སོག སྨོན་ལམ།
ངེས་པར་དུ་ཞི་བའི་སྒོ་ནས་ལས་འགུལ་སྤེལ་རོགས་ཞེས་པའི་འབོད་སྐུལ་འདི་བོད་ནང་གི་བོད་མི་ཚོར་བཤད་དགོས་པ་ཞིག་རེད། ཕྱི་ལོགས་ནས་ལས་འགུལ་སྤེལ་སྐབས་ཞི་བ་མ་ཡིན་པའི་ལས་འགུལ་ཛ་དྲག་སྤེལ་མཁན་ཁག་པོ་རེད། མདོ་དོན་གཞིས་ལུས་བོད་མི་ཚོས་རང་ལུས་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ན་འོས་འཚམ་རེད། བོད་ནང་གི་བོད་མི་ཚོས་རང་ལུས་མེ་སྲེག་བཏང། བཙན་བྱོལ་བོད་གཞུང་གིས་དེ་གཅིག་པོ་དྲིལ་བསྒྲགས་དང་གདུང་སེམས་མཉམ་སྐྱེད་ཀྱིི་ཁ་གཡང་རྐྱང་རྐྱང་གིས་དུས་ཚོད་སྐྱེལ་ཐབས་བྱས་ན་ཡག་པོ་མ་རེད། ཁོང་གིས་སྲིད་དབང་རྩིས་སྤྲོད་མ་བྱས་པའི་དུས་སྐབས་སུ་རང་ལུས་མེ་སྲེག་ཕར་ཞོག ཟས་བཅད་ངོ་རྒོལ་བྱེད་མཁན་ཚོར་ཡང་སྐུ་དངོས་སུ་ཆེད་ཕེབས་ཀྱིས་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་མྱོང་ཡོད། སྔར་བཙན་བྱོལ་ནང་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་སྲེག་བཏང་བའི་རྗེས་ཀྱི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་དེ་གཞུང་དང་དབུ་ཁྲིད་གཉིས་ཀས་འབོད་སྐུལ་ཤུགས་དྲག་ཞུས་པར་བརྟེན་མཚམས་བཞག་པ་རེད། དེང་སང་བོད་ནང་དུ་མི་ག་ཚོད་སྲེག་བཏང་ནའང་བཙན་བྱོལ་བོད་གཞུང་གིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ལྟ་བུའི་ལས་འགུལ་ཞིག་གི་འགོ་ཁྲིད་རྒྱུ་ཕར་ཞོག གསར་འགོད་པ་ཚད་ལྡན་ཞིག་གི་ཚབ་ཀྱང་བྱེད་ཐུབ་ཀྱི་མེད་པ་འདྲ། ད་དུང་བོད་ནང་གི་བོད་མི་ཚོས་རང་ལུས་མེ་སྲེག་བཏང་ན་རྒྱབ་སྐྱོར་ཡོད་པ་འདྲ། གང་ལྟར། རང་ལུས་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་ནན་ཏན་ཞུ་དགོས།
ཁ་བརྡ་ལགས། རྩོམ་ཡིག་འདི་དྲ་ངོས་སུ་འཇོག་རོགས། ངས་འདིར་རྩིས་འཁོར་མེད་ཅིང་ iPad བེད་སྤྱོད་བྱེད་བཞིན་ཡོད། དེ་ལས་གློག་འཕྲིན་བརྒྱུད་ནས་རྩོམ་ཡིག་སྐུར་མ་ཤེས་པས་འདིར་ཐད་ཀར་མཆན་བུ་འགོད་སར་བཞག་པ་ཡིན་ན་དགོངས་དག་ཞུ།
བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ།
ཨོ་རྒྱན་ཉི་མས་བྲིས།
by Surya Tehortsang on Sunday, January 29, 2012 at 7:57am
མཐོ་སྒང་གངས་ཅན་པའི་ལུགས་གཉིས་ཀྱི་དོན་ལ་མཁྱེན་པ་རྒྱས་པའི་མཁས་པའིི་དབང་པོ་དག་དང་། གཞན་ཡང་རང་གི་རིགས་ལ་ཞེན་པ་དཀར་བའི་སྐྱེ་བོ་རྒན་གཞོན་རྣམ་པ་སེམས་ལྷོད་ལ་བབས་ཏེ་གཅིག་གསོན་དང་། ང་ཚོར་སྔོན་ཞིག་ལ་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཞེས་པའི་མཚན་གྱི་སྙན་པས་ཁེངས་ཏེ། སུ་ལ་ཡང་མགོ་མི་དགུར་བསམ་ནས་རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཡང་བོད་མི་རིགས་དང་རིག་གཞུང་ཞེས་པ་དེ་མི་དགོས་ཞེས་མདོ་ཤོར་གྱི་གཏམ་ཡང་མ་ཡིན་པར། དེ་གཉིས་ཀའི་ཟུར་ཞིག་ནས་སྤྱིར་འཛམ་བུ་གླིང་གི་སྐྱེ་འགྲོ་ལ་སྨན་པ་དང་། དགོས་ཁ་བ་གངས་ཅན་པའི་ཡོད་དགུ་ལ་གསོན་ཤུགས་རྒྱས་ནུས་པ་ནི་ཆོས་དང་རིག་གཞུང་རྙིང་པ་དག་རང་བློར་ཆུད་པའི་ཐོག་ནས། རིག་གཞུང་གསར་བའི་ཉིང་བཅུད་ལེགས་ཚོགས་ནང་འདྲེན་གྱིས་གཞོན་སྐྱེས་དག་གི་མདུན་ལམ་གཟེངས་སུ་ཐོན་པ་བཟོ་ཐུབ་པ་དེ་རེད། དོན་ལག་ལེན་ཐོག་ཏུ་འགྲོ་ཐུབ་པ་ཞིག་ཟེར་དུས་འཚེ་བའི་སྤྱོད་པས་ཕུ་མདའ་ལུང་དཀྲུགས་ཀྱིས་ཟེར་བ་མིན་ལ། དོན་མེད་ཚིག་ཚོགས་མང་པོ་བཀྲམ་ཤོག་ཟེར་བ་ཡང་མིན། ངས་འདི་ནས་ཟེར་འདོད་པ་ནི་རང་གི་རྐང་པའི་ཐོག་རང་ཉིད་ལང་ཐུབ་པ་ཞིག་བྱ་རོགས་ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཞུ་བ་ཡིན། རང་གི་རྐང་པའི་གོང་དུ་རྐང་གཉིས་རྐང་བཞི་ཚང་མ་ལང་ནས་སྡོད་ཡོད་པ་མིན་ནམ་ཞེ་ན། ད་ལྟ་ང་ཚོའི་བོད་མི་མང་ཆེ་བ་རྐང་པ་ཡ་གཅིག་རང་གི་རྐང་པ་ཡིན་ཡང་། ཡ་གཅིག་ནི་ཕ་རོལ་པོ་ལས་གཡར་ནས་འདུག་ཡོད་མཁན་རྐྱང་རྐྱང་རེད། དེ་ཕྱིར་རང་གི་རྐང་པ་ཁོ་ནས་སྟེང་དུ་ལང་ན་ལེགས་ཚུལ་གླེང་འདོད་པ་ཡིན།
