ཆབ་སྲིད་དཔྱད་གླེང་འདོན་ཐེངས་གསུམ་པ་ལས་དྲངས།
རྡ་ས་ས་གནས་རྒྱུན་ལས་འོས་འདེམས་བྱུང་རྗེས། རྒྱུན་ལས་རྣམས་ཀྱི་འདོད་མོས་བཞིན་ཕྱི་ཟླ ༧ ཚེས ༢༧ ཉིན་དབུ་མའི་ལམ་དང་རང་བཙན་སྐོར་ཟབ་སྦྱོང་སྤྲད་ཡོད། དེའང་ཟབ་སྦྱོང་དེར་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་མཆོག་དང། སྤྱི་འཐུས་ཀརྨ་ཆོས་འཕེལ་རྣམ་གཉིས་གདན་ཞུས་ཀྱིས་རང་རང་གི་འདོར་ཐབས་མེད་པའི་ལྟ་གྲུབ་བརྒྱུད་བོད་ཀྱི་བདེན་མཐའ་བསལ་ཕྱོགས་ཅི་ཡིན་གསུང་བཤད་གནང་བ་དང། གསུང་བཤད་གནང་སྐབས་དྲི་བ་དྲིས་ལན་ཞིབ་ནན་བཏང་ཡོད། སྐབས་དེར་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་འཇམ་དབྱངས་ནོར་བུའི་བརྩམས་དེབ་༼ རང་བཙན། བོད་ཀྱི་གནད་དོན། ༽ཞེས་པའི་ཁུངས་མེད་དང་སྐུར་འདེབས་རང་བཞིན་ཚད་ལས་བརྒལ་བ་ཡིན་སྟབས། དེབ་འདི་ཀློག་ཡོད་དམ་འདིའི་ཐད་ལྟ་ཚུལ་ག་རེ་ཡོད་མེད་དྲིས་པར། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས། “ཀློག་ཡོད་གདའ་ཡོད། རང་བཙན་ལྟ་གྲུབ་འཛིན་མཁན་ཚོ་ང་དང་ལྟ་གྲུབ་ཀྱི་ཆ་ནས་བློ་མཐུན་ཆགས་ཡོད་པས་བརྩི་བཀུར་ཡོད། འོན་ཀྱང། རང་བཙན་ཁ་ལ་ཁྱེར་ནས་༧རྒྱལ་བ་ཡེ་ཤེས་ནོར་བུར་ཁ་གཏོང་བ་དང། ཟུར་ཟ་བྱེད་མཁན་གྱི་གྲས་སུ་ང་ནམ་ཡང་མེད། ཚད་ལས་བརྒལ་བའི་བྱ་སྤྱོད་དེའི་རིགས་དང་འབྲེལ་བ་མེད་སྟབས། ང་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་གྲས་སུ་མེད་”ཅེས་བརྗོད། དེ་ཉིན་སྐུ་ཞབས་ཀརྨ་ཆོས་འཕེལ་མཆོག་གིས་མུ་མཐུད་རང་བཙན་ལྟ་གྲུབ་འཛིན་དགོས་དོན་གྱི་རྩ་བ་གསལ་བཤད་གནང་དོན། “ང་ཚོའི་མི་ཐོག་འདིར་བོད་ཤོར་བ་རེད། བོད་ཤོར་བ་དེ་ང་ཚོའི་མི་རབས་འདིར་ལེན་མ་ཐུབ་ཀྱང། དེ་བློས་གཏོང་བྱས་ན་བཟང་སྤྱོད་དང་འགལ་བསྡད་ཡོད་པ་རེད། དེ་བས་ང་ཚོའི་མི་རབས་འདི་ག་རང་ལ་བོད་ལེན་མ་ཐུབ་ཀྱང། བོད་ལེན་དགོས་པའི་འཐབ་རྩོད་ཀྱི་རྒྱུན་མ་ཉམས་པར་གནས་དགོས་པ་དང། མི་རབས་གསར་པ་ཚོར་རྩིས་སྤྲོད་དགོས་སྟབས་རང་བཙན་འདོར་གྱི་མེད”ཅེས་གསུངས་ཡོད།
Pdf3
ཆ་ཚང་དྲ་ཐག་འདི་བརྒྱུད་ནས་གཟིགས།།
ད་ཆ་བཙན་བྱོལ་བར་འདུག་ཡུན་རིང་བའི་རྒྱུ་མཚན་གྱིས་སྐབས་འཚོལ་བའི་ལྟོ་གོས་དང་ཁ་སྟོང་འཆད་རྒྱུའི་ལྡིང་ཆའི་ཚོགས་པ་དང་། བཤད་མཁན་མང་བའི་སྐྱོན་ལས་ཉུང་བ་མི་འདུག་ན་ད་ཆ་ག་རེ་བྱེད་དགོས་དེད་དམ།
ཆབ་སྲིད་ཀྱི་གནད་དོན་ལ་ཐུག་དུས་རང་གི་ལྟ་གྲུབ་ཇི་བཞིན་བསམ་སྤྱོད་ཐུབ་རྒྱུ་གལ་ཆེན་རེད། དེ་ལས་ལྡོག་སྟེ། ལུང་འདྲེན་ཁོ་ནའི་མལ་དུ་གཟིམ་ན་མུན་པའི་འཇིག་རྟེན་རང་རེད།
