ཁྲི་རལ་པ།
དེང་སང་འཛམ་གླིང་ཤར་ནུབ་གང་སར་རང་རང་གི་ཡུལ་ལུང་ནང་དཀའ་རྙོག་སྣ་ཚོགས་ཡོད་པ་རྣམས། ཡུལ་གཞན་གྱི་ནང་འཚོ་ཐབས་དང་འཐབ་རྩོད། རང་དབང་སོགས་ཀྱི་ཆེད་འགྲོ་མཁན་ཧ་ཅང་མང་པོ་ཡོང་གི་ཡོད་ཅིང་། ལྷག་པར་ཨ་ཧྥ་རི་ཁ་དང་ཐག་ཉེའི་ཡོ་རོབ་རྒྱལ་ཁབ་སི་ཕན་དང་ཨི་ཁྲ་ལི་ལྟ་བུའི་ནང་དབུལ་ཕོངས་དང་ནང་འཁྲུག་ལ་གཡོལ་བར་མི་ནག་ཡུལ་བྱོལ་བ་འབུམ་ཚོ་མང་པོ་བསླེབས་ཏེ། རྒྱལ་ཁབ་སོ་སོ་ལ་དཀའ་ངལ་དང་བརྡབས་གསིག་ཆེན་པོ་ཡོད་རུང་། མི་ཆོས་རིང་ལུགས་ཀྱི་རྒྱབ་རོགས་དང་རྒྱལ་སྤྱིའི་ཁྲིམས་ལ་ལྟོས་ཏེ་མི་ནག་དེ་ཚོ་མང་ཆེ་བ་སྐྱབས་བཅོལ་ངོས་འཛིན་རག་ཐུབ་ཀྱིན་ཡོད་པ་མ་ཟད། སྤྱིར་རྒྱལ་ཁབ་གང་འདྲ་ཅིག་གིས་ཀྱང་དམིགས་བསལ་ཆབ་སྲིད་དཀའ་རྙོག་འོག་ཡུལ་གཞན་དུ་བྲོས་བྱོལ་བསླེབས་པ་ཚོར། གཞུང་འབྲེལ་གྱིས་ཁྲིམས་འགལ་བ་ཟེར་བའི་ཚིག་དེ་འདྲ་ཕལ་ཆེར་བེད་སྤྱོད་གཏོང་ཐུབ་ཀྱི་མེད།
ཡང་སྒོས་རང་རེ་བོད་མི་རྣམས་ནི་རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་དང་མི་རིགས་རྩ་མེད་གཏོང་འཆར་གྱི་སྲིད་ཇུས་ལག་བསྟར་དངོས་སུ་བྱས་ཏེ། ཐབས་ཟད་ཀྱིས་བོད་མི་བརྒྱ་དང་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་བྱས་ཚར་བའི་དཀའ་ངལ་གནས་སྟངས་འོག རྒྱ་དམར་ཙམ་ལས་བོད་མི་སྐྱབས་བཅོལ་བ་ཚོར་ད་སྔ་ཧ་ལམ་འཛམ་གླིང་གི་གཞུང་སུས་ཀྱང་ཆབ་སྲིད་དཀའ་ངལ་ཡོད་པ་ཅིག་མ་གཏོགས། ཁྲིམས་འགལ་བ་ཞེས་ཡོངས་གྲགས་བརྗོད་ཐུབ་མཁན་མཐོང་མ་སོང་མོད།
ཡ་མཚན་པོ་ཅིག་ནི། ཉེ་ཆར་བོད་གཞུང་གི་བྱང་ཨ་མི་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལ་བོད་ཀྱི་དུས་བབ་ཀྱིས་བཅར་འདྲི་བྱས་པའི་ནང་། ཁོང་གིས་(བྱང་ཨ་རི་བོད་མི་མང་ཤོས་ཡིན་ལ་དཀའ་ངལ་ཡང་མང་པོ་འདུག།འོན་ཀྱང་། ལོ་རབས་༦༠ དང་༧༠ནང་བསླེབས་པ་ཚོ་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཡག་པོ་ཆགས་ཡོད་ཀྱང་། མི་འབོར་ཁྲི་གཉིས་ཙམ་གྱི་ནང་ནས་མང་ཆེ་བ་ཉེ་ལམ་དངུལ་མང་པོ་སྤྲད་ནས་ཁྲིམས་འགལ་གྱིས་བསླེབས་པ་དེ་འདྲ་ཡིན་དུས། ལས་ཀ་མ་རག་པ་དང་རག་པ་ཡིན་ནའང་གླ་ཆ་དེ་ཙམ་མེད་པར་བུ་ལོན་སྤྲོད་ཐུབ་ཀྱི་མེད་པ། ཐ་ན་སོ་སོའི་ཟས་གོས་གནས་མལ་གྱི་ཐོག་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་མང་པོ་འདུག)ཞེས་བྱང་ཨ་རིའི་ནང་གི་བོད་མི་སྐྱབས་བཅོལ་བ་མང་ཤོས་ཁྲིམས་འགལ་ཡིན་པ་གསུངས་འདུག
བར་སྐབས་བོད་ནས་འབྱོར་བསྡད་པ་ཚོ་གནས་ཡུལ་ཨ་རི་དང་རྒྱ་གར། ཡོ་རོབ་རྒྱལ་ཁག་སོགས་སུས་ཀྱང་ད་སྔ་ཁྲིམས་འགལ་བ་རེད་ཅེས་བཤད་མེད་པར། ག་ལེར་སྐྱབས་བཅོལ་གྱི་ངོ་བོར་ཡིག་ཆ་འགྲིག་འགྲོ་གི་ཡོད་ནའང་། བོད་གཞུང་གི་མི་སྣ་གནད་ཡོད་དེ་འདྲ་ཅིག་གིས་ཕྱི་རྒྱལ་དུ་བསླེབས་བཞིན་པའི་བོད་མི་མང་ཆེ་བ་ཁྲིམས་འགལ་དུ་ངོས་འཛིན་གཏམ་བཤད་སྤེལ་བ་ནི། དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཞིག་ཏན་ཏན་རེད།
ད་ནི་རྒྱ་དམར་གྱི་གདུག་རྩུབ་འོག་ནས་བྲོས་བྱོལ་བྱེད་མཁན་བོད་མི་རྣམས་ཁྲིམས་འགལ་དུ་ངོས་འཛིན་པ་རྒྱ་ནག་གཞུང་ལ་བོད་གཞུང་གིས་ཀྱང་ཕྱག་རོགས་གནང་གི་ཡོད་རེད་དམ། ཁོང་གིས་ལོ་རབས་༦༠ དང་༧༠ ནང་ཡོང་བ་ཚོ་ཡག་པོ་ཆགས་ཡོད་ཀྱང་། ཉེ་ལམ་འབྱོར་བ་རྣམས་མང་ཆེ་བ་ཁྲིམས་འགལ་ཡིན་པས་དཀའ་ངལ་ཡོད་པར་བརྗོད་པ་གནད་འགག་ཆེ་ཤོས་སུ་མཐོང་།
ལོ་རབས་༦༠ དང་༧༠ ནང་ཡོང་བ་མང་ཤོས་གཞུང་འབྲེལ་གྱིས་རྒྱ་གར་ནས་བླངས་པ་དང་། དེ་ཚོར་ལྟོས་བཅས་ནང་མི་ཟླ་སྒྲིལ་བཏང་བའི་རིགས་ཡིན་པས། བོད་གཞུང་གི་བཀོད་ཁྱབ་དང་ལྟོས་འབྲེལ་གྱིས་བསླེབས་པ་ཞེ་གཅིག་ཡིན་མོད། དེང་སང་གཞུང་དང་འབྲེལ་བ་དེ་ཙམ་མེད་པར་སྒེར་ངོས་ནས་ཐབས་འཚོལ་གྱིས་མང་པོ་ཅིག་རྒྱལ་ཁབ་འདྲ་མིན་ནང་སྐྱབས་བཅོལ་དུ་བསླེབས་བཞིན་པ་རེད། སྐུ་ངོ་སྐལ་རྡོར་མཆོག་གིས་དེ་ཚོ་ཁྲིམས་འགལ་ཡིན་པའི་སྐད་ཆ་རེད། བོད་གཞུང་གི་ངོས་འཛིན་ནི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ངེས་པར་རྒྱ་གར་ནང་ཡོང་དགོས་པ་ལས། རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་ཕྱིན་ན་ཁྲིམས་འགལ་ཡིན་པ་རེད། འོན་ཀྱང་། རྒྱ་གར་ནང་བོད་ནས་གསར་འབྱོར་ཆབ་སྲིད་བཙོན་པ་ཚོ་ཡར་ཕུད་དེ་གསར་འབྱོར་བྱིངས་ལ། གསོག་སྒར་སློབ་གྲྭར་ལོ་ཤས་གཏོང་བ་མ་གཏོགས་སྐྱབས་བཅོལ་གྱི་ངོས་འཛིན་དང་རོགས་སྐྱོར། མི་ཚེ་བརྟན་པོ་ཡོང་བའི་གོ་སྐབས་དེ་འདྲ་ཅི་གང་མེད་པའི་གནས་ཚུལ་དང་བསྡུར་ན། ནུབ་ཕྱོགས་རྒྱལ་ཁག་ནང་སྐྱབས་བཅོལ་བ་ཚོར་ལྟ་སྐྱོང་གང་འདྲ་ཡོད་པ་རྒྱུས་ཡོད་སྐུ་ངོ་ཚོར་མཐོང་ཆོས་སུ་ཡོད་པས། བོད་གཞུང་གི་སྐུ་ངོ་མང་ཆེ་བའི་ནང་མི་བུ་ཕྲུག་དང་བཅས་པར་ཕྱི་རྒྱལ་ཁག་ནང་སྐྱབས་བཅོལ་འཕར་མ་ཞུས་ཏེ། རང་ཉིད་ཀྱང་ལས་ཡུན་རྫོགས་མཚམས་ནུབ་ཕྱོགས་སུ་འཕུར་འགྲོ་གིན་ཡོད།
འོན་ཀྱང་། སྐུ་ངོ་སྐལ་རྡོར་གྱིས་(དེང་སང་རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་པོ་ཞིག་གིས་ཨ་རིར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་ནང་འཚོ་བ་སྐྱེལ་རྒྱུ་ལས་སླ་བོ་ཞིག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་ཨ་རིར་ཡོང་བ་ཡིན་ནའང་ཁྲིམས་མཐུན་གྱིས་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།)ཅེས་གསུངས་ཡོད་ཀྱང་། དོན་དངོས་སུ་ཁྲིམས་མཐུན་ཟེར་བའི་རྣམ་གཞག་ལ་གསལ་ཁ་གང་ཡང་མེད། སྐྱབས་བཅོལ་བ་ཚང་མ་རྒྱལ་ཁབ་དེར་འབྱོར་རྗེས་གཞི་ནས་ཁྲིམས་མཐུན་ངོས་འཛིན་ཞིག་བཟོ་བཞིན་པ་ལས། དང་པོ་ནས་སུ་ལ་གབ་ཡིབ་སྦས་སྐུང་བྱེད་མི་དགོས་པར་ཡོང་ཆོག་པ་ཅིག་ཡིན་ན། དེ་འདྲ་ཅིག་སྐྱབས་བཅོལ་བར་ཆགས་དགོས་དོན་ཁོ་རང་མེད་པ་རེད། རྒྱལ་ཁབ་མེད་པར་བཙན་དབང་འོག་ནས་བྲོས་བྱོལ་བ་ཅིག་ཡིན་ཚེ། ཐབས་ལམ་སྣ་ཚོགས་བརྒྱུད་བྲོས་བྱོལ་གྱིས་ཐ་མ་ཡུལ་གཞན་ཅིག་གི་ནང་འབྱོར་དུས་གཞི་ནས་ཁྲིམས་མཐུན་བཟོ་རྒྱུ་མ་གཏོགས་ལམ་ཁ་མེད་པ་རེད།
