༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། བོད་དོན་གོམ་བགྲོད་སྐབས་རྒྱ་ནག་གི་དར་དམར་འཕྱར་ཡོད་པ་དེར། སྤྱི་ཚོགས་ནང་བསམ་ཚུལ་དང་། གླེང་སློང་འདྲ་མིན་ཞིག་ཡོང་གི་ཡོད་པས། དེའི་སྐོར་ལ་འདི་ག་གསར་ཁང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཟླ་འདིའི་ཚེས་༡༡ ཉིན་བཅར་འདྲི་བྱས་ཡོད།
དྲི་བ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་བར་ཞི་བའི་གོམ་བགྲོད་ལ་འགྲོ་སྐབས། ཁོང་ཚོས་ལམ་བར་ནས་རྒྱ་ནག་གི་དར་དམར་འཕྱར་ནས་འགྲོ་ཡི་ཡོད་པ་དེར་གཞོན་ནུ་ཚོགས་པས་ངོ་རྒོལ་གསལ་བསྒྲགས་དང་། དེ་རྗེས་དབུ་མའི་ལམ་ལས་འགུལ་ཁང་གིས་་དར་དམར་འཕྱར་བ་དེར་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་གླེང་སློང་འདྲ་མིན་ཞིག་ཡོང་གི་ཡོད་པར་བརྟེན། སྤྱི་འཐུས་ལྷན་ཚོགས་ཡིན་ནའང་འདྲ་ཚོགས་གཙོའི་ངོས་ནས་དེར་གཟིགས་སྟངས་ག་འདྲ་ཡོད།
ལན། དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ལ་མི་དགོས་པའི་སྐད་ཆ་ཞིག་རེད། སྤྱིར་བཏང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། གང་ཟག་སྒེར་བཅས་ལས་འགུལ་སྤེལ་མཁན་ཚང་མ་ལ་གྲོས་ཚོགས་ཕྱི་ནང་གཉིས་ནས་བསྔགས་བརྗོད་ཞུས་ཡོད་ལ། ད་དུང་ཡང་ཞུ་རྒྱུ་ཡིན། ལས་འགུལ་སྤེལ་སྟངས་དེ་སོ་སོའི་བསམ་ཚུལ་དང་རྣམ་དཔྱོད་མི་འདྲ་བའི་ཐོག་ནས་སྤེལ་གྱི་ཡོད་པ་རེད། མི་སྒེར་གྱི་ལས་འགུལ་སྤེལ་ཕྱོགས་ལ་འགྲིག་འདུག་དང་མི་འདུག་ཅེས་བཤད་རྒྱུའི་ཐོབ་ཐང་གཞུང་ལ་ཡོད་མ་རེད་བསམ་གྱི་ཡོད། དེ་སྒེར་གྱི་རང་དབང་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ན་ཡང་། སོ་སོའི་རང་དབང་གི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེར་བརྟེན། དེའི་ཐོག་ལ་དམིགས་བསལ་གྱི་ཞུ་རྒྱུ་མེད། ཡིན་ན་ཡང་ད་ལྟའི་དུས་ཚོད་དེར་ཆིག་སྒྲིལ་གྱི་ནུས་པ་སྟོན་དགོས་པ་གལ་ཆེན་པོ་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་སྒྲིག་འཛུགས་ཕན་ཚུན་བར་ལ་དགག་པ་རྒྱག་རེས་དང་། གཅིག་གིས་ངོ་རྒོལ་དང་གཅིག་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་འདྲ་ཡོང་བསྡད་པ་ཡིན་ན། དེའི་ང་ཚོའི་རྩ་དོན་ལ་ཕན་གྱི་འདུག་གམ། ང་ཚོའི་ཁ་གཏད་ལ་ལག་ཆ་ཆགས་ཀྱི་འདུག དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྟ་བུ་ཡིན་ན་འདས་པའི་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ། ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་རེད། དེའི་ནང་ལ་རྒྱ་ནག་གི་རྒྱལ་དར་ཁྱེར་བ་དེ་འདྲ་གཅིག་ཀྱང་བྱུང་ཡོད་མ་རེད། མ་འོངས་པར་བོད་ཀྱི་དཀའ་རྙོག་དེ་ཞི་བ་དང་གྲོས་མོལ་གྱི་ཐོག་ནས་ཐག་ཆོད་པའི་མཚམས་ཤིག་ལ། ང་རང་ཚོས་དགོས་འདུན་བཏོན་བཞག་པ་ནང་བཞིན་རང་སྐྱོང་ཚད་ལྡན་ཞིག་རག་པ་ཡིན་ན། སྐབས་དེར་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་གཏོང་མི་གཏོང་ཟེར་བ་དེ་གནས་སྟངས་གཞན་ཞིག་རེད་མ་གཏོགས། བོད་ཀྱི་དཀའ་རྙོག་གང་ཡང་མ་སེལ་བ་དང་རྒྱ་ནག་གིས་ངོས་ལེན་གཙང་མ་ཞིག་ཀྱང་མེད་པའི་དུས་ཚོད་ཅིག་ལ། དེ་སྔ་ཡང་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་བཏང་ཡོད་མ་རེད་ལ་ད་ལྟ་ཡིན་ན་ཡང་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་བའི་སྐབས་ལ་རྒྱ་དར་བེད་སྤྱོད་གཏོང་བའི་འཆར་གཞི་ཡང་ཡོད་མ་རེད་ལ། བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་ཡང་ཡོད་མ་རེད། ཡིན་ན་ཡང་ལས་འགུལ་སྤེལ་མཁན་ཚོ་སོ་སོས་འགྲེལ་བཤད་ཅིག་རྒྱག་གི་ཡོད་རེད། འགྲེལ་བཤད་དེ་རྩ་བ་ནས་ཡང་དག་པ་མ་རེད་ཟེར་ནས་བཤད་རྒྱུ་ཁག་པོ་རེད། ཡིན་ན་ཡང་གནས་ཚུལ་དེ་འདྲ་ཡོང་གི་ཡོད་དུས་ཡོང་ས་དེ་གང་ཡིན་དང་དེའི་རྐྱེན་གང་ཡིན་ལ་བལྟ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། སྒེར་སོ་སོ་ཡིན་ན་ཡང་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ན་ཡང་། དམིགས་བསལ་གྱིས་དེའི་ནང་ལ་ཐེ་ཇུས་བྱེད་དགོས་པའི་གནས་སྟངས་མཐོང་མ་སོང་། ང་རང་ཚོ་ནང་ཁུལ་ལ་སྐྱོན་བཤད་རེས་བྱེད་བསྡད་ན། ང་རང་ཚོའི་ནུས་པ་ཉམས་ཆག་ལ་འགྲོ་རྐྱེན་ཞིག་མ་གཏོགས། ཕན་ཐོགས་མེད་པ་གསལ་པོ་ཞེ་དྲག་ཡིན་དུས། དེ་རིང་བང་ཆེན་གྱི་བཅར་འདྲི་འདི་བརྒྱུད་ནས་གནས་ཚུལ་དེ་ཚོ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་བོད་ནང་གི་རང་ལུས་ཞུགས་འབུལ་གནང་མཁན་ཚོའི་ཞལ་ཆེམས་ཀྱི་ནང་ལ། བོད་མི་ཚོས་ཆིག་བསྒྲིལ་བྱ་དགོས་རེད། ནུས་པ་གཅིག་ཏུ་སྤུངས་དགོས་རེད་ཟེར་བ་དེ། ཤུགས་ཆེན་པོས་བཤད་ཡོད་པ་རེད་ལ་གསོན་པོ་ཚོའི་འབོད་སྒྲ་ཡང་དེ་རེད། དེར་བརྟེན། ཁོང་ཚོའི་རེ་བ་ལྟར་ཚང་མས་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། བོད་ནང་ལ་ཡོད་མཁན་ཚོ་ཡིན་ན་ཐུགས་ཁྲལ་ཞེ་དྲག་གནང་དགོས་ཀྱི་ཡོད་མ་རེད། ང་ཚོ་འདིར་མང་གཙོའི་ལམ་ལུགས་ཐོག་འགྲོ་གི་ཡོད་རེད། སོ་སོའི་བསམ་ཚུལ་ཙམ་བཤད་པ་མ་གཏོགས། དེའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་རྡབ་གསིག་འགྲོ་ས་རེད་བསམ་ནས་ཐུགས་ཁྲལ་གནང་དགོས་ཀྱི་ཡོད་མ་རེད།
དྲི་བ། ལས་འགུལ་སྤེལ་མཁན་གྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་རྒྱུ་དེ་འགོ་བརྩམས་ཚར་བ་ཡིན་དུས། མ་འོངས་པར་དེ་འདྲའི་ལས་འགུལ་གྱི་རིགས་མང་དུ་སོང་བ་ཡིན་ན་དེར་གཟིགས་ཕྱོགས་ག་འདྲ་ཡོད།