རང་བཙན་མི་དགོས་ན་་་རང་ཡུལ་ནས་ཅི་སྟེ་བྱོལ་་་་་རང་བཙན་མེད་ན་གར་སྡོད་ལ་ཁྱེད་ཅི་་་་རང་བཙན་བརྩོད་མཁན་ལ་དགྲར་བཟུང་ན་་་་་གྲོགས་སུ་ལ་བྱེད་་་་་་འོ་ན་ཕུག་མདུན་ཟེར་ན་གང་་་་་་བོད་དོན་དེེ་གང་ཟག་བྱེ་བྲག་པ་ཞིག་དང་ངེས་པར་དུ་འགྲོགས་དགོས་སམ་་་་་་དགོས་ན་་་་་་མི་རིགས་ཀྱི་ངོ་བོ་དངོས་གནས་གང་ཡིན་ལེགས་པར་སམས་དང་་་་་་ད་འོ་ན་ཆམ་མཐུན་ཟེར་ན་་་་མཐུན་སྒྲིལ་ཟེར་ན་་་་་་་དབྱེ་འབྱེད་ཟེར་ན་་་་་་དམངས་གཙོ་ཟེར་ན་་་་་་ངེས་པར་དུ་ཤེས་དགོས་པ་ཞིག་ལ་་་་་གཞི་རིམས་མང་ཚོགས་ཀྱིས་་་་་མི་རིགས་ཀྱི་ངོ་བོ་དང་་་་བདེན་དོན་་་་རང་དབང་་་ཁྲིམས་ཀྱི་གནས་ལུགས་་་་དམངས་གཙོ་ཡི་དགོས་པ་་་་སྨྲ་བརྗོད་རང་དབང་་་་ཆོས་དད་རང་མོས་་་་་བཙན་བྱོལ་བོད་ཀྱི་རྩ་ཁྲིམས་དང་་་་བཅའ་ཁྲིམས་་་་་་་་རྒྱ་གར་གྱི་རྩ་ཁྲིམས་ངེས་པར་ཤེས་དགོསརེད་གང་ལག་ཟེར་ན་་་་གོ་ལ་འདི་ཡི་སྟེང་ནས་ཁྲིམས་ལུགས་སྟེང་ཟབ་ཤོ་ས་དེ་ངོས་་འཛིན་བཞིན་ཡོད་པས་རེད་་་་་་་་རྒྱ་ནག་གི་རྩ་ཁྲིམས་སོགས་་་་་་་བཅས་་་་་་་གཞིས་ཆག་ཁག་ནང་དང་་་་་་སློབ་གྲྭར་་་་བོད་རིགས་ཡོངས་ཀྱིས་ཤེས་ན་་་་་་་
དའི་འོག་ཏུ་ཧ་འཇུག་དགོས་ན། ད་རྒྱབ་པའི་རྗེས་ལ། རང་གི་ལག་གཡོན་ཕྱོགས་ན། shift ཞེས་པ་མནན་ཏེ། རང་གི་ལག་གཡས་ཀྱི་ཕྱོགས། གོང་ན་སྐུ་རུ་ཁའི་འོག་ན། ཐིག་བརྩེགས་མ་ལྟ་བུ་ཞིག་ཡོད་པ་མནན་རྗེས། ཧ་ཡིག་མནན་ན། ད་ལ་ཧ་འོག་ཏུ་འཇུག་ཐུབ་པ་འདི་ལྟར། དྷ། དྷ་ས་ལ་རྡ་ས་མ་ཡིན་པར་དྷ་ས་འབྲི་ན་ཡི་གེའི་དག་ཆ་དང་མཐུན།
རང་བཙན་རྩོད་མཁན་ནང་ལ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཡོད་གསལ་སྟོན་བྱས་འདུག་པས། ད་ནས་བཟུང་༸གོང་ས་མཆོག་ལ་མཚན་སྨོད་ཞུས་མཁན་ཚང་ང་ཡི་དགྲ་ཡིན་པས་དེ་དོན་དགོངས་པ་གཟབ་གཟབ་གནང་ནས་སྐད་ཆ་ཤོད་རོགས་གནོངས།
རང་བཙན་དགོས་དབུས་ལམ་ཐོབ་ནས་ཀྱང་ལེན་ཆོག་བགྱི་རེད། དེ་དུས་ཁྱེད་ཚོས་འཇོན་ན། འོནད་ཀྱང་ཁྱེད་ཚོར་རེ་བ་སྤུ་ཙམ་ཡང་མེད་ལགས། ༸གོང་ས་མཆོག་སོགས་སྐྱབས་གནས་དམ་པ་རྣམས་ལ་ཁ་གཏོང་མཁན་ཚོས་ཁ་བཙུམ་ནས་བསྡད་ཐུབ་ན། བོད་སྤྱི་ལ་ཕན་པ་མི་འདུག་གམ།
ད་བོད་རང་དབང་རང་བཙན་དོར་ནས་རྡ་ས་རུ་དབུ་མ་ཟབ་སྦྱང་བྱས་བསྡད་ན་བདེན་མཐའ་ཞིག་ཧི་མ་ལ་ཡི་རི་མགོ་ནས་ཤར་ཡོང་རྒྱུ་ཡོད་པ་ཐག་ཆོད་རེད། བོད་ལུས་ངན་འདི་ག་རེ་མ་འགྲིག་ཡིན་ནམ།
དངོས་ཡོད་གནས་ཚུར་དང་རང་རེད་། ང་ཚོས་བདེན་པའི་འཐབ་བརྩོད་ཡིན་ཟེར་ནས་ནམ་རྒྱུན་རྒྱལ་སྤྱིའི་ཐོག་བཤད་བཤད་རེད།
རང་ངོས་ནས་ནམ་རྒྱུན་དེ་ལྟར་བསམ་བཞིན་ཡོ། བདེན་པ་རྒྱལ་ལོ།
རྒྱ་འདྲེ་ཤར་ཁུགས་འདིས་རྒྱ་གུང་ཁྲན་ལ་འཐབ་རྩོད་མི་བྱེད་པར་ཁོས་འཐབ་རྩོད་དང་ཁ་གཏོད་ས་ནི་དད་པ་ཁ་ལ་འཁྱེར་ཏེ་རང་བཙན་པ་ཚོར་མ་ཉེས་ཁ་གཡོག་བྱས་རྒྱུ་དེ་རེད། མི་འདི་ལས་ཡན་གི་རྒྱ་མིའི་སོ་བ་ཞིག་འཇིག་རྟེན་འདི་ན་ངོ་མ་མེད།
རང་བཙན་ཞེས་དང་དབུ་མའི་ལམ།
འཐབ་རྩོད་ལྟ་བ་ཐ་དད་པས།
གཉིས་ཀ་སྨིན་པའི་འབྲས་བུ་ཞིག
སྤྱོད་པ་བསྐལ་པ་སྟོང་གི་རྗེས།
མ་ཧ་གྷན་དིས་གཅིག་སྒྲིལ་གྱིས།
རང་བཙན་བླངས་ཤིང་འབངས་བདེར་བཀོད།
ཕྱོགས་གཉིས་འཁྲིག་འཛིན་དོན་མི་འགྲུབ།
མ་ཧ་གྷན་དིར་མིག་དཔེ་ལྟོས།
རང་རང་སོ་སོའི་ཕུག་དོན་ཆེད།
རང་བཙན་དབུ་མ་གང་ཟེར་ཡང་།