བོད་ནས་རྒྱ་གར་ནང་བྲོས་བྱོལ་ཡོང་མཁན་ཚོའང་བརྒྱུད་རིམ་འདི་གཅིག་མཚུངས་སུ་འགྲོ་དགོས་པ་རེད། འདི་འདྲ་རྒྱུན་ཤེས་ཙམ་ལའང་བསམ་བློ་མི་གཏོང་བར་བོད་ནས་གསར་འབྱོར་སྐྱབས་བཅོལ་བ་ཉམ་ཆུང་ཚོར། མིག་སྐྲང་སྟེང་ལ་ཁུ་ཚུར་བྱས་ཏེ་ཁྲིམས་འགལ་སོགས་མི་འདོད་པའི་ཚིག་སྡུག་པོ་བེད་སྤྱོད་བཏང་ན་ཐབས་སྐྱོ་བོ་དང་དགྲ་བོའི་ལག་ཆ་ཡག་པོ་ཆགས་ངེས་མ་ཟད། ཆུ་འགོ་ནས་རྙོག་ན་གཞུག་ནས་མི་དྭངས་བའི་དཔེ་ལྟར། སྐད་ཆ་འདི་འདྲར་གཟབ་གཟབ་གནང་དགོས་པ་མ་གཏོགས། རིམ་པས་རྒྱ་ནག་གི་ཕྱོགས་གཏོགས་དང་ཤུགས་རྐྱེན་འོག་ཚུད་པ་རྒྱལ་ཁབ་ཚོས་ཀྱང་། བོད་མི་སྐྱབས་བཅོལ་བ་ཚོར་སྐད་ཆ་འདི་འདྲ་བསྐྱར་ཟློས་ཀྱིས་སྤྲང་པོ་རྡུང་བྱེད་རང་གི་རྒྱུགས་པ་བྱེད་མི་སྲིད་པ་མ་རེད་བསམ།
མདོར་རྩ་བོད་ནས་རྒྱ་དམར་གྱི་གདུག་རྩུབ་ལ་གཡོལ་བར་རྒྱལ་ཁབ་སུའི་ནང་བསླེབས་ནའང་། དེ་ནི་བོད་མི་སྐྱབས་བཅོལ་བ་ཡིན་པ་དངོས་ཡོད་གནས་ཚུལ་རེད་མ་གཏོགས། ཁྲིམས་དང་འགལ་མ་འགལ་སོགས་ནང་ཁུལ་དབྱེ་བ་ཕྱེས་རྒྱུ་མང་དྲག་ན་མི་མང་པོ་མི་དགའ་བ་ཡོང་གཞི་དང་། སྡུག་ས་ནས་ནང་ཁུལ་ཁ་བྲལ་ཡ་འཐོར་གྱི་རྐྱེན་རྩ་ལའང་འགྱུར་མི་སྲིད་པ་མིན་པས། ཕྱི་རྒྱལ་དོན་གཅོད་ཚོའི་ལས་ཀ་སྐུ་ངོ་རྣམ་པ་ཡར་ཕེབས་མར་ཕེབས་ཀྱི་སྣེ་ལེན་གོ་སྒྲིག་ཙམ་ལས་བརྒལ་ཏེ། སེམས་རྒྱ་བསྐྱེད་ནས་དོན་གཅོད་ཀྱིས་གནས་ཡུལ་བོད་མི་སྐྱབས་བཅོལ་བ་ཀུན་ལ་རོགས་ཕན་དང་ནུས་པ་སྤེལ་ཐུབ་པ། ཚང་མ་བོད་གཞུང་གི་སྐྱིད་སྡུག་འོག་རྡོག་སྒྲིལ་ཡོང་བར་འབད་བརྩོན་ཐུབ་པ་ཅིག་དགོས་པར་མཐོང་།།
༄༅། ཁྲི་རལ་པའི་སྐད་ཆ་བདེན་པ་རེད། བོད་གཞུང་གི་དཔོན་ངན་ཚོསཿ ༡) ༡༩༧༠ ཡས་མན་ལ་སུད་སིར་བོད་པ་བཏང་དུས་ཐོ་གཞུང་ཕྱི་ནང་གཉིས་བཟོས། རོགས་ཚོགས་ལ་མགོ་བསྐོར་ཏེ་ཨང་དང་པོར་མི་འགྲོའོ་ཁོངས་སྐུ་དྲག་དང་དེ་ཚོས་ཉེ་ངོ་ལྟོས་བཅས་ཤ་སྟག་བཏང་། དེ་ནས་མི་དེ་ཚོའི་གཡོག་པོ་ཚང་བཏང་། དེ་ནས་ཆེས་ཉུང་ཤས་ཤིག་ས་བཅད་མ་སྟོང་ཙམ་དུ་ཉམ་ཐག་མིང་ཐོག་ལམ་བཟོ་བ་ཁ་ཤས་བཏང་། ཕྱིས་སུ་རོགས་ཚོགས་ཀྱིས་གནད་དོན་ཆ་ཚང་ཤེས། ལོ་རྒྱུས་ངོ་མ་ནི་དེབ་དེ་འདྲའི་ནང་ལའང་མཐོང་རྒྱུ་འདུག ༢) ༡༩༩༠ ནང་ཨ་རིར་འགྲོ་མི་བརྒྱ་ཆ་ ༤༠ ལྷག་ཁོ་རང་ཚོས་གཞུང་བཀོད་ལས་བྱེད་ཟེར་ནས་ངོ་ཚ་ཁྲེལ་ཡོད་སྦེད་དེ་སྤང་ནས་ཐོབ་ཐང་ཡོད་པ་བཟོས་ནས་གཏང་སྟེ་ད་ཆ་རྐང་པ་ཉིས་འཇུ༹གས་བྱས་ནས་སྐྱིད་ཉལ་རྒྱག རྒྱལ་ཁབ་གཉིས་གསུམ་གྱི་སྤ་སེ་ཉར། རང་དོན་ཧྲ་ཐག་ཐག་བཟོས། ༣) ཉེ་ཆར་ཀེ་ན་འདྲ་ལ་ཡང་མི་འགྲོའི་ནང་སྐྱིད་སྡུག་དྲག་ག བུ་མོ་རྐུབ་གཡོག་རྒྱུགས་མཁན་ཞེ་ཅིག་བཏང་། ༤) ཕྱི་འབྱུང་ཡང་གསར་འབྱོར་ཚོར་རྒྱ་གར་སྤ་སེའི་མི་འགྲིགས་ལུགས་བཤད་ནས་ཕྱི་རྒྱལ་གནས་སྤོས་ཐོབ་ཐང་ཕར་ཞོགས་རྒྱ་གར་ནས་གཞིས་ཆགས་ཐོབ་ཐང་ཡང་མི་སྤྲོད་ཁོ་ཐག་རེད། སྙིེང་རྗེ་། དྲང་པོ་དང་བཟང་སྤྱོད་ཟེར་རྒྱུ་དེ་མི་དམངས་མགོ་བོ་བསྐོར་གཏོང་ཡག་གི་གོ་ལག་ཆ་གཅིག་རེད་མ་གཏོགས་ལག་ལེན་ལ་ཡོད་མ་རེད་དོ་ཨ་རོ། རེ་བ་མ་རྒྱོབ། ལྟོས་དང་། ད་ཆ་གསར་འབྱོར་བ་རང་མགོ་བཏོན་ནས་ཕྱི་རྒྱལ་སླེབས་མཁན་ཚོར་ཡང་ཁྲིམས་འགལ་རེད་ཟེར་ནི་ཨེ། ཧ་ཧ། ཡག་པོ་བྱས་ནས་བསམ་གནོ་བཏང་ན། བོད་མི་བཙན་བྱོལ་བ་ཚང་མ་ཁྲིམས་འགལ་བ་མ་རེད་པས། རྒྱ་མིའི་འོག་ལ་མི་སྡོད་ཟེར། ཡང་། ལམ་དབུ་མ་ཡིན་ཟེར་ནས་བོད་ལ་ལོག་སྡོད་བཅུག་རོགས་ཟེར། རྒྱ་མིར་འགོ་ནི་མི་སྒུར་ཟེར། རང་བཙན་ནི་མི་རྩོད་ཟེར། དར་ཆ་དམར་པོ་ནི་མི་བླང་ཟེར། རྒྱ་མིའི་རྩ་ཁྲིམས་འོག་ནི་སྡོད་ཀྱི་ཡིན་ཟེར། ད་རྡ་སའི་གངས་སྐྱིད་དཔོན་ངན་ཚང་མ་སྨྱོ་ཚར་བཞག འགལ་འདུའི་ཕུང་པོའི་ནང་རྨོངས་ནས་བསྡད་འདུག་གོ ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་འདུག་ག ད་དུང་ཁོང་གི་བཀའ་བརྩི་དྭང་ལེན་ལ་ཐུག་དུས་མིག་པ་དང་སེམས་གཉིས་དབར་ཟིན་མཚམས་བྱས་ནས་མགོ་གཉིས་མ་ཤ་སྟག་བྱས། ད་ལྟད་མོ་མཐོང་བར་དུས་ཡུན་མི་རིང་གི མི་རིང་གི ཨ་ཁ་ཁ། གུ་རུ་རིན་པོ་ཆེ་མཁྱེན།།
འདིར་ཡང་ས་སྐྱའི་འབག་མོ་དམ་ལས་ཤོར་ཏེ་སླེབ་འདུག
སྐུ་ངོས་སོ་སོ་ལ་རྒྱལ་ཁབ་མེད་པའི་དཀའ་ངལ་ཡོད་པ་བརྗེད་སོང་བ་རེད། སྐད་ཆ་འདི་ཚོ། སྐུ་ངོ་ཁ་ཤས་ཤིག་གི་མིག་རྩ་དག་དྲག་པའི་སྐྱོན་ཡིན་པ་རེད། སྒོ་མོ་སྤྲད་ནས་ས་ཆ་གཞན་ལ་སྐྱབས་འཚོལ་དུ་ཕྱིན་པ་ཁྲིམས་འགལ་ལ་དབྱེ་བ་ཡིན་ན། གསར་འབྱོར་བ་ཚང་མས་དགྱ་སྒོར་བརྒྱ་ཕྲག་སྤྲད་ནས་རྒྱ་དཀར་ལ་ཡོང་བ་ཡང་ཁྲིམས་འགལ་ཡིན་པ་དང་། རྒྱལ་གར་ནས་ལས་གནས་དང་འཚོ་ཐབ་མི་ཡོང་བ་དེ་ཡང་གསར་འབྱོར་བ་ཚོ་མ་འགྲིག་པ་ཞིག་ལ་ལྟ་ཚུལ་ཡོད་པས། སྐད་ཆ་འདི་འདྲ་དཔོན་ངན་འགའི་རྒྱུན་ལྡན་ལྟར་ཆགས་པ་རེད། རྒྱ་གར་ནང་ལ་ཡོང་ན་ཁྲིམས་འགལ་མིན་པ། དེ་ལས་ས་ཆ་གཞན་ལ་སོང་ན་ཁྲིམས་འགལ་ཡིན་པ། སྐུ་ངོའི་སྐད་ཆ་འདི་ཡག་པོ་ཞིག་མ་མཐོང་ངོ་། མཁྱེན་ལྡན་དག།
ཁྲི་རལ་བ་ཅན་གྱི་གསུང་བ་བདེན་པ་རེད། རྒྱབ་སྐྱོར་ཡོད།
ངས་ལྟས་སྐུ་ངོའི་སྐད་ཆ་འདི་བདེན་པ་རེད། ཨ་རིར་འགྲོ་མཁན་བོད་མི་མང་ཆེ་བས་ཁྲིམས་འགལ་གྱི་སྒོ་ནས་མི་གཏོང་མཁན་ན་སྒོར་མོ་འབུམ་མང་པོ་སྤྲད་ནས་འགྲོ་བཞིན་ཡོད་པ་མཐོང་ཆོས་རེད་ལ། འགྲོ་ལུག་མ་རྒྱུད་པར་དངུལ་སྤྲད་ནས་རྒྱལ་ཁབ་གཞན་ནང་ལ་འཛུལ་ན་ཁྲིམས་འགལ་ཡིན་པ་ནི་ཚང་མས་ཤེས་གསལ་རེད།
རེད་རེད། ལུང་རྟོགས། ཁྱོད་དང་འུ་གཉིས་ཀྱིས་ཀྱང་འགྲོ་ལུགས་ཅི་ཡང་མ་བསྒྲུབས་པར་ལམ་ཁྲིད་ལ་སྒོར་མོ་མང་བོ་སྤྲད་ནས་བལ་ཡུལ་ནང་འཛུལ་ཡོང་བ་དང་། དེ་ནས་རྒྱ་གར་ནང་འཛུལ་ཡོང་བ་རེད། རྒྱལ་ཁབ་གཅིག་གིས་མི་ཚད་གཉིས་བརྒྱུད་ནས་ཡོང་བ་ཡིན་པས་འུ་གཉིས་ཀྱི་ཁྲིམས་འགལ་གྱི་ཉེས་པ་ཚབས་ཆེན་ཡིན་རྒྱུ་རེད་པ། ཧཧཧ