རང་གི་རྐང་པའི་སྟེང་དུ་ལང་དགོས་ན་རང་ཉིད་གང་ལས་འབྱུང་བ་ཡིན་པ་ཤེས་དགོས་པ་དང་གཅིག རང་གི་ཤ་ཁྲག་དེ་སུའི་ཤ་ཁྲག་དང་འབྲེལ་ཡོད་མེད་རྟོགས་དགོས་པ་དང་གཉིས། རང་ཉིད་འགྲོ་བ་མིའི་རིགས་ཀྱི་གྲལ་དུ་ཚུད་ཐུབ་པར་བྱ་རྒྱུ་དང་གསུམ། རང་གི་ཆོས་དང་རིག་གཞུང་བདག་པོ་རྒྱག་ཐུབ་ངེས་བྱེད་དགོས་པ་དང་བཞི། གཞན་པའི་རིག་གཞུང་ལེགས་ཉེས་འདེམས་ཏེ་ལེགས་པ་ནང་འདྲེན་གྱིས་རང་བློ་མ་ཚིམ་པར་དུ་སྦྱངས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་ལྔ་ནི་ངེས་པར་ཤེས་དགོས་པའི་གནད་འགག་དག་རེད། དེ་ལྔ་པོ་ཞིབ་མོས་བློ་ཡིས་རྟོགས་ནུས་པའི་ཤེས་ཡོན་དེ་རང་ལ་ལྡན་མིན་ཡང་བསམ་བློ་ལེགས་པར་བཏངས་ཏེ། གལ་སྲིད་ལྡན་ན་འཛམ་བུ་གླིང་འདིའི་གོང་གི་མིའི་རིགས་ཀྱི་གྲལ་དུ་ཚུད་པ་རེད། དེ་དག་མ་ཚང་ན་ད་དུང་མི་ལུས་ཕྱེད་ཀ་ཙམ་ལས་མི་གསོན་པོ་ཞིག་ཏུ་གྱུར་མེད་པས་བརྩོན་འགྲུས་རྒྱ་ཆེན་པོས་འབད་དགོས་སོ། །
བོད་ཀྱི་ཆོས་བརྒྱུད་དག་ལ་མཚོན་ན་སེར་འབྲས་དགེ་གསུམ་ནི་སྤྱིར་གཞུང་བཀའ་པོད་ལྔ་ལ་མཁས་པ་རེད་དེ། ད་ལྟ་དེའི་གོང་དུ་རིག་གཞུང་གཞན་པ་རྒྱ་ཡིག་དང་། དབྱིན་ཡིག ཚན་རིག་གསུམ་གསར་བསྣན་གྱིས་སྦྱང་འབྲས་ལེགས་པར་ཐོན་ཏེ། ལོ་རེར་རྒྱུགས་སྤྲོད་པའི་གྲངས་ཀ་བརྒྱ་ཕྲག་ལས་བརྒལ་བ་དང་། རང་རང་གི་གདན་ས་ཁག་ཏུ་སྦྱངས་པ་ཙམ་མ་ཡིན་པར་ཤར་ནུབ་ཀྱི་མཐོ་སློབ་ཁག་ཏུ་ཡང་མང་པོ་ཕེབས་པ་ཐོས་སོང་། རྗེས་སུ་ཡི་རང་ཡོད། ཡག་པོ་ཞེ་དྲ་རེད། ཡིན་ན་ཡང་ཁོ་ཚོ་ལ་སྐྱོན་ཞིག་ཡོད་པ་དེ་རང་ལྟ་མཆོག་འཛིན་ཆེ་དྲགས་པས། རང་གི་སྐྱོན་མི་མཐོང་ཞིང་གཞན་གྱི་ཡོན་ཏན་མ་མཐོང་བས། དགེ་བཤེས་མདོ་སྔགས་གཉིས་ལ་བློ་ལ་འཆད་ཤེས་མཁན་ཞིག་དང་། ཆོས་བརྒྱུད་གཞན་པ་དག་གི་སློབ་སྦྱོང་ཨེན་ཙམ་ལས་མེད་མཁན་གཉིས་འགྲོ་དོན་ད་དུང་སློབ་སྦྱོང་དམན་པ་ཆེ་བ་རེད། དེ་ནི་ཆོས་བརྒྱུད་རིས་མེད་ལ་དད་པ་དང་དག་སྣང་ཡོད་མེད་དང་། རང་ཕྱོགས་ལ་ཆགས་པ་ཆེར་མེད་པས་རྟགས་རེད། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་གསུམ་ལ་མཁས་པ་མང་པོ་རེད་དེ། དགེ་ལྡན་དང་བསྡུར་ན་ཅུང་ཟད་ཞན་ས་རེད་དྲན་བཞིན་ཡོད། དེ་ཙམ་དུ་མ་དེང་སང་བཤད་གྲྭ་དང་བསྒྲུབ་གྲྭ་ཁག་མང་པོ་རེད། དོན་ནང་ཉམས་གསོན་པོ་ཚད་དུ་བསླངས་ཏེ་འཆད་རྩོད་རྩོམ་གསུམ། བཤད་བསྒྲུབ་ལས་གསུམ་གྱི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་བཙན་བྱོལ་ནང་ལ་ཉུང་ཉུང་རེད། དེ་ཕྱིར་ཚང་མས་ཐོབ་གོ་ས་ཙམ་དང་། དངུལ་ཁུག་དགང་མིན་ལ་ཐུགས་བསམ་བཞེས་མི་འདུག་པར་བཤད་གྲྭར་ཞུགས་ན་མདོ་སྔགས་རིག་གནས་དང་བཅས་པར་རང་གིས་བསམ་ན་ཡང་ཡོད་བསམ། མིས་བསམ་ན་ཡང་འདུག་བསམ་པ་ཞིག་གི་ཐོག་ནས། གོང་དུ་ཞུས་པ་བཞིན་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་དང་། ཚན་རིག་གི་སྦྱངས་འབྲས་བླངས་ཏེ་དགེ་ལྡན་པ་སོགས་སྔོན་ཐོན་པ་དག་དང་གོམ་པ་མཉམ་དུ་སྤོ་ཐུབ་པ་ཞིག་ལ་རེམ་དགོས་པར་སེམས།
ད་དུང་གཞན་ཞིག་ནི་གོང་ས་མཆོག་གིས་རིས་མེད་གནང་སྟེ་ས་ཆེན་འདིའི་སྐྱེ་དགུའི་རེ་བ་ཡིད་བཞིནདུ་བསྐང་ཐུབ་པ་བྱུང་བ་རེད། དེའི་ཐབས་ལམ་དེ་སླད་ནས་རི་བོ་དགེ་ལྡན་པ་དག་གིས་བེད་ཆོད་བྱ་བ་ལ་གྲ་བསྒྲིག་བྱེད་བཞིན་པ་རེད། རྙིང་མའི་རྫོགས་ཆེན་དང་། བཀའ་བརྒྱུད་པའི་ན་རོ་ཆོས་དྲུག ཇོ་ནང་པའི་སྦྱོར་དྲུག ས་སྐྱ་པའི་ལམ་འབྲས་དག་འཆད་པ་ལ་ཁྲིད་རྒྱུན་དང་ལུང་རྒྱུན་ཆ་ཚང་གསན་མྱོང་བྱས་ཟིན་པ་རེད། སླད་ནས་དེ་འདྲའི་བྱེད་སྒོ་དག་སྤེལ་འོང་དུས་ངའི་རེད། ཁྱེད་ཀྱི་མ་རེད་ཟེར་བ་ཙམ་མ་ཡིན་པར་རང་རང་གི་བརྒྱུད་པའི་ཕྱག་བཞེས་དང་། མན་ངག ཁྲིད་རྒྱུན་དག་སྤེལ་བ་ལ་བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པ་དང་། བརྒྱུད་པའི་མན་ངག་དང་ལྡན་པར་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲ་རེད། ཡང་ན་སྐབས་དེ་དུས་སུ་དང་གང་གིས་ཆོས་བརྒྱུད་ནང་ཕན་ཚུན་གྱི་མན་ངག་དག་སྤེལ་འོང་དུས་ཕྱོགས་དང་རིས་སུ་གཅོད་པ་གང་ཡང་མེད་པར། རྗེས་སུ་ཡི་རང་བྱ་ཐུབ་ན་ཆོས་པ་རབ་ཀྱི་བྱེད་སྟངས་རེད། ཡིན་ན་ཡང་དེ་འདྲའི་ཆོག་ཤེས་དང་། ཆོད་སེམས་དེ་ང་ཚོ་ལ་ཡོད་ས་རེད་བསམ་པའི་གདེངས་ཚོད་ང་ལ་མེད། ངས་འདི་ནས་བཤད་པ་མཐའ་དག་ཆོས་ལུགས་ཀྱི་ཆགས་སྡང་བཤད་པ་མིན་ཏེ་ང་རང་ཉམས་ཞིབ་བྱས་པའི་གྲུབ་འབྲས་དང་། རྗེས་ཆོས་བརྒྱུད་མཐའ་དག་འདྲ་མཉམ་ཞིག་བྱུང་ན་བསམ་པའི་རེ་འདུན་ཉག་གཅིག་ལ་སེམས་བཞིན་བྲིས་པ་ཡིན།
