གྱི་གོ་གནས་སླར་གསོ་ཡོང་མིན་ཐད་སྐད་ཆ་བཤད་སྲིད།
དབུས་ཕྱོགས་སུ་བོད་རང་སྐྱོང་ཞེས་པ་ཞིག་ཡོད་ཀྱང་། དོན་དེ་རང་སྐྱོང་མ་ཡིན་ཞིང་། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཚད་ལྡན་ཞིག་ཐོབ་བརྩོན་བཞིན་ཡོད་རེད།
འོ་ཀརྡོ་ལ་ཟེར་ཟེར་ཁ།
རང་ཆོས་རང་གིས་སྲུང་ན་ཆོས་པ་རེད།།
རང་སྐད་རང་གིས་བཤད་ན་རང་བཙན་རེད།།
རང་ཡུལ་རང་གིས་ཟིན་ན་དཔའ་བོ་རེད།།
རང་ལུས་རང་གིས་བསྲེག་ན་སྡུག་གྱོང་རེད།།
ཕ་ཡུལ་དགྲ་ལག་བཞག་ན་དབུ་མ་རེད།།
མི་ཡུལ་གཡོག་ཏུ་བསྡད་ན་ཇ་མ་རེད།།
སྐྱབས་ཡུལ་མགོ་བོ་བསྐོར་ན་རྫུན་མ་རེད།།
དཀོར་རྫས་སྒེར་སྤྱོད་བྱས་ན་རྐུན་མ་རེད།།
དར་མ་ཁ་གཡང་ཆེན་པོ་དེ་དཔའ་བོ་དགྲ་
ཁར་དབྱུགས་འདོད་རེད་།
རང་བཙན་ངར་སྐད་ཆེན་པོ་དེ་དུས་ཚོད་
བསྐྱེལ་བའི་སྐད་ཆ་རེད་།
དབུ་ལམ་གཉིས་སྨན་བྱང་སེམས་དེ་བོད་རྒྱ་
བདེ་བའི་ལམ་བཟང་རེད་།
ཁ་བཤད་ཆུ་ཡིའི་འབོ་བ་དང་ལག་ལེན་
གསེར་གྱི་ཐིག་པ་གཉིས་འདྲ་འདྲ་འདྲ་ལ་
ནོར་ཉེན་ཆེ་།
ཁ་བཤད་དབུ་མ་འདོད་པའི་བྱང་སེམས་དང་།།
ལག་ལེན་དགྲ་དགའ་གཉེན་སྡུག་ནང་དཀྲུག་ཅིག།
འཛིན་མཚམས་མེད་པའི་ཕུང་གསུམ་དབུ་ལམ་ལས།།
ཆིག་སྒྲིལ་རང་བཙན་འབད་ན་ཕྱི་ཐག་རིང་།།
དང་པོ་རང་བཙན་ཟེར་ནས་དཔུང་པ་ཕུར།།
བར་དུ་དབུ་མ་ཟེར་ནས་རང་བསྲེག་བྱེད།།
ཐ་མ་རང་བཙན་གཙང་མའི་རྒྱལ་ཁབ་དེ།།
ཐ་བ་རླུང་ལ་སྤུར་བཞིན་མ་སོང་ངམ།།
བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་དེ།།
འགྲིག་འཛུགས་སྒོར་བསྡུད་ཞིག་གི་ཐབས་རྩར་བསྒྱུར།།
གཞིས་བྱེས་ནང་མཐུན་གཙང་མའི་རྒྱལ་ཁབ་གཅིག།
རང་བཙན་ལས་བཞན་སྲིད་ན་མི་རྙེད་དོ།།
གཉིས་སྨན་དབུ་མ་ལག་ལེན་དངོས་ཡིན་ན།།
བོད་པ་ནང་འཁོར་ཐུག་དུས་དབུ་མ་མེད།།
རྒྱ་དམར་ཁོ་ན་དབུ་མ་དགོས་པ་དེ།།
རྒྱ་སྐྱག་གསེར་དུ་སོང་བ་མ་ཡིན་ནམ།།
དགེ་ལུགས་དགེ་ཕྲུག་བར་ན་དབུ་མ་མེད།།
ཞྭ་དམར་སི་ཏུའི་བར་ལ་དབུ་མ་མེད།།
མ་ཤི་གསོན་བསྲེག་བྱེད་ན་དབུ་མ་ཟེར།།