སྐུ་ཞབས་ཁྲི་རལ་པས་གནད་དུ་འཁེལ་བ་གསུངས་འདུག་ད་དུང་དཔོན་ངན་དེ་ཚོ་འདོད་གང་རྒྱུ་མེད་པ་སྐྱུག་བྲོ་ཡོང་།
ས་ལེ་སྦྲམ་ལགས། ཁྱེད་རང་ཁྲིམས་འགལ་གྱི་སྒོ་ནས་རྒྱ་བལ་གྱི་ས་ཆར་འཛུལ་ཡོང་བ་ཁས་བླང་འདུག དེས་ན་ཁྱེད་རང་ཡང་ཉེས་ཅན་པ་ཆགས་སོང་བ་རེད། འོན་ཀྱང་ང་ནི་ཁྲིམས་མཐུན་གྱི་པ་སི་ཁྱེར་ནས་ཡོང་བ་ལས་ཁྲིམས་འགལ་གྱིས་བྲོས་བྱོལ་ལ་ཡོང་བ་མིན་ནོ།
གང་ལྟར་དྲ་འབུ་ཚོས་མངོན་གསུམ་ལ་སྙོན་འདིང་ནུས་པའི་བློ་སྟོབས་འདི་འདྲ་ཡོད་དུས། དྲ་འབུའི་བྱ་སྤྱོད་དེ་ཅི་འདྲ་ཡིན་པ་གཤམ་ནས་བཞག་འདུག
སྐུ་ཞབས་ལུང་རྟོགས་ཀྱིས་གསུངས་པ་དེ་བདེན་པར་མཐོང་སོང་། བོད་མི་གཤས་སྤོ་བྱེད་སྟངས་མང་ཆེ་བ་ཁྲིམས་འགལ་ཡིན་དང་ཡིན། བོད་མིས་གཞིས་སྤོ་བྱེད་སྟངས་སྐོར་ལ་ཁྲིམས་འགལ་ཞིག་བྱེད་གི་ཡོད་པ་དེ་ཧ་ལས་དགོས་པ་རེད། རྒྱལ་བལ་ལ་ཡོང་དུས་དང་ནུབ་ཕྱོགས་ལ་གཞིས་སྤོ་བྱེད་སྟངས་དེ་གཏན་ནས་མི་འདྲ། བོད་མི་ནུབ་ཕྱོགས་ཕྱི་རྒྱལ་ལ་གཞིས་སྤོ་བྱེད་སྟངས་དེ་ནག་ཚོང་ནང་གི་ནག་ཚོང་ཞིག་རེད། ནག་ཚོང་འདིས་བོད་ཀྱི་བསྟན་པ་ཆབ་སྲིད་ཚང་མའི་མདུན་ལམ་ཐལ་བ་རྡུལ་ལ་བརླགས་ས་རེད། བཟའ་ཟླ་རྫུན་མ། བཟའ་སྒྲིག་རྫུན་མ། བུ་ཕྲུག་རྫུན་མ། གྲྭ་བཙུན་རྫུན་མ། ཆབ་སྲིད་བཙོན་པ་རྫུན་མ། ལས་བྱེད་རྫུན་མ། རྫུན་མ་རྫུན་ནག་གིས་ལམ་ཁ་བཏིངས་ནས་གཞིས་སྤོ་བྱེད་སྟངས་འདི་ལ་བལྟས་ཡོང་དུས་ངོ་མ་ཀླ་ཀློའི་སྤྱི་ཚོགས། མུན་ནག་གི་སྤྱི་ཚོགས། དམུ་རྒོད་ཀྱི་སྤྱི་ཚོགས་ཟེར་བ་དེ་འདི་འདྲ་ཞིག་ལ་མི་ཟེར་བར་གང་འདྲ་ཞིག་ལ་ཟེར་དགོས་དབང་མེད་དུ་བསམ་དགོས་པ་ཞིག་རེད། ཨ་མའི་ཁ་ཕོར་གཙང་ཞེན་བྱས་ན་ཕན་ཐོགས་གང་ཡང་མེད། སྐུ་ངོ་མཆོག་འདིས་ཁྲིམས་དང་མཐུན་པ་བྱེད་དགོས་པའི་ལམ་སྟོན་ཞིག་གནང་བ་དེ་ཡང་བཀའ་དྲིན་ཆེན་པོ་རེད། བོད་མི་མང་ལ་འགན་འཁུར་དང་ཤ་ཚ་ཡོད་པའི་རྟགས་རེད།
ང་རྒྱ་གར་དང་བལ་པོའི་ས་ཁོངས་སུ་འཛུལ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ལེན་བརྒྱུད་ནས་ཡོང་བ་ཡིན། དེ་ལས་ལྷག་པའི་ཁྲིམས་མཐུན་ཞིག་ས་སྟེང་འདི་ན་ཨེ་ཡོད།
རང་ཤ་བཅད་ནས་གཞན་ལ་སྤྲོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་རེད།། བོད་འདིར་ནང་ཆོས་དར་ན་དེ་ལས་ལྷག་པ་མེད། ཐམས་ཅད་བྱང་ཆུབ་སེམས་དཔར་འགྱུར་བ་ཡིན་རྒྱུ་རེད།
ཨ་རི་ལ་འགྲོ་འདོད་ཡོད་ན་རྒྱུགས། ཁྲིམས་འགལ་ཡིན་མིན་ཁྱད་པར་མེད། དོན་དག་སོ་སོ་དེར་སྐྱིོད་པོ་འཚོར་དགོས་རེད། བོད་ལ་འགྲོ་འདོད་ཡོད་ན་རྒྱུགས། པེ་ཅིང་ལ་འགྲོ་འདོད་ཡོད་ན་རྒྱུགས། དག་ཞིང་འགྲོ་འདོ་ཡོད་ད་རྒྱུགས། དམྱལ་བར་འགྲོད་ཡོད་ན་རྒྱུགས། སྐུ་སྐབས་དོན་གཅོད་ཀྱི་ངོས་ལེན་ཤོག་ལྷེ་བླངས་མི་དགོས་པས་་་་་་ རྒྱགས། ད་ལྟ་རྒྱུགས། རང་བཅད་དགོས་མ་རེད། ཆབ་སྲིད་པས་ཆབ་སྲིད་པས། ཆབ་སྲིད་ཁྲབ་ཆུག ཨ་རིར་འགྲོ་འདོད་ཡོད་ན། ཁྲིམས་འགལ་མ་འགལ་གལ་ཆེན་པོ་མ་རེད། དོན་དག་ཐ་མ་སོ་སོ་ལ་ཕན་པ་དང་། ཨ་རི་ལ་ཕན་ཅིག་བྱས་ནས་ཤོག ཧཧཧཧཧཧཧཧཧཧཧཧཧཧཧཧཧ།། །།
ཁྲི་རལ་ལགས་ནས་གསུང་པ་ལ་རྒྱ་ཆ་༡༠༠ ནས ༡༠༠༠༠ བར རྒྱབ་སྐྱོར་ཡོད། ཀླད་མེད་འདི་ཚོ་བོད་པའི་མིང་ཆེན་པོ་ཞིག་ཁུར་ནས་སྐད་ཆ་བཤད་གཏང་ལ་བལྟ་དང། གོང་ས་མཆོག་ལ་གྲ་སྒྲིག་དང་། ནུབ་ཕྱོགས་པའི་ཨ་ནིའི་ངོ་རྒོལ་སོགས་ཀྱི་ལས་དཀའ་མཐུར་ཤོར་འགྲོ་གཏང་ལ་བལྟ་དང། ང་ཚོ་བོད་པ་ལ་མི་ཡོན་ཏན་མང་པོ་ཡོད། ཁྱོད་རང་མར་བབས་ན་ཡག་ཤོས་རེད། གསར་ཤོག་ཐོག་ལ་སྐད་ཆ་བཤད་དུས་ཁ་ལ་བདག་པོ་རྒྱོབ།
ཁྲི་རལ་གྱིས་གསུང་པ་རྒྱབ་སྐྱོར་ཡོད། བོད་མི་ཉམ་ཆུང་རིགས་ལ་རོགས་སྐྱོར་བྱ་མི་ཐུབ་ཀྱང་ཤེས་མདོག་དང་མཁྱེན་མདོག་བསྟན་ནས་ཁ་ནང་ནས་ཡོང་ཚད་མ་གསུང་ན་ཡག་གི་རེད། ཁྱེད་རང་ལྟ་བུ་སྐུ་ཚབ་དོན་གཅོད་ཀྱི་མིང་བྱང་འོག་ནས་གར་འདུག་གར་སྡོད་ལ་དཀའ་ཁག་མེད་ཀྱང་། ཕ་ཡུལ་དང་ཕ་མ་སྤུན་མཆེད་བསྐྱུར་ནས་རྒྱ་གར་རང་དབང་ལུང་བར་༧གོང་ས་སྐྱབས་མགོན་ཆེན་པོའི་དངོས་མཇལ་གསུང་ཐོས་ཀྱི་གོ་སྐབས་རེག་ཀྱང་འཚོ་གནས་ལ་དཀའ་ཁག་དང་ས་མཐིལ་སྤར་མོ་གང་ཡང་མེད་ས་ནས་འཚོ་བ་འཁྱོལ་ཐབ་དཀའ་ལ། མ་ཟད། ཚོགས་སྡེ་ཁག་གི་གཞིས་སྤོར་དང་ཆབ་སྲིད་བཙོན་པའི་མིང་བྱང་རྫུན་མའི་འོག་ལ་མ་ཚུད་པའི་ངའི་རིགས་ཀྱིས་ཐབས་འཚོལ་གང་ལེགས་ཀྱིས་བུ་ལོན་འབུམ་ཕྲག་བླངས་ནས་རྒྱ་གར་གཞུང་གིས་སྤྲད་པའི་ལག་དེབ་སེར་བོ་རྒྱུད་ནས་ཡོ་རོབ་དང་ཨ་རིར་འགྲོ་གི་ཡོད། དེ་སོང་ཙང་། སྐུ་ངོའི་གནས་སྟངས་དཔག་པའི་དཀའ་མོལ་གསུང་ན་ཡག་པོ་མེད་འགྲོ་བསམ་ཀི དེ་ཙམ་ཡིན།
ལྷ་ས་ནས་བལ་ཡུལ་ལ་ཡོང་བའང་ནག་ཚོང་ཆེན་པོ་ཞིག་ཡིན། ལམ་ཁྲིད་མཁན་ཚོ་ནག་ཚོང་རྒྱག་མཁན་དག་གི་ཞལ་གཡོག་རེད། ནག་ཚོང་རྒྱག་མཁན་དང་མོ་རྒྱག་མཁན་མཉམ་དུ་འབྲེལ་ནས་རྒྱ་གར་ནང་ཤོར་སོང་ན་བསམ་བཞིན་པ་དག་གི་ལག་ནས་དངུལ་འབོར་ཆེན་ཟ་བཞིན་ཡོད། དེ་ནས་བལ་ཡུལ་དུ་སླེབས་རྗེས། བཙན་བྱོལ་ནག་ཚོགས་ཁང་གི་ལག་ཏུ་ཚུད་ཡོད། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ནས་མི་རེར་གསོ་སྐྱོང་གནང་ཡར་ཧིན་སྒོར༦༠༠༠༠༠གནང་བའང་བཙན་བྱོལ་བ་དག་གི་འཇོན་ཐང་ཡིན་ཚུལ་ལབ་ནས་སྐྱབས་བཅོལ་བ་གསར་པ་ཚོར་རེག་འོས་པའི་སྦྱོང་བརྡར་སྤྲད་ཀྱིན་པར་མ་ཟད། གསོག་སྒར་ནང་དམག་ཁྲིམས་བཞག་ནས་སྒོར་འབུད་ཅི་ཐུབ་བྱེད་ཀྱིན་ཡོད། གསོག་སྒར་བརྒྱུད་མྱོང་མཁན་ཁྲོད་བསམ་ཚུལ་འདི་མེད་མཁན་ཡོད་དམ། ་
བཏགས་ནོར་ཐེབས་འདུག ༼རེག་འོས་པའི་སྦྱོང་བརྡར་ཚང་མ་སྤྲད་ཀྱིན་མེད་༽ལ་བཅོས་གནང་ཡོང་པ་ཞུ།
རྒྱ་མི་ས་ཡ་ཁ་ཤས་ཁྲིམས་འགལ་གྱིས་ཨ་རིར་ཡོང་བ་ལ་དཀའ་ངལ་དང་སྡུག་སྐད་མེད་དུས། བོད་མི་སྟོང་ཕྲག་ཁ་ཤས་དེའི་ནང་ནས་མུག་ཤི་རྒྱག་གྲབས་ཡོད་ན་སྔ་ས་ནས་རྫོགས་སོང་ན་ཡག་ཤོས་རེད།