ཡང་གཞན་ཞིག་ནི་གོང་ས་མཆོག་དགོང་ལོ་བསྒྲེས་པོ་རེད། ད་ག་ཚོད་བཞུགས་ན་ཡང་ཁོང་གི་རྒྱལ་ཚབ་ཅིག་གྲ་བསྒྲིགས་བྱ་བའི་དུས་ཚོད་ལ་བསླེབ་པ་རེད། གང་ཡིན་ཞེ་ན་བོད་ཀྱི་ལས་དབང་ཆོས་དང་འབྲེལ་བ་ཞིག་རེད། དེ་ཕྱིར་ད་ལྟ་ནས་སྲིད་རྐྱང་པས་རང་འགོ་ཐོན་མི་སྲིད་པས། སྲིད་ཀྱི་ཤེད་ཤུགས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཆོས་ཀྱི་དེད་དཔོན་ཞིག་དགོས་ངེས་རེད། དེ་ཕྱིར་སུ་ཡིས་གོང་ས་མཆོག་གི་རྒྱལ་ཚབ་ཏུ་འོས་སམ་ཞེས་བོད་མི་དག་གིས་རང་ལ་དྲི་བ་རེ་བསྐོར་ཏེ། ཁ་ནང་དུ་བསྐོར་ལ་ཐུགས་བསམ་དྲང་མོ་ཞིག་བཞེས་དང་། ངས་བལྟས་ནས་ཀརྨ་པ་ལས་གོང་ན་ད་ལྟའི་ཆར་གོང་ས་མཆོག་གི་རྒྱལ་ཚབ་ཆོག་པ་ཞིག་སུ་ཡང་མི་འདུག ཀརྨ་པའི་སྐུའི་བསོད་ནམས། གསུང་གི་བརྗོད་པ། རིགས་པའི་སྟོབས། མཛད་པའི་ཕྲིན་ལས་སོགས་གཞན་པ་དག་གིས་ཕར་ཞོགས་གཞུང་ཆེན་བཀའ་པོད་ལྔ་བློ་ལ་བྱང་བའི་དགའ་ལྡན་ཁྲི་པ་དང་། ས་སྐྱ་གོང་མ། རྙིང་མའི་དབུ་འཛིན། བོན་པོའི་ཁྲི་འཛིན་སོགས་ཆེ་དགུ་དག་གིས་ཀྱང་དོ་ཟླ་བྲལ་བ་ཞིག་ཏུ་མཐོང་ནས་ངས་འདིར་སྤོབས་པ་ཆེན་པོའི་ངང་ནས་བཤད་པ་ཡིན། ཁོང་ལ་གོང་ས་མཆོག་གིས་ཐུགས་བརྩེ་གནང་བ་དང་། ཞལ་ཏ་གནང་བ་ཡང་རབ་དང་རིམ་པ་ཐོས་སོང་ལ། བརྙན་འཁོར་མང་པོ་མཐོང་རྒྱུའི་བསྐལ་བ་ཐོབ་པ་དང་། རྒྱ་མི་རིགས་སྡོད་སའི་ཡུལ་གྲུ་ཁག་དང་། ཡོའུ་རོབ། ཨ་རི་སོགས་ནུབ་ཕྱོགས་སུ་ཡང་གོང་ས་མཆོག་གོང་དུ་ཕུད་ན་ཁོང་ལས་འགྲོ་དོན་ཆེ་བ་དང་། ཆོས་པ་ཡིན་མིན་ལ་མ་ལྟོས་པར་དོ་སྣང་བྱེད་བཞིན་པ་ནི་ངས་བཤད་པ་ཙམ་མ་ཡིན་ཁྱེད་རྣམས་པས་ཀྱང་མཐོང་ཆོས་མངོན་གྱུར་རེད། དེ་ཕྱིར་རང་མ་གཏོགས་མིག་གིས་མི་མཐོང་པའི་དགེ་ལྡན་པའི་དགེ་བཤེས་མགོ་མཁྲེགས་དེ་ཚོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཐུགས་བསམ་བཞེས་ཏེ། ཀརྨ་པའི་མཛད་འཕྲིན་ལ་རམ་འདེགས་གནང་རོགས་ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཡིན། ཁྱེད་ཅག་དགེ་ལྡན་པའི་དགེ་འདུན་པ་དག་གིས་ཐུགས་བསམ་ཞིག་བཞེས་ན་ཆོས་བརྒྱུད་གཞན་པ་ཚོསངོས་ལེན་བྱེད་ངེས་རེད། དེ་མིན་གོང་ས་མཆོག་མ་བཞུགས་དུས་བཙན་བྱོལ་བོད་གཞུང་རྐུབ་སྟེགས་བསྡུ་བསོགས་རྒྱགས་ཏེ་བོད་ལ་ལོག་འགྲོ་རྒྱུ་ཡིན་ན་ཁྱེད་ཅག་གིས་གང་བདེར་གྱིས་ཤིག ང་ལ་དམིགས་བསལ་ཞུ་བ་གཅིག་ལས་གཞན་གང་ཡང་མེད། གཅིག་དེ་ནི་བོད་ཀྱི་མ་འོངས་པའི་གཞོན་སྐྱེས་དག་མི་གསོན་པོ་ཞིག་ཆགས་པ་ལ་མཁས་བླུན་དང་། རྒན་གཞོན་ཚང་མས་ཐུགས་ཀྱི་རྒྱན་དུ་འཆང་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས། ང་ཀརྨ་པའི་སྐུ་མདུན་འགྲོ་མྱོང་མེད་ལ། ཁོང་ས་ནས་གང་ཡང་རག་མྱོང་མེད། ཡིན་ན་ཡང་ཉམས་ཞིབ་བྱས་པའི་གྲུབ་དོན་ནམ། ང་རང་གི་མཐོང་ཐོས་དག་ཚད་གཞིར་བཟུང་སྟེ་སྨྲས་པ་ཡིན།
དེ་ལས་གཞན་ཞིག་ནི་བོད་ནས་ཡིན་ན་རེད། བཙན་བྱོལ་ནས་ཡིན་ན་རེད། སྐྱ་སེར་ལ་མ་ལྟོས་པར་མགོ་ཡོད་ཀྱང་ཀླད་པ་མེད་མཁན་དང་། སྙིང་ཡོད་ཀྱང་རྣམ་ཤེས་མེད་པའི་མགོ་སྟོང་མདོ་མེད་འགའ་ཞིག་གིས་ཆོས་ཞེས་པ་དེ་རྩ་མེད་དུ་གཏོང་དགོས་ཀྱིན་འདུག་ཅེས་རང་གི་མ་འཇོན་པ་རྒྱུ་མཚན་དུ་བྱས་ཏེ་བཤད་མཁན་དང་། ཉན་མཁན་མང་པོ་ཞིག་མཐོང་སོང་། ངོ་མ་ང་དེ་ཚོ་མཐོང་འོངས་དུས་ཤ་ཡང་ཚ་ལ་སྙིང་ཡང་རྗེ་ཡོང་གི་འདུག་ལ། ཞེ་ཡང་མེར་ལ་ཁོང་ནས་ཁྲོ་བ་དྲག་ཏུ་ཕྱུར་ཏེ་ཡིད་མི་བདེ་བའི་གནས་སུ་བསྐྱལ་བའང་གྲངས་མེད་ཡིན། དགེ་འདུན་པའི་སྡེ་གཉིས་གང་གི་ཁོངས་སུ་མ་གཏོགས་པའི་ཕུང་གསུམ་འདི་ཚོས་ཁ་ནས་མ་སྨྲས་ཀྱང་། དོན་ལག་ལེན་ལས་འབྲས་མེད་པར་འདོད་པ་དང་། ཆོས་ལ་དད་པ་དང་དག་སྣང་རྩ་བ་ནས་མེད་མཁན་ཚོའི་གྲས་རེད། དེ་ཕྱིར་ངས་ནང་པའི་བསྟན་དགྲ་ངོ་མ་ཕུང་གསུམ་པ་འདི་ཚོ་རེད་འདུག་ཅེས་གྲངས་མེད་ཞུས་ཚར་ཡིན་ཏེ། དོན་གྱི་ངོས་ལེན་ཐོབ་མཁན་མང་དུ་ཡོད་ཀྱང་དངོས་སུ་གདོང་ལ་མཆོང་མཁན་དཀོན་པོ་རེད། དེ་ཕྱིར་ད་ནས་བཟུང་བསྟན་པ་ལ་ཤ་ཚ་དང་། དད་ལྡན་ལ་སྙིང་རྗེ་ལྟ་མཁན་རེ་ཡོད་ན་ཕུང་གསུམ་པ་རྩ་མེད་དུ་གཏོང་བ་ལ་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་ཀྱིན་འདུག གལ་སྲིད་ད་དུང་ཕུང་གསུམ་པ་ཚོ་ལ་རང་དབང་སྟེར་བསྡད་ན་ནང་ཆོས་ཀྱི་བྲོ་བ་ཡལ་ངེས་རེད། བོད་པའི་ནང་ཆོས་ནི་བོད་པའི་སྲོག་དང་འབྲེལ་བ་ཡོད་པས། གཞོན་སྐྱེས་དག་གིས་ཀྱང་ནང་ཆོས་ལ་དགག་པ་དང་། ལོག་ལྟ་མི་བྱ་བར་ཆོས་ཉམས་སུ་བླངས་ཏེ་ཚན་རིག་སྦྱང་ན་སྦྱོངས། སྐད་ཡིག་སྦྱང་འདོད་ན་ཡང་རང་མོས་རེད། ཡིན་ན་ཡང་རང་གི་སྐད་ཡིག་དང་། རང་གི་ཆོས་དང་། རང་གི་རིག་གཞུང་དག་ལ་དགའ་ཞེན་དང་དུང་ཞེན་ནི་དུས་ནམ་ཡང་ཡོད་དགོས་པ་ཞིག་རེད། དེ་མེད་ན་ཁྱེད་ཉིད་མི་རིགས་དེའི་གྲལ་ན་ཡོད་བསམས་ཀྱང་རང་བཞིན་གྱིས་ཐོན་ངེས་པས། བདག་ཉིད་བདག་གི་མགོན་དུ་བཞེངས་ཏེ། རང་གི་མདུན་ལམ་རང་གིས་བཟོས་ལ། རང་གི་གཉའ་ཆག་མི་དགོས་པ་དེ་མི་རེ་ངོ་རེ་ནས་བྱ་དགོས་པ་དེ་རང་གི་ལས་འགན་དང་པོ་དེ་རེད།
དེང་སང་བོད་ལ་རྙོག་ཟིང་ཆེ་བའི་སྒང་རེད། དེ་ཡང་ཕར་བལྟ་བསྡད་དུས་འགྲན་བསྡུར་གྱི་ངོ་བོ་ཞིག་ལ་འགྲོ་བཞིན་ཡོད་ས་རེད་བསྙམ་པ་ཞིག་འདུག ཨམ་མདོ་ཡིས་བྱེད་ན་ང་ཚོ་ཁམས་པས་ལོས་བྱེད་བསམ་པ་དང་། ཁམས་པ་བྱས་ནས་དབུས་གཙང་གིས་ལོས་བྱེད་དྲན་བཞིན་རང་སྲོག་བློས་བཏང་གིས་གདོང་ལ་མཆོང་བཞིན་པ་རེད། རང་སྲོག་བློས་བཏང་ཟེར་བ་དེ་སེམས་ཤུགས་ཆེན་པོ་རེད། འདས་པའི་ཆར་ཡང་རྒྱ་གར་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རང་བཙན་སྲོག་བློས་བཏང་བྱེད་པ་ལ་བརྟེན་ནས་ལོན་པ་རེད། དེ་ཡང་འགྲོ་སྟངས་ཤིག་ལོས་ཡིན། མི་རིགས་སུ་ཡིན་ཡང་རང་དབང་ལ་འཐབ་རྩོད་བྱ་དགོས་པ་དང་། བྱེད་འོས་པ་ཞིག་རེད། ཡིན་ན་ཡང་བོད་ལ་མཚོན་ན་དེ་འདྲའི་ལས་སླ་པོ་ཞིག་གང་ན་ཡོད། ཁྱེད་རང་ཚོས་གཅིག་སོམ་དང་། གཅིག་ནས་འཛམ་བུ་གླིང་རྒྱལ་ཁབ་མང་པོས་སྐྱབས་གནས་སུ་འགྲོ་ལ་ཉེ་བའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་དང་། གཉིས་ནས་ཆབ་སྲིད་དང་དམག་ལ་བྱང་ཆ་བའི་མི་རིགས་ཤིག་དང་། གསུམ་ནས་རྡུལ་ཕྲན་གོ་མཚོན་འཛད་མེད་དུ་ལོངས་སྤྱོད་རྒྱུ་ཡོད་པའི་དམག་དཔུང་ཞིག་དང་། དེ་དག་ཀྱང་རི་བོ་ཧི་མ་ལའི་མགུལ་ནས་འཁྱུད་ཅིང་། འོག་ཏུ་སྦས། བོད་ཀྱི་མཐའ་འཁོར་གྱི་རི་ཆེ་ཆུང་མང་པོའི་ནང་དུ་གོ་མཚོན་དང་དམག་སྦས་འཇུག་བྱེད་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ད་དེ་དག་གི་ལག་ནས་རང་དབང་ཞིག་ལེན་འདོད་པའི་མི་ནི་ལྐུགས་པའི་ཨུ་ཚུགས་རང་རེད།
དབུ་མའི་ལམ་དེས་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་འབྱུང་འགྱུར་གྱི་རང་དབང་དང་། བདག་དབང་ལ་ནག་ཐིག་ཆེན་པོ་ཞིག་བཟོས་ཚར་བ་རེད་དེ། ང་ཚོ་དེའི་ལམ་ཁ་དེར་མ་འགྲོ་རང་འགྲོ་རེད། ད་ལྟ་གོང་ས་མཆོག་བཞུགས་བཞིན་པ་རེད། དབུ་མའི་ལམ་སྲོལ་བཏོད་མཁན་ཁོ་རང་རེད། དེ་མཇུག་སྐྱོང་མཁན་ཡང་ཁོང་དང་། ཁོང་འདྲ་པོ་ཞིག་ལས་གཞན་པ་ཚོས་བསྐྱང་ཐུབ་པ་ཁག་པོ་རེད། དེ་ཕྱིར་རྒྱ་ནག་ཕྱོགས་ནས་ཀྱང་གོང་ས་མཆོག་གི་གསུང་ལ་ཉན་ན་རང་གཞན་གཉིས་ཀར་ཕན་པའི་ཐབས་མཁས་ཤིག་ལོས་ཡིན། རྒྱ་ནག་ལ་མཚོན་ན་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཆེ་ཤོས་ཤིག་རེད། བོད་ལ་མཚོན་ན་སྔོན་ཆོས་རྒྱལ་དེ་ཚོའི་སྐུ་དུས་ནས་ནང་པའི་རྒྱལ་ཁབ་ཆགས་པ་རེད་ལ། རྒྱ་བོད་གཉིས་འབྲེལ་ལམ་ཆེན་པོ་རེད། དེ་ཕྱིར་གོང་ས་མཆོག་ལྟ་བུ་ཞིག་བོད་དང་རྒྱ་ནག་ལ་གདན་འདྲེན་ཞུས། རྒྱ་བོད་གཉིས་ཀའི་མི་སེར་ལ་བཀའ་སློབ་ཟབ་རྒྱས་ཤིག་གནང་བཅུགས་ན་རང་བཞིན་ཤུགས་ཀྱིས་རྒྱལ་ནང་བདེ་འཇག་ཅིག་བསླེབ་པ་ལ་ངས་སེམས་ཐག་བཅད་ནས་སྨྲ་བཏུབ། བོད་པ་ཚོས་ཀྱང་གོང་ས་མཆོག་གི་གསུང་ལ་ཉན་ངེས་དང་། རྒྱ་ནག་མི་སེར་ལ་མཚོན་ན་ཡང་གོང་ས་མཆོག་ལ་དད་པ་ཆེན་པོ་རེད།
གལ་སྲིད་གོང་ས་མཆོག་མ་བཞུགས་ན་དབུ་མའི་ལམ་དེ་སུ་ཡིས་མཇུག་སྐྱོང་ཐུབ་ས་རེད་ཅེས་པའི་དྲི་བ་དེ་ཡང་བསླེབ་པ་རེད། དེ་ནི་ངས་གོང་དུ་ཞུས་པ་ཀརྨ་པ་ལས་གཞན་སུ་གཅིག་གིས་ཀྱང་ཁག་པོ་རེད། གང་ཡིན་ཟེར་ན་ཀརྨ་པ་རང་ངོས་ཆ་རྐྱེན་དེ་དག་ཚང་བ་སྨོས་མེད་ཐོག ཆོས་བརྒྱུད་ཕལ་ཆེ་བས་ཁེ་ལེན་ངེས་རེད། དེ་ཕྱིར་བློ་བཟང་སེང་གེ་ཆབ་སྲིད་ལ་མཁས་ན་ཀརྨ་པ་བདག་པོ་རྒྱོབས་ཤིག ཟམ་གདོང་བླ་མ་ཆོས་ལ་མཁས་ན་ཀརྨ་པ་བདག་པོ་རྒྱོབས་ཤིག ན་ནིང་ད་ལོའི་ཀརྨ་པའི་དོན་རྐྱེན་དེ་ལ་ལས་ཟེར་ན་ཇག་སྣ་ནང་ལ་ཟུག་འདུག་ཟེར། ལ་ལས་ཟེར་ན་ཇག་སྣ་ཕྱི་ལ་ཟུག་འདུག་ཟེར། གང་ལྟར་ཡང་ངས་བལྟས་ན་ཕྱི་ནང་གཉིས་ཀ་ལ་ཟུག་ཡོད་པར་སེམས། རང་མི་རང་གིས་བདག་པོ་མ་རྒྱག་ན་རྗེས་སུ་འགྱོད་དུས་ཕྱི་སྲིད་པ་རེད་ལ། རང་འགོ་རང་གིས་མ་བསྐྱབས་ན་རྗེས་སུ་མགོན་མེད་ལུས་དུས་ཁག་པོ་རེད། དེ་སང་གཞོན་སྐྱེས་བསམ་མེད་འགའ་ཞིག་གི་སེམས་ལ་བླ་མ་གྲྭ་བ་ཟེར་བ་དེ་ང་ཚོ་བོད་ལ་དགོས་མཁོ་མི་འདུག་ཟེར་མཁན་མང་པོ་རེད། ཡིན་ན་ཡང་དེ་ནི་རང་གི་ལྟོ་དགང་བ་དང་། སྐྱག་པ་གཏོང་རྒྱུ་གཉིས་ལས་བསམ་བློ་གཞན་མེད་པ་ཞིག་གི་བསམ་བློ་དང་། མིའི་ལུས་ལ་དུད་འགྲོའི་འདུ་ཤེས་ཅན་ཞིག་གི་འཛིན་སྟངས་ལས་གཞན་གང་ཡོད།
