སྤོབས་པ་མཐའ་ཡས།
ང་བོད་ལ་དགའ། ང་བོད་ལ་དུང་། གཞན་གྱི་སྤྱི་ཚོགས་དང་འགྲོགས་ཀྱིན་འགྲོགས་ཀྱིན། གཞན་གྱི་རིག་གནས་འདི་སྦྱོང་གིན་སྦྱོང་གིན། གཞན་གྱི་བསམ་བློ་ལ་བསྟུན་གྱིན་བསྟུན་གྱིན། ང་རང་གི་སྤྱི་ཚོགས་ལ་ཡིད་ཆེས་ཇེ་བརྟན་རེད།
ང་ནི་རང་ཡུལ་བོད་ཀྱི་ནས་རྩམ་ཞིབ་མོ་དང་། འབྲི་མར་སེར་པོའི་རོ་བཅུད་ལ་བརྟེན་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན། ངའི་གྲོགས་པོ་བརྒྱ་ཆ་དགུ་བཅུ་བོད་མི་ཡིན། ངས་གཞན་སྐད་ཤེས་རུང་རང་སྐད་བརྗེད་མེད། ངས་གཞན་ཡུལ་འགྲིམ་རུང་རང་ཡུལ་དྲན་ཡོད།
ང་གཞན་གྱི་ཡུལ་ལུང་དུ་བསྡད་ཀྱིན་བསྡད་ཀྱིན། ངས་གཞན་གྱི་ཆ་ལུགས་འདི་བརྟེན་གྱིན་བརྟེན་གྱིན། ངས་གཞན་གྱི་ཁ་ཟས་ལ་རོལ་གྱིན་རོལ་གྱིན། ང་ཕ་ཡུལ་བོད་ལ་དུང་བ་འདི་ཇེ་ཟབ་དང་ཇེ་ཟབ་རེད།
ང་ཚོའི་སྤྱི་ཚོགས་ལ་བྱམས་དང་སྙིང་རྗེའི་གཤིས་ཀ་ཡོད། ང་ཚོའི་སྤྱི་ཚོགས་ལ་བདག་ལས་གཞན་གཅེས་ཀྱི་བསམ་བློ་ཡོད། ང་ཚོའི་སྤྱི་ཚོགས་ལ་ལས་དང་རྒྱུ་འབྲས་ཀྱི་ཡིད་ཆེས་ཡོད། དེར་བརྟེན་ང་རང་གི་སྤྱི་ཚོགས་ལ་དགའ་ཞེན་ཇེ་ཆེ་དང་ཇེ་ཆེ་རེད།
ངས་རང་ཡུལ་བོད་ཀྱི་རི་ཀླུང་དང་ནགས་ཚལ། སྤང་ལྗོངས་དང་མཚེའུ། གཙང་པོ་དང་ཆུ་མིག་དེ་ཚོ་ཡིད་ལ་དྲན་དུས། མི་ཡུལ་གྱི་དག་ཞིང་ཞེས་པ་དེ་རེད་བསམ་བྱུང་། ངས་ཕ་ཡུལ་གྱི་གཉེན་ཉེ་དང་གྲོགས་པོ། དགེ་རྒན་དང་སློབ་གྲོགས་ཚོ་སེམས་ལ་འཁོར་དུས། ས་མཐའ་ན་ཡོད་རུང་སེམས་རྩ་དྲོ་བྱུང་།
ངའི་སྤྱི་ཚོགས་ནི་ཕ་མ་བུ་ཕྲུག་གི་བརྩེ་བ་ཟབ་པ། ཕུ་ནུ་མིང་སྲིང་གི་དུང་བ་ཆེ་བ། རྒན་བཀུར་གཞོན་སྐྱོང་གི་སྲོལ་བཟང་ཡོད་པ། ངེས་པ་དོན་གྱི་ཁྱིམ་ཚང་གི་བདེ་སྐྱིད་ཅེས་པ་ཞིག་ངོ་འཕྲོད་དགོས་ན་བོད་ཀྱི་སྤྱི་ཚོགས་ལས་ལྷག་ཅིག་མི་འདུག
ངའི་ཕ་ཡུལ་ན་བདག་མེད་ཀྱི་གནས་ལུགས་མཁྱེན་པའི་བླ་མ་ཡོད། སྙིང་རྗེ་ཡིས་ཐུགས་རྒྱུད་གྲོལ་བའི་གྲྭ་བ་ཡོད། བསག་པ་ཆོས་ཕྱོགས་སུ་གཏོང་བའི་སྦྱིན་བདག་ཡོད། དེར་བརྟེན་ངས་རང་གི་སྤྱི་ཚོགས་འདི་ལ་དད་ཞེན་ཇེ་བརྟན་དང་ཇེ་བརྟན་རེད།
ངའི་ཕ་ཡུལ་ན་རང་བཙན་མེད་རུང་། རང་སྐྱོང་མེད་རུང་། རང་དབང་མེད་རུང་། ངའི་ཕ་ཡུལ་ནི་ད་དུང་ཡང་ངའི་ཕ་ཡུལ་རེད། ང་བོད་དང་ཁ་བྲལ་ཡང་བོད་ང་དང་ཁ་བྲལ་མེད། ང་ནི་ཤི་རུང་གསོན་རུང་བོད་ཀྱི་ཤ་ཆས་ཤིག་རེད།
ངས་ས་མཐའ་འགྲིམ་གྱིན་འགྲིམ་གྱིན་རང་ཡུལ་ལ་དུང་བ་རྙེད། ང་ཕྱི་མི་དང་འགྲོགས་ཀྱིན་འགྲོགས་ཀྱིན་རང་མི་ལ་བརྩེ་བ་ཆགས། ངས་རང་གི་རིག་གནས་ལ་དག་ཐེར་བྱས་ཀྱིན་བྱས་ཀྱིན་རང་གི་རིག་གནས་ཀྱི་ཆེ་བ་རྙེད། མདོར་ན་གཞན་དང་བསྡུར་ནས་བལྟས་ཀྱིན་བལྟས་ཀྱིན་རང་ལ་ཡིད་ཆེས་རྙེད་བྱུང་།
སྤུན་ཟླ་བོད་མི་ཚོ། ཁྱོད་ཚོ་ཡང་ང་དང་འདྲ་བར། སློབ་སྦྱོང་བྱས་ཀྱིན་བྱས་ཀྱིན། ཉམས་མྱོང་བསག་གིན་བསག་གིན། མཐོང་ཐོས་མང་གིན་མང་གིན། ནམ་ཉི་མ་ཞིག་ལ་རང་གི་སྤྱི་ཚོགས་དང་། རང་གི་ཕ་ཡུལ། རང་གི་རིག་གནས་འདི་རང་གི་ཤ་ཁྲག་རུས་གསུམ་དང་དབྱེ་བ་མེད་པའི་དུང་བ་ཟབ་མོ་ཞིག་དང་། ཡིད་ཆེས་བརྟན་པོ་ཞིག བློ་ཐག་ཆོད་པོ་ཞིག་ཡོང་རྒྱུ་ཡོད། དེ་དུས་གཞི་ནས་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་འཛིན་དང་འོས་འགན་དེ་ཡང་གཞན་གྱི་སྒྲོ་འདོགས་མ་འདྲེས་པར་རང་ངོས་ནས་མིག་ལྡན་གྱིས་གཟུགས་ལ་བལྟས་པ་ལྟ་བུའི་གསལ་པོ་ཞིག་ངོ་འཕྲོད་རྒྱུ་ཡོད་ངེས་རེད།
བོད་མི་ཚོ། ང་ཁྱོད་ཡིན། ཁྱོད་ང་ཡིན། ཁྱོད་དང་ངའི་བར་ན་ཐོབ་ཤོར་གྱི་འཐབ་རྩོད་མེད། རྒྱལ་ཕམ་གྱི་རེ་དོག་མེད། ཕྱི་ནང་གི་དབྱེ་བ་མེད། ངས་ཁྱོད་ཚོར་ཡིད་ཆེས་པ་ཙམ་ཞིག་གཞན་ལ་མི་ཆེས། ཁྱོད་ཚོར་དུང་བ་ཙམ་ཞིག་གཞན་ལ་མི་དུང་།
ང་ཡང་ ཕྱི་རྒྱལ་དུ་ སྡོན་བགྱིན་ རང་རྒྱལ་ ལ་རྒྱ་ ཆེ་རུ་ འགྲོ་བགྱིད་ འདུག
ང་ཚོའི་སྤྱི་ཚོགས་ལ་བྱམས་དང་སྙིང་རྗེ་ཡོད་མདོག་བྱེད་མཁན་ཡོད ང་ཚོའི་སྤྱི་ཚོགས་ལ་བདག་ལས་གཞན་གཅེས་ཟེར་ཁ་གཏོང་ཤོད་མཁན་ཡོད་ ང་ཚོའི་སྤྱི་ཚོགས་ལ་ལས་འབྲས་ཟེར་བ་ཙམ་མ་གཏོག་ལས་འབྲསརྩི་མཁན་མེད་ ང་་ང་ཚོའི་སྤྱི་ཚོགས་ལ་གཞན་པ་ལོག་
སྔ་མོ་བོད་ཀྱི་གཏམ་དཔེ་ལ་།
རང་གི་རང་ཀྱག་།
ཀྱག་པས་རྐུབ་ཀྱག་ཟེར་བ་དེ་མ་རེད་དམ་།
ཙམ་པ་ཟ་མཁན་ཚང་མ་བོད་ལ་དགའ་མཁན་ཡིན་གྱི་མ་རེད་།
ཤོད་མཁན་མང་པོ་ཡོང་ལག་ལེན་ཕྱི་ནང་སློག་མཁན་མིན་་་དགའ་།་
བོད་སྐད་ རྒྱག་་མཁན་ཚོས་ བོད་སྐད་ ཡར་བཀྱག
རྩམ་པ་ ཟ་མཁན་ཚོས་ རྩམ་པ་ ཡར་བཀྱག
གཡག་ཤ་ ཟ་མཁན་ཚོས་ གཡག་བཀྱག
ཁ་བརྡར་ འབྲི་མཁན་ཚོས་ ཁ་བརྡ་ ཡར་བཀྱག
དེ་ནི་ མིའི་ ཆོས་ཉིད་ མ་རེད་དམ། ལགས།
ངའི་མཆན་བུ་ཅིག་ཡལ་སོང་འདུག
ངོ་མ་ཡག་པོ་བྲིས་འདུག རྣམ་དཔྱོད་ལྡན་པའི་སྐད་ཆ་རེད། མི་ནི་ཧ་ཅང་འུར་འདྲོག་གི་གཤིས་ཀ་ཅན་ཞིག་ཡིན་དུས་འུར་གྱི་རྗེས་སུ་རྒྱུག་པ་ལས་གནས་ལུགས་ངོ་མ་མཐོང་མཁན་དཀོན་པོ་རེད། འདིས་དཔེ་མཚོན་གསོན་པོ་ཅིག་ནི་ཨ་རིའི་ཨོག་ལེན་ཆུང་བ་གཏོང་མཁན་སྐད་གྲགས་ཅན་ཞིག་གི་ལོ་རྒྱུས་དེ་རེད། ཁོ་རང་གིས་འཛིན་བྱང་རེ་ལ་ཨ་སྒོར་བརྒྱ་རེ་བླངས་ནས་མི་མང་སྟོང་ཕྲག་མང་པོའི་དཀྱིལ་དུ་བཏང་མྱོང་བའི་ཨོག་ལེན་ཞིག ཉིན་ཁ་ཤས་རྗེས་སུ་སྤྲང་པོར་རྫུས་ནས་ས་འོག་མེ་འཁོར་འབབ་ཚུག་ཅིག་ལ་སླར་ཡང་གཏོང་སྐབས་ལྟད་མོ་ལྟ་མཁན་མི་ཁ་ཤས་ལས་མ་བྱུང་བའི་ལོ་རྒྱུས་ཤིག་འདུག འདིས་ཅི་ཞིག་སྟན་ཡོད་པ་ནི་མི་ཞེས་པ་དེས་དངོས་པོའི་རིན་ཐང་ཚུལ་བཞིན་དུ་མཐོང་མཁན་དཀོན་ཞིང་འུར་འདྲོག་གི་རྗེས་སུ་རྒྱུག་མཁན་མང་བ་དེ་རེད།
ང་རང་ཉིད་ཀྱིས་ཉེ་ཆར་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་གི་གསུང་ཁ་ཤས་རེ་ལ་ཐོས་བསམ་བྱེད་པའི་གོ་སྐབས་ཐོབ་བྱུང་། གྷན་དེ་མཆོག་དང་ནེ་རུ་མཆོག་གི་གསུང་དེ་ཚོ་མཇལ་ཡོང་སྐབས་གཞི་ནས་ཡང་དག་པའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ཟེར་བ་དེ་ནི་མི་སུ་ཞིག་ཡིན་རུང་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། གལ་སྲིད་མི་སུ་ཞིག་རང་གི་མི་རིགས་དང་། རང་གི་ཕ་ཡུལ། རང་གི་རིག་གནས་ལ་དགའ་ཞེན་དུང་སེམས་མེད་མཁན་དག་ནི་རང་གིས་རང་ཉིད་ངོ་མ་ཤེས་པའི་རིགས་སུ་གཏོགས་པ་ཞིག་ཡིན་པའི་ངེས་ཤེས་གསལ་པོར་སྐྱེས་བྱུང་། མདོར་ན་མི་དེ་རིགས་ནི་རྩ་མ་ཚང་བའི་རིགས་སུ་གཏོགས་པ་གསལ་གསལ་ཐིངས་ཐིངས་རེད།
