ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་ཕྱི་ཚེས་ ༧ ཉིན་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཆོས་འཕེལ། རང་ལོ་ ༡༩ ཡིན་པ་ཁོང་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཀྱང༌། སྔར་བཞིན་འབྲེལ་ཡོད་ཚོས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་ཀྱང་ད་བར་སྤྲད་མེད་འདུག མཁའ་དབྱིངས་ཀྱི་ནང་མི་ལ་བཤད་པ་ལྟར་དགེ་འདུན་པ་ལྔ་ལས་མང་བ་དུས་གཅིག་ལ་གདན་འདྲེན་ཞུ་མི་ཆོག་པ་དང༌། རྔ་པ་མི་མང་སེམས་གསོ་བྱེད་པར་གཏོང་གི་མེད་པ་སོགས་སྔར་ལས་ལྷག་པའི་དམ་དྲགས་ཆེན་པོ་བྱེད་མུས་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་བོད་ཚེས་ ༡༥ ཡིན་སྟབས་རྔ་པ་སྟོད་སྨད་བར་གསུམ་གྱི་སྐྱ་སེར་ཕོ་མོ་རེས་མེད་ཀྱིས་འཆར་ཅན་གྱི་ལས་ཀ་ཡོངས་རྫོགས་མཚམས་འཇོག་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང་དཀའ་སྡུག་མནར་གཅོད་འོག་ཡོད་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་དུ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་དགོན་པ་ཁག་གི་ལ་བསྔོ་བསྟེན་འཇོག་པ་དང༌། མཆོད་མེ་སྒྲོན་པ། ཕྱག་སྐོར་སོགས་ཀྱི་ལས་ལ་ཞུགས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ལ།
ལྷ་སྐྱིད་འདི་རྒྱ་མིས་ཉོས་བཞག་པ་ཞིག་མིན་ནམ།
རྒྱ་མིས་ཉོས་པ་ཞིག་མ་རེད།་་རྒྱ་ནག་གསང་བའི་ལས་ཁུང་ནས་ཆར་གཞི་ལྡན་པའི་ངང་ནས་སྦྱོང་བརྡར་སྤྲད་ནས་བཏང་བ་ཞིག་རེད།
བསྟན་སྲིད་མི་རིགས་མདུན་ལམ་དོན་དུ་རླབས་ཆེན་ལ་རྒྱའི་སེམས་དཔའ་ཡིས།།
དམ་དུ་བཅིངས་ནས་རང་གི་གཅེས་སྲོག་བཟོད་དཀའི་ཞུགས་མེར་རབ་དྲངས་པའི།།
གངས་ཅན་བོད་ཀྱི་དཔའ་རྒོད་དར་མ་སྤུན་ཟླ་རྣམ་པའི་ཐུགས་སྟོབས་ལ།།
ཀུན་ནས་བསྔགས་བརྗོད་དཔའ་དར་དང་བཅས་སླར་ཡང་གངས་རིར་མྱུར་བྱོན་ཤོག།
ཀླ་ཀློའི་གདུག་རྩུབ་ཅི་ཙམ་ཆེ་རུང་ཁྱེད་རྣམས་ཞུམ་མེད་སྙིང་སྟོབས་ཤིག།
མི་རིགས་བདེ་སྡུག་སྙིང་ལ་བཅངས་ནས་རྩ་ཆེའི་ལུས་སྲོག་མེ་རུ་སྒྲོན།།
ངེས་དོན་རྒྱལ་གཅེས་དཔའ་བོའི་རྣམས་ལ་ནམ་ཡང་སྙིང་ནས་རྗེས་དྲན་དང་།།
སླར་ཡང་མ་ཡུམ་གངས་རིའི་ལྗོངས་སུ་མྱུར་དུ་འབྱོན་པའི་རེ་སྨོན་ཞུ།།
ཡག་པོ་གསུང་རོགས་གནང་།
ཚང་མས་ཡག་པོས་གསུང་དགོས།
སྐུ་གཤེགས་ཆོས་འཕེལ་གྱི་བྱམས་པའི་མེ་ཡིས་རང་གཞན་ཐམས་ཅད་ཀྱི་ཞེ་སྡང་གི་བུད་ཤིང་མ་ལུས་བསྲེགས་ཏེ། བོད་གངས་ཅན་ཡུལ་དུ་བོད་ཀྱི་སྐད་དང་རིག་གཞུང་གི་སྒྲོན་མ་རྟག་ཏུ་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ་བར་གྱུར་ཅིག།
འགྲོ་བ་མིའི་རིགས་ཞུགས་སའི་སྒོ་མོ་བརྒྱབ།། ཁྱི་རྒན་ཐོན་སའི་དོང་ཁ་ཡར་ཕྱེ་སྟེ།།
འདི་ལས་ཐོན་ཤོག་རང་དབང་ཁྱོད་ལ་སྟེར།། ཅེས་པའི་འབོད་སྐད་རྣ་བར་ལྷང་ལྷང་གྲགས།།
རང་དབང་ཐོབ་འདོད་བསམ་པ་ཡོད་མོད་ཀྱང་།། རྩ་ཆེན་མི་ཡིས་ཁྱི་རྒན་དོང་ལམ་ནས།།
ཐོན་སེམས་འཆང་བ་ངོ་ཚའི་གནས་ཡིན་པ།། མི་ཤེས་པ་ཡི་གང་ཟག་སུ་ཞིག་མཆིས།།
མི་མངོན་གསར་བརྗེའི་མེ་ལྕེ་དེ།། ནམ་ཞིག་རབ་ཏུ་འབར་གྱུར་ནས།།
བམ་རོ་འཇུག་སྒམ་ལྟ་བུ་ཡི།། བཙོན་ཁང་འདི་དང་བདག་མཉམ་དུ།།
བསྲེག་པར་གྱུར་ནས་མི་རྣམས་ཀྱི།། བདེན་དོན་ཆེད་དུ་ཤི་ན་ཡང་།
བདག་གི་བསམ་དོན་མ་ལུས་པ།། ཡོངས་སུ་གྲུབ་པས་བློ་ཡིད་ཚིམས།།
་་་་་་་་་་་་་་རྒྱ་ནག་གུང་ཁྲན་གྱི་གསར་བརྗེ་བ་དཔའ་བོ་ཞིག་གིས་བཙོན་ཁང་དུ་བྲིས་པའི་བཙོན་ཁང་གི་གླུ