ནམ་མཁའ།
ཁ་སང་དེ་རིང་རེབ་གོང་དང་ཀན་ལྷོའི་ཕྱོགས་ཀྱི་ས་གནས་སྲིད་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བ། ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མཐོང་ཡོད་སྲིད། ས་ཁུལ་དེ་ཚོའི་མི་དམངས་རྣམས་ཀྱི་མགོ་ཐོག་ཏུ་རིག་གནས་གསར་བརྗེ་གཉིས་པ་ཞིག་སླེབས་ཡོད། གནས་ལུགས་བཤད་ས་མེད་པའི་རྒྱ་ནག་གི་དམར་ཕྱོགས་ཚོགས་པ་ཚོས། བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་དོན་རྐྱེན་འབྱུང་ཁུངས་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་ལ་ཁ་གཡར་སྟེ། ས་ཁུལ་དེ་དག་དང་དེ་མིན་ས་ཁུལ་གཞན་དག་ཏུ་ཡང་ཞི་མིས་ཙུ་ཙུ་འཛིན་པ་བཞིན་རེ་རེ་བཞིན་ཁྲིད་བཞིན་ཡོད་ལ། དེ་དག་གི་སྟེང་དུ་མ་ཉེས་ཁ་གཡོག་གིས་མི་གསོད་ཀྱི་ལག་དམར་ཉེས་པ་ཡང་འཛུགས་བཞིན་པ། རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱལ་སྤྱིའི་སྟེང་གསར་ལམ་བརྒྱུད་ནས་བཤད་ཡོད།
བཙན་བྱོལ་བོད་མིར་ནག་ཉེས་བཀལ་བ་ཚིག་སྐམ་པོ་ཙམ་ལས། ལུས་སེམས་ཀྱི་མནར་གཅོད་མྱོང་མི་དགོས། ཐབས་སྐྱོ་བ་ཞིག་ལ་སྡུག་བསྔལ་མནར་གཅོད་མྱོང་མཁན་དེ་གཞི་ལུས་བོད་རིགས་སྤུན་ཟླ་ཡིན་ལ། དེ་དག་སྡུག་བསྔལ་དེ་ལས་སྐྱོབ་ཐུབ་མཁན་སུ་ཞིག་ཡོད་དམ། ང་ཚོ་བོད་མི་རིགས་ཀྱི་སྲོལ་རྒྱུན་ཞིག་ལ། རང་གི་གྲོང་སྡེ་དང་ས་ཁུལ་གཞན་གྱི་ངོ་ཤེས་སོགས་ཀྱི་མི་ཞིག་འདས་གྲོངས་སུ་ཕྱིན་ཚེ། དེའི་ཁྱིམ་ཚང་ལ་ཕྱིན་སྟེ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ། ང་ཚོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཞིག་རེད། ཡིན་ཡང་ཁ་སང་དེ་རིང་རེབ་གོང་སོགས་སུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཁྱིམ་ཚང་ལ་མྱ་ངན་ཕྱིན་པ་དང་དེར་གདུང་སེམས་མཉམ་བསྐྱེད་ཀྱི་གཞི་ལུས་སྤུན་ཟླ་ཚོའི་མགོ་ཐོག་ཏུ་ལག་དམར་གྱི་ནག་ཉེས་འགེལ་བ་འདི་ནི་ཅི་འདྲའི་ཡ་ང་བའི་བྱ་སྤྱོད་