རྨོངས་ཁྲོད་ལས་པའི་བོད་མིའི།
ལས་དབང་འདི་འདྲ་ཅི་མ་རུང་།
གཞན་གྱིས་ནི་རེ་བ་རང་ལ་རྒྱབ། གྱོང་གུད་དགྲ་ལ་སྤྲད་ནས་ཁེ་བཟང་རང་གི་རེག་ཡོད་པ་རྒྱ་ནག་ཨ་རི་ལྗང་གར་ལྟ་བུ་དང་གྷན་དྷི་ཡང་ཞི་བའི་ཐབ་ལམ་གྱི་ཨ་རི་ལ་རྒྱལ་ཁབ་གཅིག་གི་གྱོང་གུད་སྤྲད་ནས་རྒྱ་གར་ལ་རྒྱལ་ཁབ་གཅིག་གི་ཁེ་བཟང་རེག་ཡོད་ལ། ང་ཚོས་རེ་བ་གཞན་ལ་བརྒྱབ་གྱོང་གུད་རང་ལ་སྤྲད་ནས་ཁེ་བཟང་ཆེ་ཤོས་ཞིག་རེག་ལས་ཆེ་སྟེ་དེ་ནི་བོད་པ་མ་གཏོགས་གཞན་ལ་ཁེག་པོ་རེད། ཧཧཧཧཧཧཧཧཧཧཧཧ
རྒྱལ་ཁབ་མ་དགོས་ན། །རྒྱ་ཞབས་མི་འདུག་པར། །རྒྱ་མིའི་རྒྱུག་ཁྱི་ཚོ། །རྒྱ་གར་ཅིའི་ཕྱིར་ཡོང་། །
ཤར་ཁུག་དུད་འགྲོ་ཉོན་ཅིག། རང་བཙན་བརྩོད་མཁན་ཚོའི་༧གོང་ས་མཆོག་ལ་མ་དད་པ་ལུས་ངག་ཡིད་གསུམ་གྱི་ཐོག་ནས་རྣམ་འགྱུར་ག་རེ་སྟོན་སོང། ད་ཁྱོད་རང་གི་ལབ་དང་རང་བཙན་བརྩོད་མཁན་གཞོན་ནུ་ཚོགས་པ་རེད། གཞོན་ཚོགས་ཡོངས་ནས་༧གོང་ས་མཆོག་ལ་དད་ལོག་བྱས་པའི་དཔང་རྟགས་གསལ་པོ་ཁུར་ཤོག། དེ་མེད་ན་བཙན་བྱོལ་སྤྱི་ཚོགས་གཏོར་གཤིགས་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན། མ་ཚད་གཞོན་ནུ་ཚོགས་པའི་ཚོགས་མི་ཚང་མ་དད་ལོག་བྱེད་མཁན་རེད་ཟེར་ན་དད་ལོག་བྱེད་མཁན་མི་སྣ་སུ་ཡིན་མིན་དང། ག་དུས་བྱས་མིན་གང་དུ་བྱས་མིན། ལན་གསལ་པོ་དགོས་གི་ཡོད། ཁྱོད་རང་དབུ་ལམ་ལྟར་སྣང་པའི་རིག་གཞུང་དང་ཤེས་ཡོན་གི་འགན་འཛིན་ཡིན་ཡང་ཁྱོད་རང་གིས་བོད་ལ་ཕན་པའི་བྱས་རྗེས་ག་རེ་བཞག་ཡོད། ད་དུང་བཀའ་ཁྲི་མཆོག་ལ་སྨད་ར་དང་བཀུར་འདེབས། རང་བཙན་བརྩོད་མཁན་ཚོར་མ་རབས་ངན་དགུ་ཟེར་མཁན། ད་དྲྭ་གྲོགས་ཚོ་བསམ་བློ་ཡག་པོ་ཐོང་དང་ཤར་ཁུག་སམ་བློ་བཟང་ཆོས་འབྱོར་ཟེར་མཁན་འདི་མི་གང་འདྲ་ཡིན་མིན། བོད་སྤྱི་ལ་ཕན་སེམས་ཡོད་མེད་ཧ་གོ་སོང་བ། ཁྱོད་རང་འདྲ་བའི་མི་ངན་གྲྭ་ལོག་ཞིག་གིས་བཀའ་ཁྲི་མཆོག་དང་གཞོན་ལྷན་གྱིས་བ་སྤུའི་བུ་ག་ཙམ་ཡང་འགྲན་ཟླ་ནུས་གི་མ་རེད། ད་མི་ངན་འདི་འདྲ་ལ་གོ་ས་རག་ན་བོད་རྩ་མེད་བཟོ་བ་ངས་མིག་བཙུམ་ནས་ཐག་བཅད་ཐུབ། ཁྱོད་རང་བུ་ངོ་མ་ཡག་པོ་ཞིག་ཡིན་ན། དབུ་མའི་ལངས་ཕྱོགས་བརྟན་པོ་བཟུང་ནས་ཚོགས་པ་གཞན་པར་ཁ་མ་གཏོང་ན་ད་དུང་ང་གཅིག་ཡིན་གཉིས་ཡིན་ལབ་ན་ལབ་ཆོག། ངས་དཀོན་མཆོག་དཔང་དུ་གཙུག་ནས་ལབ་གི་ཡོད་ངས་ཉི་མ་དེ་རིང་ནས་བཟུང་སྟེ་ཁྱོད་བློ་བཟང་ཆོས་འབྱོར་མི་གྲལ་ཕར་བཞག། ཁྱི་གྲལ་ཡང་མི་བཞག་ངོ་མ་ཡིན། དམ་ཅན་རྡོ་རྗེ་ལེགས་པས་ཁྱོད་རང་སྙིང་ཁྲག་མཐུང་ཤིག། བོད་པ་ཚང་མར་གནས་སྟངས་འདི་འདྲ་ཞིག་གིས་འོག་ཏུ་ཡོད་ཀྱང་ད་དུང་ཕྱོགས་རེས་དང་འགྲན་སེམས་ཁུར། བོད་ལ་ཕན་པའི་བསམ་བློ་ཕར་ཞོག། མི་མང་འདུ་འཛོམ་ཏིག་ཙམ་ཡོད་སར་བཀའ་ཁྲི་མཆོག་ལ་མེད་རབས་དང་གཞོན་ནུ་ལ་མེད་རབས། ཁོ་རང་ཚང་མ་ཚང་མཁན་ཞིག་ཡིན་མདོག་མདོག། ཁྱོད་ག་རེ་ཡིན་དྲན་གིས་འདུག། རྒྱ་གུང་ཁྲན་གི་དངུལ་སྤྲད་ནས་བཙན་བྱོལ་སྤྱི་ཚོགས་དབྱེན་དཀྲུགས་བྱེད་རྒྱུ་ལས་གཞན་མཇོན་ཐང་ག་རེ་ཡོད། བོད་ཡིག་ཐར་ཐོར་འབྲི་ཀློག་ཤེས་པ་ཙམ་གྱི་མི་ཆེན་ཡིན་མདོག་མདོག། ད་ཁྱོད་རང་ཚོད་བཟུང། གཞོན་བུ་དང་བཀའ་ཁྲི་མཆོག་ལ་ཁ་གཏོང་ཚོད་བྱོས།