ལན། མང་དུ་འགྲོ་ཡི་རེད་བསམ་གྱི་མེད་ད་རེས་གནས་ཚུལ་གཅིག་བྱུང་པ་དེར་སྤྱི་ཚོགས་ནང་ལ་གླེང་སློང་ཤུགས་ཆེན་པོ་བྱུང་བ་རེད། དེར་བརྟེན། གོང་དུ་བཤད་པ་ལྟར་དེ་སྔ་ཡང་བྱུང་ཡོད་མ་རེད་ལ། མ་འོངས་པར་དེ་འདྲ་བྱེད་མཁན་ཚོའི་ངོས་ནས་ཡིན་ན་ཡང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་རེད། རྩ་བའི་ང་ཚོིའི་སྤྱི་ཚོགས་ནང་ལ་སོ་སོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་དཔྱད་ཞིབ་བྱེད་ཆོག་གི་ཡོད་རེད། ད་རེས་ཀྱི་ལས་འགུལ་འདི་མི་འདྲ་བ་ཞིག་ཆགས་པ་རེད་མ་གཏོགས། ཚང་མའི་ལས་འགུལ་གྱི་ཁ་ཕྱོགས་གཅིག་གྱུར་བྱུང་བསྡད་ཡོད་རེད། དེར་བརྟེན། ལས་འགུལ་དེའི་རིགས་མང་དུ་འགྲོ་བའི་ཉེན་ཁ་མཐོང་མ་སོང་།
དྲི་བ། ལས་འགུལ་དེའི་རྩོད་གླེང་གི་བསམ་ཚུལ་ཞིག་ཡོད་པས། སྤྱི་ཚོགས་ལ་རྡབ་གསིག་འགྲོ་རྒྱུ་རེད་དགོངས་ཀྱི་ཡོད་དམ།
ལན། སྤྱི་ཚོགས་ལ་རྡབ་གསིག་གཏོང་མི་གཏོང་དེ་ང་རང་ཚོའི་ལག་པར་ཡོད་པ་རེད། གནས་ཚུལ་མང་ཆེ་བ་དེ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡོང་གི་ཡོད་རེད། དེར་བརྟེན། བརྒྱུད་ལམ་ཁག་གིས་གསར་འགྱུར་སྤེལ་སྐབས་བློ་གཟུ་བོར་གནས་པའི་ཐོག་ནས་སྤེལ་དགོས་པ་གལ་ཆེན་པོ་རེད། རྩ་བའི་གནས་ཚུལ་འགོད་མཁན་ཚོ་ལ་ཡང་དཀའ་ངལ་ཡོད་རེད། གནས་ཚུལ་ཞིག་བྱུང་ཡོང་དུས། གནས་ཚུལ་དེ་ཕྱི་ལོགས་སུ་སྤེལ་ན་ཡང་མི་འགྲིག མ་སྤེལ་ན་ཡང་མི་འགྲིག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། གནས་ཚུལ་དེ་བྱུང་ཚར་པ་རེད་དེ་མེད་པ་བཟོ་རྒྱུ་ཡོད་མ་རེད། ཡིན་ན་ཡང་དེས་སྤྱི་ཚོགས་ལ་རྡབ་གསིག་ཆེན་པོ་ཞིག་ཐེབས་ཀྱི་རེད་བསམ་གྱི་མེད། གང་ཡིན་ཟེར་ན། ད་ལྟའི་ཆར་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་ཡག་ཏུ་སོང་ཡོད་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མའི་ལམ་གྱི་བར་རྩོད་པ་བྱས་ནས་དུས་ཚོད་མང་པོ་ཞིག་བཏང་ཚར་བ་རེད། གནད་དོན་དེ་ཚོའི་ཐོག་ལ་དུས་ཚོད་བཏང་ནས་ཕན་ཐོགས་ཀྱི་མེད་པ་ཤེས་ཀྱི་ཡོད་རེད། ད་ལྟའི་ཆར་བོད་ནང་གི་དཀའ་ངལ་སེལ་ཐབས་ལ་གཞུང་སྒེར་ཚང་མས་ཤུགས་རྒྱག་དགོས་པའི་དུས་ཚོད་རེད། ལྟ་བ་དང་ལངས་ཕྱོགས་གང་ཡིན་རུང་དོན་དག་ངོ་མ་དེ་བོད་ལ་ལོག་རྒྱུ་དེ་རེད། ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ལ་ཁྱད་པར་ཞེ་དྲག་ཡོད་པ་མ་རེད། དེར་བརྟེན། ཚང་མས་མཉམ་རུབ་ཀྱིས་ནུས་པ་འདོན་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད་མ་གཏོགས། མུ་མཐུད་ནས་ད་ལྟ་བྱེད་ཀྱི་ཡོད་པ་ནང་བཞིན་བྱ་རྒྱུ་ཡིན་ན་སྒྲིག་འཛུགས་དེ་ཚོ་ཡོད་མེད་ཀྱི་ཁྱད་པར་ཡོད་མ་རེད་བསམ་གྱི་ཡོད། །
གཤམ་གྱི་ཚོགས་གཙོའི་གསུངས་འདི་དོན་ལ་གནས་པར་སེམས།
༼ང་རང་ཚོའི་སྤྱི་ཚོགས་ནང་ལ་སྒྲིག་འཛུགས་ཕན་ཚུན་བར་ལ་དགག་པ་རྒྱག་རེས་དང་། གཅིག་གིས་ངོ་རྒོལ་དང་གཅིག་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་འདྲ་ཡོང་བསྡད་པ་ཡིན་ན། དེའི་ང་ཚོའི་རྩ་དོན་ལ་ཕན་གྱི་འདུག་གམ། ང་ཚོའི་ཁ་གཏད་ལ་ལག་ཆ་ཆགས་ཀྱི་འདུག དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ༽ཅེས་དང་༼ཚང་མས་མཉམ་རུབ་ཀྱིས་ནུས་པ་འདོན་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད་མ་གཏོགས། མུ་མཐུད་ནས་ད་ལྟ་བྱེད་ཀྱི་ཡོད་པ་ནང་བཞིན་བྱ་རྒྱུ་ཡིན་ན་སྒྲིག་འཛུགས་དེ་ཚོ་ཡོད་མེད་ཀྱི་ཁྱད་པར་ཡོད་མ་རེད་བསམ་གྱི་ཡོད། །༽
རྒྱ་འདྲེའི་འདྲེ་ཕྲུག་ཤར་ཁུག་དང་ཐུབ་པ་གཙོས་པའི་རྒྱ་ནག་གི་གནད་ཡོད་མི་སྣ་ཚོར། ཡག་པོ་ཉོན་ཤིག། གོང་དུ་སྤྱི་མཐུས་ཚོགས་གཙོ་མཆོག་གི་གང་གསུངས་དེ་ཚོར། ད་གཏམ་ལན་ཡག་པོ་རག་སོང་བས། མུ་མཐུད་ནས་ལམ་ལོག་ཁྲིད་རྩིས་བྱེད་པ་དེ་དེ་རིང་ནས་འཇུག་རྫོགས་ཚར་སོང་བ། གོང་ནས་འདི་ལྟར་གསུངས་ཚར་དུས་སྤྱི་ཚོགས་སུ་ཡང་ཁྱེད་ཚོར་གཏམ་ལན་ཞིག་ཡོད་ངེས་པས། ཐུགས་ལ་འཇག་པ་གནང།
བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཆོག་ནས་གསལ་བཤད་དང་དྲིས་ལན་ཡག་པོ་གནང་འདུག་དགའ་བསུ་ཡོད།
རེས་དོགས་རེ་ཟད་སེམས་ཀྱི་སྨུག་པ་ཡིས།།
ཕན་ཚུན་གུས་པའི་རྣམ་པ་མི་མངོན་པར།།
བདེན་པའི་རྩ་བ་སེམས་ལ་ཟུགས་གྱུར་ཚེ།།
རིགས་ཀྱི་ཞེན་པ་དཀར་བོ་དེ་ཉིད་ཡིན།།
བོད་མི་ཞིག་ཡིན་ན་ཚོགས་གཙོ་མཆོག་གི་གསུང་ལ་སློབ་སྦྱོང་གནང་རན་རེད། ཤར་ཁུག་དང་ཡེ་རྡོར་ལྟ་བུའི་ཀི་ཅོས་བོད་མིའི་མཐུན་བསྒྲིལ་འདི་དུམ་བུར་གཏོང་མི་ཐུབ་ལ། གོ་རྟོགས་ཡང་བའི་སྤྱི་ཚོགས་འདི་གང་བྱུང་ནག་ཁུང་དུའང་བསླུ་བྲིད་བྱེད་མི་ནུས་པས། ང་ཚོ་བོད་མི་རིགས་ནི་རྒྱལ་ཞེན་སྙིང་སྟོབས་ཀྱིས་འབར་གྱིན་ཡོད་ལ། མཐུན་ལམ་འོ་ཞོ་བཞིན་ལྟེམ་མེར་ཆགས་ཡོད་པས། ང་ཚོས་ཁ་སང་བཞུད་ཟིན་པའི་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་ཡིད་དུ་བཅིངས་ནས། ”ཝ་རྔ་མ་ཆད་དེ་འབྲོ་རག་ལ། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ”ཞེས་པ་བཞིན་ལག་དམར་རྒྱ་ནག་ཚང་གི་ཁྲག་མདོག་གི་སྐར་ལྔའི་དར་བོའི་འོག་མགོ་སྒུར་བ་ལས། མེ་མདའ་སྙིང་ལ་བསུས་ཏེ་ཤི་ན་དགའ་འོ།
ཚོགས་གཙོའི་མི་སྐད་དེ་རྒྱ་མིའི་པུ་གུ་དེ་ཚོས་གོ་དགོས་ཐོས་དགོས།
ཤར་ཁུག་དང་་་་རྨོག་རུ་་་་་དབུས་གཙང་ཟླ་བ་ཚེ་རིང་་་་་གསུམ་རྒྱ་ནག་གི་ཉུལ་མ་ཡིན་པའི་དཔང་རྟགས་རྙེད་སོང་་་་དྲྭ་གྲོགས་ཚོ་་་དེ་ལུགས་གཟིགས་པར་ཞུ་ཞུ།
དེང་སང་དར་དམར་འཕྱར་ན་འགྲིག་མིན་ནི་བཙན་བྱོལ་དྲ་ནང་གི་རྩོད་གཞི་ཆེ་ཤོས་སུ་གྱུར་འདུག ད་དུང་འདི་རུ་གཟིགས་དང་India steps into Philippines-China spat over South China Sea
ཚོགས་གཙོ་མཆོག་གིས་གསུང་ལན་ཡག་པོ་བཀྱོན་འདུག དེ་མིན་སྐད་ཆ་བཤད་སྟངས་ནོར་ན་ཕན་རྒྱུ་ལས་གནོད་རྒྱུའི་ཉེན་ཁ་ཡོད་རེད། བང་ཆེན་ཚང་གིས་བཅར་འདྲི་དེ་དུས་ཐོག་ཆར་བ་རང་རེད། གལ་སྲིད་གསུངས་ལན་ལེགས་པོ་ཞིག་གནང་མེད་ཚེ་ཞབས་འདྲེན་ཞུ་ངེས་རེད། དུས་དང་ཕ་རོལ་བོའི་བསམ་ངོ་ལ་དཔག་པའི་ལན་ཏག་ཏག་ཅིག་བཏབས་འདུག
གོང་གི་བཅར་འདྲིའི་ནང་དུ། དཔེར་ན། ༼ ལྷག་པར་དུ་བོད་ནང་གི་རང་ལུས་ཞུགས་འབུལ་གནང་མཁན་ཚོའི་ཞལ་ཆེམས་ཀྱི་ནང་ལ།༽ རང་ལུས་ཞུགས་འབུལ་ཞེས་པའི་ཐ་སྙད་འདི་ཡང་གསར་བ་ཞིག་རེད། བོད་ནང་གི་སྤུན་ཟླ་ཚོའི་ལས་འགུལ་འདི་ལ་ཐ་སྙད་འདྲ་མིན་སྣ་ཚོགས་ཤིག་གང་འདོད་དུ་མ་བྲིས་ན་ལེགས། རེ་སྐུལ་ཡིན་ལ་ཞོར་ནས་གསར་འགོད་པ་ལ་ཅི་ཡིན་དྲིས་པ་ཡང་ཡིན།