མ་རེད་དམ། འདི་འདྲའི་མི་དཀར་ནག་གི་དབྱེ་འབྱེད་མེད་པར་ཆ་ཚང་གི་སྟེང་ནག་ཉེས་བཀལ་ན་ཡང་ཕྲན་ལྟ་བུ་ཕྱི་སྡོད་བོད་མི་ཚོར་ཅི་ཞིག་གི་ནུས་པ་ཡོད་དམ། ཐ་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ལས་སྣེ་པ་ཚོས་དེའི་ཕྱོགས་སུ་རྣོ་ངར་ལྡན་ལན་འདེབས་ཙམ་ཡང་བྱེད་ཐུབ་ཀྱི་མེད།
ཉེ་ཆར་རྒྱ་ནག་གི་གྲོང་ཁྱེར་ཧྥུ་ཅན་གྱི་སྲིད་གཞུང་སྒོ་འགྲམ་དུ། རྒྱ་མི་གཉིས་ཀྱིས་རང་ལུས་མེར་སྲེག་བྱས་བ་དེའི་ནག་ཉེས་སུ་ཞིག་གི་སྟེང་འཇོག་རྒྱུ་ཡིན་ནམ། རྒྱ་མི་དེ་གཉིས་རང་སྲོག་མེ་རུ་སྒྲོན་པ་དེ་བཙན་བྱོལ་བོད་མི་ཚོར་འབྲེལ་མེད་ཞིག་ཡིན་པ་སུ་ལའང་དོགས་པའི་གནས་ཞིག་མེད་མོད། རྒྱ་ནག་གི་སྲིད་འཛིན་གསར་བ་ཞིན་ཅེན་ཕེན་ལ་ཡང་ནག་ཉེས་དེ་ཡོད་མི་སྲིད།དེའི་ནག་ཉེས་ནི་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཚོར་ཡོད་པ་ལས་མི་སུ་ཞིག་ལ་ཡང་ཁ་གཡར་ས་མེད། དེ་བཞིན་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་གནས་མང་པོ་ཞིག་ནས་རང་ལུས་མེར་སྲེག་བྱས་བ་ཡང་། དེ་གའི་ས་གནས་སྲིད་གཞུང་གི་གཡོ་སྒྱུ་ཁྲ་གསུམ་འཛོམ་པའི་དབང་འཛིན་པ་དང་། རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་ཧན་མི་རིགས་བར་ལ་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལག་བསྟར་བྱས་བའི་འབྲས་བུ་ལས་བྱུང་བའི་མེ་ལྕེ་ཞིག་ཡིན།
དཔེར་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཞིག་གིས་ཕྱི་བསྐྱོད་ལག་ཁྱེར་ཙམ་ལེན་པའི་ཐོབ་ཐང་ཡང་མེད། གལ་སྲིད་དེ་ལེན་དགོས་ཚེ་དངོས་ཤུགས་གང་རུང་གིས་དཔལ་འབྱོར་གྱི་འགྲོ་སོང་བཏང་སྟེ་ལེན་དགོས་ཀྱི་ཡོད། རྒྱ་མི་རིགས་ལ་མཚོན་ན་ཕྱི་བསྐྱོད་ལག་ཁྱེར་ནི་ཁོང་ཚོའི་ཐོབ་ཐང་ཡིན་པས།སྦྲགས་ཁང་བརྒྱུད་ནས་ཡི་གེ་བཏང་བ་ཙམ་གྱིས་ལག་ཁྱེར་དེ་སྐུར་ཡོང་གི་ཡོད། དེ་བཞིན་དུ་རྒྱ་མི་རིགས་ཞིག་གིས་༧གོང་ས༧་མཆོག་གིས་སྐུ་པར་བཤམས་སྒྲིག་དང་ལག་ཁྱེར་ཁ་པར་སོགས་སུ་བཞག་ཀྱང་ཆབ་སྲིད་ཀྱི་ནག་ཉེས་མེད། གལ་ཏེ་བོད་མི་རིགས་ཞིག་གིས་༧གོང་ས༧་མཆོག་གིས་སྐུ་པར་ཁ་པར་ནང་འཇོག་རྒྱུ་ཕར་བཞག