ལུང་རྟོགས་ལགས། ཁྱེད་རང་པ་སེ་སྐེ་ལ་བཏགས་ནས་བོད་ཀྱི་ས་མཚམས་ནས་རྫིག་ཉམས་ཀྱིས་ཡོང་མཁན་ཞིག་ཡིན་ན། ང་ཁྱོད་ལ་བཤད་རྒྱུ་ཅི་ཡང་མེད། རྒྱུ་མཚན། ༡༩༥༩ལོ་ནས་བཟུང་༧གོང་ས་མཆོག་གིས་དབུས་བོད་མི་འབུམ་གཅིག་ལྷག་པ་སེ་འཁྱེར་རྒྱུ་ཕར་ཞོག རང་སྲོག་རྟ་རྔ་ཙམ་པོ་ཡང་མགོ་འགེབ་སྲུང་བྱེད་ཐུབ་ལ་མི་ཐུབ་ངང་བོད་ཀྱི་ས་མཚམས་བརྒལ་ཏེ་གཞན་ཡུལ་དུ་ཕེབས་ཡོང་བ་ཤ་སྟག་ཡིན་པས་སོ།
སྤོབས་པ་མཐའ་ཡས་ལགས། སྐུ་ངོ་འདིས་ཁྲིམས་དང་མཐུན་པ་བྱེད་དགོས་པའི་བཀའ་སློབ་ཅིག་གནང་ཡོད་པ་ཁྱོད་ཀྱི་སྙིང་ལ་སིམ་ཡོད་པ་འདྲ། ཡག་པོ་རེད་བསམ་སོང་། ཡིན་ནའང་། ཁྱེད་རང་ད་སྔ་འདི་འདྲའི་ཁྲིམས་འགལ་གྱི་ལས་ལ་ཞུགས་མ་མྱོང་མཁན་ཞིག་དང་། རྗེས་ཕྱོགས་ཀྱང་གཏན་ནས་མི་ཞུགས་མཁན་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ལ། ཡིད་སྨོན་ཀྱང་སྐྱེས་བཞིན་ཡོད།
༡༽ བོད་མི་མི་ཉུང་བ་ཞིག་གིས་འདི་འདྲའི་ཁྲིམས་འགལ་གྱི་ལམ་ཁ་ཐབས་རྡུགས་ཅིག་བདམས་དགོས་བྱུང་བ་རྒྱུ་རྐྱེན་གང་ལ་ཐུག་པ་རེད་དམ། དེ་ལ་སྐུ་ངོ་མཆོག་གིས་ཐུགས་བསམ་བཞེས་ཡོད་ཤག ང་ཚོས་རྒྱ་གཞུང་ལ་བོད་ནང་གི་རང་ལུས་མེར་སྲེག་གི་འབྱུང་རྐྱེན་ལ་འཚོལ་ཞིབ་བྱེད་དགོས་ཅེས་མིད་པ་འགག་རག་པར་སྐད་ཅོར་བརྒྱག་གི་ཡོད། འོ་ན། ང་ཚོས་ཁ་ཕྱིར་ལ་འཁོར་ནས་རང་ལ་འདི་འདྲའི་ལྡོག་འདྲི་འདྲ་བྱེད་མྱོང་ངམ།
༢༽ བོད་མི་མང་བོ་ཞིག་རྒྱ་གར་ས་ཐོག་ཏུ་བསྡད་ཡོད་པ་འདི་དག་ལ་དོན་དངོས་སུ་སྐྱབས་བཅོལ་བའི་ཐོབ་ཐང་ག་ཚོད་ཅིག་རེག་གི་ཡོད་དམ། རྒྱ་གར་གཞུང་གིས་འདིར་ཡོད་ཀྱི་བོད་མི་ཚང་མ་དོན་དམ་པའི་སྐྱབས་བཅོལ་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ་མེད། འདི་དག་གི་ཐད་ལ་ང་ཚོའི་གཞུང་ལ་བྱེད་ཐབས་གནང་སྟངས་ག་འདྲ་ཞིག་ཡོད་དམ།
ས་ལེ་སྦྲམ་ལགས། བོད་མི་སྐྱབ་གཅོལ་ལ་ཡོང་མཁན་རྣམས་ཡོང་སྟངས་སྣ་ཚོགས་རེད། གོང་ས་མཆོག་ལ་སོགས་པ་དེ་དག་ནི་པ་སི་ཁྱེར་རྒྱུ་མེད་ཀྱང་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ནས་རྒྱ་གར་གྱི་ས་ཁོང་ལ་འཛུལ་ཡོད་པས་ཁྲིམས་འགལ་ཆགས་མེད། ང་ལ་སོགས་པ་ཁག་ཅིག་པ་སི་ཁྱེར་ནས་ཡོང་ཡོད་པས་དེ་ཡང་ཁྲིམས་འགལ་ཆགས་མེད། ཁྱེད་ལ་སོགས་པ་ཁག་ཅིག་པ་སི་མེད་པའི་ཁར་རྒྱ་བལ་གཞུང་ལ་ས་ཁོང་སུ་འཛུལ་ཆོག་པའི་ཆོག་མཆན་ཡང་ཞུས་མེད་པས་ཁྲིམས་འགལ་ནག་ཅན་པར་ཆགས་སོང་བ་རེད། ཧཧཧ
༼ང་ལ་སོགས་པ་ཁག་ཅིག་པ་སི་ཁྱེར་ནས་ཡོང་ཡོད་པས་དེ་ཡང་ཁྲིམས་འགལ་ཆགས་མེད།༽ དེ་འདྲ་ཡིན་ན། ཁྱོད་ཅན་པོ། རྒྱལ་ཁབ་ཡོད་མདོག་གིས་དགྱ་ལ་མགོ་བཏགས་པའི་ནག་ཆེན་པ། པ་སི་ཁྱེར་ནས་ཕར་ལ་མ་ལོག་པའི་ནག་ཆེན་པ། ད་དུང་ནག་ཉེས་ཁེས་མི་ལེན་པའི་ནག་ཆེན་པ། ནག་ཆེན་ལོང་རྟགས་འདྲའི་མགོ་བདེ་བ་གཅིག་གཉིས་ལས་མང་པོ་བཙན་བྱོལ་ན་མེད། ཧ་ཧ་ཧ།
ཨ་རོག་གནམ་རྒན་མ། རྒྱ་ཡི་པ་སི་ཁྱེར་ཚད་རྒྱ་ལ་མགོ་བཏགས་པ་ཡིན་ན། བོད་མི་བརྒྱ་ཆ་དགུ་བཅུ་དགྱ་ལ་མགོ་བཏགས་མཁན་ཡིན་ཐག་ཆོད་རེད་ད། ངའི་པ་སི་དུས་ཚོད་ད་དུང་རྫོགས་མེད་པས་ཕར་ལ་མ་ལོག་པ་ཁྱེད་ཀྱིས་ཇི་ལྟར་ཤེས། ཧཧཧ
རྒྱ་ནག་རྒྱལ་ཁབ་ནང་ལ་ཕར་འགྲོ་ཆོག་ཆོག་དང་། ཚུར་ཡོང་ཆོག་ཆོག་གི་པ་སེ་ལག་ལ་བཟུང་ཡོད་པ་དང་གཅིག རྒྱ་མིའི་བཙན་འོག་ནས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་མང་བོ་ཞིག་ནག་ཅན་པར་བརྩིས་པ་དང་གཉིས། འགྲོ་ལུགས་ཅི་ཡང་མ་སྒྲུབ་པར་རྒྱལ་ཁབ་གཞན་གྱི་ས་ཁོངས་སུ་འཛུལ་བ་ཁྲིམས་འགལ་གྱི་ཉེས་ཅན་པར་བརྩིས་པ་དང་གསུམ། གནད་དོན་འདི་གསུམ་གྱིས་ལུང་རྟོགས་ཁྱོད་རང་མི་ག་འདྲ་ཞིག་ཡིན་པ་བཤད་མི་དགོས་བཤམས་ནས་བཞག་འདུག
ཁ་དོག་དཀར་དམར་རྩོད་བཞིན་འདུག ཡག་པོ་རེད། གཞུང་དབུ་མ་ལ་སླེབ་ཡང་དམང་ད་དུང་ཁ་དོག་དཀར་དམར་ནང་ལྷག་འདུག བུམ་པའི་མཚན་ཉིད་ཞིག་སྐུ་ངོ་འགའ་ལ་་་་་
སྔོན་མ་ཡིན་ན་བུམ་པའི་མཚན་ཉིད་དེ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པར་འཇོག་དགོས་རུང་། ད་ཆ་གོ་བདེའི་དབང་གིས་གངས་སྐྱིད་ཀྱི་སྐུ་ངོ་ཚོར་འཇོག་གིན་ཡོད་ཚོད། དཔེར་ན་བུམ་པར་ཐལ་གངས་སྐྱིད་ཀྱི་སྐུ་ངོ་ཡིན་པའི་ཕྱིར། དེར་ཐལ་ལྟོ་བ་རྒྱག་པ་གང་ཞིག་གཞུང་རྒྱུ་ཆུ་བཏུང་བཏུང་ནུས་པའི་ཕྱིར།
དཔལ་དོན་ལགས་སུ་མངོན་པར་བསྟོད་དོ།
སྤོབས་མཐའ་ལགས། ཁྱོད་རང་རྒྱ་གར་དང་བལ་པོའི་ས་ཁོངས་སུ་འཛུལ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ལེན་བརྒྱུད་ནས་ཡོང་བ་དང་། དེ་ལས་ལྷག་པའི་ཁྲིམས་མཐུན་ཞིག་ས་སྟེང་འདི་ན་ཨེ་ཡོད་ཅེས་འདྲི་རྟགས་བཀོད་འདུག ངས་བལྟས་ན་དེ་ལས་ལྷག་པའི་ཁྲིམས་མཐུན་ཞིག་ལུངས་རྟོགས་ལགས་མིན་ནམ་བསམ་གྱི་འདུག ཁོང་ལ་ད་དུང་ཡང་དུས་ཚོད་མ་ཡོལ་བའི་སྤ་སེ་ཞིག་ཉར་རྒྱུ་ཡོད་ཚོད་འདུག་པས་ཁོང་ལ་བཀའ་འདྲི་ཞིག་གནང་ན་ག་འདྲ་འདུག
ཧཧཧ མི་འདི་ཚོ། རང་ཉིད་ཀྱིས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། ད་དུང་དེ་ངོས་ལེན་མི་བྱེད་པར་སྐུ་ངོ་ལ་ཅིག་བཤད་ཁུལ་བྱེད་ནི་ཅི་འདྲའི་ངོ་ཚ་མེད་པ་ཞིག་རེད།
དབྱིན་མིང་ཅན་ལགས། ད་དུང་ཡང་དུས་ཚོད་མ་ཡོལ་བ་ཟེར་ན་ཅི་ཟེར་གྱི་ཡོད་པ་རེད། ང་ཕྱི་ལོག་ལ་ག་དུས་ཡོང་མིན་ཁྱོད་ཀྱིས་ཤེས་སམ། མི་འདི་ཚོའི་ཧམ་བཤད་ལ།
ཨ་རིའི་ནང་ལ་ཡོང་མཁན་མང་ཆེ་བ་ཁྲིམས་འགལ་ག་ལ་ཡིན། ངས་བལྟས་ན་མང་ཆེ་བ་ཁྲིམས་མཐུན་བྱས་ནས་ཡོང་བ་རེད། ཚང་མར་ཨ་རིའི་ཐོངས་མཆན་བསྟན་རྒྱུ་ཡོད། མཐོང་མཆན་མེད་པར་ལ་བརྒྱབ་རླུང་བརྒྱབ་ཡོང་ན་གནས་ཚུལ་ཐ་དད་རེད།
