རྔ་བ་རྒྱལ་ཁམས་པ། ཨ་རི།
དེ་རིང་། ངའི་མིག་ཀོང་མཆུ་མས་གང་བས། ལམ་ཁའང་གསལ་བོར་མ་མཐོང་།
དེ་རིང་། ངའི་མགྲིན་པ་སྐྱོ་ངག་གིས་བརྣངས་བས། སྨྲ་བརྗོད་ཀྱང་གསལ་བོར་མ་ཐོན།
དེ་རིང་། ངའི་ཡ་ཁོག་སྐྱོ་སྣང་གིས་གཟིར་བས། ཡོད་ཚད་ལ་ཡི་ག་མི་འདུག
རང་བྱུང་ཁམས་འདིས་ང་ཚོར་སྡུག་ཐོག་སྡུག་བཞག་གི་གོད་ཀ་འདི་འདྲ་ཞིག་མི་འབབ།
ང་ཚོས་ལས་རྒྱུ་འབྲས་སྲུང་། བྱམས་སྙིང་རྗེ་བསྐྱེད།
གནའ་ནས་ད་བར།
ཁོར་ཡུག་འདིར་འཇམ་པོས་དར་གྱིས་གཡོགས།
སྙན་མོའི་ཚིག་གིས་བསྟོད།
ས་གཏེར་དང་ཆུ་གཏེར་གྲངས་མེད་ཅིག་སྦས།
རང་བྱུང་ཁམས།
ཁྱོད་གྱི་གཤིས་ཀ་ལྷ་དང་ལྷ་མོའི་རང་བཞིན་དུ་བཤད་པའི་ཆོས་རིག་གི་རྣམ་བཞག་གཏིང་རིང་བོ་དེ་མི་བསླུ་བ་ཡིན་ནམ།
ཁྱོད་ཀྱི་སྲོག་རྩ་མཐའ་ཡས་པའི་རྣམ་ཤེས་ཀྱི་ངོ་བོར་བཤད་པའི་རྡུལ་ཕྲན་གྱི་རིག་པ་དེ་བདེན་པ་ཡིན་ནམ།
ངས་བལྟས་ན། ང་ཚོས་ཁྱོད་ལ་འཛིན་པའི་དུང་དུང་གི་མོས་པ་དེ་ཕལ་ཆེར་ནོར་འདུག
རྒྱུ་མཚན་ནི། ཁྱོད་ཀྱིས་གནས་ལུགས་ལ་སྟངས་འཛིན་མ་ཤེས། རང་ཉིད་ཀྱི་སྤྱི་བོ་སྲུང་བའི་མི་རིགས་ཀྱི་གཤིས་ཀ་འདིར་།
འབབ་མ་འོས་པའི་གོད་ཆགས་ཤིག་དང་།
སྲན་མི་ཐུབ་པའི་མྱ་ངན་ཞིག་གིས་མནན་སོང་།
ངའི་སྙིང་ཉེ་བའི་སྐྱེ་རྒུ་མདོའི་སྤུན་སྲིང་ཚོ།
ཁྱེད་རྣམ་པ་ཡིད་མ་ཞིམ། ཁོ་མ་ཆད། སེམས་མ་སྡུག
གོད་ཁ་འདིས་ང་ཚོ་འཇིག་རྟེན་གྱི་མཐའ་ལ་གཏུགས་མེད།
ཁྱེད་ཅག་གིས་རང་ཉིད་བདག་མེད་ཁེར་རྐྱང་ཞིག་དང།
སྐྱབས་མེད་མགོན་མེད་ཅིག་ཡིན་སྙམ་དུ་མ་སེམས་རོགས།
ཁྱེད་ཅག་གི་ལུས་པོའི་ཕྱེད་ཀ་དེ་ང་ཚོ་ཡིན་ཞིང།
ང་རང་ཚོའི་གཟུགས་པོའི་ཕྱེད་ཀ་ནི་ཁྱེད་ཅག་རེད།
ང་ཚོས་རྒྱང་རིང་གི་ས་མཐའི་རི་ཀློང་དག་ནས།
ཁྱེད་རྣམ་པར་གདུང་སེམས་མཉམ་བསྐྱེད་དང་།
རོགས་སྐྱོར་གྱི་ལག་ཟུང་ཡངས་པོར་བསྲིང་ཡོང་།
