ཝང་ལི་ཞུང་།
ཟླ་བ་གཞོན་ནུས་བསྒྱུར།
གཅིག
ང་རང་ལུས་མེར་སྲེག་བཏང་བའི་བོད་མི་རྣམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། རང་ལུས་མེར་སྲེག་གཏོང་མཁན་དག་གི་དམིགས་ཡུལ་མངོན་འགྱུར་ངེས་པར་དུ་འབྱུང་མི་སྲིད་པ་དང་དམིགས་ཡུལ་ལ་སླེབས་ཐུབ་མིན་མི་ངེས་ཀྱང་། ཁོང་ཚོས་གསལ་བོར་མཁྱེན་ཡོད་མེད་གང་ལྟར། ཁོང་ཚོ་སྤྱི་ཡོངས་ཀྱི་ནུས་པ་དེ་ཁོང་ཚོས་མི་རིགས་ཤིག་གི་སྙིང་སྟོབས་ལ་སྐུལ་ལྕག་བཏང་བ་དེའི་སྟེང་ལ་བྱུང་ཡོད་པ་རེད། སྙིང་སྟོབས་ནི་རིན་ཐང་བྲལ་བའི་ཐོན་ཁུངས་རིགས་ཤིག་ཡིན། ཐོན་ཁུངས་དེ་དམིགས་བསལ་གྱིས་དབང་ཆུང་བའི་ཕྱོགས་ནས་བཤད་ན། སྙིང་སྟོབས་དེ་ཏག་ཏག་གཉོམ་ཆུང་བཙན་པོ་ལས་རྒྱལ་བའི་གནད་འགག་ཏུ་འགྱུར་བ་རེད། རང་ལུས་མེར་སྲེག་གཏོང་བ་ལ་སྙིང་སྟོབས་ཧ་ཅང་ཆེན་པོ་ཞིག་དགོས་པ་རེད། བོད་ནང་གི་གནམ་འོག་ཧད་དུ་འཇུག་པའི་བོད་མི་བཅུ་དྲུག་པོའི་སྙིང་སྟོབས་དེ། ཨ་མདོ་མགོ་ལོག་གི་བསོད་བྷ་རིན་པོ་ཆེས་སྐུ་ལུས་ཞུགས་འབུལ་གནང་བ་དང་སྦྲགས་ཏེ་རྩེ་མོའི་རྩེ་མོར་སླེབས་པ་རེད། མི་རིགས་ཀྱི་སྙིང་སྟོབས་ལ་སྐུལ་ལྕག་གཏོང་བའི་ཕྱོགས་ནས་བཤད་ན། བདག་གིས་ད་ནི་དེ་གྲུབ་ཟིན་པར་འདོད།
ད་ལྟའི་གནད་དོན་ནི་འདི་ལྟ་བུའི་རིན་ཐང་བྲལ་བའི་སྙིང་སྟོབས་འདིས་ཅི་ཞིག་བྱེད་དགོས་སམ་ཞེས་པ་དེ་ཆགས་ཡོད། མུ་མཐུད་དེ་རང་ལུས་མེར་སྲེག་གཏོང་ངམ། སྙིང་སྟོབས་དེ་མེ་ཡིས་བསྲེག་ན་ངས་ད་ནས་བཟུང་དེ་ཆུད་ཟོས་རེད་བསམས། སྔོན་གཤེགས་དཔའ་བོ་དག་གིས་སྐུལ་ལྕག་གནང་བའི་སྙིང་སྟོབས་དེ་གྲུབ་འབྲས་ཐོན་པ་ཞིག་ཏུ་བྱས་པ་ཡིན་ན་དེ་ནི་ད་གཟོད་ཁོང་རྣམ་པ་ཚོའི་རེ་བ་རེད། དེ་ནི་ད་གཟོད་ཁོང་ཚོའི་རིན་ཐང་ཡོད་ས་དེ་རེད།
གཉིས།
ནམ་ཡང་གཞན་ལ་འཚེ་བ་མི་བྱེད་པའི་ཕྱོགས་ནས་བལྟས་ན། རང་ལུས་མེར་སྲེག་གཏོང་མཁན་དག་གིས་འདི་ལྟར་རང་ལུས་བློས་གཏོང་ཕོད་པ་སྟེ་རང་ཉིད་ཁོ་ན་མེད་བརླག་ཏུ་གཏོང་བ་འདི། འཚེ་མེད་ཞི་བའི་སྙིང་སྟོབས་ཀྱི་རྩེ་མོར་ཐོན་འདུག་ཅེས་བརྗོད་ཆོག་པར་འདོད། འོན་ཀྱང་། རང་ལུས་མེར་སྲེག་གཏོང་བ་དེ་ཡང་འཚེ་བ་རེད། དེར་ཙམ་མ་ཟད། འཚེ་བ་ཧ་ཅང་ཚབས་ཆེན་རེད། ཡིན་ནའང་འཚེ་བ་བྱེད་ས་དེ་རང་ཉིད་ཡིན་པ་རེད།
རང་ཉིད་ལ་འཚེ་བ་བྱེད་པ་ནི་རེ་ཆད་ཀྱི་ངོ་རྒོལ་ལས་བྱུང་བ་དང་ཡང་ན་རྩིས་ཐང་ལ་སྡིག་པ་མིག་བཙུམ་གྱིས་སྲུང་སྐྱོབ་བྱས་པ་རེད། གལ་ཏེ་ཕན་ནུས་འབྱུང་བ་ཞིག་འདོད་ན། གནྡྷིས་“ང་ཚོས་མྱངས་པའི་སྡུག་བསྔལ་ཆེས་མི་བཟད་པ་བརྒྱུད་ནས་སྲིད་གཞུང་ལ་ཤུགས་རྐྱེན་སྤྲད་ཆོག་”ཅེས་གསུངས་པ་དང་། མཱ་ཋིན་ལུ་ཐིར་ཁཱིན་གྱིས་“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”ཞེས་གསུངས་མྱོང་།
འདི་ལྟ་བུའི་རེ་འདོད་འགྲུབ་པ་ལ། སྔོན་འགྲོ་ནི་སྙིང་རྗེ་ཡོད་དགོས་པ་རེད། སྲིད་དབང་སྒེར་འཛིན་པའི་འཕྲུལ་ཆས་ལ་རྣོ་ལྕགས་རང་བཞིན་གྱི་གྲུབ་སྟངས། ཡ་ང་སྙིང་རྗེ་མེད་པའི་གཏན་ཚིགས་དང་དཔོན་ངན་དག་གི་ཁེ་ཕན་ལས་ཅི་ཡང་མེད། སྔོན་མར་བྱིས་པ་སྟོང་ཕྲག་འགས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཆི་བ་ལ་ཐུག་པའི་ཟས་བཅད་ངོ་རྒོལ་བྱས་ཀྱང་། སུ་ཞིག་གིས་དེའི་སྙིང་རྗེ་རིག་མྱོང་ཡོད་དམ།
དེ་སྔའི་འཚེ་མེད་ཞི་བའི་བཀག་རྒྱ་ནི་འདི་ན་ཡོད་པ་སྟེ། འདིའི་མཇུག་འབྲས་ཅི་འདྲ་ཞིག་འབྱུང་མིན་འགོག་རྒོལ་བྱེད་མཁན་གྱི་ཕྱོགས་ལ་རག་མི་ལས་པར་དབང་འཛིན་པའི་ཕྱོགས་ལ་རག་ལས་པ་རེད། འགོལ་རྒོལ་བྱེད་མཁན་གྱི་ཕྱོགས་ནས་གནོན་ཤུགས་སྤྲོད་པའི་ནུས་པ་གཅིག་བུ་ཐོན་ཐུབ། བཙན་དབང་གིས་ལམ་ཁ་མ་བྱིན་ན་གོང་འཕེལ་དུ་འགྲོ་ས་ཡོད་པ་མ་རེད། དེ་བས་མིག་སྔར་གྱི་བོད་དེ་དཀའ་ངལ་གྱི་ཁྲོད་དུ་ལྷུང་ངེས་པ་ཞིག་ཡོད།
གསུམ།
