གླིང་ཚ་ཚེ་བརྟན་རྡོ་རྗེ།
འདི་ན་སུ་དང་གང་ལ་མི་ངེས་པའི།།
མི་ལུས་ཁྲེལ་མེད་ཅིག་གི་གོམ་གཤིས་ཤིག།
ཆུང་ནས་རྒ་བའི་བར་དུ་མི་གཏོང་བའི།།
སྲེད་པའི་ནད་ཚ་ལྕི་མོས་ག་སར་འདྲུད།།
བསམ་པའི་རི་མོ་ནང་གི་བདེ་སྐྱིད་དེ།།
ཆུང་བའི་དུས་ནས་ཚུར་ལ་བསླབ་ན་ཡང་།།
ཆུ་ལ་རི་མོ་བཏབ་པ་དེ་བཞིན་དུ།།
གློ་བུར་གློ་ནུར་འཇིགས་པ་ཡ་རེ་ང་།།
བདེན་པའི་ལམ་ཕྲན་སྙེགས་ལ་སྤྲོ་བ་ཡི།།
འགྲོ་བ་མི་ཡི་གྲལ་ཏུ་སྐྱེས་ན་ཡང་།།
ལག་ལེན་དོན་ལ་འཇུག་པའི་གཡུལ་ས་ནས།།
ཁ་གཡང་སྨོན་འདུན་ཁྲོད་དུ་གཅིག་བུར་བསྐྱོད།།
གངས་རིའི་ཡུལ་ནས་སྟག་བཞིན་མཆོང་ནས་འོང་།།
རྒྱ་གར་ཡུལ་ནས་ཁྱི་བཞིན་ལྡོམ་ནས་བསྡད།།
ཕྱི་རྒྱལ་ཡུལ་ནས་ཝ་བཞིན་འདུར་ནས་བྲེལ།།
སྐྱབས་བཅོལ་མིང་འོག་དེ་ནས་མི་ཚེ་ཟད།།
ད་ནི་དྲང་བའི་ལྷ་ལ་གུས་བརྩི་བྱོས།།
ད་ནི་བླ་མའི་སྲི་ཞུ་ནུས་ཙམ་སྒྲུབས།།
ད་ནི་གཞིས་ལུས་སྤུན་ཟླའི་ལྷན་གཅིག་ཏུ།།
མཉམ་ཤི་མཉམ་གསོན་བྱེད་པར་བོད་དུ་འགྲོ།།
ལེགས།
ཁོ་རེ་ཁྱོད་གང་དུ་སོང་ཡིན།
ཁོ་རེ་མེ་དཀར་ག་དུས་ཡིན་ན་བྱས་རྗེས་ཅན་ལ་སྣང་ཆུང་མ་བྱེད་གུས་བརྩི་དང་ཡི་རངས་བྱོས་ མི་ནུས་ན་བཏང་སྙོམས་སྡོད་
སྐྱབས་བཅོལ་མིང་འོག་དེ་ནས་མི་ཚེ་ཟད།། གསུངས་སོང་པ་ཧ་ཅང་གི་གསལ་བོ་རེད་སེམས་ཐག་ཆོད་པོ་རེད་འདུག་ག
ཁོང་དངོས་གནས་བློ་རྩ་བརྟན་པོས་ཕེབས་སོང་། དོ་གལ་ཆེན་པོས་རྒྱ་གཞུང་ལ་དོ་སྣང་གནང་གྲོགས། དྲྭ་འབུ་ཚོ་ལས་རྒྱུ་འབྲས་ཡོད་པ་གནང་ཨ།
འདི་ནི་ཨ་མའི་ཞལ་གསུང་དང་།
ཉི་མའི་འོད་ཟེར་ཡིན་ན་ཡང་།
རང་གིས་ཅི་ཞིག་འདེམ་དགོས་པ།
མ་ཤེས་རང་བྲང་རྡུང་གིན་ཡོད།
སྤྱི་སྒེར་ཡོངས་ནས་རྒྱ་གཞུང་གི་རྣམ་འགྱུར་ལ་དོ་གལ་ཆེན་པོས་ཐུག་གནང་གནང་གྲོགས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་བབ་དང་འདྲ་མོ་ཞིག་གམ། ཡང་ན་མ་ཉེས་ཁ་གཡོག་ཕོག་པའི་སྐུ་ཞབས་བསྟན་འཛིན་བདེ་ལེགས་དང་འདྲ་མོ་ཞིག་གམ། གང་ལྟར་ཁ་ངན་ངའི་སེམས་ནི་རྒྱ་གཞུང་ཡིད་ཆེས་མེད་པ་དེ་རེད།
ངས་ཨོ་ཉི་ལ་ཟེར་གི་ཡོད། གླིང་ཚ་ལ་དུས་ནམ་ཡང་གུས་འདུད་ཡོད།
ཁོང་ཁ་སྔོན་ནས་གྱེས་ཕྱག་བཙལ་བ་རེད་དེ་ཡང་སླེབས་འདུག་་མེ་ཏོག་ལགས། ད་ཡང་བསྡོད་དུ་འཇུག་གི་མ་རེད
