ཨེ་མ་ཧོ།
ཀི་ཀི་བསོ་བསྭོ་ལྷ་རྒྱལ་ལོ།།
རང་ལས་གཉེན་གཅེས་འཛིན་པའི་སྤུན།།
བཙན་པོའི་གདུང་རྒྱུད་དུང་བའི་གྲོགས།།
རང་ངོ་རང་གིས་ཤེས་པའི་བུ།།
བཙན་པོའི་རྒྱལ་སྤྱི་ངོ་སོ་བསྟོད།།
རང་བཙན་གཙང་མའི་རྒྱལ་ཁབ་ཀྱི།།
ལོ་རྒྱུས་རིང་མོའི་ཕྱག་རྗེས་ལ།།
བསུབས་ཐབས་བྲལ་བའི་དྲང་བདེན་ལ།།
སེམས་སྟོབས་མཛད་པར་མངོན་པར་བསྟོད།།
ས་ཡ་དུ་མའི་གཅེས་སྲོག་ལ།།
ལག་དམར་བཏངས་པའི་རྒྱ་དམར་ལ།།
ངོ་རྒོལ་ནུས་པའི་སྙིང་ཁམས་ཅན།།
གངས་ཅན་དཔའ་བོ་དཔའ་མོ་རྒྱལ།།
སྔོན་མར་རང་བཙན་རྒྱལ་ཁབ་ཅིག།།
བར་དུ་རང་བཙན་མི་རིགས་ཤིག།
ད་ལྟར་རང་བཙན་རྩོད་པ་འདི།།
དྲང་བདེན་ལོ་རྒྱུས་ཉི་ཟླ་བཞིན།།
སྲོང་བཙན་སྒམ་པོའི་ཐབས་མཁས་དང་།།
ཁྲི་སྲོང་ལྡེ་བཙན་མཐུ་སྟོབས་དང་།།
རྒྱལ་དབང་རིམ་བྱོན་ཆོས་དཔལ་ལ།།
ཤེས་ཚེ་རང་བཙན་གཙང་མ་ལགས།།
འཇིག་རྟེན་མཐུན་པའི་བསམ་པ་དང་།།
དགྲ་གཉེན་ཤེས་པའི་རྣམ་དཔྱོད་ཅན།།
ཆིག་སྒྲིལ་རང་བཙན་རྒྱལ་ཁབ་ཉིད།།
གངས་ཅན་བོད་མིའི་སྲོག་རྩ་དངོས།།
ཐོག་མར་གདོད་མི་རང་བཙན་དང་།།
བར་དུ་རྒྱལ་རྒྱུད་རང་བཙན་འཛིན།།
སླར་ཡང་རྒྱལ་བས་རང་བཙན་སྐྱོང་།།
ཡང་སྐྱར་ཀླུ་མཁར་བྱམས་བཞིན་སྤེལ།།
རང་བསྲེག་དེ་ཡང་རང་བཙན་ཆེད།།
རང་དབང་རྩོད་པ་རང་བཙན་ཕྱིར།།
རང་གཞན་ཤེས་པའི་རང་བཙན་ཉིད།།
འགྲོ་བ་མི་ཡི་ཐོབ་ཐང་ལགས།།
རྒྱལ་ཁབ་རང་བཙན་མ་ཡོད་ན།།
རྒྱ་ལ་དགའ་བའི་དགའ་འགུར་རིགས།།
ལྟར་སྣང་ཆུ་ཡི་རི་མོ་བཞིན།།
སྙིང་པོ་མེད་པར་ཅིས་མི་མཐོང་།།
བྱུང་རང་རང་བཙན་ངང་ནས་བྱུང་།།
འཆི་ཡང་རང་བཙན་ངང་ནས་འཆི།།
འཆི་གསོན་ཅི་བྱུང་རང་བཙན་ལས།།
འདོད་པ་མེད་དོ་གངས་ཅན་པ།།
རྒྱལ་སྤྱི་རང་བཙན་ཚོགས་པ་ལ།།
རྒྱལ་ཁ་ཐོབ་པའི་ཁ་གཡང་བཅས།།
རྒྱལ་གཅེས་རྣམས་ལ་བདེན་ཚིག་སྨོན།།
རྒྱལ་ཁབ་རང་བཙན་ཐོབ་པར་ཤོག།
ཅེས་ཨེ་མ་ཧོས་སོ།། །།
༅༅། རང་བཙན་རྩོད་པར་དགའ་བསུ་ཡོད། དབུ་མ་རྩོད་པར་དགའ་བསུ་ཡོད།
འོན་ཡང་ཁ་སྟོང་ལག་སྟོང་མ་རྩོད་ཨང། ཁ་སྟོང་རྩོད་ནས་ལྔ་བཅུ་བརྒལ།
ཤོག་སྟོང་བྲིས་ནས་དྲུག་བཅུ་བརྒལ།
མགོ་ལ་མཚན་སྨད་ཞུས་རྩ་ན། དམངས་ནས་ནམ་ཡང་དགའ་མིན་ནོ།
རྩོམ་སྙན་མོ་བྲིས་ཤག རང་བཙན་བརྗེད་མེད་པ་ནི་བསྔགས་བྱའི་ཡུལ་ལོ།
རང་བཙན་མ་བཤད་སྔོན་ལ་སྲིད་དོན་སྦྱོངས།།
དབུས་མཐའ་མཚམས་ཀྱི་ཤད་འབྱེད་ཤེས་བར་གྱིས།།
འབྱུང་འགྱུར་གང་བྱེད་མགོ་དང་མཇུག་ལ་སོམས།།
ཅལ་གཏམ་འུད་ཀྱི་རྗེས་སུ་མ་འབྲེང་མ་རོགས།།
འགྱེལ་བ་ལངས་དགོས་ཤོར་བ་ཐོབ་དགོས་བའི།།
རིགས་ཀྱི་རང་ཞེན་དེ་ཡང་ལོས་ཀྱང་དགོས།།
དགྲ་ལ་མཛུམ་བསྟན་གཉེན་གྱི་མགོ་གནོན་པའི།།
རྫབ་ཆེན་བྱ་ངན་རིགས་དེ་དོར་ལ་རན།།
ཆོས་ཀྱི་དབུས་ལམ་གོའུ་ཏམ་སྡེ་ལ་སྤྲོད།།
སྲིད་ཀྱི་མཐའ་ལམ་སྐྱ་བོའི་གཞུང་གིས་སྲུངས།།
ཆོས་སྲིད་དབུས་མཐའ་ཁ་ཁ་སོ་སོ་བྱོས།།
ལྟ་བ་མཉམ་གནས་རང་ལུགས་རང་གིས་སྐྱོངས།།