དཀའ་ངལ་ལས་བུད་རྗེས། ཁ་ཕྱོགས་གང་ན་ཡོད་ཅེས་པ་འདི་ངས་བསམས་ན་ཐོག་མར་ལན་རྒྱག་དགོས་པ་དེ་རེད་འདོད། ཁ་ཕྱོགས་མེད་ན་མུན་ནག་ནང་ལ་མགོ་བཏང་བ་ལྟ་བུ་རེད། རང་ལུས་མེར་སྲེག་བཏང་བའི་དཔའ་རྒོད་དག་ཡིན་པའི་ཆགས་བཞག་ནའང་དེས་མི་ལ་ཕལ་ཆེ་བར་ཡིད་ཆད་དུ་འཇུག་ངེས་ལ། རང་ལུས་མེར་སྲེག་ལ་ཕྱོགས་ཡོངས་ནས་གདོང་གཏད་དུས། སེམས་ཁམས་འཚབ་བེ་འཚུབ་བེ་ཆགས་པ་ལས་གཞན་གནས་ཚུལ་རང་ངོས་ཀྱི་ཐོབ་ཤོར་ནི་ཅི་ཡིན་འདི་ཡིན་མི་ཤེས་པ་ཞིག་འདུག
རང་ལུས་མེར་སྲེག་གཏོང་མཁན་དག་ལ་སྙིང་སྟོབས་འདུག་ཀྱང་བློ་རིག་མི་འདུག་ཅེས་ན་དྲང་བདེན་མ་རེད། བློ་རིག་ནི་མི་ཚེ་འཁྱོལ་ཐབས་བྱེད་པའི་ཐབས་རྩལ་དེ་མ་ཡིན་པར། དེ་ནི་བོད་དཀའ་ངལ་གྱི་ར་བ་ལས་ཕྱི་ལ་ཁྲིད་པའི་མིག་རྒྱང་རིང་བོ་དེ་རེད། དེ་ནི་མི་སེར་དཀྱུས་མ་ཞིག་གིས་ཁུར་དུ་ལེན་རུང་བ་ཞིག་དང་ཁུར་དུ་ལེན་ཐུབ་པ་ཞིག་མ་རེད་ལ། སྲིད་ཀྱི་ཕྱག་ལས་མཚམས་བཞག་ཟིན་པའི་ཏཱ་ལའི་བླ་མ་བློ་རིག་ཡོད་ཚད་ཀྱི་མགོ་ཁུངས་ལྟ་བུ་ཞིག་ལ་བརྩིས་ན། དེ་ནི་འགན་མ་ཁུར་བ་རེད། ཏཱ་ལའི་བླ་མས་འཚེ་མེད་ཞི་བའི་རྩ་དོན་དང་དབུ་མའི་ལམ་ཕྱོགས་གཏན་འཁེལ་གནང་ཟིན་པ་རེད། དེ་ཇི་ལྟར་མངོན་འགྱུར་བྱེད་མིན་ཆབ་སྲིད་པ་རྣམས་ཀྱིས་བློ་རིག་བཏོན་ན་འོས་པ་ཞིག་ཡིན།
མིག་སྔར་ད་དུང་བློ་རིག་འདི་ལྟ་བུ་ཞིག་རིག་སར་མི་འདུག རྒྱ་ནག་གི་ཕྱོགས་ནས་ཁ་ཁོག་མི་མཐུན་པ་དང་། བོད་ཀྱི་ཕྱོགས་ནས་གལ་ཏེ་བཙན་བྱོལ་བོད་གཞུང་འཐུས་ཚབ་ཡིན་པའི་ཆགས་བཞག་ན་ཡང་། གསལ་བསྒྲགས་སྤེལ་བ་མ་གཏོགས་ཅི་ཞིག་བྱེད་འོས་མིན་ཤེས་འདུག་པ་ཞིག་ཏུ་མཐོང་མ་སོང་།
དཔའ་ངར་ལྡན་པའི་བོད་མི་རྣམས་ལ། ཁོང་ཚོས་ཅི་ཞིག་བྱེད་རུང་མིན་བཤད་རོགས། ཅི་ཞིག་བྱེད་རུང་བ་དང་ཅི་ཞིག་བྱེད་ཆོག་པ་ཤེས་སོང་ན། ཁོང་ཚོ་མུ་མཐུད་དུ་གསོན་པོར་འདུག་པ་ལས། ཡིད་སེམས་གདུང་བར་བྱེད་པའི་རང་ལུས་མེར་སྲེག་གི་ལས་ཀ་དེ་སྨྱན་བྱེད་དག་གི་སྐད་ཅིག་མའི་དུས་ཚོད་དེ་ལ་བརྗེ་ནི་མ་རེད།
བཞི།
ཏཱ་ལའི་བླ་མས་ཐུགས་གཏན་འཁེལ་བའི་དམིགས་ཡུལ་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུ་དེ་རེད། གལ་ཏེ་མགོ་མ་ནས་མི་རིགས་ས་ཁུལ་གྱི་རང་སྐྱོང་འདོད་པ་ཡིན་ན། རྒྱ་ནག་སྲིད་གཞུང་གིས་སྙིང་རྗེ་བསྒོམ་རྒྱུར་བརྟེན་པ་ཁོ་ན་ལས་ཐབས་གཞན་མེད། སྔོན་ཆད་འདིའི་ཆེད་དུ་འབད་བརྩོན་བྱས་པ་ཐ་དག་གིས་དེ་ནི་སྟོང་བསམ་ཡིན་པ་བདེན་དཔང་བྱས་པ་རེད།
ཏཱ་ལའི་བླ་མར་དགོས་པ་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་རང་སྐྱོང་དེ་ཡིན་ན། རྒྱ་ནག་གིས་སྔོན་ནས་སྡེ་དམངས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་པས། བོད་ཀྱི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ན། ཅིའི་ཕྱིར་བོད་མིའི་གྲོང་སྡེ་རེ་རེ་ནས་བཟུང་སྟེ་མགོ་བཙུགས་མི་ཆོག་པ་ཡིན་ནམ།
མིང་དོན་མཚུངས་པའི་རང་སྐྱོང་ནི་དངོས་གནས་བྱས་ན་ཆེས་དམའ་རིམ་ནས་མགོ་འཛུགས་དགོས་པ་ཡིན། འོག་རིམ་ནས་གོང་རིམ། རིམ་པ་རེ་རེ་བཞིན་རང་སྐྱོང་བྱས་ཏེ་མཐའ་མར་མི་རིགས་ས་ཁུལ་རང་སྐྱོང་བྱེད་ཐུབ་པ་ཡིན། དམའ་རིམ་གྱི་རང་སྐྱོང་གི་མགོ་རྩོམ་ཐུབ་པ་ཡིན་ན། མི་རིགས་ས་ཁུལ་རང་སྐྱོང་གི་མ་འོངས་པ་ཞིག་ལ་ཁ་ངེས་པར་ཕྱོགས་ཐུབ་པ་ཡིན།
གྲོང་སྡེ་རང་སྐྱོང་། སྡེ་དམངས་དཀྱུས་མ་རེ་རེ་མཉམ་ཞུགས་བྱས་པ་བརྒྱུད་མངོན་དུ་འགྱུར་ཐུབ། འདིས་མི་དམངས་རང་འགུལ་བ་བྱེད་དུ་བཅུག་སྟེ། མུ་མཐུད་དེ་མགོ་ཁྲིད་ཀྱི་སྐུལ་མ་བྱེད་ཡུལ་དུ་གྱུར་ཏེ་ཡུན་རིང་ཞིང་གྲུབ་འབྲས་མེད་པའི་ཞི་མོལ་ལ་སྒུག་དགོས་མི་ཡོང་ལ། ཡང་ན་མེ་མདའི་འོག་ནས་རྔམ་སྟོན་དང་ཐ་ན་མེའི་གཞུང་དུ་རང་ལུས་སྲེག་པ་སོགས་བྱས་ཏེ་མུ་མཐུད་དེ་མཐོ་རིམ་ལ་རྒྱ་རྡོ་སྣོན་དགོས་དོན་ཡོད་པ་མ་རེད།
ལྔ།
ངས་བལྟས་ན། བོད་དཀའ་ངལ་གྱི་ར་བ་ལས་བརྒལ་བ་ལ་སྡེ་དམངས་རང་སྐྱོང་ནས་མགོ་འཛུགས་དགོས་འདུག་སྙམ།