ངོ་མ་གོད་ཆགས་འདི་བྱུང་ཤུལ་ལ་མིག་གིས་བལྟ་བར་མི་ནུས་པ་ཞིག་རེད། བེམ་རོ་དང་རྨས་མ་ད་དུང་ད་ཕྲུག་སོགས་བགྲང་མི་ཐུབ་པ་ཞིག་འདུག་མོད་འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཁ་ཡོད་ལག་ཡོད་ཀྱིས་མི་རྒྱུ་གཉིས་ནས་རོགས་སྐྱོགས་རྒྱ་ཆེར་བྱེད་བཞིན་པ་འདིར་བལྟས་ན་སྡུག་བསྔལ་ཁྲོད་ནས་དགའ་བ་དང་སྤོབས་པ་བསྐྱེད་འོས་པ་ཞིག་རེད་ཡ། དཔེར་ད་ལྟ་རིང་ལམ་དུ་ཆས་ཚར་བའི་རྔ་བ་རྒྱ་ཆེའི་མི་མང་གིས་ཕོན་ཆེན་པོ་བཟའ་བཅའ་དང་གོན་རྒྱ་སོགས་ཊྲིག་སུམ་བཅུ་ཙམ་ཞིག་དང་སྒོར་རྐྱང་རྒྱ་སྒོར་ཁྲི་ལྡ་བརྒྱ་ལྷག་འཁྱེར་ནས་སྐྱེ་རྒྱ་མདོར་ཐོན་སོང། ད་དུང་དགོན་ཁག་ཅིག་སང་ཉིན་གནངས་ཉིན་འགྲོ་རྒྱུ་རེད་འདུག བྱེད་སྟངས་འདི་ཚོས་ཐོས་སྐབས་དགའ་འོས་པ་ཞིག་རེད་
རྒྱ་སྒོར་ཁྲི་ལྔ་བརྒྱ་ལྷག་རེད་ལ་རྔ་བའི་མི་ཚང་ཕྱུག་པོ་ཁག་ཅིག་གིས་མི་ཚང་རེ་རེའི་རྒྱ་སྒོར་ཁྲི་སུམ་བཅུ་རེ་སྦྱིན་འདུག་ངོ་མ་ཡ་མཚན་རེད
རོགས་སྐྱོར་པ་རྔ་བ་ཀིརྟི་དགོན་པའི་བླ་གྲྭ་དགེ་འདུན་པ་གྲངས་མང་ཕེབས་འདུག་པས་ཐུགས་རྗེ་ཆེ་ཞུའོ།
ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ་་་་་་བོད་པ་མང་པོ་གྲོངས་འདུག་མ་ཎི་རེ་འདོན་ཐུབ་ཡག་པོ་ག་འདྲ་ཡོད་རེད་
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གིས། ད་ལམ་གྱི་ཆེས་ཚབས་ཆེན་རང་བཞིན་གྱི་གོད་ཆགས་འདིར། ཆོས་འཇིག་གཉིས་ཀྱི་སྐྱབས་སྦྱིན་ཚད་མེད་གནང་བར། ལག་ཟུང་རྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ད་རེབ་དམིགས་བསལ་དྲྭ་ཐོག་ཏུ་དགོངས་འཆར་སྤེལ་མཁན་ཚོས། དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཤོད་ཐལ་མི་ཡོང་བའི་རེ་བ་ཡོད། ང་ཚོར་ཕར་ཕྱོགས་ནས་མི་མང་དུང་ཕྱིར་མང་བོས་མཉམ་པར་བཞག་བསྡད་ཡོད་ནི་རེད། ང་ཚོས་ཤི་ན་རོ་བདག་དང། གསོན་ན་མྱི་བདག་ཡོད་པ་གསལ་བོར་སྟོན་དགོས་པ་རེད། དེ་ཙམ་ཡིན།
དྲ་གྲོགས་ཀུན་བཟང་མིང་ཅན་ལགས།
ཁྱོད་ངོ་མ་མྱི་ཁ་ཤོམས་ཅན་རེད། གཞིས་ལུས་སྤུན་ཟླ་ཚོར་དེ་ལྟར་མ་ཟེར། རྔ་བ་རྫོང་ཁོངས་གཅིག་བུ་ནས་ཁ་སང་ཞལ་འདེབས་སྒོར་ལག་ཏུ་སོན་པ་རྒྱ་སྒོར་རྐྱང་བ་ཁྲི་ལྔ་བརྒྱ་ལྷག་དང་དེ་མིན་ཟས་རིགས་དང་གྱོན་ཆས་སོགས་རླངས་འཁོར་ཆེ་བ་སུམ་བཅུ་ལྷག་སྐྱེལ་དུ་སོང་ཟིན་འདུག།