དཔེ་ཡག་པོ་བྲིས་འདུག།དངོས་གནས་བསམ་བློ་ཞིབ་གཏོང་དུས་རང་ཉིད་སྐྱེས་ཡུལ་ལ་བརྩེ་མི་ཡུལ་ནས་ཡོང་གི་འདུག།བཀའ་དྲིན་ཆེ་
༡༽ང་ཚོའི་མི་རིགས་འདི་ནི་ཨང་གསར་ཅན་ཡིན། ལོ་བརྒྱ་ཕྲག་རེ་ནས་ཆོས་ལུགས་མི་འདྲ་བ་རེར་དད་ཁུལ་བྱས་ནས་ཆོས་ལུགས་འགྱུར་བཞིན་ཡོད། ༢༽ ང་ཚོའི་མི་རིགས་འདི་ནི་རྨོངས་དད་ཅན་ཡིན། ཁ་མཁས་མགོ་བདེ་དྲན་འཕྲུལ་མཁན་རེ་སླེབ་དུས་ཆོས་ལུགས་རེ་བཟོས་ནས་དེས་ཁ་ལོ་བསྒྱུར་བཞིན་ཡོད། དེས་ཕྱིར་བོད་བླ་མའི་ཆོས་ལུགས་ཞེས་སུ་མིང་བཏགས། ༣༽ ང་ཚོའི་མི་རིགས་འདི་ནི་ཆེས་རྗེས་ལུས་ཅན་ཡིན། མི་ཚོས་གནམ་ལ་འཕུར་ནས་ཟླ་བའི་སྟེང་ནས་འཛམ་གླིང་ལ་ལྟད་མོ་བལྟ་སྐབས་སུ་ང་ཚོ་ནི་ས་གཞིར་བགྲོད་པའི་ལྕགས་རྟ་ཙམ་ཀྱང་བཟོ་ཐུབ་མེད། མི་ཚོས་གཟའ་སྐར་སྟེང་ལ་མེ་ཤུགས་འཕུར་མདའ་འཕེན་དུས་ང་ཚོ་ནི་གོས་ཆེན་དང་གསེར་ཁྲིའི་སྟེང་ནས་རི་རབ་རི་བདུན་བཤད། ༣ ང་ཚོའི་མི་རིགས་འདི་ནི་ཕྱོགས་རིས་ཅན་ཞིག་ཡིན། ཁས་ཆོས་ལུགས་གཞན་ལ་གུས་བརྩི་དང་ཆོས་བྱེད་མི་སྣར་དག་སྣང་སྦྱོང་དགོས་ཤོད་ཀྱིན་ཆོས་ལུགས་གཞན་ལ་དམའ་འབེབས་དང་གང་ཟག་གཞན་ལ་སྒྲོ་སྐུར་བྱེད་བཞིན་ཡོད། ༤༽ ང་ཚོའི་མི་རིགས་འདི་ནི་གདུག་རྩུབ་ཅན་ཅིག་ཡིན། ཁས་མར་གྱུར་འགྲོ་བ་རྣམས་ལ་བྱམས་སྙིང་སྒོམ་ཚུལ་བཤད་ནས་ལག་ཏུ་རྩ་ཉག་ས་འབུར་ཙམ་དང་ཚིག་ཁ་མཐོ་དམན་དབར་ལ་གྲི་གླིང་བཏོན་ནས་ཡིན་ལུགས་ཤོད་ས་མེད་པར་དམར་གསོད་གཏོང་གི་ཡོད། ༥༽ང་ཚོའི་མི་རིགས་འདི་ནི་ཁ་སྟོང་ནང་ནས་ཚིག་སྟོང་ཤོད་མཁན་ཞིག་ཡིན། ཕ་ཡུལ་ལ་དགའ་ཞིང་རང་རིགས་ལ་གདུང་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་ཕ་ཡུལ་ལ་དགུ་ལུང་དགུའི་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་ལ་ཁྱི་བཞིན་འཁྱམས་ནས་རང་དོན་བསྒྲུབ་ཀྱིན་ཡོད། ང་ནི་ང་ཚོའི་མི་རིགས་ལ་ཡིད་ཐང་ཆད་ཡོད།
ང་ ཕྱི་རྒྱལ་དུ་ སྡོད་བགྱིན་ སྡོད་བགྱིན་ རང་ཡུལ་ ལོག་འདོད་ ཆེ་རུ་ཆེ་རུ་ འགྲོ་བགྱིད་ འདུག གང་ཡིན་ནམ།
ངས་ འབྲི་བགྱིན་ འབྲི་བགྱིན་ འབྲི་འདོད་ སྐྱེ་བགྱིད་འདུག
མི་རིགས་རིང་ལུགས་ཀྱི་ལྟ་བ་མེད་པ་དང་། རྒྱལ་ཞེན་གྱི་འདུ་ཤེས་མེད་པའི་གང་ཟག་དེ་དག་ནི་རྩ་མ་ཚང་བའི་གད་རྙིགས་རེད། དུད་འགྲོ་ལས་སྐྱོ་གི་རེད། རང་ཚུགས་མེད། རང་ངོ་མི་ཤེས། རྒྱ་དགའ་མ་དེ་དག་ལ་སྔ་ནས་སྐྱུག་མེར་ལངས་ཀྱི་ཡོད།
རང་བཙན་སེམས་ནས་དོར་མཁན་གྱི་བོད་མི་དེ་དག་ནི་མྱི་ལུས་ལེན་ཡོད་ཀྱང་ཁྱི་ལས་སྐྱོ་གི་རེད། གད་རྙིགས་རེད། རྒྱལ་ཁབ་དང་རང་བཙན་དོར་མཁན་ཚོས་ངོས་ནས་བོད་ཀྱི་རིག་གནས་དང་སྐད་ཡིག་སྐྱག་པ་གཡུགས་གཡུགས་བྱེད་ཀྱི་རེད།
རྒྱལ་ཞེན་འདུ་ཤེས་མེད་པའི་བླ་དཔོན་དང་།
མི་རིགས་ལྟ་བ་མེད་པའི་འབངས་མི་གཉིས།
མྱི་ཟས་ཟས་ནས་མྱི་སྐད་བརྒྱབས་ནའང།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།།
ཉེ་ཆར། “དམིགས་བསལ་ལེ་ཚན་༧གོང་ས་མཆོག་ལ་བཅར་འདྲི”། ཟེར་བ་ཞིག་ན། ༧གོང་ས་མཆོག་གིས་གོང་རྩོམ་གྱི་ནད་དོན་ཇི་མ་ཇི་བཞིན་ཞིག་བཀའ་སློབ་ཀྱི་ལམ་ནས་གསུང་གནང་སོང་།
དེ་རིང་སྤོབས་པས་རིགས་ཞེན་ཡོད་མདོག་འདྲ་འདྲ། མཁྱེན་རྒྱ་ཆེ་མདོག་འདྲ་འདྲ་ཞིག་གིས་སྨྱུག་ཁ་གཉིས་ཇི་བདེ་ཇི་ཡག་འདྲ་ཞིག་བྲིས་འདུག་པས། ཡག་པོ་རེད་ཞུ་དགོས། ཡིན་ན་ཡང་། མྱི་འདི་ལ་དྭངས་འཐིབ་ཆེ། དེ་སྔར། ཁ་ལག་གཉིས་ཀྱིས་སྤྱི་དོན་དང་སྤྱི་སེམས་ལ་དོ་ཕོག་གང་འབྱུང་བའི་གནས་བབ་ལ་བསམ་བློ་རྩ་བ་ནས་འཁོར་མ་མྱོང་མཁན་ཞིག་ཡིན་པས། ནག་ཅན་གྱི་མིང་ཐོ་ནས་འདག་ཐབས་དཀའ་མོ་ཞིག་ཡིན།
དེ་རིང་འདི་ནས་སྤོམས་པ་མཐའ་ཡས་གི་སེམས་པ་ཡར་ལ་འཁོར་པའི་ཉི་མོ་ཡིན་ས་རེད་ཡག་པོ་འདུག་ཟེར་འདོད་བྱུང། གང་བྱེས་ནས་ཁྱོད་གྱི་བསམ་བློ་གཏོང་སྟེང་འདི་འདྲ་མི་མཐུད་ནས་ཡིན་པ་མ་ཆོག་པ་རེད། ས
ཅོ་ཉི་འདི་ཁ་ཅིག་གི་ནང་ནས་སྐད་ཆ་མ་འདྲ་བ་རེ་བཤད། ལ་རེ་བོད་ལ་ཞེ་འདོག་ཁ་པོ་དགའ་འདོག་ཁ་པོ། ལ་རེ་བོད་མི་གད་རྙིགས་རེད་ཟེར་གྱིན་འདུག། འོ་ན་ངས་ཁྱོད་ལ་ཅིག་འདྲི་ཁྱོད་དང་འདྲེ་ཚོགས་པ་གང་གི་ནང་དུ་ཚུད་ཡོད་དམ།
རང་བཙན་ཁ་ལ་འཁྱེར་ནས་རང་དོན་བསྒྲུབ་
བོད་མིའི་སྒྲིག་འཛུགས་མང་གཙོར་འདོད་མོས་མེད་
སྤྱི་ཚོགས་གང་སར་དཀྲུག་ཤིང་སྣ་ཚོག་བྱེད་
དེ་ཚོའི་རིགས་ནི་དོད་འདྲེ་ཅིག་མཚུངས་ཡིན་
སྤོབས་པ། ཅོ་རི། ཀ་རྡོ། ཁྱུང་སེ་སོགས་ལ་འདྲི་རྒྱུ། མི་རིགས་ཤིག་ཡར་ལངས་བྱེད་པ་ལ་སྣེ་ཁྲིད་ཅིག་ངེས་པར་དགོས། དེ་མི་རིགས་དེས་ཁོའི་བྱ་བའམ། རིགས་རྒྱུད་དམ། ཡོན་ཏན་ནམ། དགའ་མོས་ཀྱིས་བཀུར་བ་ཞིག་དགོས། བོད་ལ་མ་འོངས་པར་དེ་འདྲ་ཡོད་དམ། དཔེར་ན་མཉྫུའི་རྒྱལ་ཁབ་གཏོར་བར་བྱེད་པ་ལ། སུང་ཀྲུང་ཧྲན་ལྷ་ལྟ་བུ་ཞིག་བཟོས། ཁོའི་བཤད་པའི་མི་སེར་དོན་གསུམ་བཀའ་ཤོག་ལྟ་བུ་ནོར་འཁྲུལ་མེད་པ་ཞིག་བཟོས་པ་རེད། དེ་བཞིན་གུང་ཁྲན་དམར་ཤོག་མཐུན་སྒྲིལ་ཆེད། ཀྲོའུ་ཨེན་ལིས་མོའུ་གླེན་རྒན་ལྷ་ལྟ་བུ་ཞིག་ལ་བཟོས། གྲུབ་འབྲས་ཆེ་ཆུང་མ་ལུས་པ་་རླབས་ཆེན་དབུ་ཁྲིད་ཀྱིས་གཟིགས་རྒྱ་ཆེན་པོའི་བྱས་པ་རེད་ཅེས། སྤྱི་ཚོགས་ནང་དུ་མིང་རྣ་བས་་གོ་ཡང་བརྗིད་ཆེ་བ་ཞིག་བཟོས། དེའི་རྒྱབ་ཏུ་མི་ཚང་མ་མིག་བཙུམ་ནས་མཆོང་བ་རེད། བྱང་ཀོ་རི་ཡང་དེ་བཞིན་རེད། མི་ཚང་མ་ཁ་ཕྱོགས་གཅིག་ཏུ་འཁོར་ཐུབ་པ་སློབ་གཙོ་ལ་རག་ལུས་མོད། དེའི་ཁ་ལོ་འདྲེན་པའི་ནུས་པ་ཅན་ཞིག་མེད་དུས་ཚང་མ་དཔོན་བྱས་ན་འབངས་སུས་བྱེད། དེ་བཞིན་འདས་པ་ལས་ད་ལྟ་གཙོ་ཆེ། ད་ལྟ་མ་འོངས་པའི་འཆར་གཞི་བསྐྲུན་དགོས། དེའང་ལམ་ཁ་གཅིག་ལས་མེད་ཚེ་དེ་འགག་ན་ཅི་བྱ་མེད་པར་འགྱུར་བས། ལམ་ཁ་གང་ཞིག་བརྒྱུད་རུང་རྒྱལ་མ་ཐུབ་ཀྱང་ཕམ་ཁ་མི་ཁུར་བའི་འཆར་གཞི་ཞིག་ངེས་པར་བཟོ་དགོས། ཆ་རྐྱེན་གཙོ་བོ་སྤྱི་ཚོགས་འདི་ཉིད་མིས་བཟོས་པ་ཡིན་པས་བརྒྱུད་འཛིན་མི་སྣ་གསོ་སྐྱོང་ཡག་པོ་ཞིག་ངེས་པར་དགོས་སྙམ། ད་ལྟ་གཞོན་ནུའི་ཁྲོད་ན་མི་སུ་ཞིག་གིས་སྐྱ་སེར་གཉིས་ཀྱི་སྣེ་ཁྲིད་ཐུབ། གཟིགས་རོགས་གནང་།
