ཚེ་དབང་བསོད་ནམས་ནས།
ཀ་ཁའི་འོག་ཏུ་འཚོ་བའི་བོད་རིགས་ཚོ།
ཁ་བའི་ཡུལ་དེ་ང་ཚོའི་ཕ་ཡུལ་རེད།
ག་ནས་བསམ་ཀྱང་རང་ཡུལ་རང་བདག་དགོས།
ང་ཚོ་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་བརྟན།
ཅ་ཅོ་མ་མང་རང་ཡུལ་རང་བདག་ཆེད།
ཆ་རྐྱེན་བསྐྲུན་ནས་བློ་ཐག་ཆོད་པ་དགོས།
ཇ་ཆང་ལོངས་སྤྱོད་རྗེས་ལ་མགོ་འཁོར་ན།
ཉི་མ་རིང་པོ་མི་ཡུལ་རྫོགས་ལ་ཉེ།
ཏ་ཐ་གཱ་ཏའི་བསྟན་པ་ཀླ་ཀློའི་བསྣུབས།
ཐ་ན་བོད་ཡུལ་སྣོད་བཅུད་ཀླ་ཀློའི་བཅོམ།
ད་ཆ་ང་ཚོ་བོད་མི་ཙམ་ཟན་ཚོ།
ན་རྒས་འཆི་ཐུག་རང་ཡུལ་རང་བདག་དགོས།
པ་ཕ་ཨ་མ་རྒྱ་མིས་དམར་བསོད་བཏང།
ཕ་ཡུལ་ལྷ་ཡུལ་རྒྱ་མིས་བཙན་འཕྲོགས་བྱས།
བ་ཕྱུགས་དུད་འགྲོའི་ཁ་ཟས་བོད་མིར་སྤྲད།
མ་དང་བུ་ཕྲུག་གསོན་བྲལ་རྒྱ་མིས་བཟོས།
ཙ་བཟང་ཆུ་ཞིམ་ས་ཆ་རྒྱ་མིས་བཟུང།
ཚ་དང་ཚ་ལེ་ས་འོག་གཏེར་དངོས་རིགས།
ཛ་དྲགས་བྱས་ནས་རྒྱ་ཡུལ་འོར་ཀྱང་བྱས།
ཝ་ཞ་ནག་པོ་བོད་མིའི་མགོ་ལ་བསྐོན།
ཞ་ར་འོན་པ་ཁྱུ་ཚོགས་བོད་མི་བཟོས།
ཟ་འཐུང་ལོངས་སྤྱོད་ཚང་མ་རྒྱ་ཡིས་འཕྲོགས།
འ་ཆད་འུ་ཐུག་བོད་མིའི་ལས་དབང་འདི།
ཡ་མེད་ཀླ་ཀློའི་བཙན་དབང་འོག་ཏུ་ལྷག།
ར་བ་དཀར་པོའི་སྐོར་བའི་བོད་ཡུལ་དེ།
ལ་ལུང་ས་མཐར་བགྲོད་ཀྱང་བརྗེད་མི་ཉན།
ཤ་ཚ་ཆེ་བའི་གངས་ཕྲུག་དར་མ་ཚོ།
ས་ཆའི་བདག་དབང་ནམ་ཡང་གློད་མི་ཉན།
ཧམ་ཆེན་རྒྱ་ལ་དགྲ་ལན་སློག་འདོད་ན།
ཨ་མས་བུ་རྒོད་ནམ་ཡང་བློ་མ་འཁུམས།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༩ ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
ཨ་ཙི་ས་ཆ་ལག་འཐིལ་མེད་པའི་ང་ཚོ་བོད་པ་ཚོ།
ཧ་ཅང་སྐྱིད་འདོག་མ་གནང་མི་ཡིའི་ལུང་པའི་ནང་དུ།
ས་ཆའི་བདག་དབང་ཆེད་དུ་རང་ནུས་གང་ཐུབ་གྱིས་དང།
