ཁ་བའི་འབྲོག་མོ།
རང་བྱུང་གི་མཛེས་སྡུག་ཏུ་འཐིམས་སོང་།
རི་སྣེ་ཞིག་ལ་ཡུལ་ཚོ་ཆུང་ཆུང་ཞི
དེབ་ཐེར་ལ་མིང་བྱང་བཀོད་པའི་གཞི་མ་ཡིན
དེང་གི་དུས་ལ
དཀར་ནག་དམར་སེར་གྱི་ཁ་དོག་འདུས་པའི་རུ་སྡེ་དེ
ཚ་བ་ཡིས་གདུ་ཞིང་སྐོལ་བའི་ཡུལ་ཚོ་ཞིག་ཀྱང་ཡིན
དེ་མིན་པའི་ཁྱད་དུ་འཕགས་པ་ནི
མིག་སེར་གྱི་རླབས་འཕྲེང་མཁའ་ལ་འཕྱོ་ནས
གཏམ་གྱི་བར་གསེང་ལ་ལྷོག་ལྷོག་ཏུ་འཕྱུར་གྱིན་འདུག
རྣ་བ་བསུམ་པ་དང་ལྷན་ཏུ
མིག་ཟུང་ཤུགས་ཀྱིས་བཙུམ་ནས
སེམས་པ་རླུང་བུ་ཡི་གཡོ་འགུལ་དང་མཉམ་དུ
རྒྱང་རིང་རྒྱང་རིང་གི་ལྷིང་འཇགས་ཤིག་དང
བསིལ་ལྗོངས་ཀྱི་རི་ལ་འགོས་ཏེ
སྤྲིན་པ་དང་བསྡོངས་ནས
ནམ་མཁའི་དབྱིངས་སུ་ཟུག་པར་བྱས
རང་བྱུང་གི་མཛེས་སྡུག་དང་འདྲེས་ཏེ
དེའི་ཟེགས་མའི་ཟིལ་ཆུ་གཅིག་ཏུ་ཟིམ་སོང
རྣམ་པ་དེ་རང་ཉིད་ལ་སྤྲད་པའི་གུང་གསེང་ཞིག་མ་ཡིན་ནམ
༢༢།༠༥།༢༠༡༣
ཡག་པོ་བྲིས་འདུག