ལོ་ངོ་བཞིའི་ཡར་སྔོན་གྱི་བོད་མིས་ཞི་རྒོལ་ཆེན་མོ་དང་། ད་ལོའི་རང་སྲོག་བློས་བྱེད་མཁན་ཚོར་ཕྱོགས་གཅིག་ནས་ཡིད་སྨོན་བྱེད་བཞིན་ཡོད། གང་ཡིན་ཞེ་ན་སེམས་ཤུགས་ཆེན་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ཕུགས་རྒྱང་རིང་བའི་བསམ་བློ་མེད་པའི་འདུ་ཤེས་ཙམ་པོ་ཞིག་དང་། རང་གི་མདུན་དུ་ལང་ཡོད་པའི་ཁ་གཏད་དེའི་འཇོན་ཐང་དང་། ནུས་པ་ལ་ཚོད་དཔག་རྩ་བ་ནས་མེད་པར་གླེན་ལས་བྱེད་པ་ཤ་སྟག་ཏུ་འཁུམས། གལ་སྲིད་ད་དུང་བོད་མི་ཚོ་ཡར་ལང་ན་རྒྱ་ནག་གཞུང་གིས་དུས་ནམ་ཡང་ཕྱིར་ནུར་བྱེད་མི་སྲིད་པ་དང་། བོད་མི་ལང་། རྒྱ་ནག་གཞུང་གིས་དེ་དག་བསད་གང་ཐུབ་བྱེད་ན་ལས་མཐའ་གང་ལ་ཐུག་སོང་། སྐབས་དེ་དུས་ནུབ་ཕྱོགས་རྒྱལ་ཁབ་ག་གེ་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དང་། ཨ་རི་ཟེར་བ་དང་། ཡོའུ་རོབ་ཟེར་བ་ནས་དམག་དང་མཚོན་ཆ་མཉམ་འབྲེལ། ཆབ་སྲིད་དང་དཔལ་འབྱོར་མཉམ་འབྲེལ་ཐོག་ནས་ཧི་མ་ལ་ཡི་མགུལ་དུ་བསླེབ་འོང་ན་རྒྱ་ནག་གཞུང་གི་ཁས་ལེན་རྒྱུ་རེད་པས། དེ་དུས་བོད་མི་ཡོངས་རྫོགས་རྩ་བརླགས་འགྲོ་སྲིད་པ་རེད་ལ། བོད་ཀྱི་རང་བྱུང་གི་ཁོར་ཡུག་གཏོར་བརླགས་ཀྱིས་ལོ་ངོ་སྟོང་ཕྲག་ནས་ཁྲི་ཕྲག་བརྒལ་ན་ཡང་འགྲོ་བ་མིའི་རིགས་ཕར་ཞོགས། རྩི་ཤིང་ནགས་ཚལ་དག་སྐྱེ་བ་ལ་ཡང་ཁག་པོ་ཆགས་ངེས་རེད། ཁྱེད་ཚོས་རྡུལ་ཕྲན་གྱི་ཉིང་དུག་དེ་མཁའ་དབུགས་དང་འགྲོགས། གཙང་ཆབ་དང་འགྲོགས། རྩི་ཤིང་དང་འགྲོགས་ཏེ་སྲོག་ཆགས་ཀྱི་ལྟོ་བར་སོང་ན་དེའི་ལུས་པོ་དུག་ཏུ་གྱུར་བར་མ་ཟད། དེ་དག་གི་སྐྱེས་རྒྱུན་ཡོངས་རྫོགས་དུག་ཅན་དུ་བསྒྱུར་བའི་ལོ་རྒྱུས་གཟིགས་མྱོང་ངམ།
ད་ནས་བཟུང་ཚང་མས་བསམ་ཤེས་ཀྱིས་བོད་གཞིས་བྱེས་གཉིས་སུ་ངོ་རྒོལ་བྱ་རྒྱུ་དེ་ཉུང་དུ་གཏོང་ན་ལེགས་པར་སེམས། གཞོན་ནུ་ཚོགས་པས་བཤད་པའི་ལྟ་གྲུབ་དང་། ལང་ཕྱོགས་སོགས་ཀྱང་ལོ་རྒྱུས་བདེན་དཔུང་བྱེད་བཞིན་པ་རེད། དབུ་མའི་ལམ་པ་དག་གིས་ད་ལྟ་དངོས་ཡོད་ཀྱི་གནས་སྟངས་ལ་གཞིག་ནས་ལག་ལེན་བསྟར་བཞིན་པ་རེད། དེ་གཉིས་ལ་རྒྱུ་མཚན་རེ་དང་། ཁུངས་ལུང་རེ་ཡོད་པས་གཅིག་བདེན་གཅིག་རྫུན་ཞེས་བཤད་པའི་སྤོབས་པ་ང་ལ་མེད་ཀྱང་། ད་ལྟ་ང་ཚོས་རྒྱ་བོད་གཉིས་ཀར་ཕན་པའི་ལས་འགུལ་ཞིག་གི་ཐོག་འགྲོ་བསྐྱོད་བྱ་ཐུབ་པ་ཡིན་ན་ལེགས་པར་སེམས། དེ་མིན་རང་ལ་མེད་མི་ལ་མེད་པ་ཞིག་ཆགས་སོང་ན་དགོས་འབྲས་ཀྱི་སྟོང་པ་མ་ཡིན་ནམ། ཞུ་དག་གྲུབ་མེད།
སྤྱི་ལོ་༢༠༡༢་ཟླ་༠༡་༢༩་ལ་བལ་ཡུལ་རྒྱལ་ས་ནས་ཨོ་རྒྱན་ཉི་མས་སོ། །
སོག སྨོན་ལམ་ལགས་ཀྱིས།
རང་ལུས་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་ནན་ཏན་ཞུ་དགོས། གསུངས་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། ཆེད་རྩོམ་ལ་ཐུགས་རྗེ་ཆེ་ཞེ་ཞུའོ། །
སངས་རྒྱས་གྲངས་མེ་ད་ཐམས་ཅད་དང་། །
ཁྱད་པར་སྨྲ་བ་ཟླ་མེད་ཤཀ་ཐུབ་སོགས། །
༸གོང་ས་མཆོག་ལ་གུས་བཏུད་ནས།
རྒྱ་བོད་རྟེན་་འབྱུང་ཚིགས་བརྒྱད་འབྲི། །
གང་གང་རྒྱ་ནག་ཡོད་པས་ན། །
དེ་དེར་བོད་ཡང་ཡོད་གྱུར་ལ། །
གང་གང་དགྲ་ལ་གནོད་འགྱུར་པ། །
དེ་དེར་རང་ལའང་གནོད་པར་འགྱུར། །
དེ་ཕྱིར་རང་སྲོག་མ་གཏོང་ལ། །
གཞན་སྲོག་བཅད་ནའང་ག་ལ་སྒྲིག །
དེ་ཕྱིེར་དབུས་ལམ་བདམས་ནས་བཟུང་། །
རྒྱ་བོད་གཉིས་སྨན་ལས་ལ་འབུངས། །
རྡ་རམ་ས་ལ་ནས། ༧གོང་ས་མཆོག་དང་། ཡང་ན་བཀའ་ཤག་གིས་གལ་སྲིད་བོད་ནང་དུ་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་ཞིག་བཏོན་བ་ཡིན་ན། ད་ལྟའི་བར་དུ་བོད་རྒྱ་ཆེའི་མི་མང་གི་ཆོས་དང་རིག་གཞུང་ཆེད་དུ་གཅེས་སྲོག་འཕངས་མེད་དུ་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་དང་། ད་ལྟ་མནར་གཅོད་འོག་མྱོང་བཞིན་པའི་ང་ཚོའི་ཕུ་ནུ་ཚོའི་མཛད་སྟངས་ནོར་སོང་བ་མ་རེད་བས། ལས་འགུལ་མཚམས་འཇོག་དགོས་པའི་སྐོར་ཁོང་ཚོའི་ཤུལ་དུ་ལུས་པའི་ཕ་མ་གཉེན་ཉེ་དག་གིས་ཐོས་ནའང་། སྐབས་དེ་དུས་ཇི་འདྲའི་ཆགས་རྒྱུ་ཡིན་མིན་སོགས་ལ་ཐུགས་བསམ་སྔོན་བཞེས་དགོས་པ་ཞིག་རེད་མ་གཏོགས་བསམ་ཚད་གནང་རྐྱང་བྱས་ན་ཉེན་ཁ་ཡོང་སྲིད་པ་ཞིག་རེད་ད།