ཤ་ཚ་གཏིང་ནས་ཡོད་ན་རང་གི་ཕ་ཡུལ་མ་དོར།
ལ་ལུང་ས་མཐའ་འདི་ནི་རང་གི་ཕ་ཡུལ་མ་རེད།
ར་བ་གངས་རིའི་ཞིང་ཁམས་ང་ཚོའི་ཕ་ཡུལ་རེད་དོ།
ཡར་རྒྱས་ཇི་ཙམ་ཡོད་ཀྱང་རང་ཡུལ་མ་རེད་མི་ཡུལ།
འུ་ཅག་བོད་མིའི་ལས་དབང་གཞིས་བྱེས་གཉིས་སུ་གནས་ནས།
ཟས་གོས་འཚོ་བ་འགྲིག་ཀྱང་རང་ས་རང་བདག་མེད་པས།
གཞན་དབང་སྟབས་བསྟུན་འོག་ཏུ་མི་ཚེའི་འཚོ་བ་སྐྱེལ་དགོས།
ཝ་སྤྱང་དམར་པོ་འདྲ་བའི་ཀླ་ཀློའི་བྱ་སྤྱོད་མཐོང་སྐབས།
ཛ་དྲགས་ཆེ་བའི་དུས་ངན་སླར་ཡང་བོད་དུ་དར་འདུག།
ཚ་གྲང་འཚོར་བ་ཡོད་ན་གནོ་བསམ་ཞིབ་ཏུ་གཏོང་དང།
རྩ་བ་རང་ས་རང་བདག་རང་ཡུལ་རང་མིར་བདག་དགོས།
མ་འོངས་བོད་ཀྱི་སོན་རྩ་ན་གཞོན་བསམ་ལུས་རྒྱས་ནས།
བོད་ཡུལ་བོད་མིར་བདག་པའི་ཛ་དྲག་ལས་འགུལ་སྤེལ་ཤོག།
ཕ་ཡུལ་གངས་རིའི་སྐོར་བའི་གངས་ལྗོངས་ཆོས་སྲིད་གཉིས་ལྡན།
པ་ཕ་ཨ་མས་བསླབ་བྱ་ན་གཞོན་སེམས་ལ་བཞོག་དང།
ནམ་ཞིག་གཞིས་བྱེས་མཉམ་འཛོམས་རང་ས་རང་བདག་ཐོབ་དུས།
ཐམས་ཅད་དགའ་སྤྲོའི་ངང་ནས་རང་ཡུལ་རང་གི་སྐྱོང་དང།
ད་ལོའི་ས་ཕག་ལོ་ལ་བོད་དོན་གསལ་ཁ་གཏོད་དང།
ཏ་ཐ་གཱ་ཏའི་བསྟན་པ་རྒྱལ་ཚན་བཞིན་དུ་བཙུགས་དང།
ཉི་མ་མི་ཡུལ་འདི་རུ་རིང་དུ་རིང་དུ་མ་གཏོང།
ཇ་ཆང་ཞིམ་པོའི་ལོངས་སྤྱོད་རང་ཡུལ་བོད་ལ་ཡོད་དོ།
ཆང་མས་ཆང་གླུ་སྙན་པོ་ཆང་གི་བཅུད་ལེན་ལོས་ཡུན།
ཅི་བསམ་དགོས་འདོད་ཀུན་འབྱུང་གོང་ས་ཡིད་བཞིན་ནོར་བུ།
ང་ཚོ་བོད་མིའི་མགོན་སྐྱབས་འཛམ་གླིང་ཞི་བདེའི་སྡེ་དཔོན།
གངས་ལྗོངས་མགོན་པོའི་སྐུ་ཚེ་སྐལ་པ་ཁྲི་ལོར་བརྟན་ནས།
ཁ་བ་གངས་རིའི་སྐྱེ་འགྲོའི་བདེ་སྐྱིད་སྔར་ལས་འཛོམས་ནས།
ཀ་དག་ཕྱག་རྒྱ་ཆེན་པོ་གངས་ཅན་བསྟན་འགྲོའི་བསོད་ནམས།
༄༅།་གཞུང་པ་ཚེ་དབང་བསོད་ནམས་ཁྱེད་ལ་ལེགས་སོ་ཞུ།
བཀྲིས་ཤོག་། ཕུན་སུམ་ཚོགས་། བདེ་ལེགས་ཞུ།