ངོ་མ་ཚོགས་གཙོ་མཆོག་གི་གསུངས་པ་མངོན་པར་སྟོད་དོ།
ཨ་རིག་བླ་རྒན་གི་ལབ་པ་དེ་ས་བཤད་རྡོ་བཤད་རྐྱང་རྐྱང་རེད་ཚུལ་ཁྲིམས་གཙང་མ་རེ་ཡོད་ན་དེས་དགའ་རྒྱུ་རེད་་་་་་་བླ་རྒན་་་་་་་་་་་་
སྐུ་ངོ་ཚོགས་གཙོ་མཆོག་ལ་རང་ཚུགས་མི་འདུག
ག་བ་ཁྲིད་ཁྲིད་རེད། འོ་ན། བཀའ་ཤག་སྔོན་མ་དང་༧གོང་ས་མཆོག་གི་བཀའ་ཡིག་ཁག་ཏུ་རྒྱ་ནག་གཞུང་ལ་དབུས་གཞུང་ཞེས་བྲིས་པ་མ་གཟིགས་སམ། ད་དུང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། ལྷག་པར་གཞུང་དང་ལྟ་གྲུབ་མི་མཐུན་མཁན་ཚོ་ལའང་ལས་འགུལ་སྤེལ་རྒྱུར་རྒྱ་ནག་ལ་ཁོར་ཡུག་བསྐྲུན་ཆེད་ཚད་བཀག་ག་ཚོད་བཟོས་མེད་དམ། ༢༠༠༨ ལོར་རང་སྐྱོང་བསམ་འཆར་དངོས་སུ་ཡིག་ཐོག་ནས་ཕུལ་ཟིན་པ་མིན་ནམ། འདི་དག་བོད་ལ་རང་སྐྱོང་ཐོབ་ཆེད་ཡིན་ན། ཚེ་བརྟན་རྡོ་རྗེས་དར་དམར་མཉམ་སྒྲེང་བྱས་ཏེ་མངོན་འདོད་དོན་ཚན་ལྔ་བཏོན་པ་དེ་ཅིའི་ཕྱིར་བོད་ལ་རང་སྐྱོང་ཐོབ་ཆེད་མ་རེད་དམ།
གནའ་སྔ་མོར། བོད་སྡེ་བ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་ས་མཚམས་འབྲི་ཆུ་བརྒལ་ནས་རྒྱ་དམག་བོད་དུ་སླེབས་སོང་ཞེས་སྙན་ཞུ་བྲིས་མེད་དམ། ༧གོང་ས་མཆོག་གི་ཡང་སྲིད་ཨ་མདོ་བོད་དུ་གདན་འདྲེན་ཞུས་ཞེས་བྲིས་མེད་དམ། ཁྱེད་ནས་གཞུང་ཡིག་ཁག་ཏུ་གཟིགས་མེད་དམ། ཁྱེད་ལ་གོ་གནས་ཤིག་རག་སོང་ན་རྫིག་གཏམ་བཤད་ནས་ག་རེ་གནང་ག།
༧གོང་ས་མཆོག་དང་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ན། ཁྱེད་ཀྱིས་གྲོས་ཚོགས་ཀྱི་རྐུབ་སྟེགས་བེད་སྤྱོད་བྱས་ནས་རྒྱ་མིའི་སོ་པ་རེད་མདོག་མདོག་གིས་འབུར་འཇོམས་གནང་མེད་དམ། ད་དངོས་གནས་དབུ་མའི་ལམ་པ་དངོས་གནས་ཤིག་གིས་ལས་འགུལ་འདི་ལྟར་སྤེལ་སྐབས། ཁྱེད་ཀྱིས་ཡང་རང་སྐྱོང་མ་ཐོབ་པར། མ་རག་པར་དར་དམར་མི་འཕྱར་ཟེར། རང་སྐྱོང་རག་མཚམས། ཁྱེད་ནས་དར་དམར་འཕྱར་དགོས་དོན་ཡོད་པ་མ་རེད། སྐབས་དེར་དར་དམར་འཕྱར་མ་འཕྱར་གྱིས་བོད་ལ་ཕན་གནོད་འདྲེས་ཀྱི་མེད།
ཁྱེད་ནས་༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྟག་ཏུ་བཀའ་སློབ་གནང་བསྡད་པ། རྒྱ་བོད་གཉིས་བར་གྱི་འཐབ་རྩོད་ཀྱི་ངོ་བོ་དེ་ད་དུང་མཁྱེན་མི་འདུག རྒྱ་བོད་བར་གྱི་འཐབ་རྩོད་ཆབ་སྲིད་དབང་འཛིན་པའི་བར་གྱི་འཐབ་རྩོད་དང་བདག་དབང་གི་འཐབ་རྩོད་མིན་པར། སྲོལ་རྒྱུན་དང་དེང་རབས། འཚེ་བ་མེད་པ་དང་འཚེ་བ་ཅན་གྱི་འཐབ་རྩོད། སྐྱག་རྫུན་དང་བདེན་པའི་བར་གྱི་འཐབ་རྩོད་ཅིག་རེད་ཅེས་རྟག་ཏུ་གསུངས་དགོས་དོན་ག་རེ་རེད་དམ། ཁྱེད་ཀྱིས་ལྟ་གྲུབ་འདི་ཁས་མི་ལན་ནམ། དར་དམར་སྒྲེང་བ་གོང་གི་གཞི་རྩའི་ལྟ་གྲུབ་གལ་ཆེན་འདི་དང་གང་དུ་འགལ་འདུག་གམ།
ཁྱེད་ནས། བང་ཆེན་གསར་ཤོག་གིས་སྤྱི་ཚོགས་ལ་འགན་ཅི་ཙམ་ཁྱེར་བ་ཤེས་སམ། འདིས་ཆེད་མངགས་ཁྱེད་རང་བེད་སྤྱོད་ཀྱིས་སྐད་ཆ་བཟོ་འདོད་པ་ལས། དངོས་གནས་ད་རེའི་གནད་དོན་འདིར་ཐུགས་བསམ་བཞེས་པ་ཡིན་ནམ། ཁྱེད་ནས་ནམ་རྒྱུན་བང་ཆེན་གྱིས་གནས་ཚུལ་འགོད་སྟངས་ལ་ཐུགས་སྣང་གནང་གི་ཡོད་དམ། མི་ཁྲམ་པ་ཁམས་པ་རྫུན་མ་འདིའི་གསར་ཁང་ལ་ལན་འདི་ལྟར་གནང་བ་ག་རེ་ཡིན་ནམ། འདི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་གྲས་སུའང་ཡོད་པ་མ་རེད།
ཁྱེད་ཚོགས་གཙོ་ཞིག་གི་འགན་ཁུར་ནས་ཡིན་ན། གསར་འགོད་ལྷན་ཚོགས་མི་སྐོང་དོན་ག་རེ་ཡིན་ནམ། བོད་ཀྱི་གསར་འགོད་པ་ཚང་མར་སྤྱི་ལྷན་གྱི་དགོངས་ཚུལ་མི་གསུངས་བ་ག་རེ་ཡིན་ནམ། ཁྱེད་ཉིད་ར་བཟི་བ་རེད་དམ། ད་བར་གུས་བརྩི་ཞུས་པ་ཡིན། བཀའ་མོལ་འདི་ལྟར་གནང་ན་བསམ་ཚུལ་ཐད་ཀར་མི་ཞུ་ཐབས་མེད་རེད། ཁྱེད་ལ་བདེན་པ་དང་ལྷག་བསམ་ཡོད་ན། ང་ལ་དྲ་ངོས་འདིར་མི་དཀྱུས་མའི་རྣམ་པར་ལན་གནོང་དང། ངེད་གཉིས་ནས་ག་ལེར་བགྲོ་གླེང་ཞུས་ཆོག དེ་མིན་ཁྱེད་རང་གཞན་གྱི་བེད་སྤྱོད་འོག་མ་འགྲོ སྐུ་མཁྱེན། སྤྱི་འཐུས་རྒྱུན་ལས་ནང་གི་ཕྱོགས་ཞེན་གྱི་ཁྲམ་པ་དེ་དག་ལ་ཞེད་སྣང་དགོས་ཀྱི་མ་རེད། ཁྱེད་ལ་༧གོང་ས་མཆོག་དང་བོད་མི་མང། ད་དུང་བདེན་པ་ཡོད་ཡོད་པ་རེད།
ནམ་རྒྱུན་སྤྱི་འཐུས་རྒྱུན་ལས་ཚོགས་སྐབས། ཁྱེད་ལ་མཐོང་ཆུང་བཏང་བཞིན་པ་མི་མང་གིས་གོ་ཡོད། དེ་བས་༧རྒྱལ་བ་རིན་པོ་ཆེ་བློས་མ་གཏོང་བར་ཧུར་ཐག་འབད་ཐག་བྱ་རོགས། རང་གི་བསམ་ཚུལ་དངོས་གནས་དེ་གསུངས་རོགས། དེ་མིན་དཀྲོགས་གཏམ་དངོས་གནས་ཆགས་ཀྱི་རེད། སྤྱི་འཐུས་ཚོགས་གཙོའི་གཟི་བརྗིད་མ་བརླག སྐུ་མཁྱེན།
ནམ་རྒྱུན་བོད་ཕྱི་ནང་གི་དྲ་ཚིགས་གང་ས་ན་མ་ཁོམ་པར་ཡོད་པའི་ཨ་དགེ་ཚང་གིས་རང་ལུས་ཞུགས་འབུལ་ཞེས་པའི་ཐ་སྙད་འདི་ད་རེས་མ་གཏོགས་གོ་མ་སོང་ཟེར་བར་ཅུང་ཡ་མཚན་སོང་། ཧཧཧ ཀུ་རེ་ཡིན་ ཀུ་རེའི་ནང་བདེན་ལུགས་ཀྱང་ཅུང་ཙམ་བསྲེས་ཡོད།
རེད་རེད། ཨ་དགེ་འདིས་ཧོལ་རྒྱུགས་མང་པོ་བྱེད་ཀྱི་རེད། གཉིས་ནས་ཁོས་ཞེ་ས་ཤེས་ཀྱི་མེད་ཙང་ཧང་སངས་པ་རེད། སྐབས་རེར་དེ་འདྲ་བྱེད་ཀྱི་རེད་དེ་སྐྱོན་མེད། ཁོ་གཞུང་གི་འདི་མོ་ཞིག་ཡིན། ཧ་ཧ་ཧ་ཧ་ཧ་། ཀུ་རེ་ཡིན།
ཚོགས་གཙོ་མཆོག་གིས་གསུངས་བཤད་ལ་དགའ་བསུ་ཞུ། ཡིན་ན་ཡང་དེ་རིང་བོད་ཀྱི་དྲ་བརྙན་ནང་གི་གཡུ་ཐོག་གྲྭ་བཙུན་གྱིས་འཁྱོག་གཏམ་རྒྱ་དམར་རྒྱལ་དར་འཁྱེར་བ་་དང་རྒྱ་མིའི་རྒྱལ་དར་བསྲེགས་པ་གཉིས་ལ་ངོ་རྒོལ་ཡོད་ཅེས་པ་དེ་ཅི་རེད། སེང་གེ་བཀའ་ཤག་ཁོག་སྟོང་དང་རེ་འབྲས་མེད་པ། འཐབ་རྩོད་ལ་གདེང་སྤོབས་མེད་པའི་རྟགས་ཇེ་གསལ་ཇེ་གསལ་རེད། སུལའང་ཕོག་ཐུག་གཏོང་འདོད་མེད་པར་གངས་སྐྱིད་ནས་ཉིན་མ་ཕུད་དེ་བོད་དོན་ལ་བར་བྱེད་རྒྱུ་དེ་རེད། ཨ་ཧོ་ཧོ།། ད་ལྷ་བཟང་ཚེ་རིང་གིས་སྔོན་ལ་ང་ཚོ་ནང་གཙང་མ་བྱེད་དགོས་ཟེར་བ་དེ་དྲན་གི་ཡ།
ཡིད་འོང་མས་དཀའ་མོལ་ཡིད་དུ་འོང་བ་ཞིག་གསུངས་མི་འདུག་གཱ