ཨ་ཀོང་ཤི་དུས་དབུ་མ་གང་དུ་སོང་།།
ཁ་བཟང་དོན་སྟོང་མིང་གྲགས་འདོད་ན་དབུ་ལམ་འཛིན། བཙན་པོའི་རིགས་རྒྱུད་ཕ་ས་འདོད་ན་རང་བཙན་འཛིན། བོད་རིགས་ལོ་རྒྱུས་རྒྱ་སྡེར་སྒྱུར་རྒྱུ་འདོད་ན་དབུ་ལམ་ཡག། རྒྱ་བོད་ལོ་རྒྱུས་མི་ཅིག་རིགས་གཞུང་འདོད་ན་རང་བཙན་ཡག། ཡོད་ཚོད་རྒྱ་ལ་རེ་ནས་བོད་རིགས་ནང་དམྱ་འདོད་ན་དབུ་ལམ་བཟང་། འགྲུབ་ཚོད་རང་གིས་བྱེད་ནས་བོད་རིགས་མཐུམ་ལམ་འདོད་ན་རང་བཙན་བཟང་།
གཅེས་ལུས་གསོན་བསྲེགས་བྱེད་དུས་དབུ་མ་མེད།
གཞོན་ནུ་ནང་འཁྲུག་ཤོར་དུས་དབུ་མ་མེད།
ཆུ་སྒང་དུམ་གཉིས་སོང་དུས་དབུ་མ་མེད།
ཀླུ་བྱམས་ལ་སོགས་རང་བཙན་འཐབ་རྩོད་པའི།
མགོ་གཅོད་ཆེད་དང་རྒྱ་ངོ་སྲུང་བའི་ཐབས།
དེ་འདྲའི་དབུ་མའི་ལམ་དེ་དགོས་པ་ཆུང།
རང་བཙན་ར་སྐད་གྲགས་ནས་ཉི་མ་བསྐྱལ་།
རང་བཙན་རང་མིང་གྲགས་ནས་ཉི་མ་བསྐྱལ་།
རང་བཙན་རང་དོན་སྒྲུབ་ནས་ཉི་མ་བསྐྱལ་།
རང་བཙན་ཐབས་ལམ་མེད་ནས་ཉི་མ་བསྐལ་།
དབུ་མ་བོད་རྒྱ་མི་རིགས་མཐུན་འབྲེལ་བཙུགས་།
དབུ་མ་བོད་ཡུལ་བོད་མིར་བདག་ཐོབ་བསྟན་།
དབུ་མ་གཞིས་བྱེས་མཉམ་འཛོམས་ཐུབ་པའི་འགན་།
དབུ་མའི་ལམ་གྱི་གཞན་ཕན་བྱ་བ་འགྲུབ་།
སོག་དམག་བོད་ལ་སླེབས་དུས་དབུས་མར་ཕྱིན། །
རྒྱ་དམར་བོད་ནང་འཛུལ་དུས་དབུས་མ་ཙམ། །
བཙན་འོག་དོན་ཚན་བཅུ་བདུན་དབུས་ལམ་རེད། །
དོན་བཞིའི་ལོ་ནས་བོད་གཞུང་དབུས་མར་བརྩོནད། །
་
ད་ནས་རང་བཙན་ཁ་ནས་མ་འདོན་པར། །
སྙིང་ནས་དབུས་མར་འབུངས་ཤིག་བོད་རིགས་ཚོ། །
རྒྱ་དམག་ཞི་བདེར་སྐྲུནད་ཅིག་གཞིས་བྱེས་གཉིས། །
རྒྱ་རིགས་གཉེན་དུ་ཁུགས་ཤིག་གདོང་དམར་ཚོ། །
་
རྒྱ་རིགས་ནང་ཆོས་སྤེལད་ཅིག་ཆོས་དད་ཚོ། །
རྒྱ་རིགས་ཡ་རབས་བཟོས་ཤིག་བོད་མི་ཚོ། །
ཛམ་གླིང་ཞི་བདེར་བཀོད་ཅིང་བོད་རྒན་ཚོ། །
ཡ་རབ་བཟང་སྤྱོད་སྟོནད་ཅིག་བོད་འབངས་ཚོ། །
དབུ་མ་མཚན་ཉིད་པ་ཞིག་སྒྲུབ་དགོས་ན།།
དབུས་གཞོན་ནང་འཁྲུག་དབུ་མ་ཡོད་པར་དགོས།།
ཀརྨ་དཀར་ནག་དབུ་མ་གཉིས་སྨན་དགོས།།
