གནས་ཚུལ་མཁོ་གཏོང་བཿ བསོད་ནམས།
དེ་རིང་གནས་ཚུལ་གསར་པ་ཐོན་པར་གཞིགས་ན། ཕྱི་ཟླ་དགུ་བའི་ཚེས་༢༩ཉིན་གྱི་དགོང་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀ་ཡས་མས་སུ་རང་ཤག་ཏུ་སྐུ་གྲོངས་པ་གྲྭ་འཇམ་དབྱངས་ལྡན་གྱི་ཆེད་དུ་ཁ་སང་སྤྱི་ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲོ་ཆུ་ཚོད་ལྔ་བའི་ཐོག་རེབ་གོང་རོང་བོ་དགོན་ཆེན་ནང་དུ་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་གཙོ་བྱས་ཏེ་སྐྱ་སེར་མང་ཚོགས་བརྒྱ་ཕྲག་མང་པོས་བསྔོ་སྨོན་གསུང་འདུག་དང་། དེ་རིང་ཕྱི་ཟླ་10. བའི་ཚེས་2ཉིན་གྱི་ཞོགས་པ་སྔ་བོ་བོད་ནང་གི་ཆུ་ཚོད་5: 00 am པའི་ཐོག་དགོན་པའི་རྒྱབ་རིའི་ངོས་ཀྱི་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་གདན་འདྲེན་ཞུས་ཏེ། རོང་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་པ་བཅས་ཀྱིས་སྐུ་ཕུང་ལ་ཁ་བཏགས་སྒྲོན་འབུལ་དང་སྨོན་ལམ་གསུང་བཞིན་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་ཆར་ཤུགས་ཆེན་པོར་བབས་ཡོད་ནའང་སྐྱ་སེར་མང་ཚོགས་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གྱི་རྣམ་པ་བསྟན་ཡོད་འདུག
འཇམ་དབྱངས་དཔལ་ལྡན་ལགས་ནི། རེབ་གོང་རྒྱལ་པོ་ལྡོང་ངེ་ནས་ཡིན་པ་དང་། ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ལ་བུ་བཞི་དང་བུ་མོ་གཉིས་ཡོད་པའི་བུ་བཞིའི་གྲས་ཀྱི་ཐ་ཆུང་དང་། རེབ་གོང་རོང་བོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་ཡིན།