རང་ལུས་མེ་སྲེག་གི་ལས་འགུལ་འདི་འཚེ་བ་ཡིན་པར་སྨྲ་མི་སྤོབས་ལ། དཔེར་ན་མི་ཞིག་ལ་གདམ་ཀ་གཅིག་རང་ལས་མེད་པ་དེ་ཡང་མ་བྱེད་ཟེར་ཡང་ཕོད་དམ། ལར་ནས་གཞུང་ངོས་འབོད་སྐུལ་གང་མང་ཞུས་ཟིན་པ་ཡང་མི་བརྗེད་པར་བྱེད་པ་འམ་གོ་རྟོགས་ཡོད་པར་བྱའོ།
རྣ་བ་ཐང་པོ་ཡོད་པ་ཡོངས་དང་། ལྷག་པར་བོད་མིས་ཆོས་ཕྱོགས་དང་། བོད་རྒྱུད་ནང་བསྟན་སྙིང་པོ་མ་རྟོགས་པ་ཡོངས་ལ་ཞུ་རྒྱུར། རང་ལུས་མེ་སྲེག་གིས་ཞི་བའི་ངོ་རྒོལ་འདི། རང་ལས་གཞན་གཅེས་ཀྱི་བརྩེ་བ་དང་། དཀྱིལ་ཤར་ཡུལ་གྲུས་འཁྲུགས་རྩོད་ཀྱིས་འཕོང་མེད་སྟོང་ཚོ་མང་པོའི་ཚེ་སྲོག་གཏོང་བ་ལས་ཀྱང་རྒྱལ་སྤྱི་ཤེས་ལྡན་མི་སྣར་བོད་ནང་གི་གནས་ཚུལ་གསལ་རྗེན་ཆེས་་སྟོན་ནུས་པའི་མཁྱེན་རྩལ་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན། དཀྱིལ་ཤར་ཡུལ་གྲུ་ནང་བཞིན་གྱི་དྲག་པོའི་དཔུང་དང་། སྟོབ་ཆེན་འཕོང་མེད་ཀྱི་མཚོན་ནི་ང་ཅག་ལ་མེད་ལ། གྲི་མཚོན་ཁར་ཕན་ཚུན་ཤི་རྨས་ཇི་ལྟར་རུང་འཚེ་བའི་ལས་མ་གཏོགས་འགྲོ་ས་མེད་པས་བོད་ཀྱི་རྩ་བའི་ལང་ཕྱོགས་དང་དམ་བཅའ་དང་རྦད་དེ་འགལ་ནས་སྡད་ཡོད། རང་ལུས་མེ་སྲེག་གི་ལས་འགུལ་འདི་ནི། འཚེ་བའི་ལས་སུ་ངོས་འཛིན་ཞུ་མཁན་ཡོངས་རྫོགས་ཀྱིས་བོད་རྒྱུད་ནང་བསྟན་གྱི་སྙིང་པོར་གོ་རྟོགས་ཅུང་ཟད་མེད་པའི་དན་རྟགས་ཕར་བལྟས་ཚུར་གསལ་རེད། དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཀྱི་ཆེད་དུ་བཙོན་ཁང་དུ་རང་སྲོག་བཏང་བ་དེ་འཚེ་བའི་ལས་རེད་དམ། རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོར་བཀྲེས་པས་འཆི་ཉེར་སྐུ་ལུས་སྦྱིན་པ་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཧ་གྷན་དེས་ཤེས་བཞིན་ཧིན་དྷུ་དང་ཁ་ཆེ་བར་གྱི་འཐབ་རྩོད་འདུམ་སླད་རང་སྲོག་་བློས་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཐང་ལུའུ་ཐ་ཁན་གྱིས་རང་ཉིད་སྔ་ཕྱི་མེད་པར་གསོད་པ་ཤེས་བཞིན་རང་སྲོག་མི་ནག་ལ་མི་དཀར་དང་འདྲ་མཉམ་གྱི་ཐོབ་ཐང་ཐོབ་ཆེད་བཏང་བ་དེ་འཚེ་བའི་ལས་རེད་དམ། སེམས་ཅན་སུ་ཡིན་ནའང་འཇིག་རྟེན་འདིའི་ཐོག་གཅེས་ཤོས་དེ་སྲོག་རེད། དེ་ཡང་གཞན་བྱེ་བ་མང་པོའི་བདེ་སྡུག་གི་ཆེད་ཐབ་ཟད་འུ་ཐུག་གིས་གཏོང་གནང་བ་འདི་འདྲ་ལ། བྱང་ཆུབ་སེམས་དཔའི་བྱ་དཀའ་བའི་སྤྱོད་པ་ཟེར་ངོས་འཛིན་མ་བྱས་ན། བྱང་ཆུབ་སེམས་དཔའ་ཞེས་པའི་འགྲེལ་བ་སུས་ཀྱང་མི་ཤེས།
སྤྱིར་དགེ་བ་དང་སྡིག་པ། ལྷག་པར་འཚེ་བ་དང་། འཚེ་བ་མེད་པ་ཡོངས་སུ་རྫོགས་པ་དེ་གང་ཟག་སོ་སོའི་ཀུན་སློང་ལ་རག་ལས་པས་ཁོང་ཅག་གི་ཀུན་སློང་ཇི་བཞིན་མངོན་སུམ་དུ་གཞན་སེམས་མཁྱེན་པའི་མངོན་ཤེས་ཅན་མ་གཏོགས་རྟོགས་མི་ནུས་ཀྱང་། རིག་པ་སྨྲ་བ། བོད་རྒྱུད་ནང་བསྟན་ལས་བྱུང་བའི་རིགས་པའི་གཞུང་ལུགས་བེད་སྤྱད་བྱས་ཏེ་དཔྱད་ན། རང་ལུས་སྲེག་ནས་ངོ་རྒོལ་བྱེད་པ་འདི་འཚེ་བའི་ལས་མིན་པ་ཞུ་ཐུབ།
རང་ཉལ་ས་དྲོན་པོར་ལྟོ་བ་འབྲངས་བའི་ཐབས་ཙ་ཤེས་ནས་མི་ཚེ་སྐྱེལ་མཁན་ཞིག་གིས་གཞན་ལ་ལུས་སྲེག་གྱི་ལས་འགུལ་སྤེལ་དགོས་རེད་ཟེར་ཞུ་སྤོབས་དང་ཞུ་འོས་ལར་ནས་མེད་ཀྱང། ཁྱེད་རྣམས་ཀྱི་མཛད་སྤྱོད་འདི་ནི་འཛམ་གླིང་སྐྱེ་བོའི་ཁྲོད་དུ་དེ་སྔོན་གོ་མྱོང་ཙམ་ཡང་མེད་པའི་དཔའ་བོ་རྣམ་དཔྱོད་དང་ལྡན་པ། དོན་སྙིང་དང་ལྡན་པ། བོད་དོན་ལ་རྒྱ་རྒན་དབུ་ཁྲིད་མགོ་ཁྲེགས་པོ་དེ་རྣམས་ལ་བསམ་གནོ་ཡང་བསྐྱར་འདོན་དགོས་པ་ཞིག་བཟོས་སོང་། སྒྲོན་མེ་རྐང་གཅིག་གིས་འཛམ་གླིང་ལ་གོ་རྒྱུ་ཡོད་པ་བྱས་སོང་། སྨད་ནས་སྟོད་ལ་འཆེད་དེ། མཆོད་མེ་རྐང་བརྒྱ་བྱུང་ན་འཛམ་གླིང་གསལ་པའི་རེ་བ་ཆེན་པོ་འདུག གང་ལྟར་བོད་ཀྱི་ལོ་རྒྱུས་ལ་བྱུང་མྱོང་མེད་པའི་དཔའ་བོ། བྱང་ཆུབ་སེམས་དཔའ་ཟེར་སྙིང་ནས་འབོད་ཉན་འདོད་སོང།
ག་དུས་ལས་འགུལ་མཚམས་ཆད་ན་དེ་དུས་བོད་པ་ཕམ་པ་རེད། དེ་སྔོན་གྱི་ལས་འགུལ་ཡོད་ཚད་འཕྲོག་བརླགས་རེད། དེ་འཕྲོ་བརླགས་བཏང་མིན་ནི་བོད་མི་ཚོ་རེག་ལས་བ་ལས་རྒྱ་ནག་ལ་རེག་ལས་མེད།
ག་དུས་ལས་འགུལ་མཚམས་ཆད་ན་དེ་དུས་ཏོག་ཙམ་སློད་ཡང་ཡོང་བ་དངོས་གསལ་རེད། ག་དུས་ལས་འགུལ་ཡོད་ན་དེ་སར་དམ་སྒྲགས་ཡོད་པ་མཁྱེན་གསར་རེད། ཡིན་ན་གལ་སྲིད་ལས་འགུལ་མེད་ན་་ཕྱི་ལོག་བོད་མི་ག་ཤས་ལ་གྱོང་གུན་ཏོག་ཙམ་ཕོག་མིན་འགྲོ།