གཞོན་བུ་དེ་གཞོན་ནུ་བཅོས་རོགས།
དང་བླངས་པས་གཟབ་གཟབ་བྱས་མ་གཏོགས་རང་མདོག་གསལ་ཡོང་གི་འདུག འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང། བསྟན་འཛིན་བརྩོན་འགྲུས། ཀླུ་མཁར་བྱམས། ཚེ་དབང་རིག་འཛིན་སོགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་མེད་ན་སུས་ཞུས་པ་རེད། ཁྱེད་གླེན་པའི་ཞེན་ཁོག་དེ་འདྲས་ཁུངས་ག་བ་འཁྱོལ་གྱི་རེད། ཁྱེད་ནས་འདི་ལྟར་སྤྱི་ཚོགས་ནང་གཡམ་སྒྲོགས་བྱས་ན་སྒྲིག་ཁོངས་ནས་ཕྱིར་འབུད་བཏང་ཡོང་བསམས། ངའི་གྲྭ་ཚང་ཁྱེད་ཀྱི་གྲྭ་ཚང་གི་ཐག་ཉེར་ཡོད། ད་དུང་ཁྱེད་ཀྱིས་འདི་ལྟར་དཀྲོགས་གཏམ་སྤེལ་ན། ང་ཁྱེད་ཚོའི་དབུ་འཛིན་སར་བཅར་ནས་ཚིག་རེ་རེ་བཞིན་རྒྱུ་མཚན་ཡོད་མེད་གསལ་བཤད་ཞུས་ཆོག ཆོལ་ཁའི་ཞེན་ཁོག་ཆོ་ཡོད་པ་མ་རེད། མི་ངན་ཐ་ཤལ་འདི་རིགས་ཀྱིས་མཚན་སྨད་གང་ཞུས་ཁྱེད་ལ་སྟོན་དགོས་ན། ཁྱེད་ནས་མ་ཤེས་མདོག་མདོག་བྱེད་ན། དངོས་གནས་སྲུང་མ་དམར་ནག་གཉིས་ཀྱིས་ཁྱེད་ལ་བཟོ་ལྟ་སྤྲོད་ཀྱི་རེད་གདའ། ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཤེས་ནས་ཉམས་ལེན་ཚུལ་བཞིན་སྒྲུབ་པ་ལ་རྒན་ཞིང་གཤེགས་དམ་པ་བློ་བཟང་རྒྱ་མཚོ་ལྟར་བྱེད་དགོས་པ་རེད། ཁོང་ལ་སློབ་སྦྱོང་བྱེད་རོགས། ཁོང་གི་གསུང་རྩོམ་དག་ཀློག་རོགས། མགོ་འཐོམས་ཀྱི་མ་རེད།
ངས་བསམས་ན། ཀརྨ་ཆོས་འཕེལ་ལགས་ཀྱིས་ས་སོའི་ས་མཚམས་ཆུ་མཚམས་གསལ་བོ་ཕྱེས་འདུག དེ་ཡག་པོ་མ་རེད་དམ། འགྱོད་གཤགས་གནང་འདུག ལམ་ནོར་ལྡོག་ཤེས་བྱས་ན་སུ་ཡིན་ནའང་ལམ་ཁ་ཡོད་པ་རེད། ཡིན་ནའང་ང་ཀརྨ་ཆོས་འཕེལ་འདི་ལ་ཡིད་ཆེས་ཡོང་ཡ་ཁག་པོ་རེད། རྒྱུ་མཚན་མང།
ལྷ་མཚོ་ནས་འཇམ་དབྱངས་ནོར་བུ། ལྷག་བསམ་ཚེ་རིང་། བསྟན་འཛིན་བཙུན་འགྲུས། ཚེ་དབང་རིག་འཛིན་སོགས་ནས་གོང་ས་མཆོག་ལ་མཚན་སྨོད་ཞུས་མེད་ན་སུས་ཞུས་པ་རེད། ཅེས་བཤད་འདུག་པས་ཁོང་རྣམ་ཚོས་མཚན་སྨོད་ཞུས་པའི་བརྗོད་ཚིག་ག་རེ་རེད་གསལ་པོ་འདིར་བཤད་དགོས། གལ་སྲིད་ཁོང་ཚོས་བོད་རང་བཙན་གྱི་ལྟ་ཚུལ་འཛིན་པ་དང་བཤད་པ་དེས་སྐུ་མདུན་ལ་མཚན་སྨོད་ཞུས་པ་རེད་བཤད་ཀྱི་ཡོད་དམ། ཡང་ན་མཚན་སྨོད་ག་རེ་ཞུས་པ་རེད། བོད་རང་བཙན་ཡིན་ཚུལ་སྐོར་བཤད་ན་ཁྱེད་ལྟ་བུ་མི་ཁག་གཅིག་གི་སྙིང་དང་གློ་བར་གྲི་གཙུགས་པ་ནང་བཞིན་རང་འདོགས་སྟོན་ཡོང་གི་འདུག་པས་དེ་གང་ཡིན་ནམ། ཁྱེད་རྣམ་པའི་ཐུགས་འདོད་ནི་དབུ་མའི་ཐབ་ལམ་འདིས་རྒྱ་བོད་གཉིས་ཡོད་དང་། མིར་ཕན་རང་སྐྱིད་ཀྱི་སྤྱི་ཚོགས་ཞིག་སྐྲུན་རྒྱུར་རེ་སྟོང་དེ་རེད། ཐབས་ལམ་འདི་དབུ་འཛུགས་པ་ནས་ད་ལྟའི་བར་དུ་དོན་དངོས་ཐོག་དེས་བོད་མི་རིགས་ལ་ཕན་པའི་བྱ་བ་སྣ་གཅིག་ཐོན་མེད་ཞུ་ན་རྫུན་དུ་མི་འགྱུར། དེ་ལས་ལྡོག་ནས་བོད་མིའི་དཀའ་སྡུག་ནི་ཉིན་བཞིན་སྡུག་ནས་སྡུག་ཏུ་འགྱུར་བ་འདིར་དབུ་ལམ་པ་རྣམས་ཀྱིས་འགྲེལ་བཤད་ག་རེ་བརྒྱབ་རྒྱུ་ཡོད་དམ། མི་ལོ་སུམ་ཅུ་ལྷག་གི་རིང་དབུ་མའི་ཐབས་ལམ་འདིར་སྤྱོད་ནས་བོད་དོན་སྡུག་ནས་སྡུག་ཏུ་སོང་ཡང་། ད་དུང་ཡང་དེས་བོད་འདི་སྐྱོབ་ཐུབ་པའི་རེ་སྟོང་དེར་འགྱུར་བ་མེད་པ་གང་ཡིན་ནམ། རང་གི་ལྟ་གྲུབ་རྗེས་འཛིན་ཙམ་ལས་དོན་དངོས་ཐོག་དེས་གངས་ཅན་པའི་ལས་དབང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་མེད་པ་ནི་ལས་འབྲས་ཚད་དུ་འཛིན་ཆོག། ད་ལྟའི་སྤྱོད་བཞིན་པའི་དབུ་ལམ་འདིས་བོད་ལ་ཕན་བཏགས་མྱོང་མེད་ལ་རྗེས་སོར་ཡང་བོད་ལ་ཕན་བདེ་སྐྲུན་མི་ཐུབ་པས་ཚིག་ཐག་བཅོད་ནས་ཞུ་ཆོག་གོ། ངས་བོད་རང་བཙན་རྩོད་དགོས་ཞུ་ཡི་མེད། འོན་ཀྱང་། བོད་རང་བཙན་ལྟ་མཁན་རྣམས་ལ་སོ་སོ་མི་རིགས་ལ་ཡོད་པའི་ཐབ་ཐང་རྩོད་པ་ཞིག་ལ་ངེས་འཛིན་པ་ལས། རྒྱལ་ཚོང་པ་ཞིག་ཏུ་དུས་ནམ་ཡང་མི་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད་དོ།།
མཆན་ཨང་༡༤ལགས་ལ་ཞུ་རྒྱུ། ང་གཞན་པ་རྒྱུས་མེད། སུ་ཡིན་ན་ཡིན། ༧གོང་ས་ཡིད་བཞིན་ནོར་བུར་སྨད་ར་དང་བཀུར་འདེབས་བྱེད་མཁན་ཡོད་ན་ངས་མཐའ་གཅིག་དུ་ངོ་རྒོལ་ཡོད་ལ་ངའི་དགྲ་བོ་ངོ་མ་དེ་ཡིན། མ་ཚད་༧གོང་ས་མཆོག་གིས་མཚན་བེད་སྤྱད་ནས་བོད་པའི་སྤྱི་ཚོགས་གཏོར་གཤིགས་བྱེད་མཁན་ཚོ་ངའི་ཁ་བཏད་ངོ་མ་དེ་ཡིན། ཁྱེད་ཀྱི་སྔར་གོང་དུ་སྨྲོས་པའི་མི་དེ་ཚོའི་༧ གོང་ས་མཆོག་ལ་དད་ལོག་དང་བཀུར་འདེབས་བྱས་ཡོད་ན་སྲུང་མ་དམར་ནག་གི་ཐར་པ་གཏོང་གི་མ་རེད། གོང་སྨྲོས་མི་དེ་ཚོའི་༧གོང་ས་མཆོག་ལ་བཀུར་འདེབས་བྱས་ཡོད་པའི་དབང་དུ་བཏང་ཡང། གཞོན་ནུའི་ཚོགས་མི་ཚང་མ་དེ་འདྲ་ཡིན་རྒྱུ་མ་རེད་དེ་ཡང་བསམ་བློ་ཐོང། ངས་སྐབས་ཐོག་ག་རེ་ཞུས་ཡོད་ཟེེར་ན། བོད་པ་ཚང་གནས་སྟངས་འདི་འདྲའི་ཡ་ང་བོ་ཞིག་གིས་འོག་ཏུ་གནས་ཡོད་དུས། རྡོག་རྩ་གཅིག་སྒྲིལ་གི་བསམ་བློ་ཁུར་དགོས་པ་ལས། མི་ཁ་ཤས་ཞིག་གི་བྱས་པ་དེ་ཚོར་སྤྱི་ཚོགས་དུ་ཚུར་ཁུར་ནས་བྱེ་བྲག་གི་མིང་སྤྱི་ལ་བཏགས་ནས་སྤྱི་ཚོགས་གཏོར་གཤིགས་བྱེད་རྒྱུ་དེར་ང་མོས་མཐུན་མེད། ཁྱེད་གྱི་གོང་སྨྲོས་མི་དེ་ཚོའི་དེ་ལྟར་བྱས་ཡོད་ན་རྒོལ་ལན་སློག་པའི་དུས་དེ་ད་ལྟར་ཡིན་གྱི་མ་རེད། བོད་པའི་ཚོགས་པ་ག་གེ་མོ་ཞིག་གི་དབུ་འཛིན་སམ་མིང་ཡོད་མཁན་མི་ཞིག་གིས་དུས་དང་རྣམ་པར་ཀུན་ཏུ་མི་བྱེ་བྲག་པ་ཞིག་གི་འཁོན་ལན་དེ་ཚོགས་པ་ག་གེ་མོ་ཞིག་གིས་མི་མང་སྤྱི་ལ་སྨྲ་འབེབས་དང་ལེ་ལན་བརྡར་ན་ང་མོས་མཐུན་མེད། བློ་བཟང་ཆོས་འབྱོར་ལྟར་བུ་ཡིན་ན་ཁོས་ག་དུས་ཡིན་ཡང་བཀའ་ཁྲི་མཆོག་ལ་སྨྲ་འབེབས་དང་རང་བཙན་བརྩོད་མཁན་དེ་ཚོར་དགྲ་ཁ་བཏད་བྱེད་གི་འདུག། རྒྱུ་མཚན་ག་རེ་རེད། ད་དུང་བཀའ་ཁྲི་མཆོག་ལས་གང་ཅིའི་ཐད་ལ་ཁོ་རང་ལྷག་པ་ཡོད་མདོག་མདོག་བྱེད་གི་འདུག། ཁོས་བཀའ་ཁྲི་ལས་ལྷག་པའི་བྱས་རྗེས་ག་རེ་སྟོན་རྒྱུ་ཡོད་རེད། བོད་