སྡེ་དམངས་རང་སྐྱོང་ལ་མཚོན་ནས་བཤད་ན། ཐོག་མར་མི་རིགས་ཀྱི་གནད་དོན་ལ་དོ་ཕོག་མི་འབྱུང་བར། འགྲོ་བ་མིའི་ཐོབ་ཐང་དང་། གཏེར་ཁ་སྔོན་འདོན། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་བྱེད་སྒོ་ཁག་ལ་སོགས་པའི་གནད་དོན་ལ་དམིགས་པའི་བདག་དབང་སྲུང་འཛིན་(དབང་སྲུང)ཡིན། འདི་མི་རིགས་རིང་ལུགས་ཀྱི་འགལ་བ་དེ་ལ་གཡོལ་ཐུབ་པར་ཡང་ཕན་པ་ཡོད། རྒྱ་ནག་གིི་དམངས་ཁྲོད་དབང་སྲུང་ལས་འགུལ་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གི་དབང་སྲུང་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་པ་བྱས་ན། དེ་ནས་རྒྱ་ནག་མི་དམངས་ཀྱི་རྒྱ་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ངེས་རེད།
ཀོའང་ཏུང་ཝུའུ་ཁན་ནི་མིག་དཔེར་འཇོག་ས་གསར་བ་ཞིག་ཡིན། སྡེ་མིས་མཉམ་དུ་དབང་འཛིན་ལས་ཁུངས་ཀྱི་དྲུང་ཡིག་དང་སྡེ་བའི་མགོ་དཔོན་བྲོས་བྱོལ་དུ་ཕྱིན་པའི་རྗེས་བསྙེགས་ཤིང་། ཁྱིམ་རྒྱུད་རེ་རེ་ནས་འཐུས་མི་རེ་བདམས་ཏེ། དེ་ནས་ཁྱིམ་རྒྱུད་འཐུས་མིའི་ཁྲོད་ནས་སྡེ་བའི་ལས་འཛིན་ལྷན་ཚོགས་བདམས། འདི་ལྟ་བུའི་རང་སྐྱོང་སྒྲིག་འཛུགས་ཀྱིས་སྡེ་བའི་གནད་དོན་དག་གོ་རིམ་ལྡན་པ་ཞིག་ཏུ་བྱེད་ཐུབ་ཡོད་པར་མ་ཟད། སྲིད་གཞུང་གི་དྲག་གནོན་དང་དམག་མིས་བསྐོར་དུས་སྡེ་མིའི་རང་གཅུན་དང་གྲོང་སྡེའི་ས་ཁུལ་གྱི་གོ་རིམ་སོགས་ལ་འགན་ལེན་ཡང་བྱེད་ཐུབ་ཡོད། མཐའ་མར་དབང་འཛིན་ལས་ཁུངས་དང་ཞི་མོལ་བརྒྱུད་དེ། ཞང་ཀང་སྨྱན་བྱེད་རྒྱུད་ལམ་ཁག་གིས་བསྟོད་བསྔགས་ཐོབ་སའི་“གཞུང་ཕྱོགས་ནས་ཐོག་དང་བོར་ཁས་ལེན་བྱས་པའི་དབང་སྲུང་དམངས་འདེམས་སྒྲིག་འཛུགས་”སུ་གྱུར།
བོད་ཀྱི་སྡེ་མི་དང་སྡེ་བར་འདི་དང་འདྲ་བའི་ལེགས་འགྲུབ་འབྱུང་ངམ་མི་འབྱང ? ཝུའུ་ཁན་ལ་ཡོད་པའི་ཆ་རྐྱེན། བོད་ཀྱི་གྲོང་སྡེ་དག་ལའང་མི་ཉུང་བ་ཞིག་ཡོད། སྡེ་བ་གཅིག་ལ་རྒྱལ་ཁ་ཐོབ་སོང་ན། བོད་ལ་དར་ཆ་ཡོད་སོང་བ་རེད། སྡེ་བ་བཅུ་ལ་ལེགས་འགྲུབ་བྱུང་ན། མཚན་གུང་ལ་སྐྱ་མདའ་བཏང་བ་རེད། སྡེ་བ་བརྒྱ་ལ་ལེགས་འགྲུབ་བྱང་ན། མིང་དོན་མཚུངས་པའི་མི་རིགས་ས་ཁུལ་རང་སྐྱོང་ནི་རྒྱང་རིང་གི་གནམ་མཐའ་ནས་མིག་མདུན་དུ་སླེབས་འོང་གི་རེད།
བཤད་ནས་འདིར་སླེབས་དུས། རྒྱ་མིས་བྱས་ཆོག་པ་བོད་པས་བྱས་ཆོག་གི་མ་རེད་དང་། ཁ་བྲལ་བའི་ཉེས་མིང་བཀལ་ཏེ་དྲག་གནོན་བྱེད་པ་རེད་ལ་སོགས་པ་ལ་སོགས་པའི་རྣར་བྱང་བའི་དོགས་འདྲི་དེ་ངེས་པར་སླེབས་འོངས་པར་བདག་ལ་ཡིད་ཆེས་ཡོད། དོགས་འདྲི་འདི་རིགས་ལ་ངས་ད་བར་དུ་ཉན་ནས་ཡོང་བ་ཡིན། ཐེངས་མ་གང་མང་ཞིག་ལ་ཉན་མྱོང་། འདི་ལ་ལན་ཚིག་རྐང་གཅིག་གིས་བརྒྱབ་ཆོག་སྟེ། རང་ལུས་མེར་སྲེག་གཏོང་རྒྱུར་ཡང་མི་སྐྲག་ན། ད་ཅི་ཞིག་ལ་སྐྲག་དགོས་སམ?
འབྲེལ་ཐག
བདག་དབང་སྲུང་འཛིན་ལ་འདི་ནས་གཟིགས།
ཝུའུ་ཁན་དོན་རྐྱེན་ལ་གཟིགས་ན་འདི་ནོན།
མ་རྩོམ་ལ་འདི་ནས་གཟིགས།
བོད་ནང་གི་རྒྱ་མི་ས་ཡ་༧པོ་དེ་ཚོ། བོད་མི་ས་ཡ་༦གིས་བོད་ནང་ལ་གམར་གསོད་གཏོང་ཆོག་གི་རེད། ཧ་ཧརྩེད་མོ་ཡིན་ནོ།
འོནད་ཀྱང་།
རང་གི་སྲོག་ནི་དོར་མི་བྱ། །
གཞན་གྱི་སྲོག་ཀྱང་འཕྲོག་མི་བྱ། །
ཆོས་ཀྱི་དོན་དུ་སྲོག་གཏོང་འོས། །
སྲིད་ཙམ་དོན་དུ་དེ་ལྟར་མིན། །
ཆོས་ཀྱི་དོན་དུ་གཞན་སྲོག་གཅོད། །
སྲིད་ཀྱི་དོན་དུ་དེ་ལྟར་མིན། །
ཝང་ལིཞུང་གིས། ་་་་། ནམ་ཡང་གཞན་ལ་འཚེ་བ་མི་བྱེད་པའི་ཕྱོགས་ནས་བལྟས་ན། རང་ལུས་མེར་སྲེག་གཏོང་མཁན་དག་གིས་འདི་ལྟར་རང་ལུས་བློས་གཏོང་ཕོད་པ་སྟེ་རང་ཉིད་ཁོ་ན་མེད་བརླག་ཏུ་གཏོང་བ་འདི། འཚེ་མེད་ཞི་བའི་སྙིང་སྟོབས་ཀྱི་རྩེ་མོར་ཐོན་འདུག་ཅེས་བརྗོད་ཆོག་པར་འདོད། འོན་ཀྱང་། རང་ལུས་མེར་སྲེག་གཏོང་བ་དེ་ཡང་འཚེ་བ་རེད། ་་་ཟེར།
གནྡྷིས་“ང་ཚོས་མྱངས་པའི་སྡུག་བསྔལ་ཆེས་མི་བཟད་པ་བརྒྱུད་ནས་སྲིད་གཞུང་ལ་ཤུགས་རྐྱེན་སྤྲད་ཆོག་”ཅེས་གསུངས་པ་དང་། མཱ་ཋིན་ལུ་ཐིར་ཁཱིན་གྱིས་“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”ཞེས་གསུངས་མྱོང་། ཟེར།
ཡང་ཁོང་གིས།
རང་ལུས་མེར་སྲེག་གཏོང་རྒྱུར་ཡང་མི་སྐྲག་ན། ད་ཅི་ཞིག་ལ་སྐྲག་དགོས་སམ?