སྤྱིར་བཏང་ཕན་ཚུན་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་དགོས་པ་ནི་གལ་ཆེན་ཡིན་མོད། ཡིན་ན་ལུང་ཚན་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོ་ནར་དམིགས་ནས་སྤྱི་ཚོགས་ནང་དུ་ཕུ་དཀྲུག་མདའ་དཀྲུག་བྱེད་བསྡད་ན་ངོ་མ་ང་ཚོ་བོད་པ་ཚང་གི་ཐུན་མོང་གི་གྱོང་གུད་ལས་ཕན་ཐོགས་གང་ཡང་མེད་པར་བསམ་གཞིག་བྱེད་ན་མི་ལེགས་སམ། དུས་བབ་ཀྱི་གནས་སྟངས་ལ་བསྟུན་ནས་གསལ་འགོད་པས་གནས་ཡོད་མི་སྣ་ཚོར་བཅར་འདྲི་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་ལས་བེད་སྤྱོད་བྱས་པ་གཏན་ནས་མ་ཡིན། གསལ་འགོད་པས་ཚོགས་གཙོ་མཆོག་ལ་དྲི་བ་བཏང་བ་ལས་བཙན་དབང་བཏང་པ་མ་རེད། ཚོགས་གཙོ་མཆོག་གིས་ཀྱང་ཁོང་གི་དགོངས་ཚུལ་གསུངས་པ་ལས་སུ་གང་གི་བེད་སྤྱོད་འོག་ལ་ཕེབས་དགོས་པའི་རྒྱུ་མཚན་ཡོད་མ་རེད་ལ་ཕེབས་ཡང་ཡོད་མ་རེད། གསལ་འགོད་པས་ཚོགས་གཙོ་མཆོག་བེད་སྤྱོད་ལོག་པ་བྱེད་ཀྱི་འདུག་ཅེས་གསུངས་པ་དེ་ཚོགས་གཙོ་མཆོག་ལ་མཚན་སྨད་ཡིན་པ་མ་ཚད་བོད་ཀྱི་བང་ཆེན་ཚང་ལ་སྒེར་འཁོན་བྱེད་ཀྱི་ཡོད་པ་ཤེས་ཐུབ། སླད་ཕྱིན་་ཡིད་འོང་མ་ཁྱེད་ཀྱིས་སྤྱི་ཚོགས་ཀྱི་འགན་འཁུར་ནས་དགོངས་ཚུལ་གནང་རོགས་ཞེས་རེ་འབོད་ཞུ་ཡི་ཡོད།
འདི་ལ་ཞེ་ས་འདྲ་བསྐྱོན་དགོས་པ་གང་ཡང་མཐོང་མ་སོང་། འདིས་རིགས་ཀྱིས་རླབས་ཆེན་གྱི་ལས་འགུལ་ནུས་མེད་དུ་གཏོང་གི་འདུག དེ་ལས་ཚང་མས་ཐད་ཀར་རང་ལུས་མེ་བསྲེགས་ཞེས་བྲིས་ཡག་པོ་མེད་འགྲོ་བསམ་སོང་།
༡ བང་ཚུལ་གསར་ཁང་གསར་འགོད་མཐུན་ཚོགས་ནང་མེད་པ་བདེན་པ་རེད།
༢ བང་ཚུལ་གྱིས་གནས་ཚུལ་འགོད་སྟངས་ཕྱོགས་རིས་ཅན་ཡིན་པ་བདེན་པ་རེད།།
༣ ཚོགས་གཙོས་གནད་འགག་ཅན་རྒྱུན་ལས་ལ་གྲོས་བསྡུར་མི་བྱེད་པར་ཁྱི་སྟུག་བཞིན་མགོ་སྔ་མེད་པ་ཐུང་ཐུང་ཞིག་གསུངས་བ་བདེན་པ་རེད།།
༤ རྒྱ་ནག་མི་ཤེས་པ་དང། བོད་ཀྱི་གནས་བབ་མི་ཤེས་པའི་བཀའ་མོལ་གསུངས་བ་བལྟས་ན་གསལ་བ་དེའང་བདེན་པ་རེད།
༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། དམིགས་བསལ་སྐུ་ཚབ་སོགས་ཀྱི་དགོངས་གཞི་རྟོགས་མེད་པའང་བདེན་པ་རེད།
༨ གཞན་ལ་སྤྲེལ་ལད་འཁྲབ་མཁན་དང་བསྟོད་བསྔགས་གཏོང་མཁན་ཞིག་ཡིན་པའང་བདེན་པ་རེད། སྤྱི་འཐུས་ཚོར་དྲིས་ན་གསལ་བོ་རེད།
༩ ཁོང་བེད་སྤྱོད་བྱ་ཆོག་ཆོག་ཅིག་ཡིན་པའང་བདེན་པ་རེད། ད་དུང་མང་པོ་འདུག
༡༠ ཕྱོགས་ཡོངས་ལ་གཟིགས་ན། རང་སྐྱོང་མ་ཐོབ་བར་དར་དམར་མི་འཕྱར་གསུངས་བ་དེ་གླེན་པའི་སྐད་ཆ་ཡིན་པའང་བདེན་པ་རེད།
༡༡ གང་ན་ཁེ་ཕན་ཡོད་ན་དེ་དང་འདྲ་བོ་ཅིག་གསུངས་མཁན་ཡིན་པའང་བདེན་པ་རེད།
༡༢ ད་དུང་སྒྲུང་མང། རྡ་སའི་སྐུ་ཞབས་ཞིག་གིས་དེ་བས་ཀྱང་མང་པོ་བསྒྲགས་ཀྱི་འདུག་པའང་བདེན་པ་རེད།
སྐུ་ངོས་ཚོགས་གཙོ་ལ་རང་ཚུགས་མི་འདུག་ཟེར་ན་རང་མཚང་ཕྱིར་མངོན་པར་དང་གཅིག་པ་རེད། ཡིད་འོང་མ་ཟེར་བའི་མ་ནིང་དེས་བཤད་པ་དེ་ཚོར་གུང་ཁྲན་ཏང་གི་ཆ་རྐྱེན་སྒྲིག་པའི་སྐད་ཆ་ཞིག་ལས་གཞན་ག་རེ་གོ་རྒྱུ་འདུག། མ་ནིང་ཁྱེད་གྱི་གསུངས་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། གུང་ཁྲན་ཏང་གི་ཚོགས་མི་ཡིན་པར་སྨྲོས་མེད་རེད། མ་ནིང་ལགས། ཁྱེད་ཀྱི་བོད་ཀྱིས་གཞུང་ཞབས་རྣམ་པར་ཁ་གཏད་བཟོས་ན་བོད་རྒྱ་ཆེ་མི་མང་ལ་ཁ་གཏད་བཟོས་པ་རེད་ད། ཁྱེད་བོད་པ་ཡིན་མིན་མི་ཤེས་ལ་གལ་སྲིད་ཡིན་དུ་ཆུག་ཀྱང། རྒྱ་སྐྱག་ཟ་བའི་རྒྱ་ཁྱི་ཞིག་ཡིན་པར་དྲ་གྲོགས་ཡོངས་ནས་ཧ་གོ་བ་བྱེད་རོགས། མི་ངན་འདིའི་ཚོགས་གཙོ་མཆོག་ལ་རང་ཚུགས་མི་འདུག་ཟེར། ཧཧཧཧཧཧཧཧཧཧཧཧཧཧཧདེ་ནི་ཁྱེད་རང་ལ་ག་རེ་སྟོན་རྒྱུ་ཡོད། གཞུང་ཞབས་ཚང་མ་ལྷག་བསམ་ཅན་དང་འཇོན་ཐང་ཅན་ཤ་སྟག་རེད། དེའི་ནང་ནས་ཚོགས་གཙོ་མཆོག་རྩེ་ཕུད་ཡིན་པ་བོད་པ་ཚང་མས་ཧ་གོ་གི་ཡོད་རེད། དེར་རང་ཚུགས་མི་འདུག་ཟེར་ནཧཧཧཧཧཧཧཧཧཧཧཧཧཧཧཧཧཧད་ཁྱེད་རང་ག་བར་བསྐྱལ་དགོས་རེད། ཧཧཧཧཧཧཧཧཧཧ། མི་ལ་བལྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བའི་མེ་ལོང་དགོས་རེད་ད། མ་ཚད་མགོ་བདེ་འཁྲབ་ཆེ་ན་བོད་ལ་མི་དང་ལྷ་སྲུང་ཡོད་རེད་ད། གཟབ་གཟབ་བྱས་ན་དགའ་གི་རེད། ཚོགས་གཙོ་མཆོག་ལ་སྨད་ར་གཏོང་ཁུལ་བྱེད། ཚོགས་གཙོ་མཆོག་ལ་སྐྱོན་ཆ་ཡོད་མ་རེད་ཟེར་གི་མེད། མི་ལ་སྐྱོན་མེད་མཁན་ཞིག་དང་ཤིང་ལ་འཛེར་མ་མེད་པ་ཞིག་མེད་ངེས་ཀྱང། བོད་སྤྱི་དོན་ལ་ཚོགས་གཙོ་མཆོག་ལྷག་བསམ་དང་ཤ་ཞེན་ཡོད་མཁན་ཞིག་ཡིན་པ་ནི་གཞུང་ཞབས་ཚོར་དྲིས་དང་གསལ་ངེས་ལ་ང་རང་ཚོའི་ཀྱང་མིག་མཐོང་ལག་ཟིན་ཡོད་ཡོད་པ་རེད།
རྒྱ་མིའི་རྒྱུག་ཁྱི་མིན་མཁན་ཚོས་ལན་གནང་རོགས།
༡ རང་སྐྱོང་རག་རྒྱུ་དང་དར་དམར་འཕྱར་རྒྱུ་གཉིས་ལ་འབྲེལ་བ་ག་རེ་འདུག་གམ།
༢ རང་སྐྱོང་རྩ་ཁྲིམས་ཀྱི་འབྲུ་དོན་བཞིན་རྩོད་ཀྱི་ཡོད་ན། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་རྩོད་ཀྱི་ཡོད་ན། ཡིག་ཐོག་ཏུ་བྲིས་ཏེ་བཙན་བྱོལ་བོད་གཞུང་གི་དབུས་གཞུང་ལ་ཕུལ་ཚར་བ་ཡིན་ན། དར་དམར་འཕྱར་དང་མ་འཕྱར་ཅིག་གང་ན་ལྷག་འདུག་གམ། དཔལ་ལྡན་ཚོགས་གཙོ་ལགས། ར་བཟི་མེད་པ།
༣ རྒྱལ་དར་མཉམ་འཕྱར་གྱི་འཐབ་རྩོད་གནང་ཕྱོགས་འཛམ་གླིང་ལ་དར་སྲོལ་ཆེ་བ་དེས། མགོ་བཏགས་པ་མི་མཚོན་ལ། མཐུན་སྒྲིལ་མཚོན་པ་རེད། ཞི་བ་མཚོན་པ་རེད། དེ་ཚོགས་གཙོ་མཆོག་གིས་གཟིགས་སམ།
༤་ཚེ་བརྟན་རྡོ་རྗེ་ནས་གང་དུ་དར་ཆ་འཕྱར་དོན་མགོ་བཏགས་པར་འགྲེལ་བཤད་གནང་འདུག་གམ། ཚོགས་གཙོ་མཆོག
༥ རང་བཙན་པ་ཡིན་ཟེར་མཁན། མང་གཙོ་དོན་གཉེར་པ་ཡིན་ཟེར་མཁན་ཚོའི་ཁ་ལ་མ་རྒྱུགས་པར། ལྷག་པར་གསེར་རྟ་ཚུལ་ཁྲིམས་ཟེར་བ་འདི་སོ་སོའི་ཁེ་ཕན་ཆེད་༧གོང་ས་མཆོག་ལ་རྒྱབ་གཏོད་ཞུ་མཁན་ཞིག་ཡིན་སྟབས། ཁྱེད་ལ་དྲི་བ་འདྲ་མི་འདྲ་ལོས་གཏོང། ཡིན་ནའང། ཁྱེད་ཀྱི་རང་ཚུགས་མ་ཤོར། སྐུ་མཁྱེན།
རྣམ་པ་ཚོར་གསལ་བོར་ཞུ་འདོད་པ་ཞིག་ནི།
བོད་བཙན་པོའི་སྐབས་སུ་རྒྱལ་ཁབ་ཁྱོན་ཡོངས་ཀྱི་གཅིག་གྱུར་གྱི་མཚོན་རྟགས་རྒྱལ་དར་ཟེར་བ་དེང་འཇིག་རྟེན་འདིར་དར་སྲོལ་ཆེ་བ་འདི་འདྲ་བོད་ལ་ཡོད་པ་མ་རེད།