ཀིརྟི་དགོན་གཙོ་བོར་གྱུར་བའི་ལྷ་སྡེ་མི་སྡེ་ཡོངས་དང་ད་དུང་དགོན་པ་གཞན་ཁག་ཅིག་ཀྱང་ཡོད་ཚོད་འདུག
དེ་མིན་ད་རུང་རྔ་བ་ནས་དགོན་པ་ཁག་ཅིག་ལྷ་སྡེ་མང་བོས་ཞལ་འདེབས་སྐྱེལ་རྒྱུ་རེད་འདུག
གང་ལྟར་ང་ཁྱོད་ལ་ཧང་སང་སོང་རྒྱ་སྒོར་ཁྲི་ལྔ་བརྒྱ་ལས་སླ་བོ་མ་རེད།
རྗེས་ཕྱོགས་དེ་འདྲ་བཤད་ན་ཡག རང་ངོས་ནས་རོགས་རེམ་ག་འདྲ་བྱས་ཡོད་བསམ་གཞིགས་བྱོས།
ཁོང་ཁྲོ་མ་ལངས་ལོ།
ཨ་མདོ་རྔ་བ་དང་། དཀར་མཛེས་དགོན་སོགས་བོད་མི་རིགས་ལ་ཐུགས་ཁུར་རྒྱ་ཆེར་ལྡན་པ་རྣམས་ལ་ཐུགས་རྗེ་ཆེ། ད་ལྟའི་སྐབས་འདིར་བོད་མིའི་ཆིག་སྒྲིལ་དང་། སྤྱོད་བཟང་། སྙིང་རྗེའི་བདག་ཉིད་ཅན་ཞིག་ཡིན་པ་དངོས་སུ་མཐོང་བྱུང་། གསོན་པོ་རྣམས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལ་བསམ་ན། གཤིན་པོ་རྣམས་ཀྱིས་རྣམ་ཤེས་ཀྱིས་ས་ཡ་དྲུག་ལ་སྲུང་སྐྱོབས་བྱེད་པར་ངེས།
བོད་ནང་ཡོད་པའི་བོད་རྣམས་གྱིས་གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ལ་གདན་འདྲེན་ཞུ་རྒྱུར་རྒྱ་གཞུང་ལ་སྙན་ཞུ་འབུལ་རྒྱུ་ནི་ཆོལ་ཁ་གསུམ་གྱི་བོད་མི་ཡོད་དོ་ཅོག་གིས་རྡོག་རྩ་གཅིག་སྒྲིལ་གིས་ངང་ནས་ཁ་ཡོད་ལག་ཡོད་གྱི་འགན་ལངས་ཏེ་རྒྱ་གཞུང་ལ་སྙན་ཞུ་གང་མང་མང་འབུལ་རྒྱུ་ནི་ཕྱི་སྡོད་བོད་མི་ཡོངས་གྱི་རེ་བ་ཆེ་ཤོས་ཡིན། ཆབ་སྲིད་ལ་འབྲེལ་བ་མེད་པའི་ཐོག་ནས་རྒྱ་གཞུང་ལ་སྙན་ཞུ་ཆར་པ་འབབ་འབབ་བྱས་ན་འབྲས་བུ་སྨིན་རྒྱུ་ནི་སྨོས་མེད་རེད།
གཏོང་ཕོད་ཅན་གྱི བོད་མི་ཕྱུགས་བདག་ཚོ་ཞལ་འདེབས་གང་མང་མང་འཛོམས་རྒྱུ་ནི་བོད་མི་ཚོས་ལ་རྒྱ་ཡིན་ལ་སྙིང་རྗེ་འང་ཡིན། རྒྱ་མི་མི་སྒེར་གྱི་ངོས་ནས་ཀྱང་རྒྱ་སྒོར་ཁྲི་གཉིས་ནས་གསུམ་གྱི་ཞལ་འདེབས་གནང་གི་ཡོད་པ་དངོས་སུ་མཐོང་སོང་། འོན་ཀྱང་བཙན་བྱོལ་ཡོད་པའི་བོད་མི་ཕྱུགས་བདག་སྐྱག་གཟན་ཚོ་གང་ན་ཡོད་མེད་མི་ཤེས་པ་ཅི་ཞིག་ཡིན།