མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་གཙོ་སྐྱོང་བྱས་ཏེ་ཞིང་ཆེན་ཏང་ཨུས་ཚེས་ ༧ ཉིན་གྱི་ཕྱི་དྲོར་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རང་བསྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་འདུག སྐབས་དེར་རང་སྲེག་ངོས་འཛིན་གནང་དོན་ ”རང་སྲེག་བྱས་ཏེ་རང་གི་སྲོག་གཅོད་པའི་བྱ་སྤྱོད་འདི་མིའི་རིགས་ཀྱིས་རིགས་རྒྱུད་ཟམ་མི་ཆད་པར་སྤེལ་བའི་འཇིག་རྟེན་གྱི་ལུགས་ལ་འགལ་བ་དང་། དེང་རབས་སྤྱི་ཚོགས་ཀྱིས་ཚེ་སྲོག་ལ་བཀུར་བ་དང་འཚོ་བ་ལ་དགའ་བའི་དཔལ་ཡོན་གྱི་འདུ་ཤེས་དང་འགལ་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་སྡོམ་ཁྲིམས་དང་ཡང་འགལ་ཡོད། འདི་ཧ་ཅང་བླུན་རྨོངས་དང་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད།” ཅེས་དང།
ཡང་” རང་སྲེག་ལ་ཇུས་འགོད་དང་ངན་སྐུལ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་ལོག་ལམ་དུ་ཁྲིད་པ་ཡིན་ལ། རང་སྲེག་ལ་སྙིང་རྗེ་དང་མོས་གུས་བྱེད་པ་ནི་དཀར་ནག་གོ་ལྡོག་ནས་ངན་པའི་རྒྱབ་རྩ་རུ་ལངས་པ་ཡིན། རྒྱལ་ཁབ་དང་ས་ཁུལ་གང་ཞིག་ཡིན་རུང་། ཆོས་ལུགས་ཀྱི་མིང་སྟེང་ནས་གཞན་གྱིས་རང་བསྲེག་བྱེད་པ་སོགས་ལ་བརྟེན་ནས་སྐྱེ་འགྲོ་དང་སྤྱི་ཚོགས་ལ་གནོད་སྐྱེལ་བར་ངན་སྐུལ་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མཐའ་གཅིག་ཏུ་འགལ་ཡོད། ང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་བོད་ཁུལ་གྱི་འཆམ་མཐུན་བརྟན་འཇགས་དང་ཡུན་རིང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས། རང་སྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་མྱུར་དུ་རྩ་འཛུགས་བྱེད་པ་དང་སྤེལ་ནས། རང་བསྲེག་ལ་ངན་སྐུལ་བྱེད་པ་དང་ཟིང་ཆ་སློང་བའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་” ཞེས་བསྒྲགས་འདུག
དེ་བཞིན་རང་སྲེག་བྱུང་སྐབས་ཐབས་ལམ་ཅི་ཞིག་ལག་ལེན་བསྟར་དགོས་མིན་ཐད་” རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རང་སྲེག་བྱ་སྤྱོད་ཀྱི་ཆབ་སྲིད་ཀྱི་ཉེན་ཁ་དང་སྤྱི་ཚོགས་ཀྱི་ཉེན་ཁ་གསལ་བོར་ཤེས་པར་བྱེད་པ་དང་། ཏཱ་ལའི་ཚོགས་ཁག་གིས་རང་སྲེག་དོན་རྐྱེན་ལ་ངན་སྐུལ་དང་ཇུས་འགོད་བྱེད་པའི་ངོ་ལོག་རང་བཞིན་དང་ཁྲིམས་འགལ་རང་བཞིན་གསལ་བོར་ཤེས་པར་བྱེད་དགོས་འཇུག་དགོས་”ཚུལ་དང།