ད་ལྟའི་གངས་སེང་ཁ་སྤྲོད་མ་འདི། རྒྱལ་དར་མ་རེད།་དམག་དར་རེད། དམག་དར་ཡིན་ཚུལ་ཡིག་ཐོག་ཏུ་འདུག
རྒྱལ་གླུ་དེ་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་ཁྲི་བྱང་གིས་བརྩམས་པ་རེད། དེ་ཁོང་གི་བསམ་ཚུལ་ཙམ་རེད། མདོར་བསྡུས་ན་སྨོན་ལམ་ཙམ་རེད། དེ་སྔ་རབས་ཀྱི་དར་རྒུད་མི་མཚོན་ལ། ད་ལྟའི་དཀའ་ངལ་དང་ཕྱིས་ཀྱི་རེ་བའང་མཚོན་ག་ནས་ཐུབ། སྨོན་ལམ་ཙམ་རེད།
སྤྱིར་བོད་མི་ཚོས་རང་ལ་རྒྱལ་དར་ཅི་ལྟར་ཡོད་མེད་ཤེས་ཀྱི་མེད་པར། དེའི་སྟེང་རྩོད་པ་རྒྱག་པ་འདི་ཡ་མཚན་རེད། ང་ཚོ་འཐབ་ཕྱོགས་གཅིག་གྱུར་འདི་ལ་གད་མོ་ཤོར་གི
ཚོགས་གཙོ་མཆོག་གིས་ཀྱང་རྒྱལ་དར་གྱི་བྱུང་རིམ། གལ་ཆེའི་རང་བཞིན། དེ་འཐབ་རྩོད་སྟེང་ཁྱེར་ཕྱོགས་ཚིག་གཅིག་མི་གསུངས་བར། རྫིག་ཉམས་དོད་པོས་ཅིག་ཤེས་མདོག་མདོག་གིས་མི་མང་ལ་མགོ་བསྐོར་གཏོང་བ་ལས་ནང་དོན་མི་འདུག དེ་བས། ཚོགས་གཙོ་དེར་དབུས་གཞུང་གི་སྐོར་ཤེས་མཁན་གྱི་དྲུང་ཡིག་ཅིག་དགོས་ཚོད་གདའ། དེ་མ་གཏོགས་ཤི་སྒུག་རྒྱབ་པ་རང་རེད། ཅི་གང་འཇོན་གི་མ་རེད།
དངོས་གནས་དོན་དག་མ་གོ་དུས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག དཔེར་ན། ཞུགས་འབུལ་ཞེས་པའི་ཐ་སྙད་ཅིག་གསར་འགྱུར་དུ་བེད་སྤྱད། མེ་སྒྲོན་ཞེས་བྲིས། མེ་བསྲེགས་ཞེས་བསྒྲགས། དོན་ངོ་མ་ཐ་སྙད་གཅིག་བེད་སྤྱོད་རྒྱུ་གལ་ཆེན་ཞེས་རེ་སྐུལ་ཞིག་ཞུས་པ་ཡིན། འོན་ཀྱང་དྲ་གྲོགས་ཁ་ཤས་ཀྱིས་དེ་ལས་ལྡོག་སྟེ་གོ་བ་ལེན་གི་འདུག
ཚོགས་གཙོ་གསུང་བཤད་ནང་སྐད་ཆ་གཅིག་ཡག་པོ་འདུག
དེ་ནི་༼ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ན་ཡང་། དམིགས་བསལ་གྱིས་དེའི་ནང་ལ་ཐེ་ཇུས་བྱེད་དགོས་པའི་གནས་སྟངས་མཐོང་མ་སོང་།༽ཟེར་བ་འདི་རེད། ཡིན་ནའང། སྒེར་བ་ཞིག་གི་ལས་འགུལ་སྟེང་མི་མཐུན་པའི་བསམ་ཚུལ་བཏོན་པའི་མ་ཟད། ཁོང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད་ཅེས་སྨྲས་པ་དེས་སྤྱི་ཚོགས་ནང་བརྡབ་གསིག་ཐོན་པ་རེད། འདི་ཚོགས་གཙོས་གསུང་མི་འདུག
གཉིས་ཆིག་སྒྲིལ་དགོས་པ་རེད་ཅེས་གསུང་འདུག
ཁྱེད་ཚོའི་སྤྱི་འཐུས་ལྷན་ཚོགས་ལ་ཆིག་སྒྲིལ་ཡོད་དམ། ཚོགས་གཙོ་ཁྱེད་དང་ཀརྨ་ཡེ་ཤེས་གཉིས་དང་པོ་འོས་འདེམས་བྱེད་སྐབས་ཆིག་སྒྲིལ་ཡོད་པས། སྒྲུང་དེ་ང་ཚོས་བྲིས་ཚར། བལྟ་འདོད་ན་བཤམས་ཆོག ཁྱེད་རྣམ་པ་ཕྱོགས་ཁག་སྒྲིལ་ནས་ཚོགས་གཙོ་སང་ཉིན་འདེམས་རྒྱུ་གང་ཞིག་ལ། དེ་རིང་ཀརྨ་ཡེ་ཤེས་དང་སྤེན་པ་ཚེ་རིང་གཉིས་གང་རུང་ཡོང་རྒྱུ་མི་མང་གིས་ཅི་ལྟར་ཤེས་པ་རེད་དམ།
ཁྱེད་ཚོར་ཆིག་སྒྲིལ་ཡོད་དམ།་ད་དུང ་་་་་་་་ ་་་་་་་་་་་་་་་་་་་་་རྒྱུན་ལས་ནང་དུ་་་་་་་་་་་
བང་ཆེན་གྱིས་དུས་སུ་བབ་པ་དང་གནད་འགག་ཅན་གྱི་དྲི་བ་གལ་ཆེན་པོ་ཞིག་དྲིས་འདུག་པར་དགའ་བསུ་ཞུ། ཚོགས་གཙོས་ཀྱང་དྲི་ལན་གནད་ལ་འཁེལ་བ་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ།
༡་་་ཡིད་འོང་མ་ཁྱོད་ཡིད་དུ་མི་འོང་བའི་ཁུག་རྟ་ཡིན་པའང་བདེན་པ་རེད།
༢་་་༧གོང་ས་མཆོག་དར་དམར་འདིའི་འོག་ཏུ་སྡོད་འདོད་མེད་ནས་བྲོས་ཡོང་བར་མ་ཤེས་པའང་བདེན་པ་རེད།
༣་་་ཚོགས་གཙོའི་ཕ་མེས་རྣམས་ཀྱང་དར་དམར་འདིའི་འོག་ཏུ་སྡོད་འདོད་མེད་པར་བྲོས་ནས་ཡོང་མཁན་ཡིན་པའང་བདེན་པ་རེད།
༤་་་ཁྱོད་ཀྱིས་བོད་མི་དམངས་ཀྱི་སེམས་ཁམས་ལ་ཕོག་ཐུག་འགྲོ་མིན་ལ་བསམ་བློ་བཏང་གི་མེད་པའང་བདེན་པ་རེད།
༥་་་ཁྱོད་ཀྱིས་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་ཀྱི་ཡོད་པའང་བདེན་པ་རེད།
༦་་་ཁྱོད་ཀྱིས་ནང་གི་ཕུ་ནུ་རྣམས་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པའང་བདེན་པ་རེད།
༧་་་ཁྱོད་ཀྱིས་དབུ་མའི་ལམ་གྱི་དགོངས་དོན་ཤེས་ཀྱི་མེད་པའང་བདེན་པ་རེད།
༨་་་ཁྱོད་ཀྱིས་གོང་སོ་མཆོག་གི་བཀའ་དགོངས་ལ་ལོག་འགྲེལ་བཤད་ཀྱི་ཡོད་པའང་བདེན་པ་རེད།
༩་་་ཁྱོད་ཀྱིས་སྲིད་སྐྱོང་བ་བློ་བཟང་སེང་གེ་ལ་སྡང་སེམས་བྱེད་ཀྱི་ཡོད་པའང་བདེན་པ་རེད།
༡༠་་་ཁྱོད་ཀྱིས་བོད་མི་རིགས་བླ་འཚོང་གི་ཡོད་པའང་བདེན་པ་རེད།
༡༡་་་ཁྱོད་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཚོའི་རྣམ་ཤེས་ལ་རྡོག་རོལ་བཏང་གི་ཡོད་པའང་བདེན་པ་རེད།
༡༢་་་་ཁྱོད་ཀྱིས་གུང་ཁྲན་ཏང་རྒད་ནས་ཤི་རུན་པའི་དུས་ལ་སླེབས་ཀྱི་ཡོད་པར་མ་ཤེས་པའང་བདེན་པ་རེད།
༡༣་་་ད་དུང་་་་་དུང་མང་པོ་ཡོད་ཀྱང་་་་དགོས་པ་དེ་ཙམ་མ་མཐོང་བས་བྲིས་མེད་་་་
ཡིད་འོང་མ་ལགས་དམར་དར་ཡིན་ན་རྒྱ་དར་མ་ཡིན་དགོས་པའི་རྒྱུ་མཚན་ཡང་དག་གསུངས་རོགས།།
རྒྱ་ནག་གི་དར་ཆ་འཁྱེར་བ་རྒྱབ་སྐྱོར་བྱེད་མཁན་སུ་ཞིག་ཡིན་ཡང་འགྲེལ་བཤད་སྣ་ཚོགས་རྒྱབ་མིན་ལ་མ་ལྟོས་བ་རྒྱ་ནག་དང་འདོད་འདུན་མཐུན་པ་རེད། རྒྱ་ནག་གི་རྒྱབ་སྐྱོར་པ་རེད། བོད་པ་བོད་མི་རྒྱ་ནག་གི་རྒྱབ་སྐྱོར་རུ་ཁག་རེད།
སྤྱིར་རྩོད་རྙོག་འདི་རིགས་ཀྱི་ཐད་ནས་འུར་འདྲོགས་མ་བྱས་ན་ཡག་གི་རེད། ལྷག་པར་དུ་ཚོགས་པ་ཁ་མེད་རྣ་མེད་ཅན་དག་གི་རྗེས་ལ་བསྙེགས་ན་རང་ཚུགས་སྲུང་རྒྱུ་དཀའ་ཁག་ཡོད་ནི་རེད། ཚོགས་པ་འདི་གཉིས་སུ་ཡིན་རུང་རང་བལྟ་མཆོག་འཛིན་གྱིས་རང་སྣང་ཇེ་མཐོ་བཏང་ནས་མི་མང་གི་ངོ་སོ་བསྟོད་འདོད་ཁོ་ན་ལས། ལག་ལེན་གྱི་ནས་ཕུགས་དེད་ན་གཉིས་ཆ་ལོ་འདར་འདར། འཐབ་རྩོད་ལ་ངང་སྒུག་བྱས་ནས་རྩ་དོན་ཡོལ་མཁན་རང་ཡིན།
ཚོགས་པ་རང་སྟེང་ནས་རང་འདོད་ལྟར་ལག་ལེན་ལ་འཁེལ་ཉིན་དར་དམར་མེར་སྒྲོན་རྒྱུ་ཡིན་ནམ། མགོ་འདོགས་རྒྱུ་ཡིན་གང་འདོད་ཀྱིས། ད་ལྟའི་ཆ་ལ་མ་མི་སྒེར་བ་སུ་ཡིན་གྱི་ལག་ལེན་ལ་བསྟར་བཞིན་པའི་འཐབ་རྩོད་ལ་ཇུས་གཏོགས་བྱེད་དགོས་དོན་མ྄ེད་ན། ཁྱི་ཁ་ཚུམས་མ་སྡོད་ལོ།