འོན་ཀྱང་ཨ་རིའི་ནང་ལ་བསླེབས་རྗེས། ཆབ་སྲིད་སྐྱབས་བཅོལ་ཞུ་སྐབས། མང་ཆེ་བས་རྫུན་རེ་གཉིས་བཤད་ནས་སྐྱབས་བཅོལ་ཞུ་གི་ཡོད། དེ་བདེན་པ་རེད། ལྷག་པར་དུ། རྒྱ་གར་ནས་ཕེབས་པའི་གཞིས་ཆགས་སྐྱབས་བཅོལ་ཞུ་མཁན་བརྒྱ་ཆ་༩༩རྫུན་གུང་བསྒྲིགས་ནས་སྐྱབས་བཅོལ་ཞུ་བཞིན་ཡོད། དཔེར་ན། ཁོང་ཚོ་ཚང་མ་བོད་ནས་ཉེ་འཆར་ཡོང་རབ་ཤ་སྟག་བཤད་ནས་སྐྱབས་བཅོལ་ཞུ་གི་ཡོད། དེ་ཡང་བདེན་པ་རེད།
ལྟོས་དང་། དོལ་རྒྱལ་ཚོགས་པའི་མགོ་པ་བསོད་ནམས་བླ་མ་ཟེར་བ་འདི། བླ་མ་ཟེར་བའི་མིང་འདི་བལ་ཡུལ་ནས་བལ་པོའི་སྤ་སེ་རྫུན་མ་བཟོས་ནས། ཤར་པ་ཡིན་ཁུལ་གྱིས་བླ་མ་ཟེར་བའི་མིང་ཐོབ་པ་རེད། ཁོ་ཨ་རིར་ངོ་མ་པ་སེ་རྫུན་མ་བཟོས་ནས་ཡོང་བ་རེད་ལ། ཕ་ཡུལ་བོད་ནས་རེད་ཤར་པ་མ་རེད། བོད་པ་ཚོ་འཇོན་པོ་ཡོད་ན། ཨ་རིའི་གཞུང་ལ་ཡི་གེ་བཏང་ནས་ཁོ་པའི་རྒྱལ་ལྗོངས་བསྔོགས་འཇུག་དགོས།
ལུང་རྟོགས་ཁྱོད་རང་ཁྱེད་ཀྱི་རྒྱལ་ཁབ་རྒྱ་ནག་ཚང་གི་པ་སེ་ཁྱེར་ནསབཙན་བྱོལ་ནང་འཚང་ནས་ཅི་བྱེད། བཙན་བྱོལ་སྒྲིག་འཛུགས་ལ་ཤ་ཚ་ཡོད་མདོག་མདོག རྒྱུགས་ཁྱི་ཟེར་ན་འདི་འདྲ་ཡིན་ནི་རེད། ཚང་མས་ཤེས་སོང་ངམ། རྒྱལ་ཁབ་གང་ཞིག་གི་པ་སེ་རྫིག་ཐག་ཆོད་ཁུར་ས་མཚསས་གང་ནས་སོང་ན་འགྲོ་རྐྱང་ཡིན་པས་ཁྱོད་དང་ཁྱོད་ལྟ་བུ་སྐྱབས་བཅོལ་ཟེར་ནི་མ་རེད། རྒྱ་ནག་མངག་གཏོང་ཁང་གི་གླ་བ་ཐེབས་ཆག་ཞིག་གིས་རང་ལྟོའི་ཆེད་རང་རིགས་གཡོ་བཙོང་བྱེད་གི་ཡོང་ནི་རེད། རྒྱ་ནང་ལ་འགྲོ་ཆོག་ཆོག་གི་དོལ་ཚོགས་དང་འདི་ཚོ་ལ་ཚང་མས་གཟོབ།
འུ་ཚོ་བོད་པ་ཚང་གི་ཕལ་ཆེར་བྱེད་སྟངས་ཚང་མ་ཁྲིམས་མཐུན་མ་རེད་ཟེར་ན་ཁྲིམས་ལུགས་རིགས་པས་ཐོག་ནས་བརྩིས་ན་མ་འགྲིགས་པ་མེད་པ་འདྲ་པོ་རེད། འོན་ཀྱང་བོད་པར་ཐབས་ཤེས་གེ་རེ་ཡོག་རེད། བྱས་ཙང་མི་ཆོས་རིགས་པས་ཐོག་ནས་བཤད་ན་ཁྲིམས་འགལ་གྱི་ནག་ཅན་ཡང་མ་རེད། དེ་ལྟར་ནའང་སྐུ་ངོ་ཞིག་གིས་དབྱེ་ཞིབ་གསལ་པོ་མ་ཕྱེ་བའི་སྡོམ་ཚིག་ཆེ་དྲག་པའི་སྐད་ཆ་དེ་འདྲ་བཤད་པ་དེ་ཧམ་པ་ཆེ་དྲག་པའམ་ཡང་ན་བཤད་ཐལ་ཆེ་བའི་སྐད་ཆ་ཞིག་ཡིན་པ་གཉོན་མེད་རེད།
ཞར་ལ་ད་ཆ་ཕྱི་ནང་གི་གནས་ཚུལ་མང་པོར་མཐོང་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་བའི་དུས་ཚོད་འདི་འདྲར་ཡང། ཁྲིམས་ལུགས་ལ་བརྩི་སྲུང་དང་ཤེས་འདོད་སྤུ་ཙམ་མེད་པའི་བྱེད་སྟངས་འདི་འུ་ཚོས་དོར་དགོས་པ་ཞིག་ཀྱང་རེད་སྙམ། ལར་ནས་ཁྲིམས་ལུགས་ལེགས་པོ་ཤེས་ཐུབ་པ་བྱུང་ན། རང་ལ་དགོས་པའི་ཁེ་ཕན་ཡང་ལེན་ཐུབ་པ་ཡིན་སྟབས་དེ་ལེན་ཐུབ་རྒྱུ་དེ་གལ་པོ་ཆེར་མཐོང་བ་ལས། ང་སྐྱོ་ང་སྡུག་ང་ལོད་ཀྱི་སྒོ་ནས་སྐྱབས་བཅོལ་གྱི་གོ་སྐབས་ཙམ་ལེན་ནས་བསྡད་རྒྱུའི་དུས་རབས་དེ་ཡོལ་ཟིན་པ་རེད་སྙམ།
ཨ་རིར་བོད་པ་ཁྲིམས་མཐུན་མིན་མང་པོ་ཡོད་པས། གནས་ཚུལ་དེའི་འཐད་ཆེད་ལས་པས་མིག་མཐོང་ལག་ཟིན་གྱི་གྲངས་ཐོ་ཞིབ་གཤེར་བྱེད་རྒྱུ་མ་བྱུང་བར་ཤེས་ཐུབ་ཡག་གང་ཡང་ཡོག་མ་རེད། མ་གཞི་གནས་དོན་དེ་གལ་ཆེན་པོ་དེ་ཙམ་མིན་པས་དེའི་འཐད་དགའ་སྐྱོ་ཆགས་སྡང་བྱེད་ཚད་སྟོང་པ་རེད་ལ། ཆེད་ལས་པས་གྲངས་ཐོ་ཞིབ་གཤེར་བྱེད་རྒྱུ་ལྟ་ཤོག་ཆེད་ལས་པས་མུ་གེ་ཐེབས་པའི་འུ་ཚོའི་སྤྱི་ཚོགས་ནང་གོ་མིང་ཡོད་པའི་ཁ་བདེ་ཚོས་ག་རེ་ལབ་ལབ་རེད་པ།
རང་སྲོག་འབེན་དུ་བཙུགས་ཏེ་བོད་ཀྱི་ས་མཚམས་བརྒལ་ནས་ཡོང་མཁན་གྱི་ང་ཚོ་བོད་མི་སྐྱབས་བཅོལ་བ་མང་བོ་ཞིག་ཁྲིམས་འགལ་གྱི་ནག་ཅན་པ་རེད་ཟེར། སྐད་ཆ་འདིས་ག་རེ་ལབ་ཀྱིན་ཡོད་པ་ཚང་མས་ཧ་གོ་ན་ཡག་གི་བསམ། ང་དང་ང་ལྟ་བུའི་བོད་མི་སྐྱབས་བཅོལ་བ་མང་བོ་ཞིག་ནག་ཅན་པར་བརྩིས་ཤིང་། ང་ཚོ་གསོ་སྐྱོང་གནང་མཁན་དང་། ང་ཚོའི་སྔ་གཞུག་ཀུན་ལ་རོགས་སྐྱོར་གནང་མཁན་གྱི་བོད་མིའི་སྒྲིག་འཛུགས་འདི་ཡང་དོན་གྱིས་ནག་ཚོགས་ཀྱི་གྲས་ལ་བརྒྱབ་པ་རེད། དེར་མ་ཟད་སྒྲིག་འཛུགས་འདིའི་ཆེད་དུ་ཕྱག་ལས་གནང་མཁན་དབུ་ཁྲིད་ཟུར་བ་རྣམས་དང་།ད་ལྟའི་དབུ་ཁྲིད་ཡོངས་རྫོགས་ཀྱང་ནག་ཅན་པ་འགེབ་སྲུང་བྱེད་མཁན་གྱི་ནག་ཅན་པ་རེད་ལབ་ཀྱི་ཡོད་པ་རེད།
སྐུ་ངོ་ལུང་རྟོགས་ལགས། ཁྱོད་རང་གི་པ་སི་དུས་ཚོད་རྫོགས་མེད་པའི་གསང་བ་དེ། ང་ལ་སྐུ་ཞབས་ལུང་ཐག་ལགས་ཀྱིས་གསུངས་བྱུང་། ཡིད་མ་ཆེས་ན་མཆན་ ༢༣ དེར་གཟིགས་དང་། དེར་༼ངའི་པ་སི་དུས་ཚོད་ད་དུང་རྫོགས་མེད་པས་ཕར་ལ་མ་ལོག་པ་ཁྱེད་ཀྱིས་ཇི་ལྟར་ཤེས། ཧཧཧ༽ཞེས་ཁོང་གི་བགད་མོའི་ཧ་སྒྲ་ཡང་མཚམས་མ་ཆད་པར་འདུག དེ་མ་རེད་པས་ལགས། ཧོ་ཧོ་ཧོ་་་་་་་་་་་་་་་་་་་་་་་་།
ལྟ་བ་དཔའ་དགོས། སྤྱོད་པ་སྡར་དགོས། འོ་སྐོལ་བཙན་བྱོལ་བ་ཨ་རི་ནས་བསྡད་ན་ཁྲིམས་འགལ་ཡིན་མིན་གྱི་ཐག་དེ་ཨ་རིའི་ཁྲིམས་ཁང་གིས་གཅོད་དགོས་པ་མ་གཏོགས་གཞན་ལ་དེའི་དབང་ཆ་མེད། སྐྱབས་བཅོལ་བ་ཞེས་བ་དེའང་གང་ཟག་ག་གེ་མོ་ལ་ཆོས་དང་སྲིད་ཀྱི་ལྟ་སྤྱོད་དེ་གའི་སྲིད་གཞུང་དང་མ་མཐུན་པས་གཉའ་གནོན་དང་འཇིགས་གཤེད་བྱུང་བའམ་འབྱུང་བའམ་འབྱུང་བར་འགྱུར་བའི་དབང་གིས་སྐྱབས་གནང་མཁན་གྱི་སྲིད་གཞུང་གིས་མི་སེར་གྱི་ཐོབ་ཐང་སྤྲད་པ་ཞིག་ལ་གོ་དགོས། ཨ་རི་ནས་རྒྱ་གུང་ཁྲན་ལ་དགའ་བའི་བོད་པ་ཞིག་ཡིན་ཚེ་དེ་ནི་བཙན་བྱོལ་བ་མིན་ལ་སྐྱབས་བཅོལ་གྱི་ཆ་རྐྱེན་ཡང་མི་ཚང་བ་ཞིག་ཡིན་པས་ཕྱི་ལོག་ན་ཡོད་པའི་བོད་པ་ཡིན་ན་བཙན་བྱོལ་བ་ཡིན་པས་མ་ཁྱབ། ཡིན་ན་ཡང་འོ་སྐོལ་གྱི་སྐུ་ཚབ་རྣམ་པས་བོད་པ་ཨ་རི་ན་ཡོད་ཅིང་ཡིག་ཆ་མེད་པ་དེ་དག་ལ་ཁྲིམས་འགལ་བ་རེད་ཟེར་ན་གཏན་ནས་ནོར་བྱ། གཏམ་ཨ་ཕས་བཤད་ཡ་དེ་ཨ་མས་བཤད་པའི་ཚུལ་དུ་སོང་ངོ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ནམ་རྒྱུན་དགུན་ཁ་རྫ་དང་དབྱར་ཁར་ལྕགས་ལ་ལྟོས། དབྱར་དགུན་མེད་པར་དམར་ཆུང་ལྕེ་ལ་ལྟོས་ཞེས་བཤད་པ་ནང་བཞིན་སྐུ་ངོ་དག་གིས་ཀྱང་རང་གི་ཁ་དེ་བདག་པོ་ཡག་པོ་བརྒྱག་དགོས། དེ་མིན་ན་རྡོ་རྗེ་ཤུགས་ལྡན་ཚོས་ཡང་སྐུ་ངོ་རྣམ་པས་གཉའ་གནོན་བྱས་སོང་ཞེས་སྐད་འབོད་བརྒྱག་ཉེན་ཆེ།