ཟེར།
ཡང་རྒྱ་རྒན་དེས་རྒྱ་ནག་ལ་ཕན་པའི་ཐབས་ཤེས་བྱེད་ཀྱིན་མི་འདུག་གམ།
དབུ་མའི་ལམ་གྱི་ཆེད་དུ་དཀའ་ལས་བརྒྱབས་པ་ཐམས་ཅད་དོན་མེད་རེད་ཅེས་པ་འདི་ཅི་རེད།
ཨ་ ལ་ ལ་ ལགས།
ངས་རྒྱ་ཡིག་མི་ཤེས་པས། བོད་ཡིག་ཐོག་ལ་ཡང་བཀོད་ན་ང་ལ་ཕན་ངེས་ལགས།
རང་ལུས་མེར་སྲེག་གཏོང་བ་དེ་ཡང་འཚེ་བ་རེད། དེར་ཙམ་མ་ཟད། འཚེ་བ་ཧ་ཅང་ཚབས་ཆེན་རེད། ཡིན་ནའང་འཚེ་བ་བྱེད་ས་དེ་རང་ཉིད་ཡིན་པ་རེད།
འདི་ཝང་ལི་ཞུང་གིས་མ་འདྲ་བ་ཞིག་བཤད་འདུག
ད་དུང་ལུང་འདྲེན། མཱ་ཋིན་ལུ་ཐིར་ཁཱིན་གྱིས་“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”ཞེས་གསུངས་མྱོང་།
ཞེས་པ་དངོས་གནས་ནུས་ཤུགས་ལྡན་པ་རང་དུ་མཐོང་སོང་།
“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”
“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”
“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”
“ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོས་སྡུག་བསྔལ་བཟོ་བའི་ནུས་པ་ལ་འགྲན་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོའི་འཁོན་སེམས་ཟད་དུ་འཇུག་རྒྱུ་ཡིན། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་སྲོན་པའི་ནུས་པས་ཁྱོད་ཚོར་སྙིང་རྗེ་སྐྱེས་སུ་འཇུག་རྒྱུ་ཡིན།”
རེད། རེད། ཨ་ལ་ལས་བོད་ཡིག་སྒང་ལ་འབྲི་རོགས། དེ་མ་གཏོགས་གཤེ་གཤེ་རག་ཡོང་།
ཝང་ལི་ཞུང་གིས་བརྩམས་ཤིང་། ཟླ་བའི་གཞོན་ནུ་ལགས་ཀྱིས་བསྒྱུར་ནས་འདིར་བཀླག་རྒྱུའི་གོ་སྐབས་སྤྲད་བྱུང་བར་ཐུགས་རྗེ་ཆེ་ཞུ།
ཝུའུ་ཁན་ལ་བྱུང་བའི་དོན་རྐྱེན་དེ་ང་ཚོར་བསམ་ཚུལ་གྱིས་ཚུལ་དུ་བཤད་པ་དེ་ནི། བསམས་གཞིགས་དང་བློ་བསམ་གཏོང་རྒྱུའི་ཆ་རྐྱེན་གསར་པ་ཞིག་རེད་འདུག
ཝང་ལི་ཞིན་མི་ཆེས་གཡོ་ཅན་ཞིག་རེད། ཁོས་བོད་ཀྱི་གྲོང་གསེབ་ཁག་ཀྱང་རྒྱ་རྒྱུར་གང་མགྱོགས་བྱེད་དགོས་པའི་དྲན་བསྐུལ་བྱེད་ཀྱི་འདུག རྒྱ་མི་གཡོ་ཅན་འདི་ཚོ་གཟུགས་པོ་གཅིག་གི་ལག་པ་གཡས་གཡོན་འདྲ་བོ་རེད། ཁོ་བོད་ལ་ཤ་ཚ་ཡོད་མདོག་གིས་བོད་པའི་སྤྱི་ཚོགས་དང་མི་རེ་རེའི་ཟབ་ས་ལ་འཛུལ་ནས་སྲོག་རྩ་བཙལ་ནས་རྒྱ་གཞུང་མཁོ་སྤྲོད་བྱེད་ཀྱི་འདུག
ཝང་ལི་ཞིན་གྱི་རྩོམ་ཡིག་ཀློག་པས་བློ་སྒོ་ཕྱེ། རིན་ཐང་ཅན་དང་བསམ་བློ་རེད།
བསམ་བློ་པ་རེད།
ཁོ་རེ་སྟག་སྨྱོན་དངོས་པོའི་གནས་ལུགས་རྟོག་ནས་སྐད་ཆ་ཤོད་དགོས་པ་རེད།
ཨ་ལ་ལ་ཟེར་བ།
རྒྱ་རྒན་དེས་ཀློག་དགོས་པ་ཞིག་ཡིན་ན། ཁོང་གི་ཟིན་བྲིས་དང་ཡང་འོད་ཟེར་ཟིན་བྲིས་སུ་བཀོད་ཆོག་གི་རེད།
འདིར་བཀོད་ན་ཁོང་གིས་མཐོང་གི་མ་རེད་ལོ།
ཝང་ལི་ཞུང་ཟེར་བའི་རྒྱ་མི་འདི་བོད་མི་རིགས་སུ་བློ་དཀར་ཡོད་མེད་གང་ཡིན་ཀྱང་ཁོ་རང་གིས་བོད་དོན་བཤད་ཙམ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་གོ་མ་མྱངས་པ་ཞིག་ཝང་ལགས་ཀྱིས། ཏཱ་ལའི་བླ་མས་ཐུགས་གཏན་འཁེལ་བའི་དམིགས་ཡུལ་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུ་དེ་རེད།ཞེས་པ་འདིར་རེད།
༧གོང་ས་མཆོག་གི་ཐུགས་ནས་འཁྲུངས་པའི་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་དབུ་མའི་ལམ་འདི་རེད། འདིར་གོ་མྱངས་ཡོད་ལ་ཁས་ལེན་ཀྱང་ཡོད། དབུ་མའི་ལམ་ཟེར་བ་འདི་རྒྱ་སྐྱིད་བོད་བདེ་ཡི་ལྟ་གྲུབ་ཤིག་ཡིན། རྒྱ་རྒྱ་ཡུལ་དེར་སྐྱིད། བོད་བོད་ཡུལ་དུ་བདེ་བ་སྒྲུབ་བྱེད་ཀྱི་ཆབ་སྲིད་ལམ་ཕྱོགས་ཤིག་ཡིན།
ཉིན་ཆ་རྡོ་གདན་དུ་༧གོང་ས་མཆོག་གིས་གཞིར་ལུས་བོད་མི་ཆོས་ཞུ་རྣམས་སུ་གསུངས་པའི་བཀའ་སློབ་ལས། ༼ང་ཚོས་དབུ་མའི་ལམ་གྱི་ཐོག་ཐབས་ཤེས་བྱེད་བཞིན་པ་རེད། རང་རྒྱལ་གཞན་ཕམ་ཟེར་བ་དེ་མ་རེད། རང་གཞན་གཉིས་སུ་ཕན་པ་ཞིག་རེད། ངས་རྟག་པར་འཛམ་གླིང་གི་དཀའ་ངལ་རྣམས་རང་མཐའ་གཅིག་ཏུ་རྒྱལ། གཞན་མཐའ་གཅིག་ཏུ་ཕམ་དགོས་ན། འཛམ་གླིང་གི་དཀའ་རྙོག་སེལ་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད།༽ཞེས་གསུངས་ཡོད།
ང་ཚོས་ངོས་ནས་སྒྲུབ་བྱེད་དབུ་མའི་ལམ་གྱི་གོ་བ་ལེན་སྟངས་འདི་འདྲ་རང་ཡིན། མ་གཏོགས་སྒྲུབ་བྱེད་དབུ་མའི་ལམ་གྱི་སྒྲུབ་བྱ་ལ་མིང་དོན་མཚུངས་པའི་རང་སྐྱོང་འདོད་ཀྱི་མེད། ཝང་ལགས་ཁྱོད་ཀྱིས་ཡག་པོ་ཤེས་དགོས་པ་འདོད།
གཉིས་ནས་། ཁྱོད་ཀྱིས་གསུངས་དོན་་་་་༼བཤད་ནས་འདིར་སླེབས་དུས། རྒྱ་མིས་བྱས་ཆོག་པ་བོད་པས་བྱས་ཆོག་གི་མ་རེད་དང་། ཁ་བྲལ་བའི་ཉེས་མིང་བཀལ་ཏེ་དྲག་གནོན་བྱེད་པ་རེད་ལ་སོགས་པ་ལ་སོགས་པའི་རྣར་བྱང་བའི་དོགས་འདྲི་དེ་ངེས་པར་སླེབས་འོངས་པར་བདག་ལ་ཡིད་ཆེས་ཡོད། ༽ཞེས་གསུངས་འདུག་ཀྱང་འདིར་ནོར་འདུག