ཡང་” རང་སྲེག་གི་དོན་རྐྱེན་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཐག་གཅོད་པ། ཆད་པ་གཅོད་པ་བཅས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། རང་སྲེག་གི་དོན་རྐྱེན་བྱུང་ཚེ། ས་དེའི་ཏང་ཨུ་དང་སྲིད་གཞུང་། སྤྱི་བདེ་སོགས་སྡེ་ཁག་གིས་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། ས་དེ་ནས་ཁྲིམས་ལྟར་མཐའ་གཅིག་ཏུ་ཐག་གཅོད་དགོས། བྱུང་ཟིན་པའི་རང་བསྲེགས་དོན་རྐྱེན་ལ། སྤྱི་བདེ་སོགས་ཆེད་དོན་ལས་ཁུངས་ཀྱིས་གྱོད་དོན་རྩད་གཅོད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། རྩ་འཛུགས་ཇུས་འགོད་དང་ངན་སྐུལ་ངན་སློང་བྱེད་མཁན་འཚོལ་དགོས་ལ། མ་དཔེ་རང་བཞིན་གྱི་གྱོད་དོན་དང་ཉེས་ཅན་གཏེ་བོར་ཁྲིམས་ལྟར་མྱུར་དུ་ཁྲིམས་ཆད་ལྕི་མོ་གཅོད་དགོས། སྤྱི་ཚོགས་སྟེང་གི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། གསང་འཕྲིན་དང་ཆ་འཕྲིན་འཚོལ་བསྡུའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཐོལ་བྱུང་དོན་རྐྱེན་ཡུལ་དངོས་ནས་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ། ས་ཁུལ་གཙོ་བོ་དང་མི་ཚོགས་གཙོ་བོའི་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་བྱ་བའི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། བརྟན་འཇགས་སྲུང་སྐྱོབ་ཀྱི་གཞི་རིམ་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས་”ཅེས་བསྒྲགས་འདུག
ཧ་ཧ། རྡུང་རྡེག་གཏོང་ཡ་དང་བཙན་གནོན་གཉའ་གནོན་མང་དྲག་པས་དེ་ལྟར་བྱུང་བཞིན་ཡོད་པ་རེད། སུ་ཞིག་གིས་དེ་ལྟར་ལག་སྟེར་དང་བཀའ་བཀོད་བཙན་གཏམ་སྤེལ་བ་ཡིན་ན། དེ་ནི་བོད་མི་མང་གི་དགྲ་བོ་ངོ་མ་དེ་རེད། ང་ཚོས་ཡང་རྒྱ་འདྲེ་ངོ་མ་དེ་ཚོ་སུ་སུ་ཡིན་པ་གསལ་བོ་ཤེས་འགྲོ་བ་བཞིན། བདེ་བདེ་སྐྱིད་སྐྱིད་ཀྱི་གནས་ཞིག་ཨེ་ཡོད་ལྟོས་ཆོག་པ་རེད།