དྲ་གྲོགས་ཚང་མས་ཞིབ་འདང་ཞིག་རྒྱོབས་དང་། ལུང་རྟོགས་འདིས་ཨ་རིའི་དོན་གཅོད་སྐུ་ངོའི་གསུང་བཤད་བདེན་པ་རེད་མདོག་མདོག་དང་། རྒྱབ་སྐྱོར་ཡོད་མདོག་མདོག་གི་ཚུགས་ཀ་ཞིག་སྟོན་ཁུལ་བྱས་ནས། མཐར་སྐུ་ངོ་འདི་ཡང་ཁྲིམས་འགལ་གྱི་ནག་ཅན་པ་མང་བོ་ལ་རྒྱབ་སྐྱོར་གནང་མཁན་དང་དེ་ཚོའི་ཆེད་ཕྱག་ལས་གཉེར་མཁན་ཞིག་ཡིན་པས་ནག་ཅན་པའི་གྲལ་ལ་དེད་སོང་།
༼རྡོ་རྗེ་ཤིག་ལྡན་༽ལ་བཅོས་རོགས
ལུང་རྟོགས་ཀྱི་ལྟ་བ་ནོར་བྱ། དེ་ནི་ཁོང་ལ་མི་རིགས་འདི་རྒྱ་ཡིས་གཉའ་གནོན་བྱེད་བཞིན་པའི་ན་ཚ་དེ་མེད་པར་སྐྱིད་བྱང་བྱས་ནས་བསྡད་པ་ལས་བྱུང་བའི་སེམས་ཚོར་ཙམ་ཞིག་རེད།
ལང་ཀ་རྡོ་རྗེ་སྟེང་དུ་སེམས་ཅན་ཤིག་ཅིག་འདུག
པ་ག་པད་མའི་གསེང་ན་ཟ་འཕྲུག་ཏོག་ཙམ་ལངས།
གཅིག་བྱས་ན་ཁོང་གི་གསུང་པ་འདི་བདེན་པ་ཡིན་ཤས་ཆེ།
་་་་་་་་ # 35 གསེར་ས་ལེ་སྦྲམ།་ལགས་ཀྱིས་མཆན་བཏབ་པ།:
June 19th, 2014 at 11:42 PM
རང་སྲོག་འབེན་དུ་བཙུགས་ཏེ་བོད་ཀྱི་ས་མཚམས་བརྒལ་ནས་ཡོང་མཁན་གྱི་ང་ཚོ་བོད་མི་སྐྱབས་བཅོལ་བ་མང་བོ་ཞིག་ཁྲིམས་འགལ་གྱི་ནག་ཅན་པ་རེད་ཟེར། སྐད་ཆ་འདིས་ག་རེ་ལབ་ཀྱིན་ཡོད་པ་ཚང་མས་ཧ་གོ་ན་ཡག་གི་བསམ། ་་་་་་་་་་་་
གཡུ་བྲག་པ་ལགས། རྒྱ་མིའི་པ་སི་ཁྱེར་ཚད་རྒྱ་མིའི་རྒྱུག་ཁྱི་ཡིན་ན། ལོ་རྟག་པར་བོད་ནང་ནས་མི་བརྒྱ་ཕྲག་མང་པོ་རྒྱ་མིའི་པ་སི་ཁྱེར་ནས་འདིར་གནས་འཇལ་དང་། བླ་མ་འཇལ་དུ་ཡོང་ནས་ཕར་ལོག་མཁན་དེ་དག་རྒྱུག་ཁྱི་ཨེ་རེད། སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིགས་གྲོགས་པོ།
ཁྲི་རལ་དང་ལུང་རྟོགས་ཟེར་བ་འདི་ཚོས་སོ་སོའི་རང་ཤ་བཅད་ནས་ཁྱི་སྔོན་དུ་གཡུགས་ནས་ཁ་གཞན་ལ་བསྐོར་ནས་གཞན་ལ་མ་སྤྲད་རོགས། ཟེར་ཀི་མི་འདུག་གམ། ཧ ཧ
ས་ལེ་སྦྲམ་ལགས། བོད་མིའི་སྒྲིག་འཛུགས་གསོ་སྐྱོང་བྱེད་མཁན་དང་སྔ་བཞུགས་ཀུན་ཏུ་རོག་སྐྱོར་གནང་མཁན་ཡི་པ་དང་། དབུ་ཁྲིད་ཚོ་དེའི་ཆེད་དུ་ཕྱག་ལས་གནང་མཁན་ཡིན་པ་ཤེས་ན་རྟག་པར་སྒྲིག་འཛུགས་དང་དབུ་ཁྲོད་ཚོས་མ་བྱས་མ་ལྟས་ཤེས་ཁ་གཏོང་དོན་ཅི་རེད། ཁ་ཅིག་ནང་ནས་གཏམ་གཉིས་བཤད་ན་ལེན་པོ་ཅང་འདུག་གམ། ངོ་མ་བཤད་ན་བོད་མིའི་སྒྲིག་འཛུགས་ནག་ཚོགས་དང་དབུ་ཁྲིད་ཚོ་ནག་ཚོགས་ལ་འགེབས་སྲུང་བྱེད་མཁན་རེད་ཞེས་གཞི་མེད་སྐུར་འདེབས་བྱེད་མཁན་ཁྱེད་ཚོ་རེད། ཁྱེད་ཚོས་རྟག་པར་བོད་མིའི་སྒྲིག་འཛུགས་རུལ་སུང་གི་གཞུང་དང་དབུ་ཁྲིད་ཚོ་རུས་སུང་བ་སྲུང་སྐྱོབ་བྱེད་མཁན་ཡིན་པར་བཤད་པ་དེ་དེ་རིང་རྗེད་སོང་བ་ཨེ་རེད།
ཅོག་མྱི་ལགས། མི་རིགས་འདི་ལ་རྒྱ་ཡིས་གཉའ་གནོན་བྱེད་བཞིན་པའི་ན་ཚ་ཡོད་མཁན་ཞིག་ཡིན་ན། རྒྱ་གུང་ཕྲན་ལ་ཚིག་ཅིག་མི་བཤད་པརརང་གི་དབུ་ཁྲིད་དང་གཞུང་ལ་རྟག་པར་ཁ་གཏོང་ནས་སྡད་ཀྱི་མ་རེད་འདོད།
བོད་ནས་གནས་མཇལ་ལ་ཡོང་མཁན་དེ་ཚོ་མི་ངན་ཁྱོད་ནང་བཞིན་རྒྱ་མིའི་པ་སེ་ཞིག་བཟུང་ནས་བཙན་བྱོལ་ལ་ཡོང་ནས་བཙན་བྱོལ་ཡིན་མདོག་མདོག་བྱས། བཙན་བྱོལ་ལ་འབྱོར་དུས་ང་ནི་ཁྲིམས་མཐུན་ངང་ཡོང་བ་ཡིན། རྒྱུ་མཚན་ང་པ་སེ་སྟོན་ཡ་ཡོད་ཁྱེད་ཅག་ལ་པ་སེ་མེད་པས་ནག་ཅན་ཁྲིམས་འགལ་རེད་ཟེར་མཁན་གྱི་ཀླད་མེད་ཁྲམ་པ་ཁྱོད་འདྲ་མ་རེད་གྲོགས་པོ། ཁོང་ཚོས་རང་གི་རྩ་བའི་བླ་མ་དང་ཕྱི་ཡུལ་གྱི་ཉེ་འབྲེལ་སོགས་ལ་ཐུག་འཕྲད་ཆེད་དཀའ་ངལ་མང་པོ་ཞིག་ལ་གདོང་གཏད་ནས་ཡོང་བ་ཡིན་ཙང་སེང་གེ་དང་ཁྱི་གཉིས་མཉམ་དུ་བསྡུར་ཡ་བཞག་ན་དགའ།
བོད་ནས་གནས་འཇལ་ཡོང་མཁན་རྣམས་རྒྱ་མིའི་པ་སི་བཟུང་ནས་ཡོང་བ་མིན་ན་སུས་པ་སི་བཟུང་ནས་ཡོང་བ་རེད། པ་སི་མེད་པར་རྒྱལ་ཁབ་གཞན་གྱི་ས་མཚམས་བརྒལ་ན་ཁྲིམས་འགལ་མ་རེད་ཟེར་ཨེ་ཐུབ། མངོན་གསུམ་ལ་སྙོན་འདིང་ཞིང་། རྟག་ཏུ་རང་གི་དབུ་ཁྲིད་དང་གཞུང་ལ་གཞི་མེད་སྐུར་འདེབས་བྱེད་མཁན་ཁྱི་རྒན་ཁྱེད་ཚོ་ཡང་ང་ལས་དྲག་ཅིག་ཅང་མ་རེད། ཁྱེད་ཚོ་རྩམ་པ་རང་གིས་ཟས་ནས་རྩམ་ཁུག་གཞན་ལ་གཡོག་མཁན་གྱི་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་ན་ཐང་།
བློ་མཐུན་ལུང་རྟོགས། པ་སི་ཡོད་མཁན་ནི་རྒྱ་མིའི་གཞུང་གི་གཅེས་ཕྲུག་ཚོ་རེད། ལྟོས་དང་། མགོ་ལོག་འཇིགས་མེད་མཆོག་གིས་པ་སི་བསྣམས་ནས་ཕེབས་སོང་ངམ། ཁྱེད་རང་ནི་དམིགས་བསལ་མི་སྣ་རེད། དགའ་བསུ་ཡོད། ཁ་གསལ་ཐུབ་ན་དཔའ་བོ་རེད་ལ། སྲིད་དོན་པའང་རེད།
ལུང་རྟོགས་ལགས། ཁྱོད་ཀྱིས་དང་ཐོག་བོད་མི་སྒྲིག་འཛུགས་དང་བོད་ཀྱི་དབུ་ཁྲིད་ཚོར་ལྷག་བསམ་ཡོད་མདོག་དང་། སེམས་ཤུགས་ཆེ་མདོག་གིས་དེ་ཚོའི་ཕྱོགས་ལ་ཚིག་ངན་གཅིག་ཀྱང་ཤོར་དུ་མི་འཇུག་རབས་མང་བོ་ཞིག་བཤད། མཇུག་མཐར་ཝ་མོའི་རྔ་མ་བཞིན་རང་གཤིས་ངོ་མ་བོ་ལྷང་ལ་བུད་ཡོང་དུས། བཙལ་བྱོལ་བོད་མི་མང་བོ་ཁྲིམས་འགལ་གྱི་ཉེས་ཅན་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ནག་ཚོགས་ལྟ་བུ་ཞིག་ཡིན་རབས་ཀྱི་ལབ་རྡོལ་མང་དུ་སྨོས་པ་རེད། ཁྱོད་ཀྱིས་ཞིབ་འདང་ཞིག་རྒྱོབས་དང་། དོན་དངོས་སུ་ཁ་གཅིག་གི་ནང་ནས་སྐད་ཆ་མི་འདྲ་བ་གཉིས་བཤད་མཁན་དེ་ཁྱེད་རེད་དམ་ང་རེད། རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་གྱི་མགོ་ལ་མ་བསྐོན་རོགས། ངས་ནི་ཁྱེད་ཀྱིས་བཤད་པ་དེ་འདྲ་ཞིག་ཁ་ནས་ལབ་རྒྱུ་ཕར་ཞོག སེམས་ལའང་དྲན་མི་ཕོད།
ཀར་བློ་ལགས། དེས་ན་བོད་ནས་པ་སི་ཁྱེར་ནས་གནས་འཇལ་དང་ཆོས་ཞུ་ཡོང་མཁན་ཚང་མ་རྒྱ་མིའི་གཞུང་གི་གཅེས་ཕྲུག་རེད་དམ། ངས་ལྟས་ན་རྒྱ་མིའི་གཞུང་གི་གཅེས་ཕྲུག་ངོ་མ་ནི་རྟག་པར་བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོར་གཞི་མེད་སྐྱོན་འཛུགས་བྱེད་མཁན་དེ་ཚོ་རེད། ཁོ་ཚོས་རྒྱ་མིའི་གཞུང་ལ་ཚིག་ཅིག་བཤད་མྱོང་མེད་པ་རེད།