དེ་བཞིན་གསར་འགོད་པ་དང་དཔྱོད་མཆན་པ་དག་ཡིན་རུང་འདྲོགས་ལངས་ནས་སྟོད་སྨད་གཉིས་ལ་རྒྱུགས་་ནས། ཚོགས་པ་ཁག་གི་བསམ་དོན་ངོ་བཤུས་རང་རྒྱབ་པ་ཙམ་གྱིས་དོན་གོ་ཅི་ཆོད། དེ་ལས་གླིང་ཚ་མ་བུ་དང་འབྲེལ་བའི་དར་དམར་འཕྱར་དོན་དང་བསམ་གཞིགས་ཅི་ཞིག་ལ་བརྟེན་ནས་སམ། ཡང་ན་མི་སྣ་སུ་ཞིག་དང་འབྲེལ་ནས། དེ་མིན་རྒྱུ་མཚན་གཞན་ཡོད་དམ་སོགས་འདྲི་གཅོད་གཏོང་ལུགས་ཡོད་ན་དེ་གས་འགྲིག་བསྡད་ཡོད་བ་རེད། དེ་ཡང་འུར་ལངས་ནས་གནས་ལེན་ཁང་ལ་གསར་འགྱུར་འཚོལ་བསྡུ་བྱེད་དུ་སོང་བ་ནང་ལྟར་མ་ཡིན་པར་དགོས་དམིགས་དང་སྐབས་དོན། གང་ཐད་ནས་བསམ་བློ་གཏོང་ཐུབ་ཚེ། གསར་འགོད་པའི་མིང་བྱང་ཡན་གར་བ་དེ་མ་ཐོབ་རུང་གཉའ་ཆགས་དགོས་དོན་ཡོད་ལེ་མ་རེད།
ཚོགས་གཙོ་མཆོག་གིས་བཀའ་སློབ་ཡག་པོ་གནང་འདུག ཐུགས་རྗེ་ཆེ།།
ཤི་དགོས་བྱུང་ན་བློ་བདེ་སོང་། བཟང་ན་མི་བཟང་ན། མཐུན་བསྒྲིལ་ཡོད་ན་མེད་ན། མགོ་བོ་བོར་རླག་བྱུང་མེད་པ་འདྲ། ངའི་གཞུང་དགའ་བོ།
སྙིང་ལས་རྗེ་ར། ད་ཡིན་ན་
མྱི་སྐྱག་ར་ཁྱི་སྐྱག་ལ་རྔ་མ་མེད་ཞེས་པ་དེ་ཡིན་པ་འདྲ།
ཚོགས་གཙོ་མཆོག་ལ་བཀའ་འདྲི་ཞུ་རྒྱུ།
ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བཤད་དང་བཤད་བཞིན་པ་རེད། དེང་སང་ཧོང་ཀོང་དང་ཨོ་མིན་ལྟ་བུ་དཔེར་བརྗོད་དུ་འཇོག་གི་ཡོད་པ་རེད། སོང་ཙང་། ཁོང་ཚོས་་་རྒྱ་གཞུང་གི་རྒྱལ་དར་བསྒྲེང་བ་ལ་དཀའ་ངལ་ཡོད་པ་རེད་་་་
འོན་ན་ཚོགས་གཙོ་གཆོག་གིས་་་་”ང་རང་ཚོས་དགོས་འདུན་བཏོན་བཞག་པ་ནང་བཞིན་རང་སྐྱོང་ཚད་ལྡན་ཞིག་རག་པ་ཡིན་ན། སྐབས་དེར་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་གཏོང་མི་གཏོང་ཟེར” དེ་དུས་བེད་སྤྱོད་གཏོང་མི་གཏོང་ཟེར་ན་ཞི་འགྲིག་ཕར་ཞོག་་་རྒྱ་གཞུང་འདྲོག་འགྲོ་གི་མ་རེད་དམ་ཚོགས་གཙོ་ལགས།
འདི་ནི་གནད་ཡོད་ཚོགས་ལྟ་བུའི་སེམས་ལ་ཤར་ན་ཡང་ཁ་ནས་བཏོན་རྒྱུ་ཞིག་རེད་དམ་ཚོགས་གཙོ་ལགས།
འདི་ནི་རྒྱ་གཞུང་གིས་་་མངོན་པར་མི་གསལ་བའི་རང་བཙན་ཟེར་བ་དང་འདྲ་མཚུངས་སུ་ཆགས་པ་མ་རེད་དམ་ཚོགས་གཙོ་ལགས།
འདིས་ནི་ཁ་བཤད་དང་ཆབ་སྲིད་ཀྱི་དགོས་དབང་ལས་དོན་དངོས་ཞི་བའི་གྲོས་མོལ་གནང་འདོད་མེད་པ་གསལ་རྗེན་དུ་བཏོན་པ་མ་རེད་དམ་ཚོགས་གཙོ་ལགས།
མ་གཞི་ནས་གསུང་བཤད་ཡག་པོ་གནང་འདུག་ཏེ་་་ནམ་རྒྱུན་ཚོགས་གཙོ་མཆོག་གི་ལྟ་བ་ལངས་ཕྱོགས་དང་དེ་བཞིན་གཞུང་དང་མི་མང་གི་ལྟ་བ་ལངས་ཕྱོགས་ལ་གཞིར་བཞག་ནས་བཤད་དགོས་ཙང་་་ད་ལམ་གྱི་གསུང་བཤད་དེ་ཚངས་ཐིག་ཐོག་ཕྱིན་མ་སོང་པ་ཚོགས་གཙོ་ལགས།
གོ་བས་གོ་བ་ལ་ཚོགས་གཙོ་མཆོག་རྒྱལ་དར་མེ་བསྲེག་ལ་ཐུགས་འདུན་ཡོད་པ་མ་རེད་ཟེར་་་དེ་འདྲ་ཡིན་ན་ད་ལམ་ཕྱོགས་གཅིག་བཤད་ནས་ཕྱོགས་གཞན་མ་བཤད་པ་དེ་་་་རྒྱ་མར་འགྱོག་མཁན་གྱི་མ་འགྲིག་པ་རེད་དམ་རྒྱ་རྡོ་མ་འགྲིག་པ་རེད་ཚོགས་གཙོ་ལགས།
བོད་ནང་གི་བོད་མི་ཚོས་སོ་སོའི་སྲོག་ལ་ཐུགས་་ཀྱང་རྒྱ་དམར་གྱི་རྒྱལ་དར་གནམ་ལ་མི་ཕྱར་བའི་དམ་བཅའ་བཞག རང་དབང་ལུང་པར་མ་བསྐུལ་དངས་བས་དགྲ་བོའི་དར་ཆ་གནམ་དུ་འཕྱར། ད་ངས་མི་ལ་གདོང་པ་བསྟན་ནུས་པ་མི་འདུག དཀོན་མཆོག་མཁྱེན།
སྐྱག་ཤོར་བ་ཁྱོད་ཚོ་སྡུག་ཚོད་ཟིན་རོགས། རྒྱ་དར་དང་བོད་དར་གྱི་བར་དུ་དོན་མེད་ཆོལ་ཁ་དང་ཆོས་ལུགས་སོགས་མ་རྩོད།
གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་མེད་དོན་གྲུབ་ལྷ་མཐར་དང་དབུ་མའི་ལམ་ལས་འགུལ་ཁང་གི་ཤར་ཕྱོགས་ཁུ་ཏ་གཉིས་གཙོས་པའི་ཚོགས་ཁག་གཉིས་ཀྱི་འགན་འཛིན་རྒྱུན་རྣམས་པའི་བསམ་བློ་དང་ཐུགས་འཁུར་ཡག་པོ་གཞེས་རོགས། མ་འོངས་པ་ལས་ཀ་གང་འདྲ་ཞིག་བསྒྲུབ་ན་མི་མང་དང་ཚོགས་སྐྱིད་པར་འགལ་བ་མི་ཤོར་བའི་ཐུགས་འགན་གནང་རོགས་གནང་།
གཤམ་གྱི་ཚོགས་གཙོའི་གསུངས་འདི་དོན་ལ་གནས་པར་སེམས།
༼ང་རང་ཚོའི་སྤྱི་ཚོགས་ནང་ལ་སྒྲིག་འཛུགས་ཕན་ཚུན་བར་ལ་དགག་པ་རྒྱག་རེས་དང་། གཅིག་གིས་ངོ་རྒོལ་དང་གཅིག་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་འདྲ་ཡོང་བསྡད་པ་ཡིན་ན། དེའི་ང་ཚོའི་རྩ་དོན་ལ་ཕན་གྱི་འདུག་གམ། ང་ཚོའི་ཁ་གཏད་ལ་ལག་ཆ་ཆགས་ཀྱི་འདུག དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ༽ཅེས་དང་༼ཚང་མས་མཉམ་རུབ་ཀྱིས་ནུས་པ་འདོན་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད་མ་གཏོགས། མུ་མཐུད་ནས་ད་ལྟ་བྱེད་ཀྱི་ཡོད་པ་ནང་བཞིན་བྱ་རྒྱུ་ཡིན་ན་སྒྲིག་འཛུགས་དེ་ཚོ་ཡོད་མེད་ཀྱི་ཁྱད་པར་ཡོད་མ་རེད་བསམ་གྱི་ཡོད། །༽
ཏག་ཏག་རེད་ཕར་བལྟ་ན་ཤེས་ཡོང་གི་འདུག།ཨ་མདོ་བ་གྱ་མེད་རེ་ཟུང་གིས་ཇག་པའི་རྒྱབ་སྐྱོར་རྐུན་མ་ལོང་གི་འདུག་ཨ།ཁྱོད་ཚོས་ཁ་ནས་གང་བཤད་དོན་ལ་མི་འདུག།བོད་ནང་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་བ་སོགས་ཀྱི་ཕུགས་བསམ་འགྲུབ་པ་བྱེད་དགོས་བཤད་པ་ཙམ་མ་གཏོགས་དོན་ལ་ཁོང་རྣམ་པའི་དམིགས་ཡུལ་ཆུ་ཟུད་བཏང་ཚར་ཨེ་འདུག།
༼རྒྱ་གུང་ཕྲན་གྱིས་རྒྱལ་དར་དགོན་སྡེ་ཁག་གི་དགོན་པའི་ཐོག་ལ་བཙུགས་དགོས་ཟེར་ནས་ཨུ་ཚུགས་ག་ཚད་རྒྱག་ཀྱང་གཞི་དགོན་གཉིས་ཀས་སྲོག་ལ་ཐུག་ཀྱང་སྐར་ལྔ་དར་ཆ་བཙུགས་མ་བཅུག་པ་རྒྱུ་མཚན་གང་ལ་ཐུག་འདུག།༽
ཨ་མདོ་བ་ཆབ་སྲིད་ལོང་་བ་དག་གིས་མགོ་རུལ་བ་སྣས་མ་ཚོར་བ་བསྡད་འདུག་ཨ།
༡ རྒྱ་འོག་ལ་འདུག་གི་ཡིན་ཟེར་བ་འདི་བཙན་བྱོལ་བོད་མིའི་སྒྲིག་འདུག་དང་། བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་ཟུར་པ་༧གོང་ས་མཆོག་གི་དགོངས་པ་དང་། ཐག་གཅོད་གནང་བ་ཞིག་རེད། དེ་ནི་བོད་མི་མང་གི་ཁྲིམས་མཐུན་གྱི་གནས་སྟངས་ཞིག་ཏུ་འདོད་དགོས།
༢ རང་སྐྱོང་ལྗོངས་སམ་རྒྱ་འོག་འདུག་གི་ཡིན་ཏེ་རྒྱ་དར་འོག་འདུག་གི་མིན་ཟེར་ན་ཁྲིམས་ཐོག་ནས་གནས་སྟངས་དེ་འདྲ་ཞིག་བཟོ་དགོས་པ་རེད། དེ་བཞིན་རྒྱ་དངུལ་མི་དགོས་པར་བོད་དངུལ། རྒྱལ་གླུ་ཡང་དོན་དག་དེ་རང་རེད། འདི་འདྲ་བྱུང་ན་ཐེ་ཝན་གྱི་གནས་སྟངས་འདྲ་པོ་ཞིག་ཏུ་འགྱུར་འགྲོ་མ་རེད་དམ། འདི་ཡང་བསམ་བློ་གཏོང་གཞི་གཅིག་རེད།