རང་ལུས་མེ་བསྲེག་གི་ལས་འགུལ་འདི་དངོས་ནས་མཚམས་འཇོག་དགོས་ཀྱི་ཡོད་ལ། བོད་མི་དག་གིས་ཆོས་དང་སྲིད་གཉིས་མ་བསྲེས་པར་བོད་མི་རིགས་ཀྱི་གནད་དོན་རྩོད་ཐུབ་པ་ཡིན་ན། དངོས་ནས་ཆོས་དང་སྲིད་གཉིས་ཀ་ལ་གྲུབ་འབྲས་ཏན་ཏན་ཞིག་ཐོན་ངེས་རེད་སྙམ། དེ་མིན། སྲིད་བློན་ཟེར་ནས་ལོག་སུ་དགོས་པ་ཞིག་མི་འདུག་སྙམ།
http://www.youtube.com/watch?v=WLzky5nwgAE&feature=related
བོད་ནང་གི་བོད་མི་དག་གི་བྱེད་བཞིན་པའི་སྙིང་སྟོབས་དང་། སྤེལ་བཞིན་པའི་ལས་འགུལ་འདི་དག་ལ་དངོས་ནས་བྱེས་ཀྱི་བོད་མི་དག་གིས་བསམ་བློ་ཞིབ་མོ་གཏོང་རན་རེད་འདུག
རང་ལུས་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་འདི་རྒྱ་གཞུང་ལ་སྤྲོད་དགོས་པ་ཞིག་རེད། རྒྱ་གཞུང་གིས་དྲག་གནོན་འོག་ནས་བོད་མི་རྣགས་ཀྱིས་འུ་ཐུག་ཐབ་ཟད་ཀྱི་རང་ལུས་མེར་སྲེགས་ཀྱི་ཡོད་པ་ཤེས་གསལ་རེད། བོད་ནང་ལ་གནས་ཚུལ་གང་བྱུང་བ་དེ་དག་ཕྱི་ལ་ཡོད་པའི་བོད་ཚོས་འཛམ་གླིང་མི་མངས་ཀྱིས་ཤེས་པར་བྱེད་དགོས། ཕྱི་ལ་ཡོད་པའི་བོད་པ་ཚོས་བོད་ནང་གི་བོད་པ་ཚོ་ལ་འདི་བྱོས་འདི་མ་བྱེད་ཟེར་ན། འདི་ནི་དེ་སྔོན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་བྱས་རྗེས་སྣང་མེད་བྱས་པ་དང་ཁྱད་མེད་དོ།
མཚེ་མེད་ཞི་བའི་ལས་འགུལ་རང་ལུས་མེ་བསྲེག་གཏོང་བ་དེ་བོད་གཞི་ལུས་རྒྱ་ཆེན་མི་མང་ཨུ་ཐུག་ཐབས་ཟད་ཡིན་པ་ལས་རང་སྲོག་མི་གཅེས་བ་ག་ལ་ཡིན། ད་དུང་འདི་ནས་བླ་སྤྲུལ་མིང་འཛོན་པ་ཐེབས་ཆག་ཁ་ཤས་ཞིག་གིས་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་སྲོགས་བློས་གཏོང་ནས་སྐུ་ལུས་མེ་རུ་བསྒྲོན་པ་དེ་ཆུད་ཟོས་ཡིན་ཚུལ་དང་ མཚམས་འཇོགས་དགོས་ཚུལ་བཤད་མཁན་དག་གི་ བསམ་བློ་བཏང་དགོས་གི་འདུ ཁོང་རྣམས་པའི་གཅེས་པའི་ལུས་སྲོག་དེ་བོད་རྒྱལ་ཁབ་དང་མི་རིགས་ཆོས་དང་རིགས་གཞུང་གི་ཆེད་དུ་ཕུལ་བ་དེ་ཆུད་ཟོས་རེད་ཟེར་ན་ དོན་དངོས་ཐོག་ཁྱེད་རང་ཚོས་རང་དབང་དང་རང་བཙན་བརྩོད་ལེན་མ་བྱེད་ཟེར་བ་དང་གཅིག་པ་མ་རེད་དམ་ བོད་པའི་འཐབ་རྩོད་དེ་སྲོག་གཏང་ཐུབ་མཁན་གི་སྲོག་དང་ ཟས་བཅད་ངོ་རྒོལ་འདུག་ཐུབ་མཁན་གི་ཟས་བཅད་དང་ དེ་བཞིན་དུ་སྐད་འབོད་དང་ མར་མེད་ཁྲོམ་སྐོར་དང་ གསར་འགྱུར་བརྒྱུད་བསྒྲགས་སོགས་ རང་རང་གི་བློས་ཐུབ་ཚོད་གི་ལས་ཀ་ཞིག་ཡིན་པ་ལས་ ཁྱེད་རང་གི་སྲོག་བློས་གཏང་ན་ཆེ་དྲག་ཡོད་འདོག་ དེ་མི་འོས་ཚུལ་དང་ ལས་འགུལ་ཆུང་ཆུང་ཞིག་སྤེལ་ན་འོས་་ཡོད་འདོག་འདོག་དེ་དོན་དངོས་ཐོག་སུ་ལ་རྒྱབ་སྐྱོར་རེད་ རང་ཉིད་གི་ཁ་ཟས་ཐུན་གཅིག་ཡང་བློས་གཏོང་མི་ཐུབ་ནས་ད་དུང་ཁྱེད་རྣམས་པའི་འཐབ་བརྩོད་མ་བྱེད་འདོག་འདོག་བཤད་ན་གནས་ལུགས་འདུག་གམ་ ཡང་མིན་ན་ཁྱེད་རྣམས་པའི་དེ་འདྲ་མ་བྱེད་དང་ ང་ལ་འདི་ལྟ་བུའི་ལམ་ཁ་ཞིག་ཡོད་ཟེར་ནས་ལམ་སྟོན་བྱེད་ནས་མགོ་ཁྲིད་དང་་ཁོང་རྣམས་པ་ཁྱེད་ཀྱི་རྗེས་སུ་ཤར་བསྐྱོད་བྱེད་པ་གསལ་པོ་རེད་ དེ་མིན་ན་ང་འདི་ནས་སྐང་རྐྱང་ལག་རྐྱང་བྱེད་ལྷད་ལྷད་བྱེད་ནས་སྡད་གི་ཡིན་ཁྱེད་རྣམས་པའི་ཡང་དེ་འདྲ་མ་བྱེད་གསུང་ན་རྒྱུ་མཚན་འདུག་གམ།
རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་ནང་གི་རྒྱ་ཆེའི་མི་མང་རེད། ང་ཚོ་བོད་ཕྱི་ལོགས་ཀྱི་མི་ཚོས་བོད་ནང་ལ་ཁ་འཁོར་ནས་བོད་ནང་གི་མི་མང་ཚོར་མེར་བསྲེགས་དགོས་ཟེར་བའི་ཐོབ་ཐང་ཡོད་པ་མ་རེད་ལ་མེར་མ་བསྲེག་ཟེར་བའི་ཐོབ་ཐང་ཡང་ཡོད་པ་མ་རེད། བླ་སྤྲུལ་ཆེ་ཆེ་གཉན་གཉན་ཁ་ཤས་རེས་ཀྱང་ཁ་སྡོད་མི་ཐུབ་པར་རང་ལུས་མེར་བསྲེག་མི་རུང་ཟེར་བའི་སྐད་ཆ་དེ་འདྲ་བཤད་ཁུལ་བྱས་པ་དེ་ངོ་ཚ་དགོས་པ་རང་རེད། རང་རང་གིས་མི་ནུས་པ་དེ་གཞན་གྱིས་ཀྱང་བྱེད་མི་རུང་ཟེར་བའི་སྐད་ཆ་དེ་ཚོ་ཁྱད་མཚར་རེད།
གང་དུ་དྲང་བདེན་མེད་ན་གནས་དེ་རུ་ངོ་རྒོལ་ཡོད་ལ། གང་དུ་ངོ་རྒོལ་ཡོད་ན་དེ་རུ་དམ་དྲག་ཡོད། གང་དུ་དམ་དྲག་ཡོད་ན་དེ་རུ་རང་དབང་མེད་པས་རང་དབང་མེད་པའི་སྤྱི་ཚོགས་ཤིག་རྒྱུན་གནས་བྱེད་མི་སྲིད། རྒྱུ་མཚན་ནི་རང་དབང་མེད་པའི་སྤྱི་ཚོགས་ནི་མི་མང་གི་དག་དགྲ་ཟླ་ཁོར་ཡུག་ཁྲོད་གཅིག་གྱུར་ཡོང་མི་སྲིད་ལ། གཅིག་གྱུར་མེས་པའི་སྲིད་གཞུང་དང་ཚོགས་སྡེ་གང་ཞིག་ཡིན་ཡང་སྔ་ཕྱི་ཙམ་མ་གཏོགས་འཇིག་ངེས་རེད། ད་ལྟ་རྒྱ་ནག་གི་དམ་དྲག་བྱེད་པའང་འུ་ཐུག་གི་བྱ་སྤྱོད་ཅིག་ཡིན་ཅིང་། བྱ་སྤྱོད་དེ་རྒྱ་ནག་གི་དེ་ཉིད་སྟོན་བཞིན་ཡོད་པས། དེ་ཉིད་དེ་མི་མང་གིས་ངོན་ཟིན་ནས་འགྱུར་བ་མ་ཕྱིན་བར་སྒོ་རྡུང་བཏང་ངེས་རེད།