དྲི་མེད་ལྷག་བསམ་ནི་དྲི་མེད་ལྷག་བསམ་རེད། ལྷག་བསམ་ལ་དྲི་མ་ཞིག་མི་འདུག མ་འོངས་པའི་མི་མང་གི་དབུ་ཁྲིད་ཟེར་བ་དེ་ང་ཚོས་འདི་དང་འདིས་འོངས་ཞེས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལྟ་བུ་ཆོག་ཆོག་ཅིག་མ་རེད། དེེ་ལྟར་བྱེད་དུས་མ་འགྲིགས་པ་ཞིག་ཀྱང་རེད། མ་འོངས་པའི་དབུ་ཁྲིད་ཟེར་བ་དེ་མི་རང་རང་གི་ངོས་ནས་སྙིང་སྟོབས་ཅན། ཤེས་ཡོན་ཅན། སྤྱི་མོས་ཅན་སྐྱེས་དགོས་པ་རེད། སྤྱི་ཚོགས་ཤིག་གི་ནང་དུ་མི་དེ་ལྟ་བུ་ཞིག་སྐྱེས་པ་ལ་ཅིག་བྱས་ན་ཡུན་རིང་པོར་སྒུག་དགོས་མི་སྲིད་མ་ཡང་མ་རེད། ཉེ་རབས་ལོ་རྒྱུས་ལ་བལྟས་ན་རྒྱ་གར་ཡང་ཕྱི་མིའི་བཙན་འཛུལ་འོག་ཏུ་ཚུད་ནས་བཟུང་མ་ཧ་ཏི་མ་གན་དེ་ལྟ་བུའི་མི་འཇོན་པོ་ཞིག་སྐྱེས་པའི་བར་ལོ་མང་པོ་འགོར་བ་རེད། དེ་ནི་ངའི་བསམ་ཚུལ་ཡིན།
དྲི་མེད་ལྷག་བསམ་དྲི་བ་ལ། །
གཉིས་མོས་ཆེད་དུ་༸རྒྱལ་དབང་དང་། །
སྲིད་སྐྱོང་བང་རིམ་སྒྲིག་ནས་འདུག །
རང་བཙན་ཆེད་དུ་༸པཎ་ཆེན་སོགས། །
མི་རབས་རྗེས་མའི་ཆེད་དུ་འཇོག །
དེ་རིངདེ་ཙམ་ཆོག་པར་བྱས། །
དྲི་མེད་ལགས་་་་མི་རིགས་ཡར་ལངས་བྱེད་པའི་སྣེ་འཁྲིད་ཏན་ཏན་དགོས་པ་རེད་ཡིན་ནའང་ད་ལྟ་སའང་དྲགས་པ་རེད། དེ་ལྟར་ཡར་ལངས་བྱེད་མཁན་ཞིག་བྱུང་ན་བོད་མིས་ཐན་དུ་བརྩིས་ནས་མཐར་བཀྲོད་གཏོང་གི་རེད། དཔེར་ན། འཇམ་དབྱངས་ནོར་བུ། ཅོ་རི་ལྟ་བུ། ཟླ་བ་ནོར་བུ་ལྟ་བུ་རེད། དེ་ལྟར་ལངས་པར་བྱེད་པ་ལ་མི་རིགས་འདི་ཡི་ཆོས་ལུགས་སུ་འཛིན་པའི་རྨོངས་དད་གཏིང་རྦད
ནས་གཅོད་དགོས་པ་རེད། བླ་སྤྲུལ་གྱིས་མི་དམངས་དབང་བསྒྱུར་དང་དེ་ཚོར་གོ་གནས་ཆེན་པོ་སྤྲོད་རྒྱུ་དེ་རིགས་རྩ་བ་ནས་མེད་པར་བྱེད་དགོས། དེ་མིན་དེ་ལྟར་ཡར་ལངས་བྱེད་ཐུབ་མཁན་མེད། བྱས་ཙང་ད་དུང་ལོ་ངོ་བཅུ
ཕྲག་འགའ་ཞིག་འགོར་སྲིད།
ཀ་རྡོས་ལན་གནང་མི་འདུག ངས་༧གོང་ས་མཆོག་གི་སྐོར་དྲིས་མེད། སྲིད་བློན་གྱི་ཤེས་ཡོན་དང་ལྷག་བསམ་ལ་གོང་ཚད་གཏན་འབེབས་བྱས་ཟིན་པ་རེད།
སྤོབས་པས་སྣེ་ཁྲིད་དགོས་ཀྱང་སྒུག་དགོས། དུས་ཚོད་འགོར་སྲིད་གསུངས་བཞག མི་སྣ་གསོ་སྐྱོང་བྱ་ཐབས་སྐོར་ལ་ལན་མི་འདུག ད་ལྟ་སྒྲིགས་འཛུག་གི་མི་སྣ་ཡང་ཤེས་མཇོན་གཉིས་ཀྱི་ཆ་ནས་ཚགས་ཚུད་པ་ཞིག་ཡིན་ན་དགོས་པ་རེད།
ཁྱུང་སེས། སྣེ་ཁྲིད་དགོས་ཀྱང་། ཆོས་ལུགས་བླ་སྤྲུལ་སོགས་ཀྱིས་མི་ཡོང་། སྣེ་ཁྲིད་ཆོས་དད་མེད་པ་ཞིག་དགོས། དུས་ཡུན་ལོ་ཕྲག་ཁ་ཤས་དགོས་གསུངས་འདུག འོན་ཀྱང་ཆོས་ལུགས་ཀྱི་དད་མོས་མོའུ་ཙེ་ཏུང་གིས་ཀྱང་སྒྱུར་མ་ཐུབ་པར་རྒྱ་ནག་ལ་སླར་ཡང་་དར་བ་ལ་གཟིགས་དང་ཤེས། ལོ་༡༠༠་ཙམ་དུ་བསྒུགས་ཀྱང་སྤྱི་ཚོགས་གཏན་ནས་ཆོས་མེད་དུ་འགྱུར་མི་སྲིད་པ་ཐག་ཆོད། ཁྱོད་རྣམ་གསུམ་གྱིས་མ་འོངས་པ་ལ་རེ་བ་བྱེད་རྒྱུ་ཁོ་ན་རེད། བར་སྐབས་སུ་མི་རིགས་དང་རིག་གཞུང་ཞབས་རྡོལ་གྱི་ཆུ་བཞིན་ཟགས་པ་ལ་གདོང་ལེན་གནང་ཚུལ་ལ་དགོངས་པ་ག་འདྲ་ཡོད་དམ། །
མང་གཙོའི་སྤྱི་ཚོགས་ནང་མི་མང་གི་སྣེ་ཁྲིད་མི་མང་རང་ཡིན། མི་མང་གིས་འགོ་ཁྲིད་བདམས་ནས་མི་མང་གིས་དེའི་བྱ་བར་རྒྱབ་སྐྱོར་བྱས་ནས་མདུན་བསྐྱོད་བྱེད་པ་མ་གཏོགས་གང་ཟག་ག་གེ་མོ་ཞིག་ལྷ་ལྟར་བཀུར་ཏེ་དེའི་དབང་སྒྱུར་དང་སྣེ་ཁྲིད་ཁོ་ནར་རེ་ལྟོས་བྱེད་པའི་གཞན་བརྟེན་གྱི་བསམ་བློ་དང་སྒྱིད་ལུག་པའི་ངང་ཚུལ་དེ་ཚོ་འདོར་དགོས་པ་ཡིན།
མང་གཙོའི་སྤྱི་ཚོགས་ནང་མི་མང་གི་དབུ་ཁྲིད་མི་མང་རང་ཉིད་ཀྱིས་བདམས་ནས་དེ་ལ་རྒྱབ་སྐྱོར་བྱེད་བཞིན་མདུན་བསྐྱོད་བྱེད་པ་ལས་གང་ཟག་སྒེར་བ་ཁོ་ན་ཞིག་ལ་མཐའ་གཅིག་ཏུ་རེ་ལྟོས་བཅོལ་བའི་གཞན་བརྟེན་གྱི་བསམ་བློ་དང་སྒྱིད་ལུག་གི་སྤྱོད་པ་དེ་ཚོ་འདོར་དགོས་པ་ཡིན། དེ་ལྟར་ཡོང་བར་མི་མང་སྤྱི་ཡོངས་ཀྱི་ཤེས་ཡོན་གྱི་ནུས་སྟོབས་གསོ་དགོས། རང་གིས་མ་འཇོན་སར་མི་ག་གེ་མོ་ཞིག་གམ་ལྷ་དཀོན་ཅོག་གིས་བསྐྱབ་ཡོང་སྙམ་པའི་རེ་སྟོང་དེ་འདྲ་བྱ་རིན་མེད། ་མི་གང་རུང་གི ཡོན་ཏན་ཁོ་ནས་མི་ཡོང་མི་མང་བྱིངས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་དགོས།
སྤོབས་པ་དང་དྲི་མེད་ལྷག་བསམ་སོགས་ཀྱིས་ཡག་པོ་གསུངས་སོ།
ང་ཚོ་ཚང་མས་མི་རིགས་དང་རིག་གཞུང་ལ་བསམ་བློ་ངེས་པར་གཏོང་དགོས། ང་ཚོ་ཚང་མ་ཕ་ཡུལ་བོད་ལ་གོག་འགྲོ་ཟེར་བ་དེ་བདེན་པ་མ་རེད། ཏྰ་ལའི་བླ་མའི་སྐུ་ཕྲེང་བཅོ་ལྔ་པ་འཁྲུངས་རྒྱུ་མིན་པར་མཚམས་བཞག་འདུག http://www.tibettimes.net/news.php?showfooter=1&id=9619དེས་ན་ད་སྔོན་ཡན་དུ་ལས་གཉེར་སྐུ་སྒེར་གྱི་རྒྱབ་སྐྱོར་ཚང་མ་མཚམས་བཞག་པ་མིན་ནམ། སྤྲུལ་སྐུ་ལམ་ལུགས་ཀྱི་དམག་འཁྲུགས་མཚམས་འཇོག་དང་མཁན་པོ་དང་དགེ་བཤེས་དགེ་རྒན་སོགས་ཤེས་ཡོན་ཅན་གྱི་མི་སྣ་བློ་སེང་ལྟ་བུ་བདག་གཉེར་དགོས་པར་གལ་ཆེན་པོ་རེད་དྲན་ནོ།།
བོད་མི་ས་ཡ་དྲུག་སོ་སོའི་རྐང་པའི་སྒང་ལངས་པའི་ཉིན་མོར་ཐག་མི་རིང་། དཔའ་བོ་དཔའ་མོ་ཆིག་བརྒྱ་བཞི་བཅུའི་རང་ལུས་མེ་ལ་བསྲེག་ནས་གསལ་འདེབས་གནང་དང་གནང་མུས་ཡོད། བསྐུལ་མ་བྱས་དང་བྱེད་མུས་རེད། རང་ཉིད་ཀྱི་སྐྱབས་མགོན་རང་ཉིད་ཡིན་པ་གསལ་སྟོན་གནང་ཡོད། ད་མཁྱེན་སོང་ངམ།
མྱི་གཅིག་ལྷ་ལྟར་བཀུར་ནས་དབུ་ཁྲིད་བྱེད་དགོས་པའི་འདུ་ཤེས་དོར་ནས་རང་ཉིད་རང་གི་མགོན་ཡིན་པར་ཡིད་ཆེས་དང་། བོད་རྒྱལ་ཁབ་ཆེན་མོའི་གནད་དོན་ཐོག་གཅོད་ཐུབ་མཁན་ནི་བོད་མི་དམངས་ཡིན། ནུས་པ་ཆེ་ཤོས་ཡོད་མཁན་མི་དམངས་ཡིན། འཇོན་སྟངས་ཆེ་ཤོས་མི་དམངས་ཡིན། དེའི་ཕྱིར་་་བོད་མི་དམངས་ཀྱི་ཕུགས་བསམ་ལ་ལྷ་ལྟ་བུའི་བླ་སྤྲུལ་ཞིག་གིས་བཙན་གནོན་མ་ཡིན་པར་མི་དམངས་ཀྱི་ཕུགས་བསམ་མངོན་གྱུར་ཡོང་ཐུབ་པ་བྱ་དགོས།
མྱི་གཅིག་ལྷ་ལྟར་བཀུར་དགོས་པའི་སྲིད་གཞུང་ནི་སྒེར་གཅོད་པའི་སྲིད་གཞུང་ཡིན། མི་དམངས་ལ་རང་དབང་མེད་པའི་སྲིད་གཞུང་ཡིན། ང་ཚོས་ངེས་པ་ཏུ་བོད་པའི་སྤྱི་ཚོགས་ནང་དུ་ལྷ་ལྟ་བུའི་དབུ་ཁྲིད་ཤིག་མེད་པ་བཟོ་དགོས། གལ་སྲིད་ལྷ་ལྟར་བཀུར་དགོས་སའི་དབུ་ཁྲིད་ཤིག་ཡོད་ན་དམངས་གཙོ་ཡང་དག་པ་ཞིག་ཡོང་ཡ་མེད། དམངས་གཙོ་ཡང་དག་པ་ཞིག་མེད་ན་མི་དམངས་ཀྱི་ནུས་པ་ཕྱོགས་གཅིག་ལ་སྤུངས་མི་ཐུབ། མི་དམངས་ཀྱི་ཤེས་འཇོན་ནུས་གསུམ་ཕྱོགས་གཅིག་ལ་སྤུངས་མ་ཐུབ་ན་མི་རིགས་ཤིག་ལ་རྒྱལ་ཁ་འཐོབ་པའི་དུས་ཤིག་ཡོང་ཡ་མེད།
དམ་པ་ར་སེར་མཆོག་གིས་གསུངས་པ་ལྟར་་་ང་ཚོས་དབུ་ཁྲིད་ཤེས་འཇོན་ཅན་གསོ་སྐྱོར་བྱེད་པ་ལས་གལ་ཆེ་བ་མི་དམངས་འཇོན་ཅན་གསོ་སྐྱོང་བྱ་དགོས། ང་ཚོས་བོད་ཆེན་པོའི་དར་ཆ་འཕྱར། བོད་ཆེན་པོའི་གཞུང་ལུགས་འཆད། རྒྱལ་ཞེན་གྱི་འདུ་ཤེས་དང་མི་རིགས་ཀྱི་ལ་རྒྱ་སོགས་གང་མཐོ་བཏང་ནས་འཐབ་རྩོད་བྱ་དགོས།
ང་ཚོས་བོད་ཆེན་པོའི་དར་ཆའི་འོག་ཏུ་མཐུན་སྒྲིལ་བྱེད་དགོས། བོད་ཆེན་པོའི་ཁེ་ཕན་དེ་ཉིད་རང་གི་ཁེ་ཕན་ཡིན་པར་ཤེས་པའི་ཐོག་ནས་འཐབ་རྩོད་བྱ་དགོས།
མདོ་ན་བོད་ཆེན་པོའི་ཆབ་སྲིད་ཀྱི་རྐང་པ་བདག་འཛིན་གྱི་ཐོག་ཏུ་བཙུགས་ནས་ལང་དགོས། དེ་ཡང་བོད་མི་དམངས་ཀྱི་རྒྱུད་ཀྱི་བདག་འཛིན་གྱི་ཐོག་ཏུ་བོད་ཆེན་པོའི་ཆབ་སྲིད་ཀྱི་རྐང་པ་འཛུགས་དགོས། གཞན་ཕན་གྱི་བསམ་བློའི་ཐོག་ཏུ་ཆབ་སྲིད་ཀྱི་རྐང་པ་བཙུགས་ན་རང་ཉིད་ཕམ་འགྲོ་བ་ལས་རྒྱལ་མི་ཐུབ།
ཆོས་མིན་སྲིད་མིན་གྱི་ལམ་ལུགས་འདིས་ཆོས་སྲིད་གཉིས་ཀ་ཕུང་ལ་སྦྱར་བཞིན་ཡོད། ཆོས་ཡང་དག་ཞིག་བྱེད་ཐུབ་ཀྱི་མེད་ལ་ཆབ་སྲིད་ཡག་པོ་ཞིག་ཡོང་གི་མེད། ཆོས་སྲིད་ཟུང་འབྲེལ་མཇུག་བསྡུ་དགོས། ཆོས་སྲིད་གཉིས་ཁ་ཁར་བྱས་ནས་འཐབ་རྩོད་བྱ་དགོས་པ་འདོད་ཀྱི་ཡོད་དོ།
མི་རིགས་ཀྱི་འཐབ་རྩོད། རྒྱལ་ཁ་ཐོབ་པ། རིམ་བཞིན་རྒྱལ་ཁབ་ཞོད་འཇག རྒྱ་བསྐྱེད། བརྟན་བརླིང་སོགས་གོ་རིམ་ལྡན་པ་ཞིག་ལས། ཐོག་མ་ཉིད་ནས་རྨི་ལམ་ལེགས་པོ་ཞིག་གི་ཐོག་ཏུ་འགྲོ་རྒྱུ་དཀའ་མོ་རེད། མི་རིགས་ཀྱི་འཐབ་རྩོད་བྱེད་པ་ལ་མི་རིགས་ཀྱི་ནུས་པ་གཅིག་ཏུ་སྡུད་ཐུབ་པ་ནི་རྩ་དོན་དང་པོ་དེ་རེད། ཀྲོས་ཨེན་ལེས། འཐབ་རྩོད་བྱེད་པ་ལ་རྩོད་ཡུལ་གྱི་གཉོམ་ས་ནས་འཇུ་ཐུབ་དགོས། རྩོད་ཡུལ་འདྲེ་རུ་བསྒྱུར་ནས་མི་མངས་ལ་བློས་གཏོང་འཇུག་དགོས། འཆར་གཞི་རིམ་ཅན་བྱེད་དགོས་པ་ལས་ལེགས་སོ་སྙམ་ནས་རྨི་་ལམ་ཁོ་ནར་རེ་བཅོལ་མི་རུང་། ཟེར་བ་ལྟར། དམངས་གཙོའི་ལྟ་བ་རྒྱལ་ཁབ་འཛིན་པ་ལ་ཤིན་ཏུ་ལེགས་མོད། འཐབ་རྩོད་བྱེད་པ་དང་། སྟོབས་ཤུགས་རྒྱ་བསྐྱེད་ལ་ཆེས་དམན་པའི་མཐར་ཐུག་པ་ཞིག་གོ། རླང་འཁོར་ཡོད་དུས་དེ་བསྐོར་ན་བདེ་བ། མྱུར་བ། ལེགས་པ་ཡིན་མོད། རླང་འཁོར་དང་ལམ་ཁ་མེད་སར་བོང་བུ་ཞོན་སྟངས་དང་། གསོ་སྟངས་ཀྱང་ཤེས་དགོས། རླང་འཁོར་སྐོར་བར་ཁ་ལོ་བ་དགོས་པ་བཞིན་འཐབས་རྩོད་སྣེ་ཁྲིད་པ་ཆེས་མང་པོ་ཞིག་གསོ་སྐྱོང་དགོས་པ་ད་ལྟའི་གཞུང་གིས་ཁུར་རེད། སྔོན་ཆད་བོད་རྒྱ་ཞི་མོལ་པ། རྒྱ་རི་བློ་གྲོས་སོགས་ཀྱིས་ཕ་རོལ་བོའི་འཆར་གཞི་སྤུ་ཙམ་མི་ཤེས་པར། ཤེས་ཡོན་གྱི་ང་རྒྱལ་དང་དམངས་གཙོའི་ལྟ་བ་ཁུར་ནས་འཐབ་རྩོད་གྱི་གོ་སྐབས་རིམ་པ་མང་པོ་ཞིག་བརླག་བཅུག་པར་ལྟོས་ཤིག ། སྟག་འཛིནཔ་སྙི་དངདང་ཉ་འཛིན་པ་ལ་ལྕགས་ཀྱུ་ཟེར་བ་ལྟར་དགོས། ཡུལ ་དང་མི་འཚམ་པའི་རྨི་ལམ་བཟང་པོ་དེའི་གར་ཡང་མི་ཕྱིན་པ་མཐོང་། ཆབ་སྲིད་མི་ཤེས་པའི་རྒན་པོ་ལྷག་བསམ་གྱིས་རྨོངས་འཆར་རོ། །
ཧཧ་་་སྟག་མོ་གུང་ཁྲན་ཏང་དམངས་གཙོའི་རྙི་ཡིས་འཛིན་གྱི་རེད་མ་གཏོགས་་་དམང་གཙོའི་རྙི་ལས་གཞན་པའི་སྟག་མོ་གུང་ཁྲན་གསོད་ཐུབ་མཁན་ཞིག་འཛམ་གླིང་ཐོག་ཏུ་ཡོད་སྣང་མི་ཤར་རོ།
ཀྲོས་་ཨེ་ལེན་གྱིས་བཤད་པ་ལྟར་གུང་ཁྲན་དམར་ཕྱོགས་པ་མི་སེར་གྱི་རང་དབང་དང་ཁེ་ཕན་འཕྲོག་གྱི་འདྲེ་ལ་འགྱུར་ངེས་རེད། རྩོད་ཡུལ་དམར་ཕྱོགས་པ་འདྲེ་རུ་འགྱུར་ནས་མི་དམངས་ཀྱིས་བློས་གཏོང་ཆེན་པོ་ཐོག་ནས་འཐབ་རྩོད་བྱ་ངེས་རེད། དཔེར་ན་་ཧོང་ཀོང་གི་གཞོན་སྐྱེས་ཚོས་འཐབ་རྩོད་བྱེད་སྟངས་ལ་བལྟས་ནའང་འདྲ། མ་ཁོ་དང་ཐད་ཝན་གཉིས་ཀྱི་ཕྱོགས་སུ་བལྟས་ནའང་འདྲ། དམངས་གཙོའི་རྙི་འདིས་གུང་ཁྲན་དམར་པོ་ཐར་གཏོང་གི་མ་རེད་དོ། དབུ་མའི་ལམ་ཕ་མེད་དྭ་ཕྲུག་ཆགས་ངེས་རེད།
ཧོང་ཀོང་སློབ་ཕྲུག་མང་གཙོའི་ངོ་རྒོལ་ཉིན་ཞག་དོན་ལྔའི་སྐབས་སུ། མདང་གི་བོད་དང་། དེ་རིང་གི་ཧོང་ཀོང་། སང་ཉིན་གྱི་ཐེ་ཝེན་ཞེས་པའི་བསམ་ཚུལ་གཅིག་ཀྱང་བྱུང་བ་ལ་བསམ་ཤེས་དགོས་འདུག་གདའ། དྲ་གྲོགས་ཚོ།། །།
མ་འོངས་བོད་ཀྱི་དབུ་ཁྲིད་ནི་ཤེས་འཇོན་གཉིས་ལྡན་གྱི་མི་རིགས་ལ་ལྷག་བསམ་དག་པ། རང་གི་མི་རིགས་ཀྱི་ཆེད་དུ་་སྒེར་གྱི་ཡོད་ཚོད་བློས་གཏོང་ཐུབ་པ། ཆོས་ལུགས་དང་ཆོལ་ཁ། བླ་སློབ་དང་འཁོར་གཡོག། གཏམ་དང་སྙན་གྲགས། ངོ་སྟོད་དང་འབུལ་བ་སོགས་ལ་མི་ལྟ་མཁན་དང་། རང་འདོད་གཙོ་གཉེར་མིན་པར་མི་དམངས་ཀྱི་འདོད་བློར་ངེས་པར་དུ་བསམ་གཞིག་ཐུབ་པ། མི་རིགས་ཀྱི་མཐུན་སྒྲིལ་ནི་མི་རིགས་ཀྱི་སྟོབས་ཤུགས་བླ་ན་མེད་པའི་གནས་ལུགས་ཞིག་ཏུ་འཛིན་མཁན། སྤྱི་ཚོགས་ཁའཐོར་མི་འགྲོ་བའི་ལས་ལ་རྟག་ཏུ་འབོད་མཁན། གལ་སྲིད་རང་དང་མི་དམངས་སམ་མི་བྱེ་བྲག་པ་འགའི་བར་ན་ལྟ་ཚུལ་དང་བྱེད་ཚུལ་མི་མཐུན་པ་དང་། མི་དམངས་ནང་ཕན་ཚུན་དབར་ན་ལྟ་ཕྱོགས་དང་སྤྱོད་ཕྱོགས་མི་མཐུན་པའི་སྐབས་སུ་གུ་ཡང་གིས་ཆ་སྙོམ་དང་མཐུན་ལམ་དམ་གནས་ཡོང་རྒྱུར་འབོད་མཁན་གྱི་མི་ཞིག་དགོས། མདོར་ན་སྒེར་གཅོད་དམ་རང་འདོད་གཙོ་གཉེར་མི་བྱེད་མཁན། མི་རིགས་དང་ཚོགས་སྡེ་འགའ་ཁས་ཁྱེར་ནས་་རང་གི་གཏམ་སྙན་ལ་མི་རེ་མཁན་ཤེས་འཇོན་ལྷག་བསམ་ལྡན་པའི་རྒྱལ་གཅེས་པ་འགའ་གསོ་སྐྱོང་དང་དེ་དག་ལ་མི་དམངས་ཀྱིས་རྒྱབ་སྐྱོར་གྱི་སྤྱི་ཚོགས་ཡར་འདེབས་སྐོར་སློབ་གསོ་དང་སྐུལ་ཅག་ཡང་ཡང་གཏོང་དགོས།
བསྟན་འཛིན་ལགས་ཀྱིས་ཡག་པོ་གསུངས་བྱུང་། ཆ་རྐྱེན་དེ་འདྲ་ཚང་བའི་མི་ཞིག་བསླེབས་སོང་ན་་་་མ་ཧ་དྷི་གྷ་དན་མཆོག་ལྟ་བུའི་འཐབ་རྩོད་པ་མཆོག་ཏུ་གྱུར་པ་ཞིག་ཡོང་ངེས་རེད།
མ་འོང་པའི་བོད་ཀྱི་འགོ་ཁྲིད་ནི་སློབ་དཔོན་ཟམ་གདོང་ལྟ་བུའི་ཞིག་དགོས་ངེས་རེད་