དགེ་ལུགས་དགེ་ཕྲུག་དབུ་མ་གཅིག་མཐུན་དགོས།།
ཀླུ་བྱམས་ཉམ་ཆུང་དཀར་འདོན་ཡང་དག་དགོས།།
རང་བཙན་གསོན་བསྲེག་མཚམས་འཇོག་ཚད་ལྡན་དགོས།།
དགོས་པ་རྣམ་ལྔའི་དམ་བཅའ་མེད་པ་ན།།
རྒྱ་ནག་གནས་བསྐོར་ཆེད་དུ་དབུ་མ་ཟེར།།
གུང་སང་ཆེད་དུ་དབུ་མ་འདོད་པ་རྣམས།།
སྒེར་དོན་ཙམ་ལས་བོད་དོན་མིན་པར་གསལ།།
ས་ཡ་གཅིག་གི་གཅེས་སྲོག་ཤོར་བ་དང་།།
བརྒྱ་དང་ལྔ་བཅུའི་གསོན་བསྲེག་བྱས་པ་དང་།།
མུན་བཙོན་ཁང་ནས་གནར་གཅོད་མྱོང་བ་ཚོ།།
བསམ་ཚེ་ཁ་ཡག་དབུ་མ་བཤད་ཕོད་དམ།།
གལ་ཏེ་ད་དུང་དབུ་མ་དངོས་ཡིན་ན།།
པཎ་ཆེན་འོས་སྤྲུལ་དབུ་མ་མཚན་ཉིད་པ།།
གངས་ཅན་བླ་མ་དབུ་མ་མཚན་ཉིད་པ།།
དོལ་ཕྲུག་ཚོགས་པ་དམངས་གཙོ་ཚད་ལྡན་ཐལ།།
གོང་དུ་ཀར་ནག་ཚོགས་པས་བཤད་པ་ལ།།
སོག་དམག་བོད་ལ་སླེབས་དུས་དབུས་མར་ཕྱིན། །
རྒྱ་དམར་བོད་ནང་འཛུལ་དུས་དབུས་མ་ཙམ། །
བཙན་འོག་དོན་ཚན་བཅུ་བདུན་དབུས་ལམ་རེད། །
དོན་བཞིའི་ལོ་ནས་བོད་གཞུང་དབུས་མར་བརྩོན།།
ཟེར་བ་ཁྲེལ་མེད་རྒྱུ་འབྲས་མེད་པའི་གཏམ།།
ཁྱད་པར་ཀརྡོ་ཁྱོད་ཚོས་པན་ཆེན་འོས་སྤྲུལ་གྱི་སྐུ་སྲོག་བདོ་ལ་བཞིན་དབུས་མ་ཞིག་ཇི་ལྟར་སྒྲུབ་ཏེ་འགྲུབ་པའི་ཐབས་མེད་དོ། གཅིག་ཤི་གཅིག་གསོན་ལ་དབུས་མ་ཟེར་བ་ཡིན་ནམ།
ལན་མེད།
བཟོད་སྒོམ་ངང་ལ། པདྨར་ལན་མི་འདེབས།
ལན་གྱིས་ལྡོག་པར་མ་ནུས་ན་དེ་ཡི་རྗེས་འདྲིངས་དམ་པའི་ལུགས་ཞེས་པ་ཡང་ཤི་བོ་ཞིག་གོ་མི་ཉན་ལོ་ཀརྡོ།།
ལགས་རེད་པེ། པད་མ་ལགས། ཡ་ཡ།། །།
བོད་པ་ཚོས་ལྟ་གྲུབ་རྩོད་རྒྱུར་དགའ་བ་ཙམ་ལས་དབུ་རང་གཉིས་གང་གིས་བོད་འདི་སྐྱོབ་རྒྱུ་ནི་ལམ་ཐག་ཇེ་རིང་རེད་འདུག། དེ་ལས་ནང་མཐུན་གྱིས་ནུས་ཤུགས་སྤེལ་དགོས་པ་ལས་དགྲ་བོར་མཐུན་འགྱུར་མང་དྲག་སོང་།
ང་ཚོས་དུས་ཚོད་བཏང་ནས་དབུས་རང་བརྩད་ནས་བསྡད་ཀྱང་། རྒྱ་དམར་པོའི་གཉིས་ཆ་མི་སྤྲད་པའི་སྐད་ཆ་སྲིད་འཛིན་ཞིས་བཤད་ཚར་སོང་བས་འཇམ་ཐིང་ངེར་ལས་ཀ་འདྲ་ལས་ནས་བསྡད་ན་བཟང་།