༣ འགའ་ཞིག་གིས་རྒྱ་དར་ལ་བརྩི་བཀུར་དང་འཕྱར་ན་འགྲིག་འདུག་མདོག་མདོག་ལ་དར་དམར་དེ་རྒྱ་དར་མ་རེད་མདོག་བཤད་གི་འདུག དེ་ནི་ལོ་རྒྱུས་ཐོག་དམར་པོའི་ལྟ་བའི་ཐོག་ནས་འབྱུང་ནའང་གང་ལྟར་ད་ལྟའི་དུས་འདིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་པ་ལ་བསྙོན་འདིང་དུ་མེད་དེ། དཔེར་ན་རྒན་མོའི་ཁྱི་སོའོ་རིང་སེལ་དེ་ཁྱི་སོ་ལས་བྱུང་བས་གཙོག་པར་ལྟར་མེད་པ་རིང་སེལ་ཡིན་པ་ཁས་བླངས་དགོས་པ་བཞིན་དང་། ནེ་པ་ལའི་རྒྱལ་དར་ཟུར་གཉིས་མ་དེའང་ཧིན་དུ་དང་རྒྱལ་པོ་སྒེར་གྱི་དབང་ཆའི་མཚོན་པའི་འགྲེལ་བཤད་དང་འབྱུང་ཁུངས་ཡོད་པ་ད་ལྟའི་མའོའི་ཤོག་ཁག་གིས་སྐྱོན་འཛུག་གིས་དམངས་གཙོའི་རྒྱལ་ཁབ་གསར་པར་རྒྱལ་དར་ཡང་གསར་པ་དགོས་པའི་དགོས་འདུན་དང་བཅས། ད་ལྟའི་རྒྱལ་དར་མཐོ་རིམ་སློབ་གྲྭ་སོགས་ཁ་ཤས་མར་ཕབ་ཏེ་ངོ་རྒོལ་ཅུང་བྱས་མོད་ཡིན་ནའང་བསམ་འཆར་འདྲ་མིན་ལ་བརྟེན་རྒྱལ་དར་གསར་པ་གཏན་འབེབས་མ་བྱུང་གི་བར་ད་ལྟའི་འདིར་བརྩི་བཀུར་བྱེད་པ་ནི་ད་ལྟ་མའོའི་ཚོགས་གཞོན་ཁོང་སྲིད་བློན་གྱི་གོ་གནས་ཐོག་རྒྱལ་དར་ཟུར་གཉིས་མ་དེ་རང་གི་སྣུམ་འཁོར་དང་ལས་ཁུངས་སོགས་སུ་ཐོབ་ཐང་བླ་མེད་དུ་བརྩིས་ནས་གནས་པ་ལྟ་བུ་རེད།
༤ རྒྱལ་དར་མེར་སྲེག་གིས་རྒྱ་མི་མང་ལ་གནོད་པར་ཁས་ལེན་ན་དར་དམར་དེ་རྒྱའི་རྒྱལ་དར་ཡིན་པ་འདོད་དགོས། རྒྱལ་དར་ཡིན་པ་མི་འདོད་ན་རས་དམར་སྲེག་པ་ལ་དགོས་པ་མེད།
༥ ཚེ་བརྟན་རྡོ་རྗེས་རྒྱ་དར་འཕྱར་བ་ཕ་བསོད་པའི་དགྲ་བོར་ལྟ་མཁན་ཚོར་དགའ་བསུ་ཆེན་པོ་ཡོད། གང་ལགས་ཞེ་མ་ཁྱེད་རྣམས་བོད་དང་བོད་མིའི་ལ་རྒྱ་ཤིན་ཏུ་ཆེན་པོ་ཡོད་པ་མཚོན་གི་འདུག་པས་སོ།།
༦ ཁོང་གིས་དེ་ལྟར་བྱེད་པ་འདི་རྒྱ་དར་ལ་དགའ་བ་དང་དུངས་བ་ཞིག་གིས་གཏན་ནས་མ་རེད་ཅེས་ངས་བརྗོད་ཐུབ། འདིའི་རྒྱ་མཚན་ནི་ས་ཡ་དྲུག་ལས་ས་ཡ་གཅིག་ལྷག་གཅིག་དར་དམར་འདིའི་རླངས་དུག་གིས་མེད་པར་བྱས་ཡོད་པས་སོ།།
༧ འོ་ན་འདི་གང་རེད་ཅེ་ན་ཚུ་རི་ལ་སྡད་ནས་ཕ་རིར་ཁ་བཏད་བཅག་པ་མ་ཡིན་པར་དངོས་སུ་ཕར་ཕྱིན་ནས་དགྲ་བོར་ཁ་བཏད་གཅོག་པ་དང་འདྲ་བར་ཐབས་ལམ་ཞིག་བེད་སྤྱོད་བཏང་བ་རེད།
རྣམ་པ་འགྱུར་བའི་རང་བཙན་ཟེར་ན་ཚོགས་གཙོ་མཆོག་གི་བཀའ་མོལ་འདི་འདྲ་ལ་ཟེར་གྱི་ཡོད་པ་རེད། ཚོགས་གཙོ་མཆོག་གིས་རང་སྐྱོང་ཐོབ་རྒྱུར་རྒྱ་ནག་གཞུང་ཁོ་ན་ལ་རག་ལས་བསྡད་པ་འདྲ་བོ་གསུང་འདུག འོ་ན། ཁྱེད་རང་འདྲ་བ་བློ་རྩེ་གཉིས་ཅན་ཡོད་པའང་རྒྱ་ནག་གིས་ལན་པ་ཡིན་ནམ། རང་སྐྱོང་ཐོབ་ན། རྒྱལ་དར་སྒྲེང་མ་སྒྲེང་གི་སྐད་ཆ་ལྷག་གི་རེད་དམ། ཁྱེད་ནས་རང་སྐྱོང་༼ བསམ་འཆར༽ ༼དྲན་ཐོ༽དབུས་གཞུང་ལ་སྤྲད་པ་དེ་ཀློག་མེད་དམ། ཕྱོགས་གཅིག་གི་བཀའ་མོལ་མ་གནང། མི་མང་གི་མངོན་འདོད་སྟེང་ནས་བཞེངས་རོགས།
ཁྱེད་ལ་མཐའི་མའི་དྲི་བ་ཞིག་ཡོད། རྒྱལ་དར་བསྲེགས་ནས་འཐབ་རྩོད་བྱེད་པ་དང་འཕྱར་ནས་འཐབ་རྩོད་བྱེད་པ་གཉིས་ཀའི་ནང་ནས་གང་གིས་ད་ལྟའི་བོད་ཀྱི་ལངས་ཕྱོགས་གསལ་བཏོན་བཟོ་ཐུབ་ཀྱི་རེད་དམ། གང་གིས་ད་ལྟའི་བོད་མི་མང་གི་མངོན་འདོད་སྒྲུབ་པར་ལག་ལེན་དངོས་ཀྱི་འཐབ་རྩོད་བྱས་འདུག རྒྱ་ནག་གཞུང་ལ་རྒྱ་ནག་མི་མང་དང་འཛམ་གླིང་མི་མང་མདུན་ལས་ཀ་བྱེད་སྟངས་མི་ཤེས་པ་ཞིག་ཆགས་འཇུག་གི་མ་རེད་དམ། ཁྱེད་ནས་ཆབ་སྲིད་ཤེས་ཀྱི་ཡོད་དམ། རྐུབ་སྟེགས་སྲུང་བསྡད་ཡ་གཅིག་པོ་ཙམ་མ་རེད་གདའ། ཚོགས་གཙོ་མཆོག ཞོར་དུ་དྲན་སྐུལ་ཞིག་ལ། རྒྱལ་དར་བསྲེགས་རྒྱུར་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་མཁྱེན་རླབས་ཟླ་བྲལ་རྣམས་ཐུགས་འདོད་ཡོད་པ་མ་རེད་གདའ། ཤེས་མདོག་མདོག་གནང་ན་ཆོ་མི་འདུག ཚོགས་གཙོ་ཡིན་བསམས་ནས། དཔོན་ཉམས་ཀྱིས་གང་བྱུང་མང་བྱུང་བཤད་ན་དེ་བས་ཀྱང་ཆོ་ག་རེ་འདུག བློ་གཟུ་བོར་གནས་པ། སྐད་ཆའི་གནས་ཚད་མཐོ་བ་ཅིག་གསུངས་རོགས་ཞུ།
མེ་ཏོག་དཀར་པོའི་གསུང་ལ་རྒྱབ་སྐྱོར་ཡོད། དྲང་པོ་དྲང་བཞག་བྱས་ན་སྐད་ཆ་བཤད་ན། རྒྱ་ཡིན་འདྲ་ལ། བོད་ཡིན་ནའང་འདྲ། གང་ལྟར་དོན་དང་ལྡན་པ་རེད། དེ་མིན་བོད་མི་ཡིན་ན། ག་རེ་ཧ་ལས་པ་འདུག
ཚོགས་གཙོ་མཆོག་གིས་བཀའ་སློབ་གནད་ལ་འཁེལ་བ་ཞིག་གནང་འདུག ཤར་ཁུགས་གཙོས་པའི་ངན་པ་ལག་སྦྲེལ་ཅན་འགས་རྡ་སའི་ཁོར་ཡུག་ཆུང་ཆུང་དེ་གཏོར་དགོས་བསམ་ནས་ཡོད་ངེས་ཀྱང་། ཁོང་ཚོས་རྒྱ་ཟས་ཟ་བཞིན་ཡོད་པའི་དཔང་རྟགས་ཁ་གསལ་བྱུང་བས་ལེ་ཚན་འདི་ནས་མཇུག་བསྒྲིལ་བ་རེད། ཆོལ་གསུམ་བོད་རིགས་ཀུན་ཏུ་རྒྱལ་གྱུར་ཅིག
བཀུར་འོས་དཔལ་ལྡན་ཚོགས་གཙོ་མཆོག
ཞལ་གྲགས་སྔ་སོང། སྤྱིར་བཏང་འདི་རིགས་བཀའ་ཤག་ནས་མི་མང་ལ་འགན་ཁུར་ཡོད་དུས། ཁྱེད་ནས་ལྗིད་མཉམ་སྟངས་འཛིན་དེ་ཏག་ཏག་མ་ནོར་བ་བྱེད་རོགས། ཁྱེད་ཀྱི་ཕྱག་དང་ཞལ་ཅུང་རིང་དྲག་གི་མེད་འགྲོ གང་གསུངས་དགོས་ན་བཀའ་ཁྲིས་གསུང་ན་འོས་ཤིག་འཚམས་པ་རེད། དགོངས་པ་བཞེས་རོགས། འགོ་ཚོགས་གཙོ་ནས་འོག་མི་མང་བར་གཡམ་རྒྱུག་བྱས་ན་ག་བ་ཡོང་གི་རེད།
གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་ལ་རྗེས་སུ་ཡི་རངས་ཡོད། རྒྱ་དར་འཕྱར་བ་དེར་རྒྱུ་མཚན་ཡོད་ཀྱི་རེད། འོན་ཀྱང་ཅུང་མི་བདེ་བ་ཞིག་འདུག
རྒྱུ་མཚན་ཡོད་པ་གཅིག་པོས་མི་ཕན་པར། ཕན་གནོད་གང་ཡོང་དེ་ལ་ཕུགས་བསམ་བཞེས་རོགས།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་རྒྱུ་མཚན་ཡོད་ལ། བོད་མིས་རང་བཙན་རྩོད་པ་དེར་ཡང་རྒྱུ་མཚན་ལྡན་ཡོད།
ཚོགས་གཙོ་རི་འདྲ་བ་ཁོང་གི་སེམས་གཏམ་ལ་དགའ་བསུ་ཞུ།
ཞོར་ལ་ཨ་རིའི་གླེན་རྒན་ཁོང་གིས་ཞུགས་འབུལ་ཟེར་བ་ལས་་་་མེ་སྲེག་ཅེས་ན་ཡག་རབ་གླེང་བར་བདེན་པ་རེད་ལབ་འདོད་བྱུང་།
ཞུགས་ཟེར་བ་མེའི་མིང་གི་རྣམ་གྲངས་ཙམ་རེད། དེ་ལ་བདེན་དང་མི་བདེན་ཟེར་བ་ཐང་རེ་ཆད། །དེ་འདྲ་མ་གོ་ཟེར་བ་སྙིང་རེ་རྗེ། །
ཨ་རིག་ལགས་ཀྱི་གསུངས་མོས་མཐུན་ཡོད། ཞུགས་ཟེར་མེའི་མིང་གཞན་ཡིན་པ་ཤེས་ཀྱང་མི་ཕན། ད་དུང་ཤེས་མཁན་ལས་མི་ཤེས་མང་བས་གཅིག་གྱུར་བྱུང་ན་ལེགས། མེའི་མིང་གི་རྣམ་གྲངས་རེད་ཟེར་མེའི་མངོན་བརྗོད་ཡོད་ཚད་འདིར་སྤུང་སྡོད་པ་ཡིན་ན་ཐོམ་ཆེད་མ་གཏོགས་ཕན་འབྲས་གང་ཡང་ཡོད་པ་མ་རེད། རྗེས་སུ་ཚང་མས་མིང་ཚིག་ཡན་ཆད་གཅིག་སྒྲིལ་དགོས་ཀྱི་འདུག་ཞུ།