རིགས་ནང་ཁུལ་གཏོར་གཤིགས་བྱས་པ་ལས་གཞན་བྱས་རྗེས་ག་རེ་སྟོན་རྒྱུ་ཡོད་རེད། རྒྱ་དངུལ་ཟ་མཁན་ཞིག་ལས་གཞན་ཅི། ད་དུང་སྐྱོན་ཏིག་ཙམ་བརྗོད་རྒྱུ་རག་ན་ཁྱབ་སྒྲགས་ཆེན་པོ་བྱེད་གི་འདུག། མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་མ་མེད་པ་ཞིག་ཡོད་ཚོད་མ་རེད། བྱས་རྗེས་དང་སྐྱོན་གཉིས་འགྲན་བསྡུར་བྱས་ནས་གང་གི་ཆེ་བར་འདུག་དེས་ཕྱོགས་ནས་བཤད་དགོས་རེད་མ་གཏོག། སྡུག་ས་རྐྱང་རྐྱང་བཤད་བསྡད་ན་འགྲིག་གི་རེད་བས། ད་དུང་ཁོ་རང་སྐྱོན་གྱི་མ་གོས་པའི་མི་དེ་འདྲ་ཞིག་ཡིན་མདོག་མདོག་བྱེད་གི་འདུག། ཁོ་གང་འདྲ་ཡིན་མིན་གསལ་པོ་ཧ་གོ་གི་ཡོད། ཐུགས་རྗེ་ཆེ།
འོ་རེད་ད་རུང་ཞུ་རྒྱུ་བརྗེད་འདུག། མཆན་ཨང་༡༤ལགས་ལ་ཞུ་རྒྱུར། ཁྱེད་ཀྱི་གོང་སྨྲོས་མི་དེ་ཚོའི་༧གོང་ས་མཆོག་ལ་བཀུར་འདེབས་བྱས་ཡོད་ན་ཁུངས་ལུང་ཡོད་པའི་ལོ་རྒྱུས་གསལ་པོ་བྲི་རོགས།
རྣམ་པ་ཚོའི་ཆིག་བསྒྲིལ་ལ་མི་གནོད་པའི་གཏམ་གླེང་དྲང་པོ་གནང་རོགས། ཁྱེད་པར་དུ་ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་ནས་གནང་བའི་བཀའ་སློབ་དེ་ཚོ་ཡང་ཡང་གསོན་རོགས། ད་ཆར་ང་ཚོ་ཚང་མ་༧ གོང་ས་མཆོག་གིས་མཚན་གནས་རྗེས་འབྲེལ་གྱི་དབང་གིས་རང་དབང་དང་སྐྱིད་པོ་ཡང་གང་མཚམས་བྱས་ཏེ་སྡོད་ཡོད་པ་ཤེས་དགོས། ནང་ཁུལ་ཡར་འཐེན་་མ་འཐེན་ཁོ་ན་བྱས་ཏེ་དུས་འདར་བ་ཡིན་ན་ཉིན་ཞིག་རྒྱ་གར་ཡང་བལ་ཡུལ་ནང་བཞིན་མི་ཆགས་པ་ངེས་པ་མི་འདུག ཚོར་བ་ཙམ་གྱི་རྗེས་སུ་འབྲང་ན་གང་ཡང་མི་ཕན། རྣམ་དཔྱད་ལྡན་པའི་ངང་དོན་གྱི་བབ་ས་དང་ལྷག་པར་དུ་བོད་ནང་གི་བོད་མིའི་སྡུག་བསྔལ་དང་ལས་དབང་ལ་སེམས་ཁུར་ཡང་ཡང་གནང་རོགས། རང་དབང་ལུང་པ་ནས་ཁ་མ་ན་ན་གང་བཤད་ཅང་ཆོག ༼༼སེམས་ཚོར་ཙམ་གྱི་མི་ཕན་འགན་ཁུར་ངེས་པར་དགོས༽༽ ལྷག་པར་དུ་བཤད་པ་ལས་ལག་ལན་མང་ཙམ་གནང་རོགས་ཅེས་གནང་རོགས་ལྔ་ཡིས་འཇུག་བསྡུས་སོ། །
ཤར་ཕྱོགས་ཁུག་རྟ་ནམ་རྒྱུན་བཀའ་ཁྲི་མཁས་དབང་མཆོག་དང་རང་བཙན་རྩོད་མཁན་ཚོར་སྡིག་དགོ་བ་ཁོང་ཀི་ལས་ཀ་ལྟ་བུ་རེད། ལས་ཀ་དེ་ནི་རྒྱ་མི་ལས་འདྲ་བ་འདྲ་བོ་རེད། ངས་ཚིག་ཐག་ཆོད་པོའི་སྒོ་ནས་བཙན་བྱོལ་ན་རྒྱ་མིའི་སོ་བ་ངོ་མ་ཞིག་ཡོད་ན ཁོ་རང་ལ་ངོས་འཛིན་གི་ཡོད། དེ་ལས་བོད་པ་གནོད་པའི་ལས་ཀ་ཞིག་མེད་པ་གསལ་བོ་རེད།
ཁ་བརྡ་དྲ་ཐོག་ན་པ་གི་སི་ཐན་གྱི་ཁ་ཆེ་དང་འབྲེལ་བ་ཡོད་པ་སླེབས་ནས་མི་ལ་འཇིགས་སྐུལ་བྱེད་བཞིན་འདུག་གཱ
དྭངས་བླངས་པ། གོང་དུ་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་དེ་དག་༧གོང་ས་མཆོག་ལ་སྐུར་འདེབས་མང་པོ་བྱས་མྱོང་བ་དེ་དངོས་ཡོད་རེད། ཁུངས་དགོས་ན། སྔར་གྱི་ཚགས་པར་ཁག་དང་ཨེ་ཤེ་རང་དབང་རླུང་ཁང་གི་གསར་འགྱུར་ལ་ལྟོས་ན་ཤེས་ངེས་རེད།