བསྟན་འཛིན་ལགས། ཁྱོད་ཀྱི་མ་འོངས་བོདཀྱི་འབུ་འཁྲིད་དེ། ཆབ་སྲིད་ཀྱི་དབུ་འཁྲིད་ཀྱི་མཚན་ཉིད་མ་ཡིན་པར། བྱ་བྲལ་རི་ཁྲོད་པའི་མཚན་ཉིད་རེད་འདུག ཁྱེད་རང་གི་གསུངས་པ་ཡོད་ཚད་བློས་བཏང་ཐུབ་པ། གཏམ་སྙན་དང་ངོ་བསྟོད་འབུལ་བ་སོགས་མི་དགའ་མཁན་ཆབ་སྲིད་པ་ལྟ་བཞོག། དེང་དུས་ཀྱི་ལྟའི་བླ་མ་སྤྲུལ་སྐུ་མང་ཆེ་བ་ལ་ཡོད་མ་རེད།
བདེན་པའི་ཕོ་ཉ་ལགས། ཟམ་གདོང་བླ་མ་ཡི་ག་རེ་འཇོན་ཡོད་དམ། ཟམ་གདོང་ལྟ་བུ་ཆབ་སྲིད་པ་རྫུན་མ་ཞིག་མཐོང་མ་ཉོངས།
ཟམ་གདོང་གི་ཆབ་སྲིད་གྱི་མི་ཚེ་རྫོགས་ཚར་བ་རེད། ད་ལྟ་ཆོས་འདྲ་ཞིག་གསུངས་ཁ་བྱེས། དངོས་ནས་མི་འདི་དག་ལ་ངོ་ཚ་ཟེར་བ་ཞིག་མི་འདུག།
མ་འོངས་པ་བོད་ཀྱི་འགོ་ཁྲིད་ཟམ་གདོང་ལྟ་བུ་ཆོས་དང་ཆབ་སྲིད་གང་ཡང་མི་ཤེས་མཁན་ཁ་བདེ་པོ་ཞིག་དང་བོད་མི་རིགས་ཀྱི་བཀའ་དྲིན་ལོགས་འཇལ་བྱེད་མཁན་ཞིག་དགོས་དོན་མེད།
དུས་རབ་ཉེར་གཅིག་པའི་སྐབས་འདིར་སློབ་དཔོན་ཟམ་གདོང་འདྲ་་བའི་ཤེས་འཇོན་གཉིས་ལྡན་ཞིག་འཛམ་གླིང་ཐོག་སྐྱེད་མེད་
ཅོ་རི་དང་། སྤོབས་པ་སོགས་ལ་བཤད་རྒྱུ། ཧོང་ཀོང་དང་ཐེ་ཝན་གྱི་ངོ་རྒོལ་གྱིས་བྱ་བ་ཅི་ཡང་འགྲུབ་ཐུབ་མེད། མ་ཟད་ངོ་རྒོལ་མཁན་རྣམས་ཀྱི་འདོད་པ་འཆར་གཞི་ཚུན་ཆད་ཉོས་ཚར་འདུག སྦྱིར་རྒྱ་ནག་མི་མང་ལ་དམངས་གཙོ་འདོད་མཁན་བརྒྱ་ཆའི་ལྔ་མ་ཟིན་ཙམ་ཡིན། རྒྱ་ནག་གི་གསར་ཤོག གཟུགས་འཆར། རྒྱངས་སྦྲགས་ཐམས་ཅད་ནས་དམངས་གཙོའི་སྐྱོན་ངོ་སྤྲོད་བྱས་ནས་མི་མངས་ཆེ་བ་དམངས་གཙོ་ལ་ཞེན་པ་ལོག་པའི་དུས་ཤིག་རེད། དེ་བཞིན་བོད་ཀྱི་མི་ཆེན་དང་། བླ་ཆེན་མང་པོ་ཞིག་རིན་སྤྲད་ནས་ཉོས་ཚར་བ་རེད། རྒྱ་ནག་གི་དཔོན་ཆེན་རེ་ལ་བླ་ཆེན་རེ་ཡོད། དེ་དག་གིས་རྡོ་རྗེ་འཇིགས་བྱེད་སོགས་ཀྱིས་སྦྱིན་བསྲེགས་གནང་སྟེ་ལྐོག་ཟ་རུལ་སྲུང་གི་དཔོན་པོ་རྣམས་སྐྱོབས་ཐབས་བྱས། བོད་མགོ་གནོད་ཐབས་ཀྱི་ཐབས་ཤེས་བསླབས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་དཔོན་པོ་མང་པོ་ཞིག་བོད་ལ་དམ་སྦྲགས་ཀྱི་འཆར་གཞི་སྤེལབ་མཁན་རེད། འདི་སྔ་མོ་ནས་བྱས་པ་རེད། དཔེར་ན་ཀོ་མིང་ཏང་དང་རྒྱ་ནག་གུང་ཁྲན་སླེབས་ལ་ཉེ་དུས། ལྕང་སྐྱ། ཐུའུ་བཀྭན། བླ་མ་ནོར་ལྷ། འབོ་གངས་དཀར་སྤྲུལ་སྐུ་སོགས་ཀྱིས་སྐུ་རིམ་བསྒྲུབས། བླ་མ་ཕྱི་མ་གཉིས་ལ་རྒྱབ་ཁབ་སྐྱོངས་པའི་སློབ་དཔོན་གྱི་མཚན་ཕུལ། 太虚大师 ཐེའ་ཤི་་ཏཱ་ཧྲི་སོགས་ཀྱིས་ཉུལ་མ་བཏང་། ནང་འགལ་བསླང་། བོད་ཀྱི་ས་དཔྱད་ཚུན་ཉམས་བཅུག་པའི་ལོ་རྒྱུས་སྐབས་དེའི་གྲྭ་བ་གསང་ཉུལ་པ་རེའི་བྲིས་པའི་ལོ་རྒྱུས་སུ་རིམ་པར་གསལ་བོ་བྱུང་གི་འདུག ད་ལྟ་ཡང་དེའི་ལོ་རྒྱུས་ཀྱིས་ཕྱི་སྐོར་བརྒྱབ་ཏེ་མི་རབས་འདིར་བྱུང་གི་ཡོད་པར་གཟིགས་ཤིག ཕྲན་ནི་བོད་རིགས་གཙང་མ་མིན། བོད་པ་ཡིན་ཞེས་གླེང་མི་ཕོད། ཆབ་སྲིད་ལ་མི་དགའ། མི་ཤེས། ཕྱིན་ཆད་ཀྱང་སྲིད་དོན་ལ་ཞུགས་པའི་རེ་བ་ཟད། འོན་ཀྱང་ལོ་རྒྱུས་གླེང་བ་ལ་དགའ། ཚོད་དཔག་རྣམས་ཕལ་ཆེར་ཐིག་འགྲོ། འོས་ཤོག་འཕེན་དུས་ཀྱི་སྔོན་དཔག་རྣམས་ཕལ་ཆེར་མ་ཐིག་པ་མེད། རྒྱུས་ཡོད་རྣམས་ཀྱིས་མངོན་ཤེས་ལྟ་བུར་རེད་ཟེར་མོད། དྲངས་མོ་བཤད་ན་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་བསྡུར་ན་མངོན་ཤེས་ལྟ་བུ་བཤད་ཐུབ་པ་ཞིག་རེད། ཆོས་དང་འཇིག་རྟེན་གང་ཡིན་ཀྱང་རང་གི་ཤེས་ཚོད་ཀྱིས་དྲང་མོ་ཡིན་། ཕྱོགས་རེའི་མིག་ཅན་མིན་སྙམ་མོ། །
དྲི་མེད་ལྷག་བསམ་ལགས།
གནས་ཚུལ་འདི་འདྲ་ཞིག་དེང་སང་དྲྭ་རྒྱ་སོགས་ནང་ཁྱབ་བཞིན་འདུག ཡིན་ནའང་གནས་ཚུལ་འདིའི་བྱུང་ཁུངས་དངོས་དེ་ཁ་གསལ་པོ་རྩ་བ་ནས་བྲིས་མི་འདུག འབུམ་རམ་པ་་་ལིའུ་ཧན་ཀིན་་་ཟེར་བ་འདི་སུ་ཡིན་ནམ། རྒྱ་ཡིག་གི་དུས་དེབ་དང་གསར་ཤོག་ག་བར་གནས་ཚུལ་འདི་སྤེལ་ཡོད་པ་ཡིན་ནམ། སྐུ་ཉིད་རྒྱ་ཡུལ་ཕྱོགས་ལ་བཞུགས་ཡོད་ན་གནས་ཚུལ་འདིའི་སྐོར་ལ་ཐུགས་ཞིབ་ཅིག་གནང་རོགས་ཐུགས་རྗེས་གཟིགས། བཀའ་དྲིན་ཆེ། །
༼ཉེ་ཆར། ལོ་ངོ་བཞི་སྟོང་སྔོན་དུ་བོད་ཡིག་ཡོད་པ་གསལ་བསྒྲགས་དང་བདེན་དཔང་རྙེད་འདུག དེ་ཡང་འབུམ་རམ་པ་ལིའུ་ཧན་ཀིན་སོགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། གནའ་རྫས་འདི་དག་མཚོ་སྔོན་དང་ཀན་སུ་ཡི་ས་མཚམས་ནས་ཐོན་པ་དང་། སྤྱི་ལོ་སྔོན་གྱི་ལོ་2100ནས་1700ཡི་བར་དུ་བྱུང་ཞིང་། ད་ལྟའི་བར་མི་ལོ་4000ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད། གནའ་རྫས་འདི་དག་གི་ཐོག་ཏུ་ཡོད་པའི་བོད་ཡིག་ནི་མིག་སྔར་གསར་རྙེད་བྱུང་བའི་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་ཡིན་པ་ར་སྤྲོད་བྱུང་འདུག༽
་་་་་་་་་་་་་་་་་ ༼ཉེ་ཆར། ལོ་ངོ་བཞི་སྟོང་སྔོན་དུ་བོད་ཡིག་ཡོད་པ་གསལ་བསྒྲགས་དང་བདེན་དཔང་རྙེད་འདུག དེ་ཡང་འབུམ་རམ་པ་ལིའུ་ཧན་ཀིན་སོགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། གནའ་རྫས་འདི་དག་མཚོ་སྔོན་དང་ཀན་སུ་ཡི་ས་མཚམས་ནས་ཐོན་པ་དང་། སྤྱི་ལོ་སྔོན་གྱི་ལོ་2100ནས་1700ཡི་བར་དུ་བྱུང་ཞིང་། ད་ལྟའི་བར་མི་ལོ་4000ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད། གནའ་རྫས་འདི་དག་གི་ཐོག་ཏུ་ཡོད་པའི་བོད་ཡིག་ནི་མིག་སྔར་གསར་རྙེད་བྱུང་བའི་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་ཡིན་པ་ར་སྤྲོད་བྱུང་འདུག༽ ་་་་་་་་་་་་་་་་ ཟེར།
་་་་་་་་་་་་་་་་ སྦྱིར་རྒྱ་ནག་མི་མང་ལ་དམངས་གཙོ་འདོད་མཁན་བརྒྱ་ཆའི་ལྔ་མ་ཟིན་ཙམ་ཡིན། རྒྱ་ནག་གི་གསར་ཤོག གཟུགས་འཆར། རྒྱངས་སྦྲགས་ཐམས་ཅད་ནས་དམངས་གཙོའི་སྐྱོན་ངོ་སྤྲོད་བྱས་ནས་མི་མངས་ཆེ་བ་དམངས་གཙོ་ལ་ཞེན་པ་ལོག་པའི་དུས་ཤིག་རེད། ་་་་་་་་་་་་་་
་་་་་་་་་་་་་ ཕྲན་ནི་བོད་རིགས་གཙང་མ་མིན། བོད་པ་ཡིན་ཞེས་གླེང་མི་ཕོད། ཆབ་སྲིད་ལ་མི་དགའ། མི་ཤེས། ཕྱིན་ཆད་ཀྱང་སྲིད་དོན་ལ་ཞུགས་པའི་རེ་བ་ཟད། འོན་ཀྱང་ལོ་རྒྱུས་གླེང་བ་ལ་དགའ། ཚོད་དཔག་རྣམས་ཕལ་ཆེར་ཐིག་འགྲོ་་་་་་་་་་་་་་་་་་་་་་
