དེ་རིང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཚེས ༡༤ ཉིན་རང་ལུས་མེར་བསྲེགས་བཏང་མཁན་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་སློང་འཇམ་དབྱངས་དཔལ་ལྡན་ལགས་ཁོང་གི་གྲྭ་ཤག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་ལྟར། ཁོང་ལ་འཚིག་རྨས་ཚབས་ཆེན་གྱིས་གསོན་རེ་ཐུབ་མིན་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་ཀྱང་། དེ་རིང་ཕྱི་ཚེས ༡༧ ཉིན་གྱི་ཞོགས་པར་ཅུང་ཙམ་དྲན་པ་སོས་པ་ལྟ་བུ་བྱུང་སྐབས་ཁོང་གིས་ཞལ་འདོན་” དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མ་གྱུར་འགྲོ་བའི་སྡུག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ”ཞེས་པའི་ཚིག་བཅད་འདི་གསུངས་འདུག དང་པོ་ཞལ་འདོན་གྱི་དབུ་འཛུགས་སྐབས་ཚིག་རྐང་སྔ་མ་རྣམས་སྨྲ་བརྗོད་དག་པོས་གསུངས་ནའང་། ཚིག་བཅད་ཀྱི་མཇུག་ཏུ་སླེབས་སྐབས་རིམ་བཞིན་དབུགས་ཀྱིས་མ་འདང་བ་ལྟ་བུའི་སྒྲ་མི་གསལ་བར་གྱུར་འདུག དེ་རིང་ཕྱི་ཚེས ༡༨ ཉིན་གནས་ཚུལ་འབྱོར་བ་ལྟར་ན། ཁོང་ལ་སྨན་བཅོས་བྱེད་བཞིན་ཡོང་ནའང་སྨན་ཁབ་ལུས་ལ་མི་འགྲོ་བའི་དཀའ་ངལ་བྱུང་འདུག
ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པ
སེམས་པ་སྐྱོ་འོས་པ་མ་ཞིག་མ་རེད་དམ་་་་་་་་་་་་
བོད་མི་མང་ཆད་དུ་སྲོག་མཆོད་མེ་འབུལ་བ་ལ་སྡུག་སེམས་མཉམས་བསྐྱེད་ཡོད་ལག་
བཟོད་དཀའི་མི་རིགས་འདི་ཡི་ལས་དབང་ལ་བསམ་ནས།
དཔའ་རྒོད་དུ་མས་སྐུ་ལུས་མེ་མཆོད་དུ་ཕུལ་སོང་།
ཕྱོགས་ལྷུང་གདོན་གྱིས་མྱོས་པའི་སྤྱིའི་ཡི་མིང་ཅན།
དྲང་བདེན་ཞེས་པའི་ཚིག་གི་མིང་དོན་དེ་ཅི་ལགས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་ཤོག །
སངས་རྒྱས་སྨན་བླ་མཁྱེན། མགོན་པོ་འོད་དཔག་མེད་མཁྱེན།
ངོ་མ་བྱང་ཆུབ་སེམས་དཔའི་མཛད་པ་རང་རེད་འདུག ང་ལྟ་བུས་མ་གྱུར་འགྲོ་བའི་སྡུག་བསྔལ་ཕར་ཞོག སེམས་ཅན་གཅིག་གི་སྡུག་བསྔལ་སེལ་རྒྱུའི་སྤོབས་པ་མི་འདུག
ངའི་སྙིང་ཁུངས་ནས་དཔའ་བོ་ཁྱེད་ལ་གུས་འདུན་གྲངས་མེད་ཞུ་། ཁྱེད་ཀྱི་བསམ་ཡུལ་འདས་པའི་རླབས་ཆེན་མཛད་རྗེས་ནི་ངེད་ཅག་གིས་དུས་ཡང་བརྗེད་མི་སྲིད་ལ་
སེམས་ཀྱི་སྡུག་བསྔལ་མ་བཟོད་མིག་ཆུས་བརླན། འདས་པོའི་སྐུ་ལུས་གངས་ལྗོངས་དོན་དུ་ཕུལ། འདས་པོའི་གསུང་དབྱངས་གངས་ཅན་བོད་མིར་བཞག འདས་པོའི་གནམ་ཤེས་རེ་བའི་ངང་དུ་ཐད། དེ་ལ་སེམས་ཚེ་སྐྱོ་བ་གཏིང་ནས་སྐྱེས། གངས་ཅན་ལས་དབང་རྫོགས་དུས་ཡོད་དམ་ཅི། བོད་མིར་བསམ་ཤེས་གནང་མི་ཡོད་དམ་བསམ། དེ་འདྲའི་ཞི་བའི་ལས་འདིར་བསྐྱོད་སྐྱོད་ནས། རང་ལུས་མེ་མཆོད་ཕུལ་བའི་གྲངས་འདི་དག ང་ཚོ་བོད་མི་ཚང་མའི་སེམས་གཏིང་དགོས། ཕྲལ་དུ་བསྔོ་བ་སྨོན་ལམ་འབད་བསྒྲུབ་དགོས། གདང་སྐྱེས་བྱིས་པ་ཡན་ཆད་ཤེས་པར་བཟོས། བོད་མིའི་དམ་ཚིག་རྡོག་རྩ་གཅིག་ཏུ་བསྒྲིལ། སྤྱི་དོན་སེམས་ཁུར་རང་རིགས་ཞེན་པ་དཀར། དཔའ་བོའི་རྣམ་ཤེས་བདེ་མོར་བསྐྱོད་ཐབས་སུ། ཁོང་ཚོའི་མཛད་རྗེས་ཉིན་ཚན་སེམས་ལ་བཟུང། ཞར་དང་ཞོར་དུ་ཁོང་ཚོར་རྗེས་དྲན་གྱིས།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ།།
ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས།།
རྗེ་བཙུན་སྒྲོལ་མ་གུ་རུ་པད་མ་འབྱུང་།།
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།