གང་ཡིན་ཟེར་ན་་་གུན་ཁྲན་ཏང་གིས་ལབ་པ་ལྟར་ང་ཚོ་ཁ་བྲལ་ཡིན་ངོ་མ་ཡིན། གུང་ཁྲན་ཏང་བདེན་པ་རེད། ང་ཚོ་གུན་ཁྲན་ཏང་དང་ཁ་མ་བྲལ་བར་སྡོད་འདོད་མེད། ༡༩༥༩ལོར་གུན་ཁྲན་ཏང་བོད་ཀྱི་རྒྱལ་ཁུངས་སུ་བཙན་འཛུལ་བྱས་བྱུང་བ་དངོས་ཡོད་ཡིན། གུན་ཁྲན་ཏང་གིས་བོད་དུ་ཡོང་དོན་ང་མ་བོད་ཀྱི་ས་ཆ་ཟ་འདོད་དང་གཏེར་ཁ་འཕྲོག་འདོད། སྨན་རྩྭ་དང་ཤིང་ནག་འཕྲོག་འདོད་ནས་བསླེབས་པ་རེད།
ང་ཚོས་དྲང་བདེན་བཤད་ཀྱི་ཡོད་ལ་དྲང་བདེན་གྱི་འཐབ་རྩོད་བྱས་དང་བྱེད་བཞིན་པ་ཡིན། ང་ཚོ་རྒྱ་མི་མིན་ལ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་་ཁུངས་རྩ་བ་ནས་མིན། ང་ཚོའི་བོད་འདི་ལོ་རྒྱུས་ཐོག་ཏུ་ཡོད་བསྡད་པའི་རང་བཙན་རྒྱལ་ཁབ་ཤིག་ཡིན། དུས་ད་ལྟ་ཡང་ང་ཚོ་ལ་ཕྱེད་རང་བཙན་ཡོད། འདི་ཚོ་གསལ་བཤད་མ་དགོས་པར་ཁྱོད་ཀྱིས་མཁྱེན་ངེས་རེད།
ངས་ཁྱོད་ལ་དྲི་བ་གཅིག་ཡོད། ཁྱོད་རང་མི་དྲང་པོ་ཞིག་ཡིན་ན་ཁྱོད་རང་གིས་ངོས་ནས་བོད་ལ་རང་བཙན་སྤྲོད་འདོད་ཡོད་དམ་མེད། མེད་ན་ཁྱོད་རང་ཡང་གུན་ཁྲན་ཏང་ནང་བཞིན་ཁ་སྙན་པོ་བཤད་པ་ལས་དོན་ངོ་མ་བོད་མིའི་ཐོབ་ཐང་འཕྲོག་འདོད་པའི་མི་ཞིག་གནད་ལུགས་ཀྱི་ཐོག་ནས་ཆགས་པ་རེད། དེར་ཤེས་དགོས་ཀྱི་གལ་ཆེན་རེད་འདོད་དོ།།
མཆན་པ་བ་ཚོས་བཟང་ངན་གང་ཞིག་བཤད་ན་ཡང་གནས་ལུགས་ཡོད་ཅིང་ཐབས་ལམ་སྟོན་པའི་ཆབ་སྲིད་དཔྱད་པ་ཁོང་འདྲ་བོ་ཞིག་ང་རང་ཚོར་ད་དུང་མི་འདུག
ས་གནས་སོ་སོ་ནས་མི་རིགས་རང་སྐྱོང་གི་བྱ་བ་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ་ཚུལ་བདག་གིས་དེ་སྔ་ཞིག་ནས་ཁ་ལག་གཉིས་བཏོན་ཡོད། ད་འདིའི་ཐད་ལ་རྩོམ་ཡིག་ཅུང་ཞིབ་མོ་ཞིག་འབྲི་འདོད་བྱུང།
དྲང་བདེན་སྐྱོང་མཁན་ཞིག་ལ་ཕྱོགས་ལྷུང་མེད། དེ་བས་ སུ་ལ་ཕན་དང་སུ་ལ་གནོད་ལ་མི་བལྟ། བདེན་དོན་རང་སྨྲ། མཐར་ཝང་བཟའ་ཟླ་གཉིས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
རྒད་པོ་འདི་ངོ་མ་ངར་བ་ཟིག་རེད། འདིའི་སྐད་ཆ་ལ་ག་དུས་ཡིན་ན་ཀློག་པ་པོ་མགོ་རྙོག་ཐེབས་པའི་སྒྱུ་རྩལ་འདུག མ་ཟད་གང་ལ་ཕན་དང་རོགས་བྱེད་ཀྱིན་ཡོད་མི་ཤེས་པའི་ཁྱད་ཆོས་འདུག གང་ལྟར་ཆབ་སྲིད་ཕྱོགས་ཀྱི་རྩོམ་པ་པོ་ལབ་ན་འདི་འདྲ་དགོས་རྒྱུ་རེད་སྙམ་མག་པ་འདི་ངར་བ་ཟིག་རེད་གོ
ཀློག་གིན་ཀློག་གིན་ཡོང་ན་ཝང་ལི་ཞུང་གིས་བོད་ལ་ཤ་ཚ་རྣལ་མའི་སྐད་ཆ་བཤད་མི་འདུག ཁོ་ཡི་སྐད་ཆ་དེ་དག་ཕྱི་མཛེས་ནང་རུལ་གྱི་ཁང་སྒྲོམ་ལྟ་བུ་རེད། དཔྱད་བརྗོད་པ་དང་རྩོམ་པ་པོ་ཞིག་གི་ངོས་ནས་ཀུན་སྙོམས་དྲང་བདེན་གྱི་ལམ་ལས་ཡོན་པོར་ཕྱོགས་ན། དེ་ནི་ཉེན་ཚབས་ཅན་དང་མགོ་བོ་རྨོངས་འཐོམ་བྱེད་པའི་སྦྲིད་སྨན་ལྟ་བུར་འགྱུར་སྲིད་པ་ཡིན། ཝང་ལི་ཞུང་གིས་བོད་མིའི་རང་ལུས་མེར་སྲེག་ཐད་ལ་ནང་འགལ་ཅན་གྱི་སྐད་ཆ་ཁ་ཤས་དང་། སྐབས་འདིར་འོས་འཚམས་མེད་པའི་ལུང་དུམ་གཉིས་བཙན་གྱིས་འདྲེན་བཀོད་བཅས་བྱས་འདུག ཚིག་སྒྲོམ་སློང་སྟངས་དང་ཐད་ཀར་དུ་བོད་དོན་ལ་སེམས་ཁྲེལ་དང་འབྲེལ་ནས་བརྗོད་ཁུལ་ཡིན་པའི་དོན་དག་ལྔ་ཚན་འདིའི་བསྟན་དོན་གཙོ་བོ་དག་མདོར་དྲིལ་ན། ངོ་རྒོལ་བྱེད་མཁན་བོད་ཡིན་སྟབས། དེ་འབྲེལ་གྱི་མཇུག་འབྲས་དག་གི་འགན་ཡང་བོད་ཀྱིས་འཁུར་དགོས་པ་དང་། ཡང་ན་བོད་ཀྱི་གནད་དོན་དེ་བོད་རང་ཉིད་ཀྱིས་སེལ་ཐབས་བྱ་དགོས་པ་ལས། རྒྱ་ལ་དེ་དོན་བཤད་མ་བཤད་མེད་པ་རེད་ཅེས་པ་ལྟ་བུ་རེད་འདུག་ག
རྒྱ་རྒན་བོང་ལི་ཞོན་གྱི་རྩོམ་ཡིག་ལ་དགག་རྒྱག་བྱ་མཁན་མ་དགོས། མཆན་བུ་ཡག་པོ་ཞིག་ཀྱང་འདེབས་མཁན་ད་དུང་མི་འདུག འདིས་ཚིག་གི་ནང་ན་ཚིག་དང་། དོན་གྱིག་ནང་ན་དོན་འདུག མཐར་གཏུགས་ན་བོད་མི་རང་ལུས་སྲེག་ཚོས་དེ་ལྟར་གནང་བ་དོན་མེད་ཆུད་ཟོས་དང་། བོད་ཕྱི་ནང་གཉིས་ནའང་བོད་ཀྱི་མ་འོངས་ཆབ་སྲིད་ཀྱི་ཁ་ཕྱོགས་ཤེས་མཁན་དང་། དེ་ཡང་བོད་མིའི་ཆབ་སྲིད་འཐབ་རྩོད་ལ་ཁཕྱོགས་མི་འདུག་ཅེས་ཟེར་བཞིན་མི་འདུག་གམ།
ང་ནི་ཅི་རི་ཉི་མས་བཤད་པ་དེར་ཡིད་འཐད་དོ།།
རྒྱ་རྒན་བོང་ལི་ཞོན་གྱི་རྩོམ་ཡིག་ལ་དགག་རྒྱག་བྱ་མཁན་མ་དགོས། མཆན་བུ་ཡག་པོ་ཞིག་ཀྱང་འདེབས་མཁན་ད་དུང་མི་འདུག འདིས་ཚིག་གི་ནང་ན་ཚིག་དང་། དོན་གྱིག་ནང་ན་དོན་འདུག མཐར་གཏུགས་ན་བོད་མི་རང་ལུས་སྲེག་ཚོས་དེ་ལྟར་གནང་བ་དོན་མེད་ཆུད་ཟོས་དང་། བོད་ཕྱི་ནང་གཉིས་ནའང་བོད་ཀྱི་མ་འོངས་ཆབ་སྲིད་ཀྱི་ཁ་ཕྱོགས་ཤེས་མཁན་དང་། དེ་ཡང་བོད་མིའི་ཆབ་སྲིད་འཐབ་རྩོད་ལ་ཁཕྱོགས་མི་འདུག་ཅེས་ཟེར་བཞིན་མི་འདུག་གམ།
