ཤར་ཕྱོགས་ཁུག་རྟ།
རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱ་རོགས།
༄༅།། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གིས་བོད་ནང་གི་བོད་མི་ཚོ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། བོད་མིའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ལྟ་བུར་བསྒྲགས་ཏེ། ཁོང་ཚོས་ལས་འགུལ་སྤེལ་ཕྱོགས་ལ་བལྟས་ནས་མ་གཏོགས་བཙན་བྱོལ་ནང་འཆར་གཞི་གང་ཡང་མེད་ཚུལ་ཆེན་པོ་རྫིག་པོ་དག་གིས་ཀྱང་གསུངས་ཚར་བ་རེད། དེ་དང་མཉམ་དུ་བོད་ནང་གི་རང་སྲེག་ལ་ཅི་གང་ལབ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་མགོ་བཙུགས་པ་དང་མཉམ་ཅལ་འདྲོགས་པ་ཁ་ཤས་འུར་ལ་རྒྱུགས་ཏེ་དེ་དེ་བཞིན་ནོ་ཞེས་ཁ་གཡུག་ཚད་ལ་བཤད་ནའང། ངས་ནི། སྐད་ཆ་འདི་རྣམས། བཀའ་གསུང་འདི་རྣམས་རྟོགས་པའི་རྣམ་དཔྱོད་མ་རྙེད་དོ། ངོས་ལེན་བྱེད་པའི་སྙིང་སྟོབས་མ་རྙེད་དོ།
ད་ནི་ཛ་དྲག་གི་སྐབས་སུ་གཞིས་ལུས་བོད་མི་ཚོ་བོད་ཀྱི་འཐབ་རྩོད་ཀྱི་དབུ་ཁྲིད་ཆགས་སྟངས་ཤིག་མེད་ལ། གཞིས་ལུས་བོད་མི་ཚོས་མེ་མདའི་ཁ་འོག་ནས་བཙན་བྱོལ་བོད་མི་ཚོ་རང་གི་དབུ་ཁྲིད་དང་ལམ་སྟོན་པ། འཐབ་རྩོད་ཀྱི་གཞི་རྩར་ངོས་འཛིན་གནང་བཞིན་པའི་རེ་བ་མཐའ་དག་ཀྱང་འཁྱོག་ན་མི་འཁྱོག་ན་འཁུར་དགོས་པ་ཞིག་ཡིན་སྟབས། ང་ཚོ་བཙན་བྱོལ་བོད་མི་ཚོ་དུས་ནམ་ཡང་ཁྱབ་བསྒྲགས་པ་ཁོ་ན་ཞིག་ཆགས་ཆོག་པའི་འོས་བབ། ལོ་རྒྱུས་དང་ཤི་གསོན་གཉིས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ། ལས་འབྲས་གང་ལ་བལྟས་ཀྱང་ཡོད་ཚོད་མི་འདུག་པས། ད་ནི་མགོ་སྲིད་སྐྱོང་ནས་བཟུང་སྟེ་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཞི་རྒོལ་སྡེབས་ལངས་འཐབ་རྩོད་བྱ་ཕྱོགས་ཀྱི་ལམ་སྟོན་འཛམ་གླིང་ཡོངས་བསྒྲགས་བྱ་རོགས། བོད་ཀྱི་བླ་ཆེན་རྣམས་ཀྱིས་ཀྱང་རང་རང་གི་དགོན་སྡེ་ཁག་ལ་དེ་བཞིན་འབོད་སྐུལ་བྱ་རོགས། བཙན་བྱོལ་དུ་འཁོད་པའི་སེར་སྐྱ་ཕོ་མོ་རྣམས་ཀྱིས་རང་རང་གི་གཉེན་ཉེ་འབྲེལ་ནས་མགོ་བཙུགས་ཏེ་བོད་ནང་དུ་འབོད་སྐུལ་བྱ་རོགས།
