ཆབ་བྲག་ཕོ་ཉ།
ཀ༽ རང་བྱུང་གི་ཁོར་ཡུག རི་དྭགས་ཀྱི་ཉལ་ས། གཅན་གཟན་གྱི་འདུར་ས། འདབ་ཆགས་ཀྱི་འཕུར་ས། ཉ་ཚོགས་ཀྱི་རྐྱལ་ས། མིའི་རིགས་ཀྱི་འཐབ་ས། ཡོད་ཚད་འཚོ་ས་ཁྱོད་ཡིན་ལ། ཐམས་ཅད་འཆི་ས་ཡང་ཁྱོད་ཡིན།
ཁ༽རྐང་གཉིས་མི་ཡི་ཧམ་སེམས་ཀྱིས། འཇམ་རླུང་དྭངས་མོར་དུག་རླངས་བསྲེས། གཙང་ཆབ་སྔོན་མོ་རྫས་ཀྱིས་རྙོག སྔོ་བསངས་ནམ་མཁའ་དུ་བས་བསླད། མ་ཡུམ་ས་གཞིར་རྡོག་བརྫིས་བཏང། རང་བྱུང་ཁམས་ལ་ན་ཚ་ཕོག
ག༽ས་ཆེན་འཇིགས་པའི་འདར་སིག་རེ་རེས། སེམས་ཅན་ཁྲི་སྟོང་ཚེ་སྲོག་འགགས། སྤྲིན་དཀར་གཟེར་ནས་སྐྱུགས་ཐེངས་གཅིག་གིས་ལུང་ཁུག་ཆེན་པོ་ཆུ་ཡིས་བཀྲུས། ཉི་མ་ཚ་བ་འབར་ཐེངས་གཅིག་གིས་རི་ལུང་ཆེན་པོ་ཐན་པས་བསྲེགས། ནམ་མཁའི་སྙིང་རླུང་སྟོད་ལ་འཚངས་ཏེ་ཡོད་ཚད་རླུང་ལ་སྐུར་རྩིས་བྱས།
ང༽ འགའ་རེས་གནས་འགའ་རེར་ཆུ་ལོག་རྒྱུགས་པར་ལྟད་མོ་བལྟས། ལ་ལས་ཕྱོགས་འགར་ཐན་པས་གདུངས་ཀྱང་མི་ཚོར་ལ། ལ་ལ་ཡུལ་འགར་ས་ཡོམ་བརྒྱབ་པར་དགའ་ཡང་མྱོང། ལ་ལས་ད་དུང་དམག་འཁྲུག་སློང་དགོས་ཀྱང་ཟེར། འདི་ལྟར་ཆགས་སྡང་གི་མིག་དབང་ཆེ་ཆུང་འདིས། མང་པོ་ཞིག་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཆུང། མིའི་རིགས་གཅིག་གྱུར་གྱི་བརྩེ་སེམས་ཞན། ང་ཚོའི་སྙིང་རྗེ་དང་ང་ཚོའི་གདུང་སེམས། ང་ཚོའི་བྱམས་བརྩེ་འདི་དག་ནི་ཅི་འདྲའི་ཉམ་ཐག་དང་ཅི་འདྲའི་ཉི་ཚེ་བ་ཞིག་རེད་ཨང།
ཅ༽ཉམ་ཆུང་རི་དྭགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་རྩྭ་ས་བརླག་མཁན་ང་ཚོ་ཡིན། གཏུམ་དྲག་གཅན་གཟན་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ཟས་སྐལ་འཕྲོག་མཁན་ང་ཚོ་ཡིན། གསེར་མིག་ཉ་མོའི་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་གཙང་ཆབ་རྙོག་མཁན་ང་ཚོ་ཡིན། རང་དབང་འདབ་ཆགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ནམ་མཁའ་བསླད་མཁན་ང་ཚོ་ཡིན།
ཆ༽གནམ་གྱི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་ཕ་ལྟར་བཀུར་ན་བརྩེ་སྐྱོང་མཛོད། ས་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་མ་ལྟར་བཀུར་ན་བྱམས་སྐྱོང་མཛོད། ཆུ་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་བདུད་རྩིར་མཆོད་ན་སྐོམ་གདུང་སེལ། རླུང་གི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་རླུང་རྟས་བསུས་ན་མྱུར་སྐྱོབ་མཛོད། ཀྱེ་ཀྱེ། རང་བྱུང་ཁམས་ལ་བཟོད་གསོལ་ཞུ། འབྱུང་བ་སྙོམ་པར་གནས་པའི་སྐྱབས་འཇུག་ཞུའོ།