སྐུ་ཞབས་ཤར་ཕྱོགས་ཁུག་རྟ་གཅུག་པུར་རང་བཙན་པ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་སྒྲོ་འདོགས་བྱེད་པ་འདི་ཡ་རེ་ང། ཁོང་ལ་གླེགས་ཁེད་ན་སློབ་སྦྱོང་ཚད་ལྡན་ཡོད་པ་ཚད་མས་གྲུབ། ཁོང་གིས་ད་བར་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་རིགས་ལ་འདི་ལྟར་མངོན་གསལ་དོད་པོས་ངོ་རྒོལ་བྱས་པ་ཚང་མས་ཤེས་ཡོད་ཅེས་ཁུག་རྟ་ལགས་ལ་ཞུ་འདོད་བྱུང།
གོང་དུ་ལྷ་མཚོས་བཤད་པའི་དམ་ལོག་ལྟས་ངན་དེ་ཚོས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་མེད་ན་སུས་ཞུས་ཡོད་པ་རེད། ད་དུང་དང་བླངས་པ་ཟེར་བར་རེ་རེ་བཞིན་བཤད་དགོས་སམ།
དབུས་བོད་མིའི་སྒྲིག་འཛུགས་དང་ལྷག་བསམ་ཅན་གྱི་རང་བཙན་འཐབ་བརྩོད་པ་རྣམས་མེད་པར་བཟོས་རྗེས་ཤར་ཕྱོགས་ཁུག་རྟ་དང་ལྷ་མཚོ་བཅས། རྒྱ་ནག་ཏུ་རྒས་ཡོལ་གསོག་དངུལ་ལེན་དུ་འགྲོ་རྒྱུ་རེད།
བོད་རང་བཙན་ཐབ་རྩོད་པ་དག་མེད་སོང་བ་ཡིན་ན། ཤར་ཁུག་སོགས་སྐབས་འཚོལ་བ་དག་གི་ལྟོ་ཕོ་ཡི་ཡོངས་སྒོར་གང་ཡང་མེད་པར་འགྱུར་རྒྱུ་ལས་མེད། སྐབས་དེ་དུས་ཁོ་ཚོ་ནི་རྒྱ་ལ་མི་མཁོ་ལ། བོད་ལ་ཡང་མི་དགོས།
ཡ་ད་གླེན་པ་གླེན་ནག་ཚོར། ངས་བཤད་རྒྱུ་འདི་དཔལ་ལྡན་བཀའ་ཤག་གིས་གསུངས་འདུག གཟིགས་དང།
བར་ལམ་ཚོགས་པ་དང་མི་སྒེར་རེ་ཟུང་ནས་བཙན་བྱོལ་ནང་གཞུང་མེད་པར་གྱུར་བས་རེ་བ་རྒྱག་ས་མི་འདུག་ཅེས་ཁུངས་མེད་ཟུར་ཟ་བྱེད་པ་དང་འགན་ཁུར་མེད་པར་རྣམ་རྟོག་སློང་བའི་གཏམ་འཆལ་སྤེལ་དང་སྤེལ་མུས་ལ་སོང་། རྒྱ་ཆེའི་མང་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་དབུ་མ་འཁོར་བར་གཞིས་བྱེས་མཉམ་འཛོམས་དང་བོད་རང་དབང་སླར་གསོ་འབྱུང་ཐབས་སུ་རང་ཚུགས་བརྟན་པོ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་གནད་དོན་འདི་རིགས་ནི་༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་པར་སོང་བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ་བོད་མི་ཚང་མས་ཐུགས་སྣང་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་བཟུང་མི་ལོ་དྲུག་ཅུའི་རིང་བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར་ ཚོགས་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོགས་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ནི་ཧ་ཅང་གི་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན།
བོད་མི་རིགས་ཆགས་འཇིག་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིགས་རྩ་བ་ནས་མི་ཡོང་བར་བྱས་ན་༸རྒྱལ་བ་དགྱེས་པའི་མཆོད་པའི་ནང་ནས་མཆོག་ཏུ་གྱུར་བས་དེ་ལུགས་ཡིད་འཇགས་ཐོག འབྱུང་འགྱུར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ལམ་བཟང་དེའི་སྟེང་གཡས་འཁྱོག་གཡོན་འཁྱོག་མེད་པར་ཤར་སྐྱོད་ཐུབ་པ་གནང་སྟེ་ཚོགས་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུགས་ཕམ་ཡོང་གཞིའི་རིགས་འདི་ལྟ་བུ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ་བཅས།།