ཁ་བཤད་དོན་ལ་བབས་པའི་ཨ་མའི་བུ།
དྲང་བདེན་ལམ་དུ་བཞུགས་པའི་ཨ་མའི་བུ།
མི་བུའི་སྒལ་ཚིགས་ལྡན་པ་ཨ་མའི་བུ།
གླིང་ཚའི་བུ་ཁྱོད་གངས་རིའི་དཔའ་རྒོད་རེད།
དེ་རིང་།
སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་ས་ནས།།
རླུང་བུ་རྟ་རྔ་ཙམ་ཡང་མེད་ས་ནས།།
སྣུམ་ནག་གཞུང་ལམ་ཚ་བོའི་འོག་ནས་བསྲེག།
ཁྲི་གདུགས་ཉི་མ་སེར་པོའི་སྒང་ནས་བསྲེག།
ལུས་ཀྱི་རྔུལ་ནག་བཞུར་བའི་ངང་ཚུལ་ནི།།
སྐྱོ་བའི་བུ་མོ་ངུས་པའི་མིག་ཆུ་ལྟར།།
ཡང་གཅིག་འཕྱིས་ན་ཡང་གཅིག་བཞུར་ནས་འོང་།།
གཞུང་ལམ་གཡས་གཡོན་ཚང་མ་ནགས་དང་ཞིང་།།
སྐོམ་པའི་ཆུ་ཙམ་རེག་པར་དཀའ་ན་ཡང་།།
སེམས་ཀྱི་འདུན་པ་ཆེན་པོས་མདུན་ལ་སྙེགས།།
དེ་རིང་།
སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་ས་ནས།།
རླུང་བུ་རྟ་རྔ་ཙམ་ཡང་མེད་ས་ནས།།
སྣུམ་ནག་གཞུང་ལམ་ཚ་བོའི་འོག་ནས་བསྲེག།
ཁྲི་གདུགས་ཉི་མ་སེར་པོའི་སྒང་ནས་བསྲེག།
ལུས་ཀྱི་རྔུལ་ནག་བཞུར་བའི་ངང་ཚུལ་ནི།།
སྐྱོ་བའི་བུ་མོ་ངུས་པའི་མིག་ཆུ་ལྟར།།
ཡང་གཅིག་འཕྱིས་ན་ཡང་གཅིག་བཞུར་ནས་འོང་།།
གཞུང་ལམ་གཡས་གཡོན་ཚང་མ་ནགས་དང་ཞིང་།།
སྐོམ་པའི་ཆུ་ཙམ་རེག་པར་དཀའ་ན་ཡང་།།
སེམས་ཀྱི་འདུན་པ་ཆེན་པོས་མདུན་ལ་སྙེགས།།
ང་ནི་ཤོག་སྐྱ་རླུང་གིས་ཁྱེར་བ་ལྟར།།
ངེས་མེད་ཕྱོགས་སུ་འཁྱམས་པའི་སྡོམ་བུ་ཡིན།།
ཁྱེད་ནི་རང་ཚུགས་མདའ་ལྟར་སྲོང་གྱུར་པའི།།
བོད་མི་ས་ཡ་དྲུག་པོའི་ཕོ་ཉ་རེད།།
ང་ནི་ཁ་མཁས་ཨ་བུ་ནེ་ཙོ་ལྟར།།
ཉིན་ཁུག་དྲོད་ལ་ཆགས་པའི་བྱེ་འུ་ཡིན།།
ཁྱེད་ནི་ནམ་ཟླའི་དུས་ཚོད་ཅོང་བརྡ་མཁན།།
དཔྱིད་ཀྱི་རྒྱལ་མོའི་ལྷ་བྱ་ཁུ་བྱུག་རེད།།
ཀྱ་ཀྱོ་ལམ་ཕྲང་བགྲོད་ནས་བདེན་པ་རྕལ།།
དཀའ་སྡུག་འཐབ་རྩོད་དྲང་བདེན་ལམ་ལ་ཆས།།
དམངས་གཙོ་ལམ་ལུགས་ཇི་བཞིན་མཐོ་སྒང་བསྒྲེངས།
བོད་མི་ཡོངས་ཀྱིས་ཁྱོད་ལ་སྨོན་ལམ་འདེབས།།
སྣུམ་ནག་གཞུང་ལམ་ཚ་བོའི་འོག་ནས་བསྲེག།
ཁྲི་གདུགས་ཉི་མ་སེར་པོའི་སྒང་ནས་བསྲེག།
དེ་འདྲ་མ་རེད།
འདི་འདྲ་རེད།
སྣུམ་ནག་གཞུང་ལམ་ཚ་བོས་འོག་ནས་སྲེག།
ཁྲི་གདུགས་ཉི་མ་སེར་པོས་སྒང་ནས་སྲེག།