བཟོད་པ་ཟེར་བ་འདིའི་འདི་བདེན་པ་འདྲ་ཞིག་མཐོང་སོང་།
ང་ཚོ་ལ་ཆབ་སྲིད་དཔྱད་བརྗོད་པ་ཁོང་ལྟ་བུ་ད་དུང་ནམ་མཁའི་པདྨོ་རེད་འདུག
ས་གནས་རང་སྐྱོང་ནས་མགོ་འཛུགས་དགོས་ཚུལ་བཤད་པ་དེ་གཅིག་ནས་རྒྱ་ནག་གི་གཞུང་དང་བོད་ཀྱི་ལངས་ཕྱོགས་གཉིས་ཀར་འགྲིག་པར་མ་ཟད། དེ་བྱས་ན་རྒྱ་ནག་མི་དམངས་ཀྱི་རོགས་སྐྱོར་ཐོབ་པ་ལའང་རེ་བ་ཆེན་པོ་ཞིག་ཡོད་པ་རེད།
ཁོང་གི་ཚིག་གི་ནང་ན་ཚིག་འདུག གོ་རྒྱུ་འདུག རྒྱ་ཕྱོགས་དང་བོད་ཕྱོགས་གཉིས་ཀར་གོ་རྒྱུ་འདུག
འདི་ཧ་པ་བཞིན་གང་དགར་དབའ་མཁན་ཡང་གང་མང་ཞིག་འདུག
ཚོགས་མ་བསགས་རྒྱུའོ་རང་རེད་འདུག
ཨོ་རེད་་་ལྷ་མོ་སྐྱབས་ལགས་་དུས་དབང་སྔོན་དུ་ཁྱེད་ཀྱིས་༧གོང་ས་མཆོག་ལ་བཀའ་གསལ་པོ་གནང་རོགས་བྱོས་ཞུས་པ་ལྟར་ངས་ཀྱང་རེ་འབོད་བྱས་པ་རེད། ད་རིང་༧གོང་ས་མཆོག་གིས་སྒྲུབ་བྱེད་དབུ་མའི་ལམ་གྱི་འགྲེལ་བཤད་གསལ་པོ་གནང་སོང་བས་ངས་གོ་བ་ལེན་ཕྱོགས་འདི་འདྲ་ཡིན་ལགས། http://www.shambalapost.com/blog/viewpost/8456
གཞན་ལྟ་བ་འཁྲེགས་བཟུང་མ་བྱེད་ཅེས་རེ་བ་ཞུ་རྒྱུར་ཡིན།
ཨ་མདོའི་་་་་་དགེ་ཆོས་མཆོག་གིས། བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ།
ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་དུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་གཟོན་དགོས་པ་ལགས། ཞེས་གསུངས།
ཨ་མདོའི་་་མཁས་དབང་དམུ་དགེ་བསམ་གཏན་གྱིས།
སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར། སྐད་ཡིག་བཅོས་བསྒྱུར་བྱེད་དོ་ཞེས་སྤྱི་སྐད་དོར་ནས། ཡུལ་སྐད་རེ་བྲིས་ཚེ། དབུས་གཙང་གིས་རང་གི་ཡུལ་སྐད་རེ་བྲིས། ཁམས་ཀྱིས་རང་གི་ཡུལ་སྐད་རེ་བྲིས། ཨ་མདོས་རང་གི་ཡུལ་སྐད་རེ་བྲིས། རོང་བས་རོང་སྐད་རེ་བྲིས། འབྲོག་པས་འབྲོག་སྐད་རེ་བྲིས་ན། སྐད་ཡིག་སོ་སོར་གྱེས་པར་གྱུར་ནས་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཏུ་འགྱུར་བ་ནི། སྔོན་དབྱི་རིགས་ཡི་གེ་འཐོར་ནས། སྤྱིས་བེད་སྤྱོད་མི་ཐུབ་པ་ཞིག་ཏུ་གྱུར་བས་ཀྱང་ཤེས་ལ། ཞེས་གསུངས།
འུ་ཅག་དང་འུ་ཚང་། ངར་བ་ཟིག་རེད་དང་ངར་བ་ཟིག་མ་རེད། ཡོད་ཁུ་དང་མེད་ཁུ། གདའ་དང་གདའ། དགའ་ལེ་རེད་དང་དགའ་མ་ལེ་རེད། ཟེར་བའི་ཚིག་བེད་སྤྱོད་བཏང་མཁན་ཚོས་ནོར་ཡོད་མེད་་་ཨ་མདོ་བའི་མྱི་ངོ་མ་དགེ་ཆོས་དང་དམུ་དགེ་བསམ་གཏན་གཉིས་ཀྱིས་བཀའ་ལ་ཉོན།
སྐད་ཡིག་སྲུང་སྐྱོབ་ཆགས་ཀྱི་ཡོད་དང་གཏོར་བཤིག་གཏོང་ཡོད་མེད་ཐོག་ཏུ་མགོ་ཡི་ནང་དུ་ཀླད་ཡོད་ན་བསམ་བློ་ཐོངས། ཝོ་ཝོ་ཝོ།། ཁྱི་ལས་སྡུག་པའི་མྱི་སྐད་བརྒྱབ་མཁན་ཚོ།།
རེད། བདེན་པ་རེད། ཅོ་རི་ཉི་མས་བདེན་པ་བཤད་སོང་། མཆན་དང་རྩོམ་རིགས་མང་དག་ཞིག་གི་ནང་དུ་ཡུལ་སྐད་དེ་ཡིག་སྐད་དང་བསྲེས་ནས་རང་གི་ཡུལ་སྐད་ལ་ལར་ཞེན་གྱིས་ཁྱབ་སྤེལ་བྱ་ཐབས་སྣ་ཚོགས་སྤེལ་བཞིན་འདུག འདི་ནི་ལོ་ཤས་གོང་ནས་འགོ་འཛུགས་བྱས་སོང་། དེང་སང་ནི་བྱ་བ་འདི་འགྲིག་རབས་བཤད་མཁན་ཡང་ཇེ་མང་རེད། མི་འདི་དག་གིས་ཁ་ནས་བཤད་རྒྱུར་བོད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་རབས་དང་། བོད་ཀྱི་རིག་གཞུང་ལ་ལར་ཞེན་ཡོད་རབས་སོགས་སྣ་ཚོགས་འུད་སྒྲོག་བྱེད་བཞིན་འདུག་མོད། དོན་ལ་ལར་ཞེན་གང་ལ་བྱེད་ཀྱི་ཡོད་མེད་ནི་བློ་གཟུ་བོར་གནས་པ་ཚོས་བལྟས་ན་ཟུར་བལྟས་ལེབ་མཐོང་རེད། རང་མི་རིགས་ཀྱི་སྐད་ཡིག་ལ་ལར་ཞེན་དོན་དམ་པ་ཡོད་ན། རང་གི་ཡིག་སྐད་ལ་སྲེས་ལྷད་དོར་དགོས།
བཙན་བྱོལ་བས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་་ས་འདི་ལ་ཡང་དྲང་བདེན་གྱི་ལམ་སྲུང་མཁན་རེ་འདུག་བསམ་པས་ཚོར་བ་ཞིག་བྱུང་།
ཅོ་རི་ཟེར་བ་འདི་ཁྱི་ལབ་རྒྱག་མཁན། ཆོལ་ཁ་ནང་ཕན་ཚན་དཀྲུགས་ཤིང་རྐྱང་རྐྱང་རྒྱག་མཁན་ཞིག་འདུག
དོན་ཡོད་པ་སྐད་ཆ་གཅིག་ཀྱང་མི་ཤོད། རང་ཚོད་མ་ཟིན་ན་འདི་འདྲ་རེད།
སྐྱག་པ་ལ་ལག་པ་མ་འཆང་ན་ཡག་ཤོས་རེད།
ར་མ་འཕག་ནས་ར་ཁང་མི་ཤིག་པའི་ཁ་དཔེ་ཞིག་ཡོད་པ་རེད། ཅོ་རི་མུ་མཐུད་དུ་ངུ་རོགས།
王力雄对德国之声表示,日渐增多的自焚事件,凸显西藏的困境,但如何走出这样的恶性循环和困境,目前各方面(包括中国当局与藏人)都没有明晰方向,但目前的状况不应该再持续下去。
王力雄提出突破西藏困境从村民自治开始:”对西藏问题的解决,达赖喇嘛也早就提出来在中国《宪法》框架内,寻求西藏的高度自治或是真正的自治,这点在理论上和中国政府的主张也不矛盾,中国政府也一直说主张民族区域自治,也宣称已经给予西藏自治的权利,包括在中国政治框架内,西藏也叫自治区,好多的藏区也叫自治洲;另外一点中国政府很早就通过了《村民委员会组织法》来推动村民自治,如果一时不能在整个民族区域的高度上达到达赖喇嘛所希望的高度自治,能不能在基层,从村庄这一级来实现真正的自治,在这种自治的起点上一步一步走,以便达到中国政府自许的,而且是达赖喇嘛期望的自治呢?”