ཧཧཧ ས་སྦྲམ་ལགས། བོད་མིའི་སྒྲིག་འཛུགས་ནག་ཚོགས་ཡིན་པ་ངས་ནམ་ཡང་བཤད་མ་མྱོང་། ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་མི་སྲིད། པ་སི་མེད་པར་རྒྱལ་ཁབ་གཞན་གྱི་ས་ཁོང་སུ་འཛུལ་བ་དེ་ཁྲིམས་འགལ་ཡིན་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། ངས་སྐད་ཆ་བདེན་པ་ཞིག་བཤད་པ་དེ་ནག་ཉེས་ཡིན་ན། ཁྱོད་ཚོས་ཧམ་བཤད་རི་འདྲ་བ་ཞིག་བྱེད་པ་འདི་དེ་བས་ནག་ཉེས་ཅི་ལ་མིན། མ་གཞི་ནས་མི་ཁྱོད་ཚོ་རྩམ་པ་རང་གིས་ཟས་ནས་རྩམ་ཁུག་གཞན་ལ་གཡོག་རྒྱུར་གོམ་སོང་བ་ཡིན་དུས་ནམ་ཡིན་ཡང་འདི་འདྲ་རེད།
ཧཧཧ སྐུ་ཞབས་ལུང་རྟོགས་ཡ། ལུང་རྟོགས། རླུང་མ་ལངས། སེམས་ལྷོད་ལྷོད་བྱོས། ཁྱོད་ཀྱིས་བཙལ་བྱོལ་བོད་མི་མང་བོ་ཞིག་ནག་ཅན་པ་ཡིན་པར་ཁས་བླངས་ཕྱིན། དེ་དག་འགེབ་སྲུང་བྱེད་མཁན་གྱི་སྒྲིག་འཛུགས་འདི་ཡང་ནག་ཅན་པ་ཡིན་པར་དོན་གྱིས་ཁས་བླངས་ཚར་བ་རེད། སྐད་ཆ་ཡར་དཀྱོགས་མར་དཀྱོགས་ཇི་ལྟར་བྱས་རུང་དོན་དངོས་བསྒྱུར་དུ་མེད། ཁོ་བོས་དེ་འདྲ་ཞིག་ནམ་ཡང་བཤད་མ་མྱོང་ཞེས་གནམ་ལྡང་ས་ལྡང་བྱས་ནའང་ཕན་ཐོགས་ཅི་ཡང་མེད་དོ།། དཔེར་ན། ཁྱོད་ཀྱིས་རང་གི་མ་མོ་གཤམ་ཡིན་པར་ཁས་བླངས་ཕྱིན་ཁྱོད་རང་ཉིད་མོ་གཤམ་གྱི་བུ་ཡིན་པ་དོན་གྱིས་ཁས་བླངས་ཚར་བ་རེད། ང་མོ་གཤམ་གྱི་བུ་མིན་ཞེས་ཨུ་ཚུགས་ཇི་ལྟར་བརྒྱབ་རུང་ཕན་ཁེ་ཅི་ཡང་མེད། དེ་ལས་རང་ཉིད་མོ་གཤམ་གྱི་བུ་ཡིན་མདོག་བྱས་བསྡད་ན་ཡག་ཤོས་རེད། ཧཧཧ
ཧཧཧ ས་སྦྲམ་ལགས། བོད་མིས་སྒྲིག་འཛུགས་ཀྱིས་གསར་འབྱོར་ཚོར་གཟིགས་རྟོག་གནང་བ་འདི་ནག་ཉེས་འགེབ་སྲུང་བྱས་པ་རེད་ཟེར་བ་ཡིན་ནམ། དེ་ཡིན་ན་ཁྱེད་རང་འཁྲུལ་སོང་བ་རེད། འདི་བོད་མི་ཞིག་ཡིན་པའི་ཆ་ནས་རོག་རམ་གནང་བ་རེད་མ་གཏོགས། ས་མཚམས་བྲོས་ཡོང་བའི་ནག་ཉེས་འགེབ་སྲུང་བྱེད་ཀྱི་ཡོད་པ་མ་རེད་དོ། ཁྱེད་རང་གིས་བོད་མིའི་སྒྲིག་འཛུགས་ལ་ཚིག་ངན་པ་བཤད་རྒྱུ་ཕར་ཞོགས། སེམས་ནས་ཀྱང་དྲན་མྱོང་མེད་ཟེར་བཞིན་དུ་བོད་མིའི་སྒྲིག་འཛུགས་ནག་ཅན་པའི་ནག་ཉེས་འགེབ་སྲུང་བྱེད་མཁན་ཡིན་པ་བཤད་འདུག་པས། འདི་ནི་དངོས་གནས་མོ་གཤམ་པ་བུ་སྐྱེ་བར་བཤད་པ་དང་ཅིག་མཚུངས་རེད་མི་འདུག་གམ།
ཨ་རིའི་གཞིས་སྤོས་ཁྲིམས་ཁང་ངམ་ཨེ་མིག་དགུ་རལ་ལས་ཁུངས་ནང་ལ་གནས་ཚུལ་ངོ་མཚར་ཅན་མང་པོ་བྱུང་མྱོང་ཡོད། རྒྱུན་པར་བོད་པ་ཚོ་སྐྱབས་བཅོལ་ཞུ་དུས་བཅར་འདྲི་དང་འདྲི་རྩད་གཏོང་གི་ཡོད་པས་རང་གཞན་ཚང་མ་ངུ་མ་ཤེས་བགོད་མ་ཤེས་པའི་གནས་ཚུལ་དེ་འདྲ་རེད།
༡༽ ཉིན་གཅིག་བཙུན་མ་ཞིག་སྐྱབས་བཅོལ་གྱི་བཅའ་དྲིར་འབོད།
འདྲི་བ། ཁྱེད་རང་ཆོས་སྒྲོན་ཡིན་ནམ།
ལན། མིན། ང་མིག་དམར་ཡིན།
འདྲི་བ། ཆོས་སྒྲོན་སུ་རེད།
ལན། ཆོས་སྒྲོན་ང་ཨ་ནི་ཡིན་དུས་རེད། ད་ལྟ་སྐྱ་མིང་ལ་མིག་དམར་ཟེར།
འདྲི་བ། ཅིའི་ཕྱིར་ཨ་ནི་བྱས་པ་ཡིན།
ལན། འཁོར་བ་ལ་ངེས་བྱུང་སྐྱེས་ནས་རྒན་ལགས་ཀྱིས་ཨ་ནི་བཟོས་སོང་།
ཅིའི་ཕྱིར་ཨ་ནི་མཚམས་བཞག་པ་རས།
ལན། རྒན་ལགས་མཚམས་མཚམས་ངའི་སར་ཕེབས་ནས་ཕྲུ་གུ་འཁོར་བ་རེད།
༢༽
འདྲི་བ། ཞུ་གཏུགས་པ་བསོད་ནམས། ཁྱེད་རང་གི་མིང་ཆ་ཚང་ག་རེ་རེད།
ལན། ངའི་མིང་ཆ་ཚང་བསོད་ནམས་རེད།
འདྲི་བ། ཅིའི་ཕྱིར་འདིར་xxx བསོད་ནམས་འཁོད་པ་རས།
ལན། XXX རྩ་བ་ནས་མིན། འདི་རྒྱ་མིས་ང་ལ་པ་སེ་སྤྲད་དུས་མིང་འདི་བཏགས་བཞག རྒྱ་མིའི་པ་སེ་ཞུ་རོགས་བྱེད་མཁན་འདིས་མགྲོན་ཁང་ལ་སྐད་བཏང་ནས་དགོངས་མོ་གཅིག་མཉམ་དུ་སྡོད་དགོས་ཟེར་ཨུ་ཚུགས་བརྒྱབ་བྱུང་། མཚན་གང་ཨུ་ཚུགས་བརྒྱབ་རུང་ཁས་ལེན་བྱས་མེད། ཁོ་ཁོང་ཁྲོ་བཟའ་ནས་ང་ལ་སང་ཞོགས་དེ་ལ། ཁྱོད་ངའི་འདོད་པ་མ་བསྐོང་ན་ཕྱི་ལ་མི་ཚང་མར་ཁྱོད་ཞང་ཚོང་མ་རེད་ཅེས་མིང་ཤད་བཟོ་རྒྱུ་ཡིན་ཟེར། རྗེས་མ་མི་འགའ་ཤས་ཀྱིས་ཟེར་ན།xxxནི་ལས་ཀ་བཙོག་པ་བྱེད་མཁན་གྱི་མིང་རེད་ཟེར། དེ་ཁོས་ང་ལ་སེམས་གནག་པོ་བྱས་ནས་བཟོས་པ་རེད་བསམ་བྱུང་།
༣༽
ཞུ་གཏུགས་པ་རིན་ཆེན་བླ་མ། ཁྱེད་རང་ལོ་༣༠བར་བོད་ལ་བསྡད་སློབ་གྲྭར་བསྐྱོད་འདུག ཁྱེད་ཀྱིས་རྒྱ་སྐད་ཤེས་སམ།
ལན། རྒྱ་སྐད་ཤེས་ཀྱི་མེད།
འདྲི་བ། འོ་ན་དབྱིན་ཇི་ག་ནས་སྦྱངས་པ་ཡིན་ནམ།
ལན། སློབ་གྲྭར་སྦྱངས་པ་ཡིན།
སློབ་གྲྭར་ཅིའི་ཕྱིར་རྒྱ་སྐད་སྦྱངས་མེད་དམ།
ལན། ང་རྒྱ་སྐད་ཁྲིད་དུས་གཉིད་ཁུག་ནས་བསྡད་ཀྱི་ཡོད། བྱས་ཙང་རྒྱ་སྐད་ཡག་པོ་ཤེས་མ་སོང་།
འདྲི་བ། ལྷ་ས་ནས་ནོར་བུ་གླིང་ཁ་བར་ལ་ག་ཚོད་འགྲོ་དགོས་རེད།
ལན། ཉིན་མ་གཅིག་འགྲོ་དགོས་རེད།
འདྲི་བ། དེ་མོ་ཊ་བསྡད་ནས་རེད་དམ་གནམ་གྲུ་བསྡད་ནས་རེད།
ལན། མོ་ཊ་བསྡད་ནས་རེད།
འདྲི་བ། ཁྱེད་རང་བོད་སྐད་ཤེས་ཀྱི་ཡོད་དམ།
ལན། ཏོག་ཙམ་ཤེས་ཀྱི་ཡོད།
འདྲི་བ། འགྲིགས་སོང་། ཁྱེད་རང་ཕྱི་ལ་ཐོན་ན་འགྲིགས།
༼གོང་གསལ་འདི་བལ་པོའི་རོང་པ་ཞིག་གིས་བོད་པ་གསར་འབྱོར་བ་ཡིན་ཁུལ་གྱིས་སྐྱབས་བཅོལ་ཞུ་བའི་རྣམ་པ་རེད།༽
ཨ་ལེ་ད་བྱས་དུས་ལུང་རྟོགས་མིང་ཅན་དེ་རྒྱ་གཞུང་པ་སེ་འཁྱེར་ནས་ཡར་མར་ཕྲུ་གུ་རྒྱུག་རྒྱུག་བྱེད་མཁན་ཡིན་པར་ཁོང་རང་གིས་ཁས་བླངས་སོང་བ། སྔོན་མ་ཞིག་ལ་ཕྱི་ལོག་ན་འགྲོ་སོང་བཏང་ནས་མི་མང་པོ་ཞིག་བཞག་ཡོད་ཚུལ་རྒྱ་གཞུང་དཔོན་རིགས་ཞིག་གིས་བཤད་ཡོད་པ། འོ་ཁོས་དེ་ལབ་པ་དང་། ངས་སྐད་ཆ་དེ་དྲན་སོང་ད་ཚང་མས་ཁོ་ལ་གཟོབས། ཁོ་ནམ་རྒྱུན་དབྱེན་སྦྱོར་སྐད་ཆ་འདྲ་མིན་སྤེལ་བར་དགའ་པོ་ཡོད་པ་རྒྱུན་ཡོད་ཚོས་མཁྱེན་གསལ་རེད། ད་ང་ནི་ཁོ་ལ་སྐྲག་སོང་ལ་དེ་རིང་ནས་ཁ་བརྡ་དྲ་བ་ལ་ཡོང་ཕོད་ས་མ་རེད། ང་དང་ང་འདྲ་བ་ཐོག་མར་བལ་ཡུལ་རྒྱལ་ཁོངས་འཛུལ་བར་པ་སེ་མེད་རིགས་ཆ་ཚང་ཁྲིམས་འགལ་ཡིན་པར་ཟེར་ལུགས་སོགས་ཀྱིས་ཁོའི་ལས་ཀ་དེའང་ཟུར་ཙམ་དཔོག་སོང་། དཀོན་མཆོག་མཁྱེན། གཏན་དྲིས་དུས་མི་ཤོད། སྒུག་དུས་ཤོད་ཟེར་བ་དེ་ཅི་མ་བདེན།
ལོང་རྟོགས་ནི་མ་གཞི་མི་ཡག་པོ་རེད། ཡིན་ན་ཡང་། ད་རེ་དགྱ་མིའི་པ་སི་དེ་སྲུང་འཁོར་ལ་ཐོགས་ཡོད་ལབ་དུས། ཨ་ཚ་ཚ་ཚ། ད་མི་བཤད། ཧ་ཧ་ཧ།