བཙན་བྱོལ་བོད་མི་ཚོས་ཀྱང་ལངས་ཕྱོགས་གཅིག་དང་དམིགས་འདུན་གཅིག་སྟེ་མིང་དོན་མཚུངས་པའི་རང་སྐྱོང་ཐོག་སྒྲིལ་སྟེ། བོད་ནང་གི་ད་ལྟའི་ཞི་རྒོལ་འདི་ས་ཁུལ་རྒྱ་ཁྱབ་ཅན་དང། སྒྲིག་འཛུགས་རང་བཞིན་བཅས་སུ་བསྒྱུར་རོགས་གནང། རྒྱ་ནག་གིས་ག་རེ་ལབ་ཀྱང་དབུས་སྒྲིག་འཛུགས་ནས་ལམ་སྟོན་བྱ་རོགས། རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱ་རོགས། རང་སྲེག་མཚམས་འཇོག་ཡོང་རྒྱུར་ཁ་གསལ་གཏིང་གསལ་གྱི་འབོད་སྐུལ་བྱ་རོགས། ༧གོང་ས་ཆེན་པོས་ཀྱང་ཛ་དྲག་གི་སྐབས་འདིར་རང་སྲེག་མཚམས་འཇོག་དང་ཞི་རྒོལ་སྡེབས་ལངས་ལ་རྒྱབ་སྐྱོར་གནང་རོགས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་བཙན་བྱོལ་ནས་ཀྱང་གཞིས་ལུས་བོད་མི་རྣམས་ལྟར་གཅིག་ཏུ་སྒྲིལ་རོགས། གཞིས་ལུས་བོད་མི་ཚོས་དེ་རིང་གི་རེབ་གོང་བཞིན་རྩ་ཁྲིམས་ཀྱི་འབྲུ་དོན་དང་མཐུན་པའི་བོད་ཀྱི་རང་དབང་རྩོད་རོགས། ༧གོང་ས་ཆེན་པོ་གདན་འདྲེན་ཞུ་བའི་ཞི་རྒོལ་སྡེབས་ལངས་ཀྱིས་ཆིབས་བསུ་བྱ་རོགས། བཙན་བྱོལ་དབུས་སྒྲིག་འཛུགས་ནས་འཆར་གཞི་ལྡན་པའི་ལས་འགུལ་བརྩམས་ཏེ་བཙན་བྱོལ་བོད་མི་ཚོ་གཞིས་ཆགས་ནས་སྒུལ་རོགས། ཕྱི་རྒྱལ་ཁག་ནས་སྒུལ་རོགས། གཞུང་ཚབ་ཁག་གི་སྒོ་འགྲམ་ནས་་སྒུལ་རོགས། གནམ་ཐང་ནས་སྒུལ་རོགས། སྤེལ་ཀོབ་ནས་སྒུལ་རོགས། མོན་གྷོ་ནས་སྒུལ་རོགས། རྡ་ས་ནས་སྒུལ་རོགས། གངས་སྐྱིད་ནས་སྒུལ་རོགས། ཚང་མ་སྒུལ་ཏེ་ལོངས་ཤོག ད་ལོངས་ཤོག
རང་གཞན་གཉིས་ཀྱི་སྲོག་ལ་གནོད་པའི་ཞི་རྒོལ་མ་བྱེད། བོད་ཁམས་ཡོངས་རྫོགས་་དེ་རིང་གི་རེབ་གོང་ལྟར་ལོངས་ཤོག ད་ལོངས་ཤོག
དེ་རིང་ཤར་ཁུག་གི་གཏམ་ལ་མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན།
རྩ་བའི་ཉིད་ཀྱིས་ཚོར་སྣང་ཡོད་པའི་སྒོ་ནས་སྐད་ཆ་འགའ་བཤད་ཐུབ་པར་དགའ་བསུ་ཞུ། འོན་ཀྱང་ང་ཚོས་བོད་ནང་གི་གནས་སྟངས་མི་ཤེས་པས་དེ་ནི་བཟང་དང་ངན། མཚམས་ཞོགས་དང་མ་འཇོག་སོགས་ཀྱི་ཐ་ཚིག་སྒྲོག་པ་དང་རེ་སྐུལ་གཏོང་རྒྱུའི་ཆ་རྐྱེན་ང་ཚོ་ལ་ཡོད་ནི་མ་རེད། འདི་ནི་ཁྱེད་རང་གཅིག་པུ་ལ་ལབ་པ་མིན་པར། ཨ་ཀྱཱ་རིན་པོ་ཆེ་གཙོས་ཆེན་པོ་དང་ཆུང་ངུ་། འབྲང་ཡོངས་ལ་བརྡ་ཙམ་དུ་སྦྱར་བའོ།། གལ་སྲིད་དེ་འདྲ་འབོད་སྐུལ་ཞུ་དགོས་ཚེ་༧གོང་ས་མཆོག་གིས་སྔོན་ནས་བརྒྱུད་ལམ་ཁག་གིས་བཅར་འདྲི་སྐབས་གསུངས་ཟིན་ཡོད་ངེས། དེ་ལྟར་མི་གསུངས་པར་ངས་མི་ཤེས། རླབས་ཆེན་རེད། ཐུགས་བསམ་སྐྱོ་གི་གསུངས་པ་ལ་རྒྱུ་མཚན་དང་དགོས་པ་རླབས་ཆེན་ཡོད་ངེས་པས་ཚེ་དང་ལྡན་པ་དག་གིས་དཔྱད་པར་མཛོད།
ལྷག་པར་ཉིད་ཀྱིས་ལོངས་ཤོག་ཅེས་པའི་ཐ་ཚིག་སྒྲོག་པ་འདི་ལ་ངོས་ལེན་མེད། རྒྱུ་མཚན། བོད་ནང་གི་གནས་སྟངས་དེ་ང་ཚོས་མི་ཤེས་པ་དང་། ང་ཚོས་ཕྱོགས་རེ་བ་རེ་ཚོད་དཔག་བྱ་ནུས་ཀྱང་ཡོད་ཚད་མི་ཤེས་པ་གསལ་གསལ་ཐིང་ཐིང་དུ་ངེས། རང་ཉིད་རང་དབང་ལུང་བ་ནས་བསྡད་དེ་བོད་ནང་དུ་བསྡེབས་ལོངས་བྱོས་ལབ་ན་ཕྲན་ལྟ་བུ་ཞིག་ལ་མཚོན་ན་ཁོག་ཏུ་ཤར་ཡང་ཁ་ནས་འདོན་ཐུབ་ས་མ་རེད། ང་ཚོས་འདི་ནས་ཀུ་བཏབ། མཐའ་ན་བྱིས་པ་ཆུང་ཆུང་ཚོས་ཀྱང་བྱེད་ནུས་པའི་ལས་འགུལ་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག། ཆུ་ལ་བསྐུར་ཆོག་ཆོག་རེད། བོད་ནང་ནས་དེ་འདྲ་ཞིག་བྱེད་དགོས་ན་ཚེ་སྲོག་གཏའ་མར་འཇོག་དགོས་པས་ཉིད་ཀྱིས་ལོངས་ཞེས་པའི་ཚིག་འདི་གཞིས་ལུས་སྤུན་ཟླ་སྒྲོག་པ་ན་ང་ཤ་འདར་རུས་འདར་བརྒྱབས་སོང་། རབ་ཡིན་ན་ཁ་སང་ལས་འགུལ་དེའི་ཕྱོགས་སུ་འབད་རྒྱུ་ལས་འདིའི་ཕྱོགས་ལ་བཟང་ངན་གི་སྐད་ཆ་མ་བཤད་རོགས་ཞུ། ལྷག་མེ་བསྲེགས་ཞི་བའི་ལས་འགུལ་འདི་རྒྱལ་ཁབ་གཞན་ལ་སྔར་ཡོད་མ་མྱོང་བ་དང་ཕྱིས་སུ་ཡང་འབྱུང་མི་སྲིད་པའི་བོད་མིའི་སྙིང་སྟོབས་ཤིག་དང་། ཨ་ཆད་འུ་ཐུག་གི་ཞི་བའི་ལས་འགུལ་ཐ་མ་ཡིན་པ་ཡིད་དུ་ཟུངས། གྲོགས་པོ་ལགས།
ནང་དུ་ནོར་འཕྱུག་ཡོད་སྲིད་པས་ལམ་སྟོན་དང་བགྲོ་གླེང་གནང་རྒྱུ་མཁྱེན།
སྲིད་སྐྱོང་དང་ཚོགས་པ་ཁག་གིས་འགན་འཁུར་སྣེ་ཁྲིད་ཀྱིས་ལམ་ལ་བུད་དགོས་འདུག གཞུང་དང་ཚོགས་པ་ཁག་གསར་འགོད་པ་མ་རེད། སྣེ་ཁྲིད་པ་རེད། དེཡིན་དུས་མི་མང་ལ་སྣེ་ཁྲིད་དགོས་འདུག ཕྱི་ལོག་ན་བྱེད་རྒྱུ་ཡོད་པ་མ་རེད་ཟེར་ནས་རང་ཉིད་འགེབས་ཐབས་དང་ལྷོད་བཞུགས་བྱས་ན་ལས་འབྲས་ལ་འགྲོ་གི་མ་རེད། ད་ནི་བོད་མི་ཚང་མ་ལངས་ཚད་རེད། གཞིས་ལུས་བོད་མི་རྒྱ་དམར་མེ་མདའི་སོ་ཁ་ནས་ལངས་ཐུབ་ན། ང་ཚོ་བཙན་བྱོལ་རང་དབང་ལུང་བ་ནས་ག་རེ་བྱེད་ནས་ལངས་མ་དགོས་པ་རེད། ད་བྱང་ཆུབ་སེམས་མཆོག་དང་མཆོད་འབུལ་སྨོན་ལམ་བྱས་ནས་བསྡད་ན་ངོ་ཚ་དང་ཞབས་འདྲེན་རེད་དོ།