བཀའ་ཤག་ནས ༢༠༡༢ ཟླ་ ༨ ཚེས་ ༣༡ ལ།
ལྷ་མཚོ་མིང་ཅན་ཉོན་ཨ། ཤར་ཕྱོགས་ཁུག་རྟ་ཁྱེད་གཉིས་ཀྱི་ལྷག་ང་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་དང་བཀའ་ཤག་སྔ་སྟིང་གི་སིད་བྱུས་གང་ཡིན་ཤེས་ཀྱི་ཡོད་ལ། དད་འདུན་ཡིད་ཆེས་ཁྱེད་ཚོ་ལས་ལྷག་ཡོད་། རྒྱ་ཁྱི་ཁྱེད་ཚོར་བོད་བསྟན་སྲིད་ཆེད་ནུས་པ་ཤིག་ཙམ་མེད་པར། ད་དུང་བོད་མི་རང་དབང་འཐབ་རྩོད་མཁན་ཕལ་མོ་ཆེར་མ་ཉེས་ཁ་གཡོགས་གང་ཐུབ་བྱེད་པ་འདིའི་དམིགས་ཡུལ་གང་ཡིན་བོད་མི་མང་ཆེ་བས་ཤེས་ཀྱི་ཡོད། ཁྱི་ངུ་སྟངས་ཤེས་པར་གྱིས་མ་གཏོགས་དམངས་གཙོ་ལ་ས་མཚམས་ཡོད་རེད་དོ། གདོང་གཏུགས་ནས་ཁྱེད་ཚོ་ལ་དྲི་བ་འགའ་ཡོད་ལོ།
རང་གྲོལ་ལགས། ཁུངས་ལུང་བཙན་པོའི་དཔང་རྟགས་ཟླ་ཚེས་ཁ་གསལ་དགོས་པ་དང། ཁུངས་མེད་སྤྲང་པོའི་རྒྱབ་རྩ་དབྱུགས་པས་བྱས་ན། བླ་བ་ཁྲབ་གྱོན་མཇོན་ཐང་ཙམ་ལས་གནས་ལུགས་དང་རྒྱང་ཐག་ཧ་ཅང་རིང། རྒྱང་རིང་མགྲོན་པོས་དངུལ་ཁུག་རྐུན་མས་ཁུར་འདུག་ཟེར་ན། མིག་མཐོང་ལག་ཟིན་མེད་དུས་ཁ་རྒྱུག་ཙམ་ལས་དོན་དངོས་དང་རྒྱང་ཐག་ཧ་ཅང་རིང། དྲྭ་ཚིགས་སུ་མཆན་བུ་འགོད་སྐབས་དྲྭ་ཚིགས་འདི་སྒེར་དབང་མིན་ཙང་རང་སྣང་གང་ཤར་གིས་གཏམ་འཆལ་སྤེལ་ན། གནས་ལུགས་དང་རིགས་ཞེན་དང་ལོ་རྒྱུས་དང། ལྷག་བསམ་ཅན་གྱིས་མི་བུ་ཚོའི་རྣར་འགྲོ་དཀའ་བས་དེ་ལུགས་དགོངས་འཇགས་ཡོད་པ་ཞུ། གསར་འགྱུར་དང་དུས་དེབ་ཐོག་གོང་སྨྲོས་མི་བུ་ཚོའི་ལོ་རྒྱུས་དང་བཀུར་འདེབས་བྱས་པ་དེ་འདྲ་ཡོད་ན་མིག་སྔར་འགྲེམ་སྤེལ་བྱེད་རོགས། དེ་མེད་ན་ལུང་སྟོང་ནང་གིས་ཀི་སྒྲའི་ལད་མོ་ཙམ་ལས་གཞན་ཕན་མི་ཐོག། བོད་ཞེན་ཅན་གྱི་མི་བུ་ཡོད་ན་ལྷ་དང་བླ་མར་དད་པ་མེད་ཀྱང་ཆོག། བོད་ཞེན་ཅན་གྱི་མི་བུ་ཞིག་ཡིན་ཚུན་ཆད་འདིར་དད་པ་བྱེད་དགོས། འདིའི་གང་གསུངས་ཁ་ལ་ཉན་དགོས། འདི་ང་ཚོའི་རྒྱལ་པོ་རེད། འདི་ང་ཚོའི་བླ་མ་རེད། འདི་ལ་དད་པ་མི་འདུག་པས་འདི་མི་ཡག་པོ་མ་རེད་ཟེར་ན་ཅང་ཨ་འགྲིགས་ན། དད་པ་བཞག་དང་མ་བཞག་ཁོ་རང་ཚོའི་འདོད་པ་ཡིན་པ་ལས་བཙན་གཉའ་གནོན་གི་དུས་སྐབས་དེ་ཡོལ་ཟིན་པ་རེད། སྐབས་སུ་བབས་པའི་གཏམ། དུས་སུ་བབས་པའི་ཆར་དེ། བོད་ཞེན་ཅན་གྱི་མི་བུ་ཞིག་ཡོད་ན་དེས་ཆོག།
༧གོང་ས་མཆོག་དང་བོད་མི་རིགས་ལ་ཁ་དགའ་ཁོག་ནག་བྱས་པ་ལས་མིག་སྔར་དད་འདུན་མེད་ཀྱང་བོད་ཞེན་ཅན་གྱི་མི་བུ་ཞིག་ཡིན་ན་དེས་འཐུས། ༧གོང་ས་མཆོག་གིས་མཚན་བེད་སྤྱད་ནས་ཁེ་བཟང་ལེན་པ་ལས་༧གོང་ས་མཆོག་ལ་དད་པ་མེད་མཁན་བོད་ཞེན་མི་བུ་ཞིག་ཡོད་ན་དེས་དགའ། དེས་ཆོག།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
མཆན་བུ་སྤེལ་མཁན་ཁག་ཅིག་གིས་སྨྱུག་མིང་ཁ་ཤས་རེ་སྤྱད་དེ། རང་གིས་རང་ལ་རྒྱབ་སྐྱོར་སོགས་ཀྱི་ཚིག་བརྗོད་སྤེལ་བའི་ཞར་ལ། དྲ་གྲོགས་གཞན་ལ་དམའ་འབེབས་དང་། སྤྱི་ཚོགས་དཀྲུག་རྐྱེན་དུ་འགྱུར་གཞིའི་ཚིག་བརྗོད་སྤེལ་རིགས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།