ས་ཆེན་གྱིས་ལན་དུ་།
ང་ནི་ས་ཆུ་མེ་རླུང་དབྱིངས་སུ་ལྷག་མེད་མྱ་ངན་འདའ་བར་རྩོམ་ན་རྒྱུ་དང་མི་རྒྱུ་བ་རྣམས་དབུགས་དབྱུང་མཛོད།
འབྱུང་བཞིའི་གནོད་འགོགས།
ས་གཞི་ས་འཁྲེགས་གནས་དགོས་ན། །
ཉེས་སྡིག་མང་པོ་མ་བསོག་ཅིག། །
ཆུ་གཙང་དྭངས་གསལ་གནས་དགོས་ན། །
སྦགས་གཙོག་མང་པོ་མ་བྱེད་ཅིག །
མེ་ཉིའི་དྲོད་ཚད་རན་དགོས་ན། །
འདོད་རྔམས་ཚ་དྲོད་མ་སྤོར་ཅིག །
རླུང་བསིལ་ཡང་གཡོར་གནས་དགོས་ན། །
ངན་གཙོག་རྡུལ་ངན་མ་སྤེལ་ཅིག །
ཟས་སྤྱོད་རན་ལ་སྤྱོད་གཙང་སོགས། །
འགྲོ་འདུག་ཉལ་འཆག་སྤྱོད་པ་བཞིས། །
ལུས་ཀྱི་འབྱུང་བཞི་མཉམ་འགྱུར་ནས། །
ལུས་བདེ་སེམས་སྐྱིད་མི་ཚེ་སྐྱིད། །
I don’t think the cause of earthquake is not coming from Tibetan damaged nature resource. It is nature since earth started. please don’t think about old way of thinking. If god of earth would have power to shake earth, why god punish humble Tibetan instead of punishing industrious countries. If Tibetan still keep this od idea, Tibetan would be vanish on the earth.
༄༎ ཀྱེ་ཀྱེ། རང་བྱུང་ཁམས་ཆེན་མོ་འདི་གཡུ་འགུལ་ལ་སུ་གང་གི་གཡུལ་ཐབས་མེད་པ་ཞིག་ཡིན། རང་བྱུང་ཁམས་འདི་འཛམ་གླིང་མི་མང་ཚང་མས་སྦག་བཙོག་བཟོ་པ་རེད་་ ང་ཚོ་ཉམ་ཆུང་བོད་རིགས་སྤུན་ཟླ་གཅིག་པོ་མིན།་ བོད་རིགས་འདི་ལ་མུ་གེའི་སྒང་ཟླ་ལྷག་ཞིག་ཡོང་དོན་ཇི་ལྟར་ཡིན་ནམ། ངའི་བསམ་ཚུལ་དུ་ ལོ་ངོ་སྟོང་ཕྲག་མང་པོ་རིང་ལ་མི་ཆེན་དཔོན་ཆེན་སྐུ་གྲག་དག་གི་རྒྱུ་འབྲས་མེད་པའི་ལས་ཀ་མང་པོ་ཞིག་བྱས་ཏེ་མཐར་འབྲས་བུ་འདི་འདྲ་ཞིག་སྨན་ཡིན་སྲིད། ཙོམ་པ་པོའི་སྙན་དངག་གི་ལམ་ནས་གདུང་སེམས་མཉམ་བསྐྱེད་བྱེད་འབྱོར་ལྡན་དག་གི་དངོས་པོའི་རོགས་པ་བྱེད་ ལྷ་དང་བླ་མས་བསྔོ་བ་སྨོན་ལམ་རྒྱབ་ཀྱི་ཡོད་འདི་ཧ་ཅང་གི་བསམ་གི་རེད་ཡ།
བསོད་ནམས་ལགས་སུ།
ས་ཡོམ་བརྒྱབས་པ་ཙམ་གྱིས། །
ལས་ཁག་ཡོད་མེད་མི་ཤེས། །
མི་དང་སྲོག་ཆགས་གནོད་པ། །
ལས་དང་འབྲེལ་བ་འདོད་དགོས། །
རང་གཞན་འདི་ཕྱི་དགེ་འགྱུར་ཅིག །