ང་ཚོས་ང་ཚོ་ལ་བདེ་སྐྱིད་དགོས། རང་དབང་དགོས། རྡུང་མི་ཆོག། གསོད་མི་ཚོག། འཛིན་མི་ཆོག། འགྲོ་བ་མིའི་བདག་དབང་ཆ་ཚང་བ་དགོས་ཞུ་བ་ལས། རྒྱ་འདྲེ་ཚང་གི་ཚེ་སྲོག་ལ་གནོད་པའི་ལས་གཅིག་ཀྱང་ད་སྔ་ཡན་ལས་མེད་པ་དེ་ཤེས་བ་བྱོས། འཛམ་གླིང་སྤྱི་འགྲོས་ལྟར། མྱིག་ཚབ་ལ་མྱིག་དང་སོ་ཚབ་ལ་སོ་མེད་མི་ཆོག་པ་གང་ཡང་མ་རེད། བླ་མའི་གསུངས་དང་དམ་པའི་ཆོས་ཀྱིས་དྲིན་ལ། རུ་ཡོང་རྒྱ་གོག་ཁྱེད་ཚོ་བདེ་ཙམ་ཡོད་པ་ལས། ཁྱེད་ཚོ་ང་ཚོའི་མྱིག་ནང་ནི་ཁྲག་དང་ལག་ནི་བྱིའུ་ཡིན། རེ་ཐོག་ལ་བཞག་ན་བདེ་ཐོག་ཡིན། དེ་མིན་ཕྱིར་གྱེད་མེད་པའི་གནས་ན་ཡོད།
མཚོ་སྔོན་གྱི་དམར་གཙོ་ཆང་ཝེ་འུ་ཐུག་པ་རེད། རང་བསྲེགས་དོན་རྐྱེན་གྱི་རྒྱབ་གནོན་འཚོལ་ན་མེར་བསྲེགས་ཟིན་པའི་ཐལ་བ་ནང་ནན་ཏན་གྱིས་བཙལ་དགོས། དེ་ལས་གཞན་རྙེད་རྒྱུ་འེ་ཡོད་བསམ། གང་ན་དྲག་གནོན་ཡོད། དེ་ན་ངོ་རྒོལ་ཡོད།
རྒྱ་དཔོན་སྤྱང་ལྟོགས་དང་རྒྱུག་ཁྱི་ཡ་མ་ཟུང་ཁོང་ཚོས་ད་བར་དུ་གཉའ་གནོན་དང་དྲག་སྤྱོད། གདུག་རྩུབ་ཏག་ཏག་གིས་བོད་མི་ག་ཚོད་ཅིག་བཙོན་ཁང་ནས་གཅར་རྡུང་སྡུག་ངལ་དང་མེ་མདས་དམར་གསོད་བཏང་ཡོད་་་་་
ད་དུང་ཁ་གཅིག་ནང་གི་ལྕེ་གཉིས་དང་འགོ་སྔ་མི་མཚུངས་པས་དྲག་སྤྱོད་རྡུང་རྡེག་གིས་བཙན་གནོན་བྱེད་རྐྱང་བྱེད་བཞིན་པ་འདི་་་་་
དོན་ངོ་མ་བོད་མི་མང་དང་བོད་མི་སྤུན་ཟླ་ཚོ་མེར་སྲེག་གཏོང་མཁན་དེ་ཁོང་ཚོ་དང་དམར་གཞུང་རེད་་་་་་་
ད་དུང་ངོ་མི་གནོང་པར་འགྲོ་བ་མིའི་ཚེ་སྲོག་གི་རིན་ཐང་བཤད་ཁུལ་བྱེད་བཞིན་འདུག་ག་་་་་་
སྡུག་ཤི་རྒྱག་རྒྱུ་ཚོ་་་་་་བོད་མི་བསད་་་བོད་ཁྲག་འཐུང་འཐུང་ནས་ད་དུང་ཡང་ཡིད་འགུ་མི་འདུག་ན་་་་
ད་ཡིན་ན་མི་རིང་བར་ཁྱེད་ཚོའི་སྡུག་རྐུབ་དེ་རྡོལ་ལ་ཉེ་བས་དེ་དུས་བལྟ་ཆོག་་་་་་་་་
ད་་ཡུལ་གྱར་གཞུང་འབངས་འདིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདིའི་འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཉེན་ཚབས་ཀྱི་གནས་སྟངས་ཞིག་ལ་བསམ་བློ་རེ་བཏང་ན་ཡག་གི་རེད། མ་མཐོང་མ་གོ་མདོག་མདོག་བྱས་ནས་གྲགས་མེད་འགུལ་མེད་དུ་འདུག་ཚོད་མ་རེད། བོད་མི་ཡོད་ཅོག་སེམས་བཟང་། གཞན་གཅེས། དཀའ་བ་བརྒྱ་ཕྲག་ལ་བཟོད་སྒོམ་བྱེད་མཁན་རྐྱང་ཡིན་པའི་ངེས་བ་མེད་ལ། སྣ་ས་གཏད་ནས་འདུག་རྒྱུ་དཀའ་མོ་རེད།
ཆང་ཝེ་གི་སྐད་ཆའི་ཕུགས་ནས་དངངས་སྐྲག་གི་འདར་བསིག་རྒྱག་བཞིན་པ་མངོན་འདུག
གང་ཡིན་ཟེར་ན། དེ་འདྲ་མ་བཤད་ན་རང་སྲེག་མེ་ལྕེ་ཡིས་རྒྱ་ནག་རྒྱལ་ཡོངས་འཚིག་ཉེན་ཡོད་པར་བློ་འཚབ་ལངས་པ་རེད།
