ལྷ་ཆབ་སྦྱིན་པ།
ཟླ་འདིའི་ཚེས་བཅུ་དྲུག་སྟེ། ཉིས་སྟོང་བརྒྱད་ཀྱི་བོད་ཡོངས་ནས་བཙན་པོའི་གཉའ་གནོན་ལ་ཞི་བའི་ངོ་རྒོལ་སྐབས་མདོ་སྨད་རྔ་བར་བདེན་པའི་ཆེད་དུ་ལུས་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་རྣམས་དྲན་གསོའི་ཉིན་མོ་ཡིན་སྟབས། རྔ་བ་ཀིརྟི་དགོན་པའི་རང་ལོ་ཉི་ཤུར་སོན་མ་ཐག་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས། རང་ལུས་མཆོད་མེར་སྒྲོན་ནས་བོད་ཀྱི་བདེན་མཐའ་སེལ་བའི་ལས་འགུལ་སྤེལ་ཏེ། བོད་ཁྱོན་ཡོངས་སུ་དཔའ་བོའི་མཚན་སྙན་གྱི་རང་སྒྲ་ཤུགས་ཆེར་བསྒྲགས་བྱུང་། དེ་དང་མཉམ་དུ་རྒྱལ་སྤྱིའི་གསར་ལམ་ཁག་ཏུའང་ཁོང་གི་སྙིང་སྟོབས་ཀྱིས་སྦར་བའི་མེ་ལྕེ་ལྷབ་ལྷུབ་ཏུ་གཡོ་བར་བྱས་སོང་། འོན་ཏེ་རྡ་སའི་རི་ངོགས་ཀྱི་བཙན་བྱོལ་སྲིད་གཞུང་གི་ངོས་ནས་དམ་པ་ཁོང་གི་སྙིང་སྟོབས་ལ་ཡི་རངས་ཙམ་གྱི་རྗེས་དྲན་ཚོགས་འདུ་ཞིག་ཀྱང་བསྐངས་མ་བྱུང་བར་བདག་གི་ ངོས་ནས་ཅུང་ཕམ་པོ་བྱུང་།
༩༨ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མཆོད་མེར་སྒྲོན་པ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཆེས་མཐོ་བའི་སེམས་ཤུགས་དང་ཆིག་སྒྲིལ་གྱི་སྙིང་སྟོབས་སྤེལ་བྱུང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་བོད་དོན་འཐབ་རྩོད་ཀྱི་བདེན་པའི་རྡོ་རིང་བཙུགས་པ་རེད།
༠༨ ལོར་ ཡང་བསྐྱར་རྔ་བ་ཀིརྟི་དགོན་པའི་དཔའ་བོ་བཀྲ་བྷེ་ལགས་ཀྱིས་དགྲ་བོའི་མེ་མདས་མ་ཁོག་པར་རང་ལུས་མེ་ལ་སྒྲོན་ནས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་བདེན་པའི་མཆོད་མེ་ཐེངས་གཉིས་པ་དེ་སྦར་བ་རེད།
ཟླ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་ཡང་བསྐྱར་གཞོན་སྐྱེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་དགྲ་བོའི་གཉའ་གནོན་མ་བཟོད་པར་ཡ་ཁོག་ན་སྙིང་ཡོད་པའི་བོད་མི་ཞིག་ཡིན་ཕྱིན་འདུག་བཟོད་མི་བདེ་བའི་ལོ་རྒྱུས་ཀྱི་རྡོ་རིང་དེ་བཞེངས་ནས་ང་ཚོ་དང་གཏན་ཏུ་ཁ་གྱེས་པ་རེད། འདིའི་ཐད་ལ་བཙན་བྱོལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་མར་མེ་ཁྲོམ་སྐོར་ཞིག་དང་དྲ་ཐོག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་མ་གཏོགས་གཞུང་འབྲེལ་གྱི་ངོས་ནས་མྱ་ངན་དང་ཡི་རངས་མཚོན་པའི་རྣམ་པ་གང་ཡང་མ་བསྟན་པའི་རྒྱུ་མཚན་གང་ཡིན་ནམ།
གཅིག་བྱས་ན་བཀའ་སྤྱིའི་འོས་བསྡུའི་ཟང་ཟིང་ལང་ལོང་གིས་ཡིན་སྲིད། འོན་ཀྱང་འདི་ནི་དེ་ཙམ་ལ་ཁ་གཡར་ནས་བཞག་པས་ཡོང་བ་ཞིག་ག་ལ་ཡིན། དགྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་བཅིངས་གྲོལ་དམག་མི་རྣམས་ངར་ལྕགས་ལྟ་བུར་ཇི་ལྟར་བཟོ་བ་དང་། གུང་ཁྲན་ཏང་ལ་རྒྱལ་ཁ་ཇི་ལྟར་ཐོབ་པའི་ལོ་རྒྱུས་ལ་འཁྱུག་ཙམ་བལྟས་ནའང་། གཙོ་བོ་རང་ཕྱོགས་ཀྱི་སེམས་ཤུགས་མི་གཅོག་པ་དང་བྱས་རྗེས་ལ་རྗེས་སུ་ཡི་རངས་བྱ་རྒྱུར་གཙོ་བོར་འཛིན་པ་ཡིན་སྟབས། གདོང་མཆོངས་དཔའ་བོར་འབོད་པའི་མི་སྣ་རབས་དང་རིམ་པ་བྱུང་བ་རེད། དེ་དང་དེའི་སྙིང་སྟོབས་ལ་བརྟེན་ནས་ཅང་ཅ་ཧྲིའི་ཁྲི་དམག་བརྒྱད་བརྒྱ་ཡོངས་སུ་ཕམ་ནས་དམར་བོའི་སྲིད་གཞུང་འདི་བཙུགས་པ་རེད། རང་རེ་རྣམས་ལ་བཟང་བོར་ཆོ་ལོ་དང་ངན་པར་ཆད་པ་གཅོད་པའི་ལམ་དང་ལུགས་སྲོལ་ལེགས་པོ་དེ་མེད་དོན་ཅི་ཡིན་ནམ། གཅིག་བྱས་ན་འདི་ལའང་ངོ་སོ་དང་ལྐོག་ཇུས། ལུང་ཚན་གྱི་དར་འཐག་ཅིག་བསླེས་རྒྱུ་ཡོད་ཚོད།
རང་ལོ་ཉི་ཤུར་སོན་མ་ཐག་པའི་གཞོན་སྐྱེས་དཔའ་བོ་ཁོང་གིས་རང་ལུས་མཆོད་མེར་མ་སྒྲོན་གོང་ནས་འཆི་བ་ཁོ་ནའི་ལམ་ཁ་དེ་བདམས་ནས། རང་ཉིད་ཀྱི་ཚེ་སྲོག་གིས་བོད་མི་རིགས་ཀྱི་བདེན་པའི་ལོ་རྒྱུས་ལ་དཔང་བོ་བྱེད་པ་དང་བཙན་པོའི་གཉའ་གནོན་ལ་ངོ་རྒོལ་བྱས་པ་ཙམ་མ་ཟད། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་བྱ་ཐུབ་པའི་སྙིང་སྟོབས་འདིར་བསམ་ན་ཧ་ལས་པ་དང་དྲན་ན་ཧོན་འཐོར་བ་ཞིག་ཅི་ལ་མིན།