གྲོགས་ཤར་ཕྱོགས་ཁུག་རྟས་བརྗོད་པ་དེའང་རེ་ཟུང་ཞིག་སྟོད་པའི་མཐེ་བོང་སྒྲེང་རུང་མོད། རེ་ཟུང་ཞིག་ཐལ་ཆ་ཆེ་བའི་ཕྱོགས་སུ་གཏོགས་པར་ངེས། ང་ཚོ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་སུ་ཞིག་ཡིན་ནའང་ད་ལྟའི་གནས་སྐབས་འདིར་ཁ་རོག་གེར་མ་སྡོད་པར་སྡེབ་ལངས་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་རེད། ཡིན་ནའང་། བོད་དུ་བཞུགས་པའི་ཤ་ཉེ་འབྲེལ་ལའང་སྐུལ་སློང་བྱས་ཏེ་འོས་ལངས་བྱེད་རྒྱུར་དགེ་མཐོང་བཤད་པ་དེ་དེ་བཞིན་ཡིན་པས་གཞན་བཤད་རྒྱུ་མེད། ང་ཚོ་བཙན་བྱོལ་དུ་སྡོད་པའི་བོད་མི་དག་གིས་ལས་འགུལ་ཅི་ཞིག་སྤེལ་ཡང་རང་དབང་གི་སྒོ་ནས་སྤེལ་ཆོག་ལ། རང་སྲོག་ཕངས་མེད་གཏོང་མི་དགོས་པས་བོད་ནང་གི་སྤུན་ཟླ་དག་དང་ཀུན་ནས་མི་མཚུངས་སོ། དེས་ན་གཞིས་ལུས་བོད་མི་ལ་སྐུལ་སློང་གང་ཡང་མེད་པའི་སྒོ་ནས་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ན་ང་ཚོ་བཙན་བྱོལ་བ་ཚོ་ནམ་ཡང་ཁེར་རྐྱང་མིན་པ་ཤེས་པར་གྱིས།
གྲོགས་དགེ་མཐོང་སླེབས་ནས་བསམ་ཚུལ་གསུངས་པ་དགའ། ལན་ཅིག་བྲིས་ནའང་མུན་ནག་ནང་དུ་སྐད་ཆ་བཤད་པ་འདྲ་ཞིག་མ་རེད།
༧གོང་ས་ཆེན་པོས་མ་གསུངས་པ་དེའི་རྒྱུ་མཚན་ང་ཚོས་མི་ཤེས་པ་དེ་བདེན་པ་རེད། ཡིན་ནའང། གསུངས་ན་འདི་དང་མ་གསུངས་ན་འདི་ཞེས་རྒྱུ་མཚན་སྔ་མོ་ནས་ཕེབས་ཟིན་སྟབས། དེར་འགྲེལ་ཚུལ་རང་རང་གི་བློ་སྒོ་དང་འབྲེལ་ནས་ཡོང་གི་ཡོད་སྟབས་སྣ་ཚོགས་པ་ཡིན་པ་ཆོས་ཉིད་རེད། ༧གོང་ས་ཆེན་པོས་ང་ཤི་བ་ནང་བཞིན་འདུག་གི་ཡིན། ཆབ་སྲིད་ཀྱི་འགན་མེད་ཅེས་བཀའ་ཕེབས་ཚར་བ་རེད།
གཉིས་ནས་ངས་ལོངས་ཤོག་ཟེར་བ་འདི་ཁྲིམས་མཐུན་གྱི་འབོད་སྐུལ་ཅིག་ཡིན། གཞིས་ལུས་བོད་མི་ཚོས་ལས་འགུལ་སྤེལ་དུས་རྒྱལ་ཁབ་ཁ་ཕྲལ་དང་སྤྱི་ཚོགས་བདེ་འཇགས་ལ་གཏོར་སྐྱོན། ཏཱ་ལའི་རུ་ཚོགས་དང་ངན་འབྲེལ་ཟེར་བ་བཅས་ནི་ཕུད་ཐབས་