༡ རང་སྐྱོང་རག་རྒྱུ་དང་དར་དམར་འཕྱར་རྒྱུ་གཉིས་ལ་འབྲེལ་བ་ག་རེ་འདུག་གམ།༼ ཅེས་པའི་ལན༽ཡིད་འོང་མའམ་ཤར་ཁུགའམ་བློ་བཟང་ཆོས་འབྱོར་དང་དེའི་རྗེས་འཇུག་ཚོར་ལས་གཞན་པ་སུ།
༢ རང་སྐྱོང་རྩ་ཁྲིམས་ཀྱི་འབྲུ་དོན་བཞིན་རྩོད་ཀྱི་ཡོད་ན། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་རྩོད་ཀྱི་ཡོད་ན། ཡིག་ཐོག་ཏུ་བྲིས་ཏེ་བཙན་བྱོལ་བོད་གཞུང་གི་དབུས་གཞུང་ལ་ཕུལ་ཚར་བ་ཡིན་ན། དར་དམར་འཕྱར་དང་མ་འཕྱར་ཅིག་གང་ན་ལྷག་འདུག་གམ། དཔལ་ལྡན་ཚོགས་གཙོ་ལགས། ར་བཟི་མེད་པ། ༼ཅེས་པའི་ལན༽རང་སྐྱོངས་རྩ་ཁྲིམས་གྱི་འབྲུ་དོན་ནང་ཡིག་ངག་གཉིས་གྱི་ཐོག་ནས་རྒྱ་ནག་གི་རྒྱ་དར་ཕྱར་ནས་བརྩོད་དགོས་པ་བྲིས་ཡོད་རེད་བས། མ་ཚད་ད་ལྟར་ང་ཚོ་འཚོ་གནས་བྱེད་པའི་ས་ཆ་འདི་ཡང་རྒྱ་གར་ཡིན་པར་ལས་རྒྱ་ནག་མ་རེད། ད་དུང་ང་ཚོ་བཙན་བྱོལ་བ་ད་ལྟར་སུ་གཅིག་གི་འོག་ཏུ་བསྡད་མེད་པ་མ་ཚད་རྒྱ་ནག་གི་འོག་དུ་བསྡད་ཡོད་མ་རེད། ཧ་གོ་སོང་བས། མ་འོང་པའི་རང་སྲིད་རང་སྐྱོངས་ཚད་ལྡན་ཞིག་སྤྲད་ན་རྒྱ་ནག་འོག་ཏུ་འདུག་འདོད་ཡོད་གསུངས་པ་ལས་ད་ལྟར་མིན། དེས་ན་ད་ལྟར་ང་ཚོ་དང་ཁོང་ཚོ་ལས་ངའི་འོག་དང་ཁོས་འོག་ཅེས་པའི་སྐད་ཆ་དེ་ཡོད་མ་རེད།
༣ རྒྱལ་དར་མཉམ་འཕྱར་གྱི་འཐབ་རྩོད་གནང་ཕྱོགས་འཛམ་གླིང་ལ་དར་སྲོལ་ཆེ་བ་དེས། མགོ་བཏགས་པ་མི་མཚོན་ལ། མཐུན་སྒྲིལ་མཚོན་པ་རེད། ཞི་བ་མཚོན་པ་རེད། དེ་ཚོགས་གཙོ་མཆོག་གིས་གཟིགས་སམ། ༼ལན༽རྒྱལ་དར་མཉམ་ཕྱར་ཅན་གྱི་རང་དབང་གི་འཐབ་བརྩོད་པ་སུ་དང་གང་རེད། མ་ཚད་དར་ཆ་མཉམ་ཕྱར་བྱེད་མཁན་ཡོད་རེད་ཟེར་བའི་བརྫུན་གཏམ་དེ་ཡང་ཚོགས་གཙོ་མཆོག་གི་གཟིགས་ཡོད་ངེས།
༤་ཚེ་བརྟན་རྡོ་རྗེ་ནས་གང་དུ་དར་ཆ་འཕྱར་དོན་མགོ་བཏགས་པར་འགྲེལ་བཤད་གནང་འདུག་གམ། ཚོགས་གཙོ་མཆོག། ༼ལན༽གླིང་ཚ་མ་བུ་གསུམ་གྱི་ཞི་རྒོལ་འགོ་འཛུགས་པའི་ཉིན་དེ་ནས་དམར་དར་མ་ཕྱར་བ་ལམ་བར་དུ་ཕྱར་དགོས་པའི་རྒྱུ་མཚན་ག་རེ་རེད།
༥ རང་བཙན་པ་ཡིན་ཟེར་མཁན། མང་གཙོ་དོན་གཉེར་པ་ཡིན་ཟེར་མཁན་ཚོའི་ཁ་ལ་མ་རྒྱུགས་པར། ལྷག་པར་གསེར་རྟ་ཚུལ་ཁྲིམས་ཟེར་བ་འདི་སོ་སོའི་ཁེ་ཕན་ཆེད་༧གོང་ས་མཆོག་ལ་རྒྱབ་གཏོད་ཞུ་མཁན་ཞིག་ཡིན་སྟབས། ཁྱེད་ལ་དྲི་བ་འདྲ་མི་འདྲ་ལོས་གཏོང། ཡིན་ནའང། ཁྱེད་ཀྱི་རང་ཚུགས་མ་ཤོར། སྐུ་མཁྱེན། ༼ཅེས་པའི་ལན༽དོན་དངོས་ཐོག་གོང་ས་མཆོག་གི་བཀའ་དགོངས་ལ་རྒྱབ་འགལ་བྱེད་མཁན་དེ་ཤར་ཁུག་ཁྱེད་རང་དང་རྗེས་འཇུག་པ་ཚོ་ལས་གཞན་པ་སུ། མ་ཚད་མེ་ཏོག་དཀར་པོའི་དྲི་བ་དེ་ཚོར་ཚོགས་གཙོ་མཆོག་གི་ལན་བསྐྱོན་དགོས་མི་འདུག། མི་ངན་ངའི་ལན་གྱི་མ་མཐུས་པ་མི་འདུག། ལན་གཅིག་གི་ཆོག། ང་ཚོར་དགོས་པའི་ཚད་ལྡན་གྱི་རང་སྐྱོངས་དེ་ང་ཚོའི་རེ་བར་ལས་དམར་ཤོག་གི་ཁས་ལེན་བྱས་མེད། ད་དུང་ང་ཚོ་ད་ལྟར་རང་དབང་ཅན་གྱི་དམངས་གཙོའི་ལམ་ལུགས་གྱི་བཙན་བྱོལ་གཞུང་ཡིན་པ་ལས་རྒྱ་ནག་གི་འོག་ཏུ་མེད། ང་ཚོའི་རྒྱ་འོག་ཏུ་འདུག་ཆོག་ཅེས་པ་ལས་ང་ཚོ་ད་ལྟར་རྒྱ་འོག་དུ་མེད། རྒྱལ་དར་མེ་བསྲེགས་བྱས་སྐབས་གོང་ས་མཆོག་དང་ཟམ་གདོང་མ་དགྱེས་པ་བཤད་རབས་དེ་ཚོ། ག་བར་གསུངས་འདུག། ག་དུས་གསུངས་འདུག། དུས་ཚོད་དང་ཚེས་གྲངས་གསལ་པོ་གསུངས་རོགས།
ཁྲི་འདུགས་འདི་ཡང་ཞུགས་ཟེར་བ་མེ་ཡིན་པ་དེ་རིང་གཞི་ནས་ཤེས་པ་འདྲ་པོ་འདུག ཁབརྡར་འོངས་ན་བློ་སྐྱེད་ཡག་པོ་རག་གི་རེད།
ད་ནས་བཟུང་མེ་དང་ཞུགས་དོན་གཅིག་ཡིན་པ་ནམ་ཡང་མི་བརྗེད་པའི་རེ་བ་ཡོད།
དངས་བླང་ལགས། གོང་དུ་ངས་གང་བཤད་པ་དེ་ད་བར་དུ་ང་ཚོས་གླིང་ཚ་འབྲེལ་ནས་རྒྱ་དར་སྐོར་བཤད་པ་དེར་བསམ་ཚུལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན། གང་ཟག་བྱེ་བྲག་པ་ཞིག་ལ་གཟས་མེད་ལགས། ཟུར་ཟ་ཡང་བྱས་མེད། གང་ལྟར་ང་ཚོས་ཐབས་ལམ་གང་མང་ཐོགས་དམིགས་ཡུལ་འགྲུབ་དགོས་པར་འདོད།
དབུ་མའི་ལམ་པ་དག་ཀྱང་བོད་རང་བཙན་ལ་མི་དགའ་བའམ་མི་འདོད་པ། རྒྱ་འོག་ལ་སྡོད་ན་སྐྱིད་པོ་ཡོད་པ་ཞིག་གིས་ཐོག་ནས་ལས་འགུལ་སྤེལ་གི་མེད་པ་ཡིད་ཆེས་ཡོད། རང་བཙན་ལ་མི་དགའ་མཁན་བོད་པ་རྡོག་པོ་གཅིག་ཀྱང་མེད། དར་དམར་ལ་ཁ་ཞེ་གཉིས་མེད་དགའ་མཁན་བོད་རྡོག་གཅིག་ཙམ་ཡོད་ན་ལས་ ༩༩% མེད།
དེ་དོན་ཐུགས་ལ་བཞག་ནས་སོ་སོའི་མངོན་འདོད་བག་ཚ་མེད་པ་བྲིས་རོགས། དེ་ཁྱེད་དང་ང་ཡི་ཐོབ་ཐང་རེད།
མེ་ཏོག་དཀར་པོ་སྐྱེ་དགོས་ན། །ཁྲི་གདུགས་ཉི་མ་མེད་ཐབས་མེད། །ཁྱེད་དང་འུ་གཉིས་རྩོད་དྲགས་ན། །མེ་ཏོག་སད་ཀྱིས་ཁྱེར་ཉེན་ཡོད། །ཧེ་ཧེ་ཧེ།
རེ་འགས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཕུགས་སུ་བཅངས་ནས་ཚིག་བེད་སྤྱོད་གཏོང་སྟངས་དེ་ནི་དགྲ་དགའ་གཉེན་སྡུག་ལས་མ་འདས་གཤིས་ད་ནས་དེ་ཚོའི་རིགས་མ་གསུང་རོགས་ཞེས་འབོད་སྐུལ་ཙམ་ཞུ་འདོད་བྱུང། ལར་ནས་ཡིད་འོང་མ་ཞེས་པ་འདིས་ཚིག་སྦྱོར་ཞིག་ཏུ ༸རྒྱལ་བ་རིན་པོ་ཆེའི་དགེ་རྒན་ཁྲི་བྱང་ཞེས་འབྲི་སྟངས་ལ་བལྟས་ན་མི་འདི་ནི་ག་འདྲ་ཞིག་ཡིན་ན་བསམ་གྱི་འདུག མ་ཟད་ཚོགས་གཙོ་མཆོག་གི་སྟེང་ལའང་འཁོན་སེམས་ཡོད་པ་ཞིག་མིན་འགྲོ
༧གོང་ས་མཆོག་གི་དགེ་རྒན་ལ་དགེ་རྒན་མ་བྲིས་ན་ག་རེ་བྲིས་དགོས་རེད།
ཡིད་འོང་མ་ཟེར་བ་འདི་དངོས་གནས་ཡིད་དུ་འོང་པ་ཞིག་རེད། དང་བླངས་པ་ཟེར་བའི་གླེན་པ་དེར་ལན་མ་རྒྱག འགོ་འཚོས་ཀྱི་མི་འདུག ཚོགས་གཙོའི་སྐོར་ལ་ཉན་འདོད་ཡོད་མུ་མཐུད་འབྲི་རོགས།
ཚོགས་གཙོའི་གསུང་ལ་མངོན་པར་བསྟོད་དོ།
༧གོང་ས་མཆོག་གི་དགེ་རྒན་ལ་གོང་ས་མཆོག་གི་ཡོངས་འཛིན་ཞེས་བྲིས་དགོས་པ་རེད། འདི་བྲིས་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཞུས་པ་ལས་དགེ་རྒན་ལ་ཆེད་བསྟོད་བྱས་པ་མ་རེད། མེ་ཏོག་ནག་པོ་ལགས།།
ཡ་ཡ། དྲ་གཉིད་ཀྱིས་བཤད་པ་དེར་ངོས་ལེན་ཡོད། ཐུགས་རྗེ་ཆེ།