མོ་གཤམ་ལ་བུ་སྐྱེས་པས་མི་ཚད་ཕོ་གཤམ་ལའང་བུ་སྐྱེ་ཡི་ཡོད་བཟོ་འདུག བདེན་མིན་ཅང་མི་ཤེས་ཏེ། རྡ་རམ་ས་ལར་ལུང་རྟོགས་དང་། བློ་བཟང་དབང་རྒྱལ་ལའང་མངལ་འཁོར་ཡོད་པའི་སྐད་ཆ་ཤོད་ཀྱི་འདུག ལུང་རྟོགས་ཀྱི་བུ་དེའི་ཕ་ནི་ཨ་ལགས་་་་་་་་་་ཡིན་པར་བརྒྱ་ཆ་བརྒྱ་ཐག་གཅོད་ཐུབ་རུང་། ད་འོ་ན་བློ་དབང་གི་བུ་དེའི་ཕ་སུ་རེེད་དམ། ངས་བལྟས་ན་མཛངས་མ་ཆེ་གེ་མོ་ཞིག་ཡིན་རྒྱུ་རེད། ཚན་རིག་གི་རྟགས་དོན་འགར་བུད་མེད་ངར་མ་ཡོད་ན་བུ་ལ་མངལ་འཁོར་ངེས་པ་བཤད་འདུག ད་མ་གཞི་སྙིགས་དུས་ཡིན་པས་མིན་ནམ། མོ་གཤམ་གྱི་བུ་དང་། འདུས་མ་བྱས་པའི་སྤ་སེ་དང་། ར་ཡོད་པའི་རི་བོང་། ད་དུང་ནམ་མཁའི་མེ་ཏོག་ཡོད་པས་མི་ཚད་ནམ་མཁའི་ལྷ་མོ་ཟེར་བའི་མཛེས་མ་དེ་འདྲ་ཡང་ཡོད་པར་གྲགས།
འབྲོང་ངུར་ལགས། མི་རྒྱས་ཡོད་ཀྱིས་གཏམ་རྒྱུས་མེད་མ་བཤད། སངས་རྒྱས་ཀྱི་ནམ་ཟ་མཆོད་མཁན་བླ་རྒན་ཞིག་གིས་མི་ལ་གཞི་མེད་སྐྱོན་འཛུག་འདི་འདྲ་བྱས་ན་ལེན་པོ་འདུག་གམ། ཡིན་རྒྱུ་ནི་ངས་ཞྭ་དམར་པའི་སྐོར་ལ་བདེན་གཏམ་ཁ་ཁས་བཤད་པ་དེའི་མཁོན་འཛིན་ཡིན་པ་འདྲ་ཡང་། ངས་གཞི་མེད་སྐུར་འདེབས་གང་ཡང་བྱས་མེད། ཞྭ་དམར་གོང་མས་གོར་དམག་ཁྲིད་ཡོང་བ་དང་། ཞྭ་དམར་འདི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འཇར་མན་ལ་ཕེབས་པ་དང་དུས་མཉམ་འཇར་མན་ནང་ལ་སྙིང་རྩ
འགག་ནས་དགོངས་པ་རྫོགས་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པ་ལས་རྫུན་ཚིག་ཅིག་མེད། ངས་གོང་དུ་ཡང་ཐེང་མང་པོ་བཤད་ཡོད་པ་ལྟར་རྒྱ་མིའི་པ་སི་ཁྱེར་ནས་ཡར་མར་འགྲོ་མཁན་ཚང་མ་རྒྱ་མིའི་ཉུལ་མ་ཡིན་ན། བཙན་བྱོལ་ལ་ཡོང་མཁན་ཕལ་མོ་ཆེ་རྒྱ་མིའི་ཉུལ་མ་ཡིན་པར་ཁས་ལེན་དགོས། ངས་རྒྱ་མིའི་པ་སི་ཁྱེར་ནས་ཡར་མར་ག་དུས་འགྲོ་འགྲོ་ཡིན་ཞེས་གང་དུ་ཡང་བཤད་མེད་པས་གཞི་རྩ་མེད་པའི་སྐྱོན་འཛུག་དེ་ཚོ་ཉུང་ན་མཛེས། འདི་འདྲ་བཤད་ནས་རང་ཉིད་ཀྱི་མི་གཞི་གཤམ་སྟོན་བྱས་པ་ཙམ་ལས་ཕན་ཐོག་ཅི་ཡང་མེད།
ཧཧཧ དབྱིན་མིང་ཅན་འདིས་དེ་རིང་ཁྱད་མཚར་ཞིག་བཤད་འདུག་ད། བུད་མེད་ཀྱིས་བུ་ལ་ཕྲུ་གུ་བཟོ་ཡ་ཡོད་པ་གོ་བ་ཐེང་དང་པོ་ཡིན་ད། ད་ཡིན་ན་བློ་བཟང་དབང་རྒྱལ་ངེད་གཉིས་ལ་ཕྲུ་གི་རེ་རེ་ཡོང་བའི་རྟེན་འབྲེལ་ཡག་པོ་ཞིག་སྒྲིག
སོང་། ཧཧཧ
༼ཁྲི་རལ་པའི་༽མིང་དེ་རྟེན་འབྲེལ་བཟང་།།
༼སྤེན་ཚེ་དོན་གྲུབ༽་གཟའ་ལྟས་ལེགས།།
༼གནམ་རྒྱལ་མོ་༽༼
༼གསེར་ས་ལེ་སྦྲམ་༽ལ་རིན་ཐང་བྲལ།།
༼རྒྱ་མཚོ་ཆེན་པོ་༽ཆུ་ཡི་གཏེར།།
༼སྤོབས་པ་མཐའ་ཡས་༽འཕྲིན་ལས་མྱུར།།
༼ཀརྡོ་གཉེར་ཕྱག་༽སྐུལ་མ་བཟང་།།
༼སྟག་ཤར་པའི་༽ལོ་ལ་དཔའ་ཞིག་ལྡན།།
༼ཁྱུང་དཀར་མཛོ་༽ཕོ་སོ་ནམས་རྒྱན།།
༼ཀརྨ་བློ་གསལ་༽རིགས་པའི་མཛོད།།
༼དཔལ་དོན་༽ལེགས་བཤད་བཟློ་ལ་མཛངས།།
༼ཆོས་འཕེལ་དར་རྒྱས་༽རེ་བ་ཆེ།།
༼བསམ་ཤེས་༽གོ་ཤེས་མཁས་པའི་རྟགས།།
༼གཡུ་བྲག་པ་༽ངར་ན་གེ་སར་དངོས།།
༼ཤེས་དགའ་༽དེ་ལས་དགའ་རབ་འདུག།
༼ཅོག་མྱིའི་༽གཏམ་ལ་གཏན་ཚིགས་ཡོད།།
༼ཨ་ཕྱི་ཆོས་སྒྲོན་༽རལ་གྲོལ་རེད།།
དེ་ཀུན་བཙན་པོའི་བླ་སྐར་རེད།།
བཤད་པ་བོད་མིའི་ལས་དབང་རེད།།
འགྲུབ་པ་བོད་ཀྱི་མ་འོངས་རེད།།
བསམ་པ་དྲང་བདེན་ལྷག་བསམ་རེད།།
དྲན་པ་གཞིས་ལུས་བོད་མི་རེད།།
འཐབ་པ་རང་དབང་དམངས་གཙོ་རེད།།
རྩོད་པ་བཙན་པོའི་ཕ་མཁར་རེད།།
xxxxxxx
༼གནམ་རྒྱལ་མོ་༽མགོ་ནག་མི་ཡི་མགོན་ཞེས་བཅོས་རོགས།
བྱང་ཆུབ་སེམས་པའི་སྤྱོད་འཇུག་ལས།།
བདག་ལ་སྨད་པ་གཞན་ཡོད་ན།།
བསྟོད་པས་བདགམདགའ་ཅི་ཞིག་ཡོད།།
བདག་ལ་བསྟོད་པ་གཞན་ཡོད་ན།།
སྨད་པས་མི་དགའ་ཅི་ཞིག་ཡོད།།
ཞེས་པའི་དོན་དེ་སེམས་ལ་ཡོད།།
གོང་ས་བསྟན་འཛིན་་རྒྱ་མཚོ་ལ།།
རྒྱ་ནག་དམར་པོས་བདུད་དུ་འབོད།།
ང་དང་ང་འདྲའི་སྐྱེ་བོ་ལ།།
ཚིག་ངན་བཤད་མཁན་ལོས་ཀྱང་ཡོད།།
འོན་ཀྱང་ང་རང་ཅི་ཡིན་དེ།།
རང་གི་སེམས་ན་གསལ་ནས་ཡོད།།
འགྱུར་མེད་དད་པ་བརྟན་པོ་ཡོད།།
ཞུམ་མེད་ལ་རྒྱ་འཛིན་ནས་ཡོད།།
དྲང་བདེན་གནས་ལུགས་བཤད་ནས་ཡོད།།
སྔ་ཡང་ཡིན་ལ་ད་ཡང་ཡིན།།
མ་འོང་པར་ཡང་འདི་ལྟར་ཡིན།།
དགའ་མཁན་ཡོད་ན་དགོད་ལ་སྡོད།།
སྡུག་མཁན་ཡོད་ན་ངུས་ལ་སྡོད།།
འཚང་ཅན་མི་དང་རྒྱབ་ཆད་རྟ།།
ཁྲོ་དང་འཕག་པའི་དཔེ་བཞིན་དུ།།
གནས་ལུགས་མེད་པའི་མི་བུ་དག།
ཚིག་ངན་བཤད་ལས་ཐབས་གཞན་ཅི།།
འོན་ཀྱང་ཚིག་ངན་བཤད་པ་འདིས།།
རང་གི་ནང་སྙིང་སྐྱུག་བྲོ་པོ།།
ཕྱི་ལ་སྟན་པ་ཙམ་ཞིག་ལས།།
ཕན་ཐོག་མེད་པ་ཤེས་པར་གྱིས།།
ཁ་ཚུམས་ཚང་མ་ཁ་ཚུམས། བྱུས་གཏོགས་མ་བྱེད། དྲྭ་གྲོགས་ཚོ་ཁ་ཚུམས། སྐུ་ངོ་སྐལ་རྡོ་ཁ་ཚུམས། ཁ་རྡའི་ནང་དུ་ཁ་ཚུམས། གསར་འགོད་མདུན་དུ་ཁ་ཚུམས། ཨ་རིའི་གཞུང་འཛིན་པ་ཚོ་ལྐུགས་པ་མ་རེད། ཁལ་བོང་བུས་འཁྱེར། རྒྱ་ལམ་རྐེད་པ་ན་དགོས་མ་རེད། ཁོང་ཚོས་ནད་ཁྱག་ཐུབ་ས་ལ་ང་ཚོས་ནད་མི་ཁྱག་བྱེད་དགོས་མ་རེད། མ་གཞི་སྐུ་ངོ་འདིས་དྲང་གཏམ་བཤད་པ་རེད། བསམ་པ་མ་དག་པ་མིན་ནའང་། བསམ་བློ་མ་བཏང་བའི་སྐྱོན་རེད། རྗེས་སུ་གཟབ་ན་མ་གཏོགས་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་ཡོང་། རང་གི་མི་སེར་ལ་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་ཞུས། རྒྱབ་མདུན་གཉིས་ཀ་མཐོང་བར་བྱོས། འབྲས་བུ་ལ་བསམ་བློ་ཐོངས། གང་དྲན་མ་གསུངས།་་ངས་ཁྱེད་རང་གི་ཚ་མོ་མཛེས་མ་དེའི་གདོང་ལ་བལྟས་ནས་ཤ་ཚ་བཤད་པ་ཡིན། དྲྭ་གྲོགས་ཚོས་ང་ལ་རྩ་རྒན་མ་ཟེར་ཨ། ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་། ཀུན་གྱི་ཁོག་ནས་དགའ་བའང་འདི་མ་རེད་དམ། ཧཧཧཧཧཧཧ
ཡ་ཨ་བོ་ཧོརལ་་ཙ་ཡོད་རེད་དྭ། ཧ་ཧ་ཧ་ཧ་ཧ་བོད་པའི་བུ་མོ་ཙ་དང་རིང་པོ་སྦུམ་པོ་ལོས་དགོས། དེ་མིན་རྒྱ་གར་ལ་ཤོར་རབ་ཡོད།
བོད་པའི་བུ་ཚོའི་ཙ་ཐུང་ཐུང་དེས་བུ་མོ་ཚོ་ ཟ་ར་ལང་ཡག་ཏོག་ཅི་ཕན། ཧི་ཧི་བོད་པའི་བུ་འགའ་ལ་ ལག ཆ་ཆེན་པོ་དེ་འདྲ་ཡོད་པས་ཧོར་རྩ་དེ་གཡག་རྩ་འདྲ་པོ་ཡོད་ན་བཟང་གི་ཨ་རོ