སྤྱིར་བཏང་གིས་རང་རེ་ལ་སྙིང་སྟོབས་ཅན་དང་བློས་གཏོང་མཁན་ཤིན་ཏུ་མང་ཡང་། འདི་ལྟར་ཚེ་སྲོག་ཚུན་ཆད་བློས་གཏོང་མཁན་ཅི་བས་ཉུང་ན། ད་རེའི་འདས་པོ་དམ་པ་ཕུན་ཚོགས་ལགས་ཀྱི་སྙིང་སྟོབས་ནི་ཅི་དང་གང་གི་དབང་དུའང་མ་སོང་བའམ་བཅོས་མ་མ་ཡིན་པར་ངོས་འཛིན་མི་བྱ་ཐབས་མེད་ཡིན་ན། ང་ཚོའི་མི་རིགས་དང་རྒྱལ་ཁབ་འདིར་བདེན་པའི་མཐའ་སེལ་བའི་ཉིན་མོ་ཞིག་ཡོད་ན། ཁོང་ གི་ཞུམ་པ་མེད་པའི་སྙིང་སྟོབས་འདི་དང་འགྲན་ཟླ་བྲལ་བའི་སྤོབས་པ་འདིར་གཟི་བརྗིད་ཀྱི་བྱ་དགའ་དང་རྗེས་དྲན་གྱི་རྡོ་རིང་ཞིག་ཅིས་ཀྱང་བཞེངས་དགོས།
ཡང་གཅིག་བཤད་ན། དཔའ་བོ་ཡིན་ཟེར་མཁན་ནི་མང་བོ་ཡོད་ཀྱང་། འདི་ལྟར་ལུས་དང་སྲོག་གིས་བདེན་པ་བདར་མཁན་ནི་ཉུང་ཉུང་ཡིན་སྟབས། བཅོས་མ་མ་ཡིན་པའི་སྙིང་སྟོབས་འདི་ནི་མིའི་བློ་ཡུལ་དུ་མི་ཤོང་བ་དང་བསམ་ཡིད་ལས་འདས་པ་ཞིག་མ་རེད་དམ། རྒྱུ་མཚན་དེ་ཡི་ཕྱིར་ན། ད་རེའི་གཞོན་སྐྱེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མཆོད་མེར་སྒྲོན་པ་འདི་ལ་ངེས་པར་དུ་གཟི་བརྗིད་ཀྱི་ལོ་རྒྱུས་མཚོན་པའི་དྲན་རྟེན་ཞིག་འཇོག་དགོས་པ་ནི་ཁ་ ཚ་དགོས་གཏུག་ཏུ་མཐོང་། འདི་འདྲའི་དཔའ་བོ་དག་ལ་ཡི་རངས་དང་གཟེངས་བསྟོད་གནང་ན་རྒྱུས་ཤོར་འགྲོ་བ་གང་ཡང་མེད་པ་དེ་ཡང་གསལ་བོ་ཡིན་ནོ།།
བདེན་པ་རེད། བོད་མི་མང་སྤྱི་འཐུས་ཀྱི་དྲ་བར་མྱ་ངན་ཞུས་བའི་གསར་འགྱུར་ཞིག་ངས་ནོར་མེད་ན་མཐོང་བའི་བཟོ་འདྲ་ཞིག་སྣང་འོང་གི་འདུག
རེད་ཡ། ངོ་མ་བདེན་པ་རེད། དེ་ལ་གུས་བརྩི་དང་གདོང་མཉམ་བསྐྱེད་ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་གཞུང་དམངས་གཉིས་ངོས་ནས། དཔའ་བོའི་བང་སོ་ལས་མཚོན་པའི་གསར་འགོད་གསལ་བསྒྲགས་ངེས་པར་གནང་དགོས་བ་ཞིག་ལས་ཡིན་མིན་གྱིས་གདམས་གསེས་བྱེད་ས་ཞིག་ནམ་ཡང་མེད། ད་ལྟ་ཉིད་དུ་མྱ་ངན་གྱི་གུས་འདུད་ཞུ་དགོས།
སྐུ་ཞབས་ཕུན་ཚོགས་ལགས་དངོས་གནས་འུ་ཐུགས་པ་རེད་ གུས་འདུད་ཞུ་ རྗེས་སུ་ཡེད་རང་མི་ཞུ་ རྗེས་སུ་གནས་ཚུལ་གང་འདྲ་ཞིག་བྱུང་ཀྱང་བོད་མི་གཅིག་གིས་ཀྱང་རང་སྲོག་རང་གི་མ་བཅོད་པའི་རེ་བ་ཡོད་
གྲྭ་གཞོན་དམ་པ་འདིས་ཞུམ་པ་མེད་པའི་སྙིང་སྟོབས་ལ་བཀའ་དྲིན་རྗེས་དྲན་ཞུས་འོས་པ་ཞིག་རེད།