ཐ་ན་མཆོད་བཤམས་ནང་བཞག་ཚེ་ཡང་ཆབ་སྲིད་ཀྱི་ནག་ཉེས་སུ་བརྩི་བཞིན་ཡོད།འདི་ནི་སེམས་ཀྱི་དད་པ་བྱེད་སའི་རྟེན་ཞིག་ཡིན་པ་ལས། ཆབ་སྲིད་ནག་ཉེས་སུ་བསྒྲེངས་ན་ག་ལ་འགྲིག
ད་རུང་འཛམ་གླིང་སྟེང་རྒྱ་གཞུང་ལ་ཆོས་ལུགས་དད་མོས་རང་དབང་ཡོད་ཚད་མ་ཎི་བཞིན་བགྲེངས་བཞིན་ཡོད།རྒྱ་གཞུང་གི་ཆོས་ལུགས་དད་མོས་རང་དབང་ནི་ཚད་བཀག་ཅན་ཞིག་པ་ལས།རང་གི་འདོད་མོས་ཡོད་པའི་ཆོས་ལུགས་དང་བླ་མ་ལ་དད་པ་བྱེད་མི་ཆོག་པ་ཞིག་རེད། སྟབས་ལེགས་པ་ཞིག་ལ་དད་པ་ནི་སེམས་ཁོང་གི་ཚོར་བ་ཞིག་ཡིན་པས་སུས་ཀྱང་འགོག་མི་ཐུབ་པ་ཞིག་ཡིན་པས་རྒྱ་གཞུང་གིས་ལོ་ངོ་༥༠ལྷག་རིང་མེ་མདས་བཀག་ཀྱང་འགོག་ཐུབ་མེད།
༢༢/༡༢/༢༠༡༢ ཉིན།
ངོ་མ་སྡུག་བསྔལ་མྱོང་མཁན་ཚང་མ་བོད་ནང་གི་གཞི་ལུས་སྤུན་ཟླ་རེད།བཙན་བྱོལ་གྱི་ཁ་རྒྱག་པ་ཚོས་དཔའ་སྐད་རྒྱང་ནས་འཐེན་ཡ་མ་གཏོགས་ག་རེ་འཇོན།དེང་སང་ཚོགས་སྐྱིད་བཅུ་གཅིག་ཡང་གོ་ཐོས་མི་འདུག་ལ།
གཞི་ལུས་སྤུན་ཟླ་ཚོའི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ལག་བསྟར་བྱེད་མཁན་ཞིག་ཀྱང་མི་འདུག་པས་ཁ་སྟོང་ནང་གི་ཚིག་སྟོང་རེད།
ད་ལྟ་རྒྱ་ནག་ནས་རྒྱ་མིའི་ཁྲོད་དུ་སྲིད་ཇུས་ཅུང་ལྷུག་རུ་གཏོང་བ་ལྟ་བུ་ཞིག་འདུག་མོད། བོད་དང་ཡུ་གུར་བ་རྣམས་ལ་སྔར་བཞིན་དམ་བསྒྲགས་ཆེན་པོ་བྱེད་པ་དང་། འཇར་པན་གཙོས་པའི་ཕྱི་རྒྱལ་ཁག་ལ་རྣམ་འགྱུར་མཁྲེགས་ནས་མཁྲེགས་སུ་འཛིན་པར་བལྟས་ན་རྒྱ་མི་རིགས་ཆེན་པོའི་འདུ་ཤེས་དེ་མེ་ལ་སྤར་ནས་དམར་ཤོག་སྲིད་དབང་གི་སྲོག་མགོ་ཐོན་ཐབས་བྱེད་བཞིན་མེད་དམ་སྙམ། ཡང་རྒྱ་ནག་ཏུ་དྲ་བའི་སྤྱི་ཚོགས་ནང་དུ་སྔར་ལས་ལྷག་པར་དམ་བསྒྲགས་དང་དོ་དམ་བྱེད་ཕྱོགས་ཞིག་ལ་གཞུང་ལུགས་བཟོ་བཞིན་ཡོད་པ་དང་མི་རིང་བར་ལག་ཏུ་བསྟར་བའི་ཉེན་ཁ་འདུག