འཇམ་ནོར། ལྷག་བསམ། ཚེ་དབང་རིག་འཛིན་དང་། ཀླུ་མཁར་བྱམས་བཞི་ཡིས། འདོད་པའི་རང་བཙན་དེ་ང་ལ་མི་དགོས། འོནད་ཀྱང་། བསྟན་འཛིན་བརྩོན་འགྲུས་ཀྱི་རང་བཙན་དེ་བློ་ལ་འགྲོ་བོ་འདུག་ཀྱང་། ཐབས་ལམ་ནི། ལག་མེད་དབྱུག་པ་ཐོག་ནས་དགྲ་ཕྱི་རུ་བུད་ཐབས་ཙམ་ཞིག་ལས་མ་མཐོང་བས། དེས་ན། དབུས་ལམ་ཐོག་ལ། ཐད་རྒྱུགས་བྱས་ན། རང་གཞན་ཀུན་ལ་ཕན་ཐོགས་མི་ཆེའམ། ལགས།
༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་། བོད་མིའི་སྒྲིག་འཛུགས་ལ་རྒྱབ་བསྟན་མཁན་ཚོའི་རང་བཙན་དེ་ང་ལ་མི་དགོས་ཐག་གཅོད་ཡིན་ནོ།།
དགོད་བྲོ་བ་ཞིག་ལ་རྒྱ་དམར་པོས་མཚན་དམས་ཇི་ཙམ་ཞུས་ཀྱང་དབུ་མ་དང་གཉིས་སྨན་ཟེར་ནས་མགོ་བཏགས་ཞུ་རྒྱུ་ཁོ་ན་ལ་བརྩོན། རང་བཙན་འཐབ་རྩོད་པ་དཔའ་བོ་ཀླུ་བྱམས་སོགས་ནས་མཚན་དམས་གང་ཡང་ཞུས་མེད་ཀྱང་མཚན་དམས་ཞུ་མཁན་དང་ཁ་གཏད་ཚོགས་པའི་མིང་ཅན་དུ་གྱུར་བཞིན་པ་དེ་ཚོ་མཐོང་དུས། ཚེ་འདི་ཕྱི་གཉིས་ལ་ཕན་པའི་ཀླུ་གྲུབ་ཡབ་སྲས་ཀྱི་དབུ་མ་མ་གཏོགས། བོད་གཞི་བྱེས་གཉིས་ལ་གནོད་པའི་དབུ་མ་དེ་མི་དགོས་ཐག་ཆོད་ཡིན།
་་་་་་་་་་ རང་བཙན་འཐབ་རྩོད་པ་དཔའ་བོ་ཀླུ་བྱམས་སོགས་ནས་མཚན་དམས་གང་ཡང་ཞུས་མེད་ཀྱང་་་་་་་་་་ཟེར།
ངོས་ནས་རང་བཙན་དང་དབུ་ལ་ཁྱད་པར་མེད། ཡིན་ན་ཡང་མི་ངན་ལ་ལས་དབུ་མ་ཁ་ལ་ཁྱེར་ནས་རང་བཙན་གཙང་མའི་རྒྱལ་ཁབ་རྩ་མེད་དུ་བཟོ་འདོད་ཚོ་ལ་གོ་བའི་བུ་ལ་བརྡ། རི་སྤྱང་ཚང་ལ་ཀི་ཙམ་བཏབས་པ་ཡིན་ནོ།།
རྒྱ་ལ་མགོ་བཏགས་ཞུ་རྒྱུའིདབུ་ལམ། བོད་ལ་མགོ་རྡུང་གཏོང་རྒྱུའི་དབུ་ལམ། རྒྱ་དང་གཉིས་མོས་བཟོ་རྒྱུའི་དབུ་ལམ། བོད་དང་གཉིས་མེད་བཟོ་རྒྱུའི་དབུ་ལམ།
https://www.facebook.com/tsring.degotsang/videos/10205877135267416/
དབུ་ལམ་པ་ཚོས་གོང་ས་མཆོག་ལ་མཚན་སྨད་བཟོ་རྒྱུར་རྒྱུ་རྐྱེན་མང་པོ་བཟོ་བཞིན་འདུག། ཁོང་མཚན་སྨད་བཟོ་རྒྱུར་དགའ་ན་གོང་ས་མཆོག་གི་མཚན་སྤྱོད་ནས་བོད་མི་ཚོ་ཁ་བྲལ་བཟོས་དང་དེ་གས་འགྲིག།