དཔའ་བོར་གུས་འདུད་ཡོད། སྙིང་སྟོབས་འཕེལ་གྱུར་ཅིག
གཞི་ལུས་སྤུན་ཟླས་རང་དབང་དོན་དུ་རང་སྲོག་ཕྲ་མོ་དམར་པོའི་མེ་ལ་འབུལ།
བཙན་བྱོལ་བོད་པས་རང་དབང་དོར་ནས་དངུལ་དང་དགྲ་པོའི་རྐུབ་ལ་དུར་རྒྱུགས་བྱེད།
གཞི་བྱེས་གཉིས་ཀྱི་ས་མཚམས་ཞིག་ནས་རང་དབང་ལྷ་མོའི་འཛུམ་གདངས་དངོན་ལ་ཉེ།
གུང་ཁྲན་དམར་པོ་ཚེ་ཚད་རྫོགས་ཚིག་འགོད་པའི་འཕྲིན་བཟང་ཡབ་མེས་རྣམས་ལ་འབུལ།
བྱེས་ཀྱི་དངོས་སྒྲུབ་དང་། གཞིས་ཀྱི་ཕུན་ཚོགས་གཉིས་ནི། བརྗེད་དཀའ་མི་གཉིས་རེད།
རྔ་བ་ནས་བཀྲ་པེ་ཡིས་ཀྱང་རང་ལུས་མེ་རུ་སྒྲོན་ནས་རང་སྲོག་གཏོང་ཕོད་པའི་ལས་འགུལ་སྤེལ་བ་རེད། སྐབས་འདིར་ཡིན་གཅིག་མིན་གཅིག་འདས་གྲོངས་སུ་ཕྱིན་པ་གཅིག་པུ་ད་གཟོད་དཔའ་རྒོད་འགྱུར་དོན་མེད་པར་སྙམ། བཀྲ་པེ་ཡང་མེ་ལྕེ་ནང་གི་དཔའ་རྒོད་ཅིག་ཏུ་ངེས་པར་བརྩི་དགོས། ཁྱོད་ཚོའི་ཆབ་སྲིད་བསམ་བློ་དེ་དག་ཚོར་བའི་བསམ་བློ་ཙམ་ཞིག་རེད། མཆན་འདེབས་པ་འདི་ཚོས་འདས་པའི་དཔའ་རྒོད་པོ་ཞིག་རང་ཤུགས་ཀྱིས་བརྗེད་འགྲོ་བཞིན་པ་འདིས་ཚོར་བའི་ཆབ་སྲིད་གླེང་མོལ་ཞིག་དང་གོམས་སྲོལ་གྱི་ཆབ་སྲིད་གླེང་མོལ་ཞིག་ཏུ་འགྱུར་བཞིན་མཆིས།
རྩོམ་ཡིག་འདིའི་ནང་དོན་བདེན་པ་རང་རེད། རྒྱབ་སྐྱོར་ཡོད
རེད་ཀིརྟི་ཚང་གིས་རང་གི་དགོན་པ་བཀའ་སློབ་རེར་གནང་ན་ཡག་པོ་འདུག། རང་སྲོག་བོད་དོན་དུ་སོང་།
བོད་དོན་ཁྱབ་བསྒྲིགས་བྱེད་སྟངས་ལ་བྱ་བ་གཞན་ཞིག་ནསའགོ་བརྩམ་ན་ལེགས་སམ།
༢༠༠༨ ལོར་ཁམས་ཕྱོགས་ནས་ཅུང་ཙམ་ཡར་ལངས་བྱས་དུས་ཟམ་གདོང་གིས་བསླབ་བྱ་བཏང་ཡོད།
འོན་ཀྱང་༢༠༠༨ ལོའི་ཚེས་༡༦་ཉིན་རྔ་བ་ནས་བོད་མི་༢༠་ལྷག་བསད་ཡོད་པ་བདེན་པ་རེད་དེའི་ནང་་ན་ཀིརྟིའི་གྲྭ་ཧ་ཅང་ཉུང་
ཉུང་རེད་ཡིན་ན་ཡང་རྡ་ས་གཙོས་ཕྱི་ལོག་ནས་སྐབས་དེའི་འདས་གྲོངས་རྣམས་ནི་ཕལ་ཆེར་ཀིརྟིའི་གྲྭ་བ་
རེད་བསམ་བསྡད་ཡོད་།་ང་རྔ་བ་ནས་ཡིན་རྗེས་མར་ཀིརྟིའི་གསལ་བསྒྲིགས་དྲང་མོར་བཤད་རོགས།
རྒྱལ་གཅེས་དཔའ་བོ་ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་རྣམ་དག་གི་ལྷག་བསམ་ལ་དུས་གསུམ་དུ་རྗེས་དྲན་ཞུ།