དྲི་མེད་ལྷག་བསམ་གྱི་སྐད་ཆར་རྒྱབ་སྐྱོར་ཡོད།བོད་ནང་ན་ཡོད་དུས་རང་ཉིད་བོད་མི་ཞིག་ཡིན་པར་སྤོབས་པ་ཡོད་ལ།བོད་མི་ནང་ཕན་ཚུན་ཕྱི་ལ་ཐུག་དུས་ཧ་ཅང་གིས་ཁ་མཐུན་པོ་དང་མི་རིགས་ཀྱི་ལ་རྒྱ་ཆེན་པོ།ལྷག་བསམ་དང་བློས་གཏོང་གི་ཚད་ཀྱང་མཐོན་པོ་ཡིན་པས།བོད་མི་རྣམས་གྲངས་ཀ་ཉུང་བ་མ་གཏོགས་ཁ་མཐུན་པོ་དང་རྡོག་སྒྲིལ་བོ་ཡོད་པ་དངོས་མྱོང་ཡིན།འོན་ཀྱང་།བཙན་བྱོལ་དུ་སླེབས་པ་ནས་བོད་མིའི་ཞེན་ཁོག་ཀྱང་ཉམས་འགྲོ་གིན་འདུག་ལ།བོད་པ་ཚོའི་སྤྱོད་ལམ་ཅིག་མཐོང་ཡོང་དུས་སྤོབས་པ་ནི་དེ་བས་ཀྱང་གང་ནས་གང་ནས་ཡོང་།རྡོག་རྩ་གཅིག་སྒྲིལ་ཟེར་བ་མིང་སྟོང་པ་སྟོང་རྐྱང་ཚང་མའི་ཀླད་པའི་ནང་རང་དོན་ཅིག་མ་གཏོགས་མེད་པ་རེད།དེ་ལའང་ཁག་མེད།
དཀའ་ངལ་ག་རེ་འཕྲད་ན་རང་མ་གཏོགས་རེ་ས་དང་བརྟེན་ས་མེད་པ་རེད།ལྷག་པར་རྒྱ་བལ་ལྟ་བུ་ཁྲིམས་མེད་ལུགས་མེད་ཀྱི་ས་ཆ་ཁག་ནང་བོད་པ་ཚོ་ནི་བདག་མེད་རྒྱལ་ཁབ་དེ་ཚོའི་མི་སེར་ཀྱང་མིན་པ།སྐྱབས་བཅོལ་བའང་མིན་པ།དོན་དངོས་པོའི་སྟེང་མི་འཁྱམ་ཡིན་པ།དེ་འདྲའི་ཁོར་ཡུག་ནང་བོད་པ་ཚོར་དཀའ་ངལ་ཟེར་བ་ཁ་མེད་སྣ་མེད་འཕྲད་བཞིན་ཡོད་པ་རེད།འོན་ཀྱང་།རྡོག་སྒྲིལ་པོ་དང་སྤྱི་སེམས་ཅན་ཟེར་བ།ཕན་ཚུན་རོགས་པ་བྱེད་རེས་འདྲ་བོ་དེ་འདྲ་མེད་པ་ཡིན་དུས།ཚང་མས་སྡུག་གྱོང་ཁུར་ཏེ་བསྡད་ཡོད་པ་རེད།མ་བསྡད་ནའང་བྱེད་རྒྱུ་གང་ཡང་མེད་པ་རེད།
དེ་ཚོ་ཚང་མ་རྩ་བ་དེད་ན་ང་ཚོའི་སྣེ་ཁྲིད་པ་གཞུང་གི་དཔོན་རིགས་ཚུན་ནས་བདེན་པ་དང་འཚེ་བ་མེད་པ།ཕྱོགས་རིས་མེད་པ་སོགས་བཤད་དེ་གལ་ལ་ཐུག་དུས་སོ་སོའི་མི་ལ་རོགས་བྱེད་མཁན་མེད་པ་རེད།དེ་འདྲར་བརྟེན་བོད་མི་ནང་ཕན་ཚུན་ཡིད་ཆེས་ཤ་ཚ།ཞེན་ཁོག་དང་མི་རིགས་ཀྱི་ལ་རྒྱ་སྤོབས་པ་སོགས་རྦད་དེ་ཉམས་འགྲོ་གི་རེད།
ད་སྔ་འཛམ་གླིང་འདིར་མི་རིགས་སུ་འདྲ་ཅིག་ཡིན་ན་ཕན་ཚུན་རྡོག་སྒྲིག་དང་འཇོན་པོ་ཆགས་སྟངས་ནི།སོ་སོའི་མི་ལ་ཤ་ཚ་དང་ཕྱོགས་རིས་བྱེད་པ།སྲུང་སྐྱོབས་བྱེད་པ།སོ་སོའི་རྒྱལ་ཁ་དང་གསོན་གནས་ཆེད་གཞན་ལ་ག་རེ་བྱེད་དགོས་ན་བྱེད་རྐྱང་བྱས་ཏེ་ཡོང་བ་རེད་མ་གཏོགས།དེ་འདྲ་དྲང་བདེན་དང་བཏང་སྙོམས།ཕྱོགས་རིས་རྩ་བ་ནས་མེད་པ་སོགས་བྱས་ཏེ་འཇོན་པོ་དང་ལམ་སྣེ་ཟིན་བསྡད་པའི་མི་རིགས་སུ་གཅིག་དཔེར་མཚོན་མེད་པ་རེད།
ལྷག་པར་མང་གཙོ་ཟེར་བ་དེ་རང་བཙན་རྒྱལ་ཁབ་ཅིག་དུས་བདེ་ཞོད་འཇགས་བྱས་ཏེ་སྡོད་པར་འཛིན་སྐྱོང་གི་ལག་ཆ་ཅིག་ཡིན་པ་མ་གཏོགས།ཆགས་འཇིག་གི་སོ་མཚམས་ན་ཡོད་པའི་མི་རིགས་ཤིག་མང་གཙོ་རང་དབང་དང་དྲང་བདེན་སྐྱོང་སྟེ་ཞི་ལྷོད་ཀྱིས་བསྡད་པ་ཡིན་ན།ཤི་ལམ་མ་གཏོགས་མེད་པ་རེད།བཙན་བྱོལ་ནང་མི་ཚང་མ་དེ་འདྲ་ཉལ་ཉིལ་གྱིས་ཞི་ལྷོད་ངང་བསྡད་ཡོད་པའི་རྩ་བའང་དེ་ཚོ་རེད།བོད་ནང་ཡོད་པའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་དེའང་ལྟོས་དང་རིམ་པས་བཙན་བྱོལ་གྱི་མང་གཙོ་དང་རང་དབང་།དྲང་བདེན་སོགས་ཀྱིས་མེད་པར་བཟོ་ངེས་རེད།
བགྱིད་དང་བགྱིན།
གང་ང་ད་ན་བ་མ་འ། །
ར་ལ་ས་རྣམས་རྗེས་འཇུག་བཅུའི། །
བགྱིན་བགྱིད་མི་ཐོབ་མི་སྲིད་དོ།།
དེས་ན་ང་ནི་འགྲོ་བགྱིད་ཡོད། །
ད་དུང་འགྲོ་བགྱིན་སྡོད་བགྱིན་ཡིན། །
དྲི་མེད་ལྷག་བསམ་ལགས། ཁྱོད་རང་བོད་པ་གཙང་མ་ཞིག་མིན་ཞེས་གསུངས་འདུག ཡིན་ཀྱང་ལུས་ངག་ཡིད་བོད་ཀྱི་རིག་གཞུང་ནང་དུ་ཐུལ་ནས་བསྡད་ཡོད་པ་ནི་གསལ་པོ་འདྲ་རེད་འདུག ངས་སྔོན་ནས་ཁྱོད་རང་སྤྲུལ་སྐུ་ཞིག་རེད་ཅེས་ལབ་པ་ཡིན། ཡིན་ཀྱང་ཁྱོད་ཀྱིས་ངོས་ལེན་གནངས་མ་སོང་།
ཁྱོད་ཀྱིས་བཙན་བྱོལ་བ་ལ་དམངས་གཙོ་འཚམས་པོ་མེད་རབས་དང་། ལྷ་ལྟ་བུའི་དབུ་ཁྲིད་ཤིག་གི་སྒེར་གཅོད་འོག་ཏུ་འཐབ་རྩོད་བྱ་དགོས་རབས་གསུངས་པར་འདི་ཡང་བོད་མི་རིགས་ལ་མཚོན་ན་ཟས་ལ་དུག་བཏབ་པ་ལྟ་བུའི་བོད་མི་རིགས་ཀྱི་རང་དབང་རྒུད་ནས་རྒུད་ཏུ་འགྲོ་བ་དང་བདེ་སྐྱིད་ཀྱི་ཚེ་སྲོག་སྐྱོ་ནས་སྐྱོ་རུ་འགྲོ་བའི་ཐབས་ཇུས་ཤིག་མཐོང་།
དམངས་གཙོ་ནི་དམ་པའི་ལྷ་ཆོས་ལས་ཀྱང་གལ་ཆེ་ལ་འགྲོ་བ་མིའི་རིགས་ལ་རང་དབང་དང་བདེ་སྐྱིད་སྤྲོད་རྐྱེན་གྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཡིན། དེང་གི་དུས་སུ་འཛམ་གླིང་འདི་ལ་དམངས་གཙོ་ལས་ལྷག་པའི་མི་དམངས་ལ་བདེ་སྐྱིད་དང་རང་དབང་སྤྲོད་ཐུབ་པའི་རིག་གནས་ཤིག་མེད།
དམངས་གཙོ་ནི་དུས་ནམ་ཡང་བློས་གཏོང་མི་ཉན། བོད་མི་རིགས་ཀྱི་ཆེད་དུ་བཀའ་བཀོད་རྒྱུད་ཀྱི་ཆོས་སྲིད་འབྲེལ་གྱི་བྲན་གཡོག་ལུགས་ལམ་གྱི་རྒྱལ་ཁབ་ཤིག་བསྐྱར་གསོ་བྱ་འདོད་མེད། དམར་ཕྱོགས་གུན་ཁྲན་རིང་ལུགས་ཀྱི་འོག་ཏུ་རང་སྐྱོང་བྱེད་ནས་སྡོད་འདོད་མེད།
ང་ཚོའི་བོད་ཆེན་པོའི་མི་རིགས་ཀྱི་ཆེད་དུ་རང་དབང་དམངས་གཙོ་ཡང་དག་པའི་རྒྱལ་ཁབ་ཤིག་འཛུགས་བསྐྲུན་བྱ་དགོས། བོད་མི་རིགས་སྒེར་གཅོད་པ་གུན་ཁྲན་ཏང་གི་འོག་ཏུ་སྡོད་འདོད་མེད་ལ་བཀའ་བཀོད་རྒྱུད་འཛིན་གྱི་བླ་སྤྲུལ་སྒེར་གཅོད་པ་ཚོས་གཉའ་གནོན་འོག་ཏུ་སྡོད་འདོད་མེད། སྒེར་གཅོད་པ་འདི་གཉིས་ཀྱི་འོག་ཏུ་བོད་མི་རིགས་ཀྱི་སྡུག་བསྔལ་མྱོང་གི་ཡོད།
བོད་ནང་དུ་སྒེར་གཅོད་པ་གུན་ཁྲན་ཏང་གིས་དམངས་གཙོ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ལ་བཙན་བྱོལ་ནང་དུ་ཆོས་ལུགས་པའི་་སྒེར་གཅོད་པ་ཚོས་དམངས་གཙོ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། སྒེར་གཅོད་པ་འདི་གཉིས་ཀྱིས་མི་དམངས་ལ་ཤ་ཚ་ནས་མིན། ཁོ་རང་གཉིས་ཀྱི་གོ་གནས་ཤོར་དོགས་ཀྱིས་ཡིན།་་་གཅིག་རེད།
གཉིས་པ། རྒྱ་ནག་ནང་དུ་མི་འབོར་བརྒྱ་ཆའི་ལྔ་ཙམ་ལས་དམངས་གཙོ་འདོད་མཁན་མེད་རབས་དང་། ཧོང་ཀོང་དང་ཐད་ཝན་སོགས་ཀྱི་དམངས་གཙོ་དོན་གཉེར་བའི་འདོད་པ་འཆར་གཞི་ཚུན་ཆད་ཉོས་ཚར་འདུག་ཅེས་གསུངས་འདུག
བདེན་པ་ཡིན་པར་ཆ་ཞོག ཡིན་ཀྱང་ངས་ངོས་ནས་འདུས་བྱས་མི་རྟག་པའི་ཆོས་ཉིད་ལ་ཡིད་ཆེས་བྱེད་བཞིན་ཡོད། མི་འགྱུར་རྟག་བརྟན་གྱི་དམར་པོའི་སྲིད་གཞུང་ཞིག་ཡོད་མི་སྲིད་པས་ནམ་ཞིག་དུས་ཀྱི་ཚེ་ན་དམར་ཕྱོགས་གུན་ཁྲན་རུང་ལུགས་འཐོར་བཤིག་འགྲོ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། འདི་ནོར་ཡོད་ན་་་ཤཀྱའི་རྒྱལ་པོ་ནོར་ཡོད། ན་ལེན་ཌ་ཚང་ནོར་ཡོད། བདེན་བཞི་མི་རྟག་པ་འཆད་པར་ནོར་ཡོད། ཤཀྱའི་ཆོས་ལུགས་ཀྱི་ལྟ་བ་རུལ་སོང་བ་ཡིན་དགོས།་་་་ཧཧཧ