(གྲོངས་)དེ་མིང་ཚིག་དོན་མཐུན་ཞིག་གི་སྒོ་ནས་བཀོལ་ཡོད་མེད་ལ་བསམ་གཞུགས་ཞིག་ཡོད་རྒྱུ་ན། ང་དེ་རིང་ཁ་བཙུམས་ནས་བསྡད་ཡོད་ས་ཡོད།
Ops! འོ་ཕི་སུ། བསམ་གཞིགས་ལ་བཅོས།
བཤད་ན་མི་ཉན་རྩོད་ན་བདེན་ལན་མེད།
འཐབ་ན་མི་ཐུབ་དཔག་དཔུང་སྟོབས་དང་ལྡན།
ཡ་རབས་བཟང་སྤྱོད་དྲི་མས་དབེན་པ་ཡི།
རྒྱ་འདྲེ་འདི་དག་ལྷས་ཀྱང་བཏུལ་བར་དཀའ།
དྲ་གྲོགས་གནམ་ལགས།གྲོངས་ནི་ཤི་བའི་ཞེ་ས་ལ་འདི་ལྟར་འབྲི་དགོས།སྐུལ་ཚིག་ལ་བཀྲོངས་འབྲི་སྲོལ་འདུག་པས་ཁྱེད་ཀྱི་ཁ་བཙུམ་མིན་ང་ལ་འགན་ཅི་ཡང་མེད།འདིར་ཕེབས་ནས་དག་བཅོས་འདྲ་བྱས་ཁུལ་བྱས་བ་ལ་བཀའ་དྲིན་ཆེ།
དྲ་འབུ་གནམ་ལགས།ཁྱོད་ཡང་རྡོ་རྗེ་གཅོད་པ་སྐྱོར་འདོན་སྡེ་བའི་མི་ཞིག་ཡིན་པ་འདྲ།
སྤོབས་པ་ཆེན་པོས་དག་བཅོས་བྱས་འདུག་པས།༼གྲོངས༽བཀྲོངས་སོགས་ཀྱི་དོན་དག་མི་གོ་ན་དག་ཡིག་གསར་སྒྲིག་ལ་གཟིགས་རོགས་ཞུ།དེ་མིན་ཁ་བཙུམ་ནས་བསྡད་ན་བཟང་སྙམ།ཁ་བཙུམ་ནས་འདུག་གི་ཡིན་ཟེར་མཁན་ཁྱོད་རེད།མཆན་གྱི་ནང་གི་༼བཙུམས༽ནི་འདས་བ་ཡིན་ལ།ཁྱེད་ཀྱིས་འབྲི་འདོད་པ་ནི་མ་འོང་པ་ཡིན་པས་༼བཙུམ༽་ཞེས་འབྲི་དགོས་བས་དེ་བཞིན་ཡིད་ལ་བཟུང་ནས་ཁ་བཙུམ་ནས་སྡོད།
བཙན་བྱོལ་བོད་མི་ལས་སྣེ་པ་ཚོས།རྒྱ་གཞུང་གིས་བོད་མི་འཛིན་བཟུང་གི་ནག་ཉེས་བཀལ་བ་ལ་ལན་འདེབས་བྱས་ཀྱང་ཚིག་གཅིག་པོ་དེ་མ་གཏོགས་བཤད་རྒྱུ་མེད།དེ་རྒྱུན་ཏུ་བཤད་བཞིན་འདུག གཞི་ལུས་སྤུན་ཟླ་ཚོ་སྙིང་རྗེ་ང་ཚོས་ཅི་ཞིག་བྱེད་དགོས་སམ།
སེམས་ཁུར་མེད་པའི་དྲ་འབུ་གནམ་གྱིས་དག་བཅོས་ལ་ལན་སྤྲོད་མི་དགོས་བར་དག་ཡིག་ཡག་པོ་ཀློག་རོགས་ཞུ་རྒྱུ་ཡིན།
རིན་ཆེན་ཟེར་བ་ཁྱོད། ཆེས་མྱི་མི་དགའ་ས་ཟིག་རེད། ནམ་མཁའ་ངེད་གཉིས་ཀྱི་ཁ་བརྡའི་བར། སྐལ་མེད་སར་སྐེ། མགོ་མི་ཆུད་སར་ལུས་འཚང་གི་མ་འདུག།