但王力雄并不认为这个方向性的建议会获得中国当局的支持和放行,因为中国政府认为目前给予西藏的就是”自治”,但藏人应该从乌坎事件上获得启示,运用现有法律、通过一些行动寻求真正的基层自治。
“藏人要象乌坎村的村民一样,自己组织起来,争取真正的村民的自治,这样也许面对的阻力就是来自县或乡镇一级的,同时却还有国家的法律、有其它方面理论上的支持,所以走的这条道路是合法、正义的,村民要坚持走下去。 ”
作者:吴雨
ངོ་དེབ་ལས་Sakar Tashi་ཀྱིས་
བདེན་པ་མིན་པར་ཤོག མགོ་ལོག་ནས་ཡང་བསྐྱར་བོད་མི་ཞིག་གིས་རང་ལུས་མེ་བསྲེགས་བཏང་འདུག་ཟེར། རྔ་བ་ནས་གྲ་བ་བཞིའི་རང་སྲོག་བཅད་འདུག་ཟེར་བའི་གནས་ཚུལ་ཁུངས་བདེན་ཡིན་མིན་དང་གསལ་ལ་མི་གསལ་བ་རེ་འབྱོར་གིན་འདུག ཚང་མ་བདེན་པ་མིན་པར་ཤོག མིན་པར་ཤོག
ཁུག་རྟ་དང་དོན་བཀྲ་གཉིས་་་ཁྱེད་གཉིས་ཀྱིས་མིང་ག་འདྲ་ཞིག་གི་འོག་ནས་བསླེབས་ཀྱང་དོན་མེད་རེད། དེ་ལས་དངོས་མིང་ཐོག་ནས་ཤོག གནད་ལུགས་བཤད་་་མི་ཐུབ་པས་ཚིག་དང་རྟ་ཐུབ་པས་སྒྲོག་ཡོད་ན་་་དགའ་བསུ་ཞུ་རྒྱུ་ལས་མེད། ཁྱི་འབོད་ཕག་འབོད་ཀྱིས་ང་ཅོ་རིའི་སྤུ་རྐང་གཅིག་ཐུབ་ཀྱི་མེད།
ད་ནི། ཁ་བརྡར། ཁྱི་དང་། རྟ་དང་། ཕག་དང་། ཁུ་ཡུག་དང་། དེ་ཚོའི་ཁ་ནས། སྐྱག་པ་དང་།དཀྲུགས་ཤིང་སོགས་ཀྱིས་གཞན་སེམས་དཀྲུགས་ལ་དགའ། ཕྱི་སྡོད་རྒྱ་ཡིས་མཁས་པ་དང་དམ་ཚིག་མཐུན་རང་གཞན་གཉིས་ཕན་རེད་གདའ།
ཝང་ལི་ཞུང་གིས་ཅི་ཞིག་བྱས་ཡོད་དམ།
ཀ༽བོད་ཀྱི་གནས་བབ་ལ་ཞིབ་འཇུག་གཞན་ལས་ལྷག་པ་གནང་ཡོད།
ཁ༽དབུ་མའི་ལམ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད།
ག༽ རྒྱ་ནག་གི་རུལ་སུངས་པའི་སྐྱོན་མཚང་གསལ་འདོན་བྱས་ཡོད།
ང༽བོད་ལ་ཉེན་ཁ་གང་དག་ཡོད་པའི་སྐོར་གཏིང་ཟབ་མོས་གླེང་ཡོད།
ཅ༽ རྡ་རམ་ས་ལར་དངོས་སུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་བར་མ་ཟད་གཏམ་བཤད་དང་བཅར་འདྲིར་ལན་འདེབས་ཁ་གསལ་གནང་ཡོད།
ཆ༽ ༢༠༠༨ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཡང་རྒྱ་ནག་ལ་ཞུ་གཏུགས་ཡི་གེ་ཕུལ་ཡོད།
ཇ༽ ད་ལྟ་བོད་མིའི་རང་ལུས་མེར་བསྲེགས་ཀྱི་སྙིང་སྟོབས་དང་འབྲེལ་ནས་རང་དབང་འཐབ་རྩོད་ཀྱི་ཁ་ཕྱོགས་གླེང་སོང།
མདོར་བསྡུས་ན་ཁོང་ནི་དམངས་གཙོ་དོན་གཉེར་གྱི་རང་དབང་རྩོམ་པ་པོ་དྲང་ཚུགས་ཅན་ཞིག་ཡིན་པ་མཐོང་ཐུབ།
ཆབ་བྲག་ལྷ་མོ་སྐྱབས་ནས་གསུངས་པ་དེ་བདེན་པ་རེད། རྒྱ་བོད་མཐུན་འགྲིག་ནི་དབུ་མའི་ལམ་གྱི་རྨང་རྡོ་རེད།
གྷན་དྷི་དང་༸གོང་ས་མཆོ་གཉིས་འདྲ་ཡང་། རྒྱ་གར་དང་ཨིན་གཞུང་གཉིས་དང་།བོད་དང་རྒྱ་ནག་གཉིས་མི་འདྲ གང་ཡིན་ཟེར་ན་། རྒྱ་བོད་གཉིས་ནི་ཡག་ན་སྡུག་ན་ཁྱིམ་འཚེས་རེད། རགྱ་བོད་གཉིས་དགྲ་ཡིན་ཡང་མཉམ་ཞིབ་བྱས་ནས་སྡོད་དགོས་ལ། གཉེན་ཆགས་ན། དེ་བས་ཀྱང་ག་དུས་ཡིན་ན་ཡང་། རྒྱ་རིགས་དང་བོད་རིགས་གཉིས་ཀྱི་བར་གྱི་མཐུན་སྒྲིལ་ལ་གཟབ་གཟབནན་ཏན་་བྱེད་དགོས། དགེའོ། །
བོད་ལ་ཆོ་ག་ཡག་པོ་ཞིག་འདུག བོད་ཀྱི་གནད་དོན་སེལ་དགོས་ན་རྒྱ་ནག་མི་མང་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུ་གལ་གནད་དུ་མཐོང་། འོན་ཀྱང་། དེ་ནི་དྲང་བདེན་གྱི་ལས་འགུལ་དང་ཕྱོགས་ལྷུང་མེད་པའི་འཐབ་རྩོད། ལས་འབྲས་སྲུང་བའི་དྲང་ཚིག་དང་གཞན་ཡུལ་འགུག་པའི་བྱམས་སེམས་ཀྱི་ནུས་བ་རྒྱུད་ནས་རྒྱ་ནག་མི་མང་གི་སེམས་འགུག་ཐབས་བྱེད་དགོས་ལ། དེས་རིམ་བཞིན་འགུག་ཐུབ་ངེས་ཡིན། ཉམ་ཆུང་གི་འཐབ་རྩོད་པ་དང་དྲང་བདེན་གྱི་འཐབ་རྩོད་པ་ཞིག་ཡིན་ཚེ་ལས་དོན་གང་ཞིག་སྒྲུབ་ཀྱང་དྲང་བདེན་དང་འབྲལ་ཐབས་མེད་ལ། དེ་ནི་གནད་དོན་ཡོད་ཚད་ཞི་བའི་སྒོ་ནས་སེལ་བའི་གཞི་མ་རེད།། དྲང་བདེན་དང་མ་བྲལ་བའི་འཐབ་རྩོད་དང་ལས་འགུལ་ནི་སྟོབས་ཤུགས་ཀུན་གྱི་འབྱུང་ཁུངས་ཡིན། མེ་བསྲེགས་ཀྱི་ལས་འགུལ་འདི་ཡང་དེ་དག་ཁྲོད་ཀྱི་ཆེས་རྣོ་ངར་ལྡན་པའི་ལས་འགུལ་ཞིག་ཡིན། རྒྱུ་མཚན་ནི། བློས་བཏང་དང་བཟོད་པའི་ལས་འགུལ་ཡིན་པས་རེད། བོད་ཀྱི་བློས་བཏང་དང་བཟོད་པའི་ལས་འགུལ་འདིས་འཇིག་རྟེན་ཀུན་ཧང་སང་དུ་བཅུག་ལ། ཡིད་སྨོན་ཤོར་དུ་བཅུག ཡིད་སྨོན་གྱི་རྗེས་སུ་རྒྱབ་སྐྱོར་ཡོང་ངེས་ཡིན་པ་འདོད།
གནད་དོན་འདི་ལ་རྒྱ་ནག་མི་མང་གིས་དགག་པ་མི་རྒྱག་པའང་རྒྱག་མི་ཐུབ་པའང་ལས་འགུལ་འདིའི་རྒྱལ་ཁ་ཞིག་ཡིན་པ་འདོད། རྒྱུ་མཚན་ནི་དྲང་བདེན་ཡོད་ཚད་བོད་ལ་ཡོད་ཅིང་ལས་འགུལ་འདི་ལ་ཁ་གཡར་ས་གཞན་མེད་པས་རེད། མེ་འདའ་བརྒྱབས་ཀྱང་དྲག་ལེན་མ་སློག་པ་ནི་ཆེས་བླ་མ་མེད་པའི་ཞི་བའི་ལས་འགུལ་གྱི་གཟི་བརྗིད་ཅིག་ཏུ་ཁུམས།