ཅོ་རི་ལགས། ཕྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ཤེས་སྙམ་གྱི་སྤོབས་པ་གཏན་ནས་མེད། འོན་ཀྱང་ཆོས་ལུགས་ནི་ངའི་སྙིང་དང་རིག་གཞུང་ནི་དཔྲལ་བའི་མིག་ལས་གཅེས་པར་འཛིན་པ་བདེན་པ་ཡིན། བོད་ཀྱི་སྤྱི་ཚོགས་སུ་ཧ་ལམ་མི་ལོ་བཅུ་དགུར་བསྡད་པ་ཡིན། དེའི་དྲི་མ་ཐུ་ལེ་བ་ཡོད་པ་དངོས་གནས་རེད། འོན་ཀྱང་ང་རང་གི་སྐོར་ཆེར་བཤད་འདོད་མེད། ཉིད་ལ་སྐྱར་བཤད་བྱེད་འདོད་པ་ནི། ༡༽སྤྲུལ་སྐུ་དང་ཆོས་ལུགས་གཉིས་ཀ་སྤྱི་ཚོགས་ལ་མཁོ་ནས་ཡོད་པ་རེད། མི་དགོས་དུས་རང་བཞིན་གྱིས་དོར་འགྲོ། དེ་བར་བཙན་གྱིས་ཆོས་དད་མི་དམངས་གི་དད་མོས་རྡོག་རོལ་ཏུ་བཏང་ན། དེ་དག་གི་རང་དབང་འཔྲོག་པ་མིན་ནམ། བོད་བརྒྱ་ཆའི་༥༠་སྤྲུལ་སྐུ་མི་དགོས་པར་འདོད་ཚེ་པྲན་གྱིས་དེ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཐག་གཙང་བཅད་ཡིན། ཆོས་དད་ཐད་ཚང་མས་དོར་ཀྱང་ངས་མ་ཤི་བར་མི་འདོར། ༢༽ཕྲན་དམངས་གཙོ་ལ་རྒྱབ་སྐྱོར་ཡོད། དགའ་མོས་ཡོད། འོན་ཀྱང་མི་དམངས་ཀྱི་ཤེས་ཡོན་དམངས་གཙོའི་ཚད་ལ་མ་སླེབས་པར་མི་ལེགས་པ་དཔེར་ན་ནཻ་པཱལ་བཞིན། དམངས་གཙོ་སྒེར་གཅོད་ཏུ་གྱུར་བ་འབར་མ་བཞིན། དམངས་གཙོ་ནི་སྤྲུལ་སྐུ་བཞིན་གཡོ་སྒྱུ་དང་རྒྱུ་ནོར་གྱིས་ཉོ་ཐུབ་པ་ཞིག་རེད། ༣༽འཐབ་རྩོད་ཀྱི་དམིགས་ཡུལ་དམངས་གཙོ་ཡིན་ཡང་ལག་ལེན་ཏུ་འགྲོ་ས་མེད། རྒྱ་མི་རིགས་དུང་ཕྱུར་༡༣་གྱིས་མོས་མཐུན་མི་སྲིད། བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་༥༠་རྒྱབ་སྐྱོར་བྱེད་མི་སྲིད། རྒྱ་མི་དམངས་ལ་དམངས་གཙོའི་ལྟ་གྲུབ་སྤེལ་བའི་ནུས་པ་བོད་ལ་མེད། རེ་སྒུགས་ངང་ནས་མི་ཚེ་སྐྱེལ་རྒྱུ་ལས་ལས་འགུལ་སྤེལ་སའི་འཁོར་ཡུག་མེད་པས་སོ། །དེ་བཞིན་རང་བཙན་པའི་དམངས་གཙོའི་འཐབ་རྩོད་ནི་འཆི་ལམ་དུ་དེད་པ་དང་། དབུ་མའི་ལམ་གྱིས་དམིགས་ཡུལ་རེ་ཞིག་དྲག་སྤྱོད་པར་མི་འགྱུར་བའི་དགོས་པ་རླབས་ཆེ་ཡང་། ལོ་ལྔ་བཅུར་དེའི་རྒྱུན་བསྐྱངས་ན་མི་རབས་ཕྱི་མ་འཆི་ལམ་དུ་དེད་པ་གཅིག་མཚུངས་རེད། ། རྒྱ་ནག་ལ་འགྱུར་བ་རླབས་ཆེན་སོང་ཡང་བོད་ལ་འགྱུར་བ་འགྲོ་མི་སྲིད། ཟླ་འདིའི་ཚེས་༢༨་མོའུ་སྐྱེ་སྐར་ཉིན་རྒྱ་ནག་ཏུ་ཆོས་ལུགས་གསར་བའི་དབུ་ཁྲིད་མང་པོ་ཐོན་རྒྱུ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ནང་འདྲེན་གྱི་སློབ་གྲྭ་༢༠་ལྷག་ཡོང་རྒྱུ་རེད། མ་འོངས་པའི་བོད་ཀྱི་ཆོས་ལུགས་ཀྱི་བདག་པོ་གཏན་ཁེལ་བྱས་ཟིན་ཀྱང་རེ་ཞིག་གསང་བ་བྱེད་རྒྱུ་རེད། བོད་ཀྱི་བུ་མོ་མནའ་མར་ལེན་ཐུབ་མཁན་རྣམས་ལ་དམིགས་བསལ་བདག་རྐྱེན་གནང་རྒྱུ་རེད། ལོ་༢༠་རྗེས་བོད་རིགས་འདྲེས་མ་བརྒྱ་ཆའི་༡༠་ལ་སླེབས་ཐུབ། དམར་ཕྱོགས་བརྒྱ་ཆའི་༢༠། གཞུང་ཕྱོགས་ཆོས་ལུགས་པ་བརྒྱ་ཆའི་༢༠་སླེབས་ཐུབ། དེ་ནས་མི་རབས་གསར་བ་ཞིག་དབུ་བཙུགས་པ་རེད། དེ་དུས་ཁྱོད་ཅག་དམངས་གཙོས་ཅི་ཡང་མི་ཕེར་སར་སླེབས་པ་རེད། སྐུ་ཚེ་རིང་། ཕྲན་ནི་ཆོས་འཇིག་རྟེན་གང་ཡང་མི་འཇོན་མཁན། གླེན་པ། རྡར་མ། ནུས་མེད། འཁྱམ་པོ་ཞིག་ཡིན་མོད། རྒན་པོ་ལ་ལམ་རྒྱུས་ཆེ་བས་ཁ་ཕོ་ཆེན་པོ་འདོན་མཁན་གྱི་ཁམས་པ་དང་། ཨ་མདོ་བ་རྣམས་ཀྱིས་བཤད་ཚད་ཀྱི་རྗེས་སུ་འབྲངས་དཀའ་འོ། །
bon poལགས། གངས་ལྗོངས་ཉི་གཞོན་དྲ་བར་པར་དང་བཅས་འདུག་མོད། རྒྱ་ནག་གི་གནའ་རྫས་ཞིབ་འཇུག་དྲ་ལམ་ཁག་ཏུ་ད་དུང་སླེབས་མི་འདུག །ཉི་གཞོན་དྲ་བར་ཡོད་པ་རྒྱུ་གཡང་ཏྲི་རེད་འདུག བོད་ཡིག་དངོས་རེད། ཉིད་ཀྱིས་གཟིགས་འཚལ། རྡོ་རིགས་བརྟགས་དཔྱད་ཆེས་སླ་ཤོས་རེད། དེའི་ནང་གི་སོལ་རྩི་འགྱུར་བར་ལས་སླ་བོ་མེད། ཤིང་གི་ཅ་ལག་སོགས་ཡིན་ན་གཏན་ཁེལ་བ་མེད་པས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཞིབ་འཇུག་མ་ཐུབ་ན་འགྱུར་སླ།
གནད་ལ་ཐུག་དུས་ལན་མེད་པའམ། འཁྱོག་བཤད་དང་། ཚིག་རྩུབ། ཡང་ན་ཡོལ་ཐབས་བྱེད་པ་ནི། དྲ་འབུ་ཕལ་མོ་ཆེའི་མཛད་པ་རེད། འགའ་ཞིག་ནོར་གྱིས་བླུས། འགའ་ཞིག་དབང་འོག་ཏུ་སོང་། འགའ་ཞིག་ཆོལ་ཁའི་ནད་ཀྱིས་ཐེབས། འགའ་ཞིག་ཆོས་ལུགས་ཀྱི་ཕྱོགས་རིས་ཅན་དུ་གྱུར་ནས་རང་ཚུགས་ཆུ་ལ་བསྐྱུར། ཆབ་སྲིད་པའི་ཁྲོད་དུ་ཁ་དབུ་མ་པ། ཁ་རང་བཙན་པ་སོགས་དངོས་དོན་ལ་རེག་མི་ཐུབ་པའི་ཁ་ཕོ་འབྲུག་ལྟར་སྒྲོགས་མཁན་དག་ལ་བལྟས་ན་དོན་དུ་རང་དོན་ལས་བོད་དོན་བསམ་མཁན་ཉུང་ཤས་ལས་མེད་པར་ཤེས། དེ་བས་མི་དམངས་ཀྱི་དཀྲུགས་ཤིང་མི་བྱེད་པར་རྒྱ་འོག་ཏུ་ཞུགས། འདྲེས་ཐུབ་པ་ཞིག་བྱུང་ན་མི་རིགས་ཟུར་བ་ལ་མྱོང་རྒྱུའི་སྡུག་བསྔལ་རྣམས་རེ་ཞིག་ཡོལ་ཐུབ་པ་མིན་ནམ། འདི་ཡང་དཔྱད་པ་གཅིག་ཡིན།
མཁྱེན་ལྡན་དྲི་མེད་པ་ལགས། ཁྱེད་ཀྱིས་མ་འོངས་པའི་དབུ་ཁྲིད་གསོ་སྐྱོང་ཞེས་པ་དེ་ལ་ལན་འདེབས་ཐུབ་པ་ཧ་ཅང་དཀའ་བར་སྣང་། སྤྱིར་ན་’དབུ་ཁྲིད་གསོ་སྐྱོང་’ཞེས་པ་ཞིག་ངས་འདིར་ཁྱེད་ཀྱི་ཞལ་ནས་མ་གཏོགས་ཐོས་ཀྱང་མ་མྱོང་། བོད་སྤྱི་དོན་ལ་བསམ་བློ་གཏོང་མཁན་ཡོད་དང་ཡོད། ཤི་ན་ཕན་ཐོགས་ས་རེ་ཡོད་ན་ཤི་ཐུབ་མཁན་ཡང་མང་པོ་ཡོད་རྒྱུ་རེ་བསམ་གི། སྔར་ཡང་བྱུང་བ་རེད། ཡིན་ན་ཡང་། དབུ་ཁྲིད་གསོ་སྐྱོང་ཞེས་པ་དེའི་ཐད་ལ་རབ་ན་ཁྱེད་རང་ཉིད་ཀྱི་དགོངས་ཚུལ་ལྷུག་པོ་ཞིག་གསུངས་ཐུབ་ན་གཞི་ནས་ང་ཚོས་བགྲོ་གླེང་བྱ་ཐུབ་ས་རེད། ཕག་འདྲ་ཡིན་ན་ལོ་མགོ་ནས་ཞོག་ཁོག་འདྲ་མང་པོ་སྤྲད་ནས་གསོས་བསྡད་ན་ལོ་མཇུག་ཏུ་བཤའ་ཆོག་ཆོག་ཅིག་ཡོང་གི་རེད། དབུ་ཁྲིད་ཞེས་པ་དེ་མི་རང་རང་གི་འཇོན་ཐང་ལ་བརྟེན་ནས་ཡོང་རྒྱུ་ཞིག་མ་གཏོགས་གསོ་སྟངས་དང་སྐྱོང་སྟངས་ག་འདྲ་ཡིན་མི་ཤེས། སྤྱིར་ན་གཞོན་སྐྱེས་མི་རབས་སྲོལ་རྒྱུན་དང་དེངས་རབས་ཀྱི་རིག་གནས་སློབ་སྦྱོང་སྤྲད་རྒྱུ་ལྟ་བུ་རེ་མ་གཏོགས་དབུ་ཁྲིད་གསོ་སྐྱོང་ཟེར་ནས་ལོགས་སུ་བྱ་ཡོང་རྒྱུ་ཞིག་གང་ཡོད་ངས་བཤད་ཤེས་མ་སོང་ལགས།