ཁོ་ཚོས་སྐད་ཆ་འདི་འདྲ་ཤོད་པ་རྫོགས་བྲབས་ཡོད་རེད། མང་ན་ལོ་གཅིག་དང་གཉིས་རེད། དེ་ནས་ཕ་ཚབ་བུ་ཡི་བྱེད་པའི་གོ་རིམ་དེ་མགྱོགས་པོ་ཤར་ཡོང་གི་རེད།
དགྲ་བོས་སྐད་ཆ་འདི་འདྲ་བཤད་པར་ཧ་ལས་རྒྱུ་གང་ཡང་མེད། ཁོང་ཚོ་སང་ཉིན་འགོ་འཇུག་ལོག་རེན་ན་ཡང་འདི་འདྲ་བཤད་ཀྱི་རེད། བོད་མི་རིགས་འདིས་དྲག་གནོན་ལ་ནམ་ཡང་མགོ་མི་སྒུར་བའི་ཡིད་ཆེས་ཡོད།
སྙིང་རྗེ་ལུང་རྟོགས། འགན་ཁུར་མེད་བའི་སྐད་ཆ་བཤད་ཡོང་གི་འདུག་ལབ་དུས་ཁྱོད་ལྟ་བུ་ལ་ཟེར་ཀྱིན་ཡོད་བ་རེད། གཞིས་ལུས་མི་མང་ར་ལུག་བཤས་ར་་ལ་འདེད་པ་བཞིན་ཁྱུ་དང་ཁྱུ་བྱས་ནས་བཙོན་ལ་བཅུག་སོང་། རྒྱུག་པ་རྐང་གཅིག་གི་ཟུག་གཟེར་ཀྱང་སྐུ་ཉིད་ཀྱི་རང་སྟེང་ལ་ལེན་ཐབས་མི་འདུག་ག ཉལ་ས་འཇམ་པོ་ནས་སྐྱིལ་གྲུང་ལ་བསྡད་ནས་བལྟས་ན་དགྲ་བོས་བྱེད་ལས་ལ་ཧ་ལས་རྒྱུ་ཡོད་པ་མ་རེད། གནས་སྟངས་འདི་རིགས་ཁྱོད་ལྟ་བུ་བཤད་ཀྱང་ནེ་ཙོ་ལ་ཆོས་བཤད་རྒྱབ་པ་ལྟ་བུ་རེད། གོ་རྒྱུ་ཞིག་བསམ་རྒྱུ་གང་ཡང་ཡོད་བ་མ་རེད། ཧུཧུཧུ ཆོས་རྗུན་མཁན།
བོད་ནང་གི་བོད་མའི་སྙིང་སྟོབས་དང་ལངས་ཕྱོགས་གསར་པ་རེད། ཡིན་ནའང་རྒྱ་ནག་དཔོན་རིགས་ཀྱི་གཏམ་རྙིང་པ་རྐྱང་རེད།
འདི་ནི་ནམ་རྒྱུན་དྲག་རྡུང་ལས་འགུལ་གྱི་གཏམ་རྒྱུན་ཆགས་ཞིག་ཡིན་པས་ཧ་ལས་དགོས་དོན་ཆེར་མེད་མོད། འོན་ཀྱང་ན་ཟུག་དང་མནར་གཅོད་མྱང་བཞིན་པའི་བོད་པ་དེ་དག་ལ་མཚོན་ན། ཕྱི་སྡོད་པ་ང་ཚོ་རྣ་ཡི་ཉན་མཁན་དང་མིག་གི་བལྟ་མཁན་ལྟ་བུ་ལས་སྡུག་བསྔལ་བསྣོན་མ་ཡོད་པ་ནི་སྨོས་མ་དགོས་སོ།
རླངས་སྔགས་འབོད་པས་ཀྱང་སྐད་ཆ་གཅིག་ལ་ཡུ་བ་མ་འདྲ་བ་སྤེལ་ནས་གནས་ལུགས་ཡིན་ཁུལ་རེད། རྒྱ་ནག་གི་དྲགས་རྡུང་དེ་རྒྱུན་ལྡན་ཞིག་ཡིན་པ་ལས་གཞན་གང་ཡང་མ་རེད། ཧ་ལས་རྒྱུ་ཡོད་བ་མ་རེད་ཟེར་བ་ལྟ་བུ་རེད། དངོས་ནས་མི་འདི་ཚོ་བྱམས་སེམས་ཟེར་བ་ཞིག་དང་སྙིང་རྗེ་བསམ་པ་ཞིག་ཁྱོན་ནས་མི་འདུག སྣང་བ་གང་ཤར་དང་ཁ་ལ་གང་ཐོན་བཤད་ཡོང་གི་འདུག འདས་བོའི་རྗེས་ན་གསོན་པོར་སུན་བཙུར་བྱེད་པ། ཕ་མའི་གམ་ནས་བུ་ཕྲུག་ར་ལུག་འདེད་འདེད་ཀྱིས་བཙོན་ལ་འགོག་བཞིན་པ། རང་ལུས་མེར་བསྲེགས་ཀྱི་དཔའ་བོ་དཔའ་མོའི་བློས་གཏོང་ལ་མོས་གུས་བྱས་ན། མི་གསོད་ཀྱི་ཉེས་འཛུགས་བྱེད་པ་སོགས་ལ་ཧ་མི་ལས་ན། ཁྱེད་ཚོ་ཐང་ཐང་མེད་པའི་རྟགས་རེད་ལོ།