ལགས། ལགས་སོ། ཟེར་རྒྱུ་ལས་ལྷག་མ་སོང་ལགས། དགེའོ། དགེའོོ། དགེའོོོ། །
སྨོན་ལམ་གྱི་མྱུ་གུའི་ཁ་ཕྱོགས་འདི་རྩོད་བཞིན་དོན་ལ་སྒྱུར་ན་འོས་དེ་མིན་གྲ་བོ་ཕར་རོལ་ན་བཞག་ནས་བཙན་བྱོལ་གཞུང་མེད་ལུག་དང་མ་དྲངས་ཁོ་ན་བརྗོད་ན་དོན་དངོས་ཀྱི་འབྲས་བུ་ཞིག་ཨེ་ཡོད། ངའི་མཐོང་བ་ལ་འཛམ་གླིང་གསར་འགྱུར་ཆེ་ཁག་ནང་བཀའ་འཁྲི་མཆོག་གི་ལན་འདེབས་ཁ་གསལ་མ་ཉུང་བ་ཞིག་གནང་བ་མཐོང་ཐོས་བྱུང།
རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་བོད་ནང་གི་གཞིས་ལུས་མི་དམངས་ཚོ་རྒྱ་དམར་གྱིས་མནར་གཅོད་ལ་མི་བཟོད་པར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་རེད། དེ་ཕྱི་ལོགས་ནས་འགྲིག་དང་མ་འགྲིག་ཟེར་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད། རྒྱུ་མཚན་ཁོང་རྣམས་ཀྱི་མངོན་འདོད་དེ་ཕྱི་ལོགས་ནས་བསྒྲུབ་ཐུབ་ཀྱི་མེད་པའི་ཕྱིར།
རེད་རེད། ཁྱེད་ཀྱི་བསམ་ཚུལ་ཡིན་ན་བཀའ་བློན་ཁྲི་བས་རང་ལུས་མེ་བསྲེག་ནས་ངོ་རྒོལ་བྱེད་དགོས་ཀྱི་འདུག་ལབ་ཡིན་པས། ཡང་ན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གང་རུང་གིས་རང་ལུས་བསྲེག་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག་ལབ་ཡིན། དེ་མིན་བཀའ་ཤག་གི་སྐུ་ཚབ་གཅིག་དང་སྤྱི་འཐུས་ཀྱི་སྐུ་ཚབ་གཅིག་བཅས་མེ་བསྲེག་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག་ཟེར་བ་ཡིན་ནམ།
སྨོན་ལམ་ཁྱེད་བོད་ཀྱི་རྩ་དོན་སླད་རང་ཉིད་ཀྱི་ལུས་མེར་བསྲེག་མ་ཐུབ་མ་པ་དེ་བརྩན་བྱོལ་གཞུང་གིས་བཀག་སོང་ངམ། ཡང་ན་ཁྱེད་ཀྱི་བཤད་པ་ཀུན་སྨྱུག་མགོ་ནས་ཐོན་ཐུབ་རྩམ་ལས་དོན་ཐོག་སྟོང་བཤད་གཉིད་ལམ་འདྲ། ཡང་ན་ཁྱེད་བོད་ན་རྒྱ་མ་ཐུབ་རྒྱ་གར་ཡོང་རྒྱ་གར་ན་སྤྱི་ཚོག་འགྲོ་ལུག་གོམ་འདྲི་མ་སོང་བའི་རང་སེམས་སྡུག་ནས་རང་གཞུང་ལ་མ་འགྲིག་ངུ་སྐད་འབོད་བཞིན་ཡོད་དམ། འདས་པའི་མི་ལོ་ལྡ་བཅུ་ནང་བརྩན་བྱོལ་གཞུང་གིས་བྱེད་བྱས་དཔག་བ་དཀའ། ཨ་རོ་གྲ་དགའ་གཉན་སྡུག་པའི་རི་མོ་མ་བྲིས་ན་དགའ། ཐ་སྙད་གསུམ་ཤེས་པ་རྩམ་གྱི་བོད་དོན་གསལ་ཐུབ་པ་མ་རེད། བཤད་འདོད་ན་རྒྱ་གུང་ཁྲན་ཕྱོགས་ལ་བཤད།
གཞི་ལུས་བོད་མིས་བཙན་གནོན་གྱི་འོག་ཏུ་མྱོང་བཞིན་པའི་མནར་གཅོད་ཀྱི་འོག་ཏུ་གསོན་པ་ལས་འབར་བཞིན་པའི་མེ་ལྕེའི་འོག་འཆི་རྒྱུ་གདམས་པ་ལ་བྱེས་སྡོད་རང་དབང་ལུང་པའི་ཡུལ་དུ་མཆིས་པས་ཁོ་ཅག་གི་དཀའ་སྡུག་མྱོང་ཚོར་ལ་སྙིང་རྗེ་དང་སེམས་སྡུག་བྱེད་པའི་ཚབ་ཏུ། མེ་མཆོད་ལས་འགུལ་མཚམས་འཇོག་དགོས་ཟེར་བ་འདི་གང་ལྟར་རྒྱ་གཞུང་གིས་བཙན་བྱོལ་གཞུང་གིས་ངན་བསྐུལ་བྱས་པར་བརྒྱུད་བོད་ནང་ལ་དོན་རྐྱེན་འདི་དག་བྱུང་་བ་སྨྲ་བར་ཡིད་ཆེས་བྱས་ནས། མགོ་བཙན་བྱོལ་གཞུང་གི་བསྐུལ་བ་ལ་བརྟེན་ནས་བྱུང་བས་འཇུག་ཀྱང་བཙན་བྱོལ་གཞུང་གིས་འབོད་བསྐུལ་གྱིས་མཚམས་བཞག་དགོས་ཞེས་ཟེར་གྱི་ཡོད་རེད་།
ངས་བཙན་བྱོལ་གཞུང་འདི་ལ་བོད་ནང་ཁུལ་དུ་འདི་ལྟར་བྱོས་འདི་ལྟ་མ་བྱ་ཟེར་ནས་བསྐུལ་མ་བྱེད་ཐུབ་པའི་འཇོན་ཐང་དང་ནུས་པ་ཞིག་དེ་སྔོན་མཐོང་གི་མེད། བོད་ནང་ཁུལ་དུ་ག་འདྲ་བྱུང་དང་བྱུང་བཞིན་པ་རེད་འཛམ་གླ྄ིང་དུ་གསར་བསྒྲགས་བྱེད་ཐུབ་པའི་ཚོགས་པ་སྒྲིགས་འཛུགས་ཚད་ལྡན་ཞིག་གིས་ནུས་པ་ཅན་ཙམ་དུ་མཐོང་གི་ཡོད།
ང་ཚོའི་བོད་བརྒྱུད་ནང་བསྟན་ལ་ཞོག་པའི་དགའ་ཞེན་དང་དད་མོས་ཀྱི་སྙིང་སྟོབ་དེས། ང་ཚོར་གཞན་ལ་མེད་པའི་སྙིང་སྟོབས་ཤིག་འབར་བཞིན་ཡོད་ལ། ང་ཚོས་ཡང་དག་པའི་དབུ་ཁྲིད་རག་ཡོད། ང་ཚོས་ཡང་དག་པའི་དབུ་ཁྲིད་དེ་འཇིག་རྟེན་ལུགས་མཐུན་གྱི་འོས་ཤོག་ལས་འདེམས་པ་ཞིག་མིན་རུང་། ང་ཚོས་ཤ་རུས་རྐང་ལ་ཐུག་གི་བར་ཁྱབ་པའི་ཆོས་ལ་དགའ་དད་ཀྱིས་མ་གྲོས་བསམ་པ་གཅིག་མཚུངས་ཀྱིས་འདེམས་པ་ཞིག་རེད། དེ་ལྟ་བུའི་དབུ་ཁྲིད་དེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཅི་བྱེད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་གདེམས་པ་ཞིག་རེད། འདི་ལྟར་བྱ་བཞག་བྱེད་ཐུབ་པ་དེ་ང་ཚོའི་ཕ་མེད་ཀྱིས་བཞག་པའི་ང་ཚོ་ལ་ད་དུང་་འཚོ་གནས་ཐུབ་པའི་ཅ་དངོས་ངོ་མ་དེ་རེད། ང་འཚོ་འདིས་འཚོ་ཡོད་ལ། ང་ཚོ་འདིས་དྲག་བསྐྱེད་བྱེད་སྲིད། ང་འཚོ་འདིས་སྐྱོབས་ངེས།