སྐུ་ཞབས་རྒྱ་རིགས་ཝང་ལགས་ཀྱིས་བྲིས་པའི་དཔྱད་བརྗོད་དེར་བལྟས་ཏེ་མཆན་བཏགས་པ་ཚོས་ཀུ་ཅོ་ག་ཚོད་རྒྱག་ཀྱང་དགེ་ཆབ་བྲག་པ་ལྷག་པའི་ཀློག་པ་པོ་ཞིག་དང་ཟུར་གནས་མཁན་ཞིག་འདིར་མི་འདུག
གནས་དོན་ཞིག་ལ་ཁ་མཚོན་གཅད་ནས་བཤད་མཁན་དག་ནི་ངལ་རྒྱ་ཆེ་ཞིང་མཐོང་རྒྱ་དོགས་པའི་སྐྱོན་དུ་གནས། དེ་ཚོས་སྐད་ཆ་བདེན་དོན་དང་རྒྱང་ཐག་རིང་།
ཝང་ལི་ཞུང་གི་རྩོམ་གྱིས་བཙན་བྱོལ་བའི་འགོ་གཙོ་རྣམས་་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཐུབ་པ་ཤེས་ནས་ད་ལྟ་རྣོ་ངར་ལྡན་པའི་བོད་ཀྱི་ལས་འགུལ་གྱི་སྐབས། རྒྱ་དམར་གཞུང་གིས་བཀས་བཀོད་དེ་ཝང་ཞུང་གིས་རྩོམ་ཡིག་འདི་བྲིས་བ་རེད། ཁོང་གི་བོད་ཀྱི་སྐུ་ལུས་མེ་བསྲེགས་བཏང་ཞིང་ཛ་དྲག་གི་ལས་འགུལ་སྐབས་རྒྱ་ནག་གཞུང་ལ་བོད་ཀྱི་མངོན་འདོད་ཀྱི་ཟུར་ཞིག་སྐོང་དགོས་བའི་ཞུ་འབོད་ཀྱི་ཚིག་སྣ་གཅིག་ཀྱང་མེད་པ། བོད་མི་ཚོས་སྐུ་ལུས་མེ་བསྲེགས་བཏང་བ་ཆུ་ཟོས་ཡིན་ཞིང་རྒྱ་ནག་གཞུང་གི་སྲིད་ཇིས་འགྱུར་བ་མེད་ཚུལ་གླེང་། རང་ལུས་མེ་བསྲེགས་ཀྱིས་རྒྱ་ནག་གི་ཡང་མ་དག་པའི་སྲིད་ཇིས་ཡོད་ཚད་ཐེ་འདོན་བྱས་ཤིང་། དེས་བོད་མི་རྣམས་གཉིལ་སེལ་ཞིང་མཐར་རྣོ་ལྕགས་ལྟར་གཅིག་གྱུར་དང་། ལས་དོན་གང་ཞིག་སྒྲུབ་པ་དམིགས་བསལ་གྱི་སྐུལ་འདེབས་བྱས་བ་རྒྱུད། བོད་ཀྱིས་མཆོང་སྐྱོད་ཆེན་པའི་ཞིག་གི་འགུལ་ཤུགས་ལས་རྒྱ་ནག་གི་འོག་ནས་རང་དབང་ཐོབ་པའི་་ངེས་བ་རྙེད་ནས་དེ་ལྟར་དཔའ་རྒོད་རྣམས་ཀྱི་གནང་བ་རེད། བོད་མི་ཚོས་ཀྱང་དེ་ལྟར་འཚོར་བས་མདུན་མཆོང་བྱེད་པ་་ལས་མི་གཅིག་ཚེ་སྲོག་བཏང་བའི་ཉེར་ལེན་གྱིས་བོད་ལ་རང་དབང་མི་ཐོབ་པ་ཤེས་ཡོད། དེ་ལྟར་ལས་འགུལ་རྒྱུན་འཁྱོངས་བྱེད་དགོས་བ་མཁྱེན་པས་གནང་བ་རེད། སྲིད་གཞུང་གདུག་རྩུབ་ཅན་ལ་འགྱུར་བ་མེད་པ་སུ་ཡིས་ལུང་བསྟན་པ་རེད། འཇིག་རྟེན་གྱི་དབང་སྒྱུར་བ་ཀུན་ལ་སྙིང་རྗེ་མེད་ཀྱང་བདེན་པའི་སྟོབས་ཤུགས་དང་མི་མང་གི་ནུས་བས་ཁོང་ཚོར་འགྱུར་བ་མི་བཏང་ཐབས་མེད་ཅིང་མཐར་ཐོར་ཞུགས་སུ་ཕྱིན་པ་ང་ཚོ་སྟེ། བོད་མི་རྣམས་ཀྱིས་གསལ་བོ་མཐོང་གི་ཡོད། མགོ་སྐོར་་མ་བཏང་། གཡོ་སྒྱུ་མ་ཚད། གཡོ་སྒྱུ་ཡི་འཇུག་འབྲས་ཞེ་འཁོན་ཡིན། ཞེ་འཁོན་གྱི་འཇུག་འབྲས་འགལ་ཟླ་ཡིན་པ་ཆོས་ཉིད་རེད།
བསྒྱུར་ཡིག་གི་ནང་དོན་ལ་སྐྱོན་དེ་ཙམ་འདུག་པས་བདག་གིས་གཤམ་དུ་ཝང་ལི་ཞོང་གི་དོན་ཚན་དང་བོ་ལས་མཚོན་པར་བྱས་ཡོད།
ངས་བོད་ཀྱི་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ལ་མཐའ་གཅིག་ཏུ་གུས་འདུད་ཞུ་བ་ཡིན། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་མི་རེ་རེའི་སེམས་སུ་བཅིངས་པའི་དམིགས་ཡུལ་དེ་མངོན་འགྱུར་བྱེད་ཐུབ་པ་དང་ཡང་ན་མ་ཡིན་པ། འོན་ཀྱང་། ཁོང་ཚོས་རང་གི་དགོས་འདུན་དེ་འགྲུབ་ཡོད་མེད་གསལ་བོར་ཤེས་ཀྱང་མ་ཤེས་རུང་། ཁོང་ཚོའི་ཐུན་མོང་གི་ནུས་ཤུགས་ཀྱིས་མི་རིགས་ཤིག་གི་སྙིང་སྟོབས་ལ་སྐུལ་མ་བཏང་ཡོད།
སྙིང་སྟོབས་ནི་རྩ་ཆེ་པའི་ནུས་པའི་འབྱུང་ཁུངས་ཤིག་ཡིན། ལྷག་པར་དུ། དངོས་ཡོད་ཀྱི་ནུས་ཤུགས་ཞན་པའི་སྐབས་སུ་སྙིང་སྟོབས་ནི་དུས་རྟག་ཏུ་ཉམ་ཆུང་དེ་སྟོབས་ཆེན་ལས་རྒྱལ་ཁ་འཐོབ་པའི་འགག་རྩ་ཡིན། རང་ལུས་མེར་བསྲེགས་གཏོང་བར་ཆེས་མཐོ་བའི་སྙིང་སྟོབས་དགོས། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་མི་བཅུ་དྲུག་གི་གནམ་ས་གཡོ་འགུལ་གཏོང་བའི་བླ་སྲོག་གི་སྙིང་སྟོབས་དང་མཉམ་དུ་ཨ་མདོའི་མགོ་ལོག་ནས་ཡིན་པའི་བསོད་བྷ་རིན་པོ་ཆེའི་རང་ལུས་མེར་བསྲེགས་ནི་ཡང་རྩེར་བསླེབས་ཡོད། ཁྱོན་ཡོངས་ནས་བརྗོད་ན། ངའི་བསམ་པར་མི་རིགས་ཤིག་ལ་སྐུལ་འདེད་བྱེད་པའི་སྙིང་སྟོབས་དེས་ཁོ་ཚོའི་རིན་ཐང་རྣམས་ར་སྤྲོད་བྱས་ཡོད།
ད་ལྟ་གནད་དོན་དེ་འགྱུར་ལྡོག་གཏོང་བར། འདི་འདྲའི་རྩ་ཆེ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེ་ཇི་ལྟར་དུ་བེད་སྤྱོད་བྱེད་དགོས་སམ། མུ་མཐུད་དུ་རང་ལུས་མེར་བསྲེགས་བཏང་སྟེ། སྙིང་སྟོབས་རྣམས་ཕངས་མེད་དུ་བསྲེགས་པར་བྱེད་པ་ནི། བདག་གི་བསམ་པར་ད་ལྟ་ནས་ཆུད་ཟོས་སུ་བཏང་བ་རེད། སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུལ་འདེད་གནང་བའི་སྙིང་སྟོབས་དེ་ངེས་པར་དུ་ཕན་ནུས་ལྡན་པ་དང་གནད་ལ་འཁེལ་བའི་སྒོ་ནས་བེད་སྤྱོད་བྱས་ན་ད་གཟོད་དེ་ནི་རླབས་ཆེན་གྱི་སྣེ་ཁྲིད་པ་རྣམས་ཀྱི་ཐུགས་དགོངས་ཡིན་ལ། ཁོང་ཚོས་རང་སྲོག་བློས་བཏང་བའི་དངོས་ཡོད་ཀྱི་རིན་ཐང་ཡང་ཡིན།