ངས་ནམ་མཁས་ཡིན་ནོར་བྲིས་འདུག་ཞུ་རྒྱུ་མ་བྱུང་། གྲོངས་ཟེར་བ་དེ་དོན་མཐུན་གྱི་མིང་ཚིག་ཞིག་ཡིན་མིན་ལ་ཁ་བརྡ་བྱས་བ་ཡིན། གྲོངས་བཀོལ་བ་ཡིན་ན་ཤི་བོ་ཐམས་ཅད་ཀྱི་ཁྱིམ་ལ་འགྲོ་མི་ཆོག་པ་ཞིག་ལས། བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་ཕུལ་བའི་དཔའ་བོ་དང་དཔའ་མོའི་གདུང་མདུན་དུ་མྱ་ངན་བྱེད་མི་ཆོག་པའི་གོ་དོན་དམིགས་བསལ་བ་ཞིག་མི་སྟོན་པས། དེ་ལྟར་ཞུས་བ་ཡིན།
མ་གཞི་ནམ་མཁས་སུ་ལ་ཁ་བརྡ་བྱེད་དང་མི་བྱེད་ཀྱི་རང་དབང་ལ་ཐེ་གཏོགས་བྱེད་པ་ནི་ལྐུགས་རྟགས་གོ།
སྒྱབ་སྐྱོར་ཡོད།
རྒྱབ་སྐྱོར་ཡོད།
འ་དྲ་འབུ་གནམ། ཁྱེད་ཀྱིས་དེ་ལྟར་བཤད་ན།སྤྱིར་རྩོམ་གྱི་ཁ་བྱང་གི་དོན་དག་གོ་འདོད་ན་རྩོམ་ལུས་ནས་གོ་ཐུབ་དགོས།ནམ་མཁས་བཤད་པའི་༼རང་རིགས་སྤུན་ཟླ་གྲོངས་ན་མིག་ཆུ་གཏོང་དབང་མི་འདུག༽ཟེར་བ་དེའི་གྲོངས་དེ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོར་འཇུག་མིན་རྩོམ་ལུས་ནས་ཤེས་ཐུབ་པས་དེ་ལ་ཁྱེད་རང་དོགས་པ་ཟ་དགོས་དོན་མི་འདུག དེ་མིན་རྩོམ་བྱང་ཁོ་ན་མ་གཏོགས་བཀླགས་ཀྱང་མེད་པ་འདྲ།དེ་མིན་རྩོམ་ཀློག་ཤེས་ཀྱི་མེད་པ་འདྲ་བས་སོ།ཁྱེད་ངའི་ཐོག་མི་དགའ་ན་ཡང་དོན་དག་དེ་ལྟར་རེད་འདོད་སོང་།
ངའི་ཐོག་(ལ)མི་དགའ་ན་ཟེར་བ་དེའི་བར་ལ་ལ་དོན་ཞིག་དགོས་པ་རེད། རིན་ཁོ་ལོ་ལོ། ཁྱེད་ཁ་ཚང་རྩོམ་ཡིག་འབྲི་རྩོམ་དང་གོ་དོན་ལ་ཡག་པོ་ཡོད་ན་ཐང་རེད། བོད་སྐད་རྣམ་འགྱོ་ཞིག་བཤད་འབྲི་མི་ཐུབ་པ་འདྲ། དེ་འདྲ་ཨེ་རེད། མ་རེད་ནེ།
ད་ཡིན་ན་་་་དངོས་གནས་སྡུག་པོ་མྱོང་མཁན་དེ་་་་་་བོད་ནང་དུ་ཡོད་པའི་སྤན་ཟླ་ཚོ་རང་རེད། བརྡ་སའི་སྒྲིག་འཛུག་ནས་ད་བར་ཆར་གཞི་གང་ཡང་མེད་པའི་ཐོག་ནས་བོད་ནང་དུ་རང་ལུས་མེར་སྲེག་གྱི་དོན་རྐྱེན་དེར་བསྐུལ་མ་དང་བསྔགས་བརྗོད་རྐྱང་བྱས་པ་ལས་་་་
ཁོང་ཚོའི་བདེ་སྡུག་དཀའ་ངལ་ལ་བསམ་བློ་ཙམ་ཡང་འཁོར་གྱི་ཡོ་མ་རེད། རང་ལུས་མེར་སྲེག་བྱས་མཁན་ཚོས་བརྡ་སའི་སྒྲིག་འཛུག་དེར་རེ་བ་ཆེན་པོ་ཞིག་བརྒྱབ་ནས་རང་གཞན་ཚང་མ་སྡུག་ལ་སྦྱོར་བ་རེད། ཁོང་རྣམ་ཚོའི་རེ་བ་དེ་ནི་སྟོང་པ་སྟོང་རྐྱང་རེད། །