དེ་རིང་དྲི་མེད་ལྷག་བསམ་གྱིས་རྒྱ་དང་མཉམ་དུ་འདྲེས་ཐབས་བྱ་རྒྱུའི་དགོངས་འཆར་དེར་ངས་ངོས་ལེན་བྱེད་ཐུབ་མ་སོང་། མི་རིགས་ཕན་ཚུན་འདྲེས་ནས་ས་མཚམས་མེད་པར་འགྱུར་རྒྱུ་དེ་ཧ་ཅང་གི་དཀའ་ངལ་ཆེན་པོ་དང་། རྙོགས་འཛིངས་ཆེན་པོ། རྒྱུན་རིང་པོར་འགོར་བ་ཞིག་རེད། འདིའི་ཐད་ལ་མཁས་པའི་རིགས་པ་དང་། བླུན་པོའི་ཨུ་ཚུགས། བཙན་པོའི་དབང་ཡོད་སོགས་མང་པོ་ཞིག་བྱས་ཡོད་ཀྱང་མི་རིགས་མེད་པ་དང་། རྒྱལ་མཚམས་མེད་པ་ཞེས་པ་དེ་མ་ཎི་འདོན་བྱས་ནས་ཞལ་འདོན་བྱས་ན་འདྲ་མ་གཏོགས་ལག་ལེན་སྟེང་ལ་འགྲུབ་དཀའ་མོ་ཞིག་རེད།
དྲི་མེད་ལྷག་བསམ་ལགས། མང་པོ་ཞིག་བཤད་ནའང་ཕན་ཐོགས་དང་གཏན་ཚིགས་རིག་པའི་རྒྱབ་བརྟེན་ཡོད་པའི་སྐད་ཆ་ཞིག་ཅང་མི་འདུག་པས་དགོས་མ་མཐོང་།
༡་་་དམངས་གཙོ་དང་རང་བཙན་བོད་མི་རིགས་འཆི་ལམ་དུ་འདེད་རྐྱེན་རེད་ཟེར་བ་དང་།
༢་་་བོད་མི་རིགས་རྒྱ་འོག་ཏུ་ཞུགས། རྒྱ་རིགས་དུང་ཕྱུར་༡༣་གྱི་མཉམ་དུ་འདྲེས་ནས་སྡོད་དགོས་རེད་ཅེས་སྐད་ཆ་འདི་དག་ལ་བལྟས་ན་བོད་མི་རིགས་འཆི་ལམ་དུ་འདེད་འདོད་ཡོད་མཁན་སུ་ཡིན་གསལ་པོ་རེད་བ། ས་ཡ་དྲུག་དུང་ཕྱུར་༡༣་གྱི་མཉམ་དུ་འདྲེས་ནས་འཆི་མ་སོང་ན་དམངས་གཙོ་དང་རང་བཙན་བརྩད་ནས་འཆི་ལམ་དུ་འགྲོ་དགོས་པའི་རྒྱུ་མཚན་ཅང་མེད་པ།་་་ཧཧ
༣་་་ཁམས་པའི་ཁ་ཕོ་བཤད་པ་རེད་ཟེར་ནའང་འདྲ། ཨ་མདོའི་ཁམས་གཏམ་བཤད་པ་རེད་ཟེར་ནའང་ཆོག དྲ་འབུ་གལ་ལ་ཐུག་དུས་ཡོང་ཡ་མི་འདུག་ཟེར་ནའང་རེད། ཅི་ལབ་ཀྱང་འགྲིག ཁྱོད་ཀྱི་སྐད་ཆ་ཁ་འཇམ་ཁོག་རྩུབ་དེ་དག་ལ་ང་ཅོ་རི་ཧང་སང་སོང་།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱི་བཤད་པར་ངོས་ལེན་ཡོད། དབུ་འཛིན་གསོ་སྐྱོང་དཀའ་ཡང་མེད་ཐབས་མེད། སྤྱི་ཚོགས་ནག་ནི་སློབ་ཡོན། ལྷག་བསམ། སྙིང་སྟོབས་ཅན་རྣམས་ལ་འཚོ་བ་ཡོངས་སུ་སྦྱར་ནས་རྒྱལ་གཅེས། ཆབ་སྲིད་དང་། འཛིན་སྐྱོང་། འཐབ་རྩོད། ལག་རྩལ། གསང་ཉུལ་སོགས་ཆེད་སྦྱོང་སྤྲད་དགོས། དེའི་སློབ་དཔོན་ཡང་ཆེད་ལས་རྐྱང་ཡིན་དགོས། དེ་ནས་འབུར་དུ་ཐོན་ནས་བྱས་རྗེས་རེ་འཇོག་ཐུབ་དུས་མི་མངས་ཀྱིས་རང་བཞིན་གྱིས་བཀུར་བ་ཞིག་ཡོངས་སྲིད། དཔེརན་དམག་གི་ནང་དུ་དཔའ་བོ་དང་། དམག་འཁྲུགས་ཀྱི་ལོ་ལོ་རྒྱུས་སྦྱོང་བརྡར། གློག་བརྙན། གཟེངས་བསྟོད། རྗེས་དྲན་སོགས་བྱས་ན་མི་དེའི་རང་བཞིན་འགྱུར་འགྲོ་བ་ཆོས་ཉིད་རེད། དཔེར་ན་གེ་སར་སྒྲུང་གླུ་ལ་དགའ་མཁན་ཚོས་དཔའ་གཏམ་བཤད་ལ་དགའ་བ་བཞིན། འདི་མཚོན་ཙམ་བཤད་པ་ཡིན། ཞིབ་མོ་རེ་ཞིག་མི་སྨྲ། མི་རིགས་ཤིག་མི་རིགས་གཞན་དང་འདྲེས་འགྲོ་ཐབས་ངེས་པར་ཡོད། དཔེར་ན་སོག་རིགས། མཉྫུའི་མི་རིགས་སོགས་ཕལ་ཆེར་རྒྱ་དང་འདྲེས་ཚར་བ་རེད། གཏན་ནས་འདྲེས་ཟེར་བ་ཡོད་མེད་གཉིས་འདུག མི་རིགས་དེར་སྐད་ཡིག་དང་ཆོས་ལུགས་རང་རྐང་ཚུགས་པ་ཞིག་ཡོད་ན་འདྲེས་དཀའ། དེ་མེད་ན་་འགྱུར་སླ། རྒྱ་ནག་རྒྱལ་ཁབ་གསུམ། རྒྱལ་ཁབ་དྲུག་སོགས་རེ་རེ་ནས་མི་རིགས་གཅིག་གི་ངོ་བོར་འགྱུར་ཚར་བ་རེད། ཕྲན་གྱིས་མི་རིགས་འདྲེས་ཐབས་ཟེར་བ་དེ། གཤག་བཅོས་བྱེད་པ་དང་གཅིག་ཡིན། བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་རྐྱེན་ཐེགས་མིན་བལྟ་རྒྱུ་དེ་ཡིན། དེས་དྲངས་བའི་དོན་ཞིག་འགྲུབ་རྒྱུ་ཡང་ཡོད། པཎ་ཆེན་རིན་པོ་ཆེས། ང་ལ་རྒྱ་ཕྲུག་བྱས་ཀྱང་ཆོག ཚོང་པ་བརྒྱག་པ་བྱས་ཀྱང་ཆོག བོད་ཀྱི་བསྟན་པ་དང་མི་རིགས་ལ་ཕན་པ་ཞིག་འགྲུབ་ན་དེས་ཆོག ཅེས་གསུངས་ཡོད།
ཅོ་རི་ལགས། ཐུགས་ལ་མ་གནོད། ངས་ཁྱོད་རྣམ་དཔྱོད་ཅན་དང་ཨུ་ཚུགས་ཅན་ཞིག་རེད་བསམ་ཡོད། དོལ་རྒྱལ་ཙམ་ལས་རང་རེ་ལ་ལྟ་བ་མི་མཐུན་པ་ཆེར་མེད། མདུན་ལམ་ནོར་མེད་ན་ཨུ་ཚུགས་དེས་བརྩམས་པ་མཐར་ཕྱིན་སྲིད། ཁྱོད་རྒྱལ་བར་གྱུར་ཅིག སྤྱིར་ཁྱོད་ལ་རླུང་ཞིག་ལངས་འཇུག་ཐུབ་ན་ངའི་བཤད་པར་དོན་ཞིག་ཡོད་སྲིད། ཧང་སང་ན་དེ་ལས་ཀྱང་། དགོངས་དག་ཞུ་ཡ་གཅིག་ནི། གཞན་སེམས་དཀྲུགས་པའི་ལས་ནི་ཐ་ཤལ་བའི་སྤྱོད་པ་ཞིག་ཡིན་པར་ངོས་ལེན་ཡོད། མི་སུ་ཞིག་ཀྱང་རང་ཉིད་སྡོད་སའི་ས་ཁུལ་གྱིས་ཤུགས་རྐྱེན་ཐེབས་སྲིད། ཁྱོད་བཞུགས་སར་དམངས་གཙོ་ལ་ནུས་པ་ཆེ། ང་ཡོད་སར་མཐུན་སྒྲིལ་ལ་ནུས་པ་ཆེ། གཅིག་སྡུད་པའི་ནུས་པ་མྱུར། པྲན་ཆབ་སྲིད་ལ་སྣ་སུན་ནས་ཡོད། གླེང་མོལ་བྱེད་པ་དང་། དེའི་ནང་དུ་ཞུགས་པ་ལ་དགའ་བོ་མེད། འོན་ཀྱང་དཔྱད་པ་བྱེད་པའི་སྒོ་མ་བཀག ཁྱོད་ཅག་གིས་རང་བཙན་གྱི་དོན་འགྲུབ་ན་དེ་ལྟར་འགྲུབ་པའི་སྨོན་ལམ་འདེབས། རང་བཙན་གྱི་བརྗོད་གཞི་ཆེ་རུ་སོང་ན་རེ་ཞིག་དཀའ་ངལ་འཕྲད་རྒྱུ་བཤད་མ་དགོས་ཀྱང་མི་རིགས་ཀྱི་ཤ་ཞེན་སྲ་བརྟན་ཡོང་སྲིད། ཕྲན་ནི་ནུས་མེད་ཅིག་ཡིན་པས་ནུར་འགྲོས་ཀྱིས་ཕ་རོལ་ཏུ་འགྲོ་བ་ལས་འོས་མེད། ཅོ་རི་རྒྱལ་ལོ། ལྷ་རྒྱལ་ལོ། །
ཅོ་རི་རྒྱལ་དགོས་པའི་གནད་དོན་ཞིག་མ་རེད། ངས་སྒེར་གྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་མེད་ལ་གཏམ་སྙན་གྲགས་དང་རྒྱུ་དཔལ་འབྱོར་གྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་མེད། བོད་རང་བཙན་གྱི་འཐབ་རྩོད་འདི་བོད་ཆེན་པོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཆི་གསོན་ལ་ཐུག་ཡོད་པའི་འཐབ་རྩོད་ཤིག་ཡིན། དམངས་གཙོ་ནི་བོད་མི་རིགས་ཀྱི་རང་དབང་དང་སྐྱིད་བདེ་ལ་ཐུག་ཡོད་པའི་ལྟ་གྲུབ་ཤིག་ཡོད་པས་དུས་ནམ་ཡང་བློས་གཏོང་ཕོད་ཐབས་མེད། གནད་དོན་འདི་གཉིས་ཀྱི་ཐོག་ཏུ་བསམ་ཚུལ་གཅིག་མཐུན་བྱུང་ན་དགའ་པོ་ཡོང་བ་་་ཐུགས་རྗེ་ཆེ།
གཉིས་པ། དོལ་རྒྱལ་ཚོགས་པའི་གནད་དོན་རེད། ང་དང་ང་ལྟ་བུ་ཚོས་ངོས་ནས་བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་ནས་འཐབ་རྩོད་བྱ་དགོས་པ་ནི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་ཁ་འཐོབ་པའི་གཞི་རྩ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་་བོད་ནང་གི་གུན་ཁྲན་ཏང་མི་ཡིན་པའི་བོད་མི་ཚོ་ཡིན་ནའང་འདྲ། རྒྱ་གཞུང་གི་ལས་བྱེད་ནང་དུ་ཞུགས་བཞིན་པའི་བོད་མི་ཚོ་ཡིན་ནའང་ཆོག དོལ་རྒྱལ་བརྟེན་མཁན་ཡིན་ནའང་རེད། བོད་མི་རིགས་ཡོངས་སུ་རྫོགས་པ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད། བོད་མི་རིགས་རྨོངས་གཉིད་ལས་སད་འོང་པར་ཡིད་ཆེས་བྱེད་བཞིན་ཡོད།
མཆན་གྲངས་༤༨་པ་དེར། དྲི་མེད་ལྷག་བསམ་ལགས་ལ་བཀའ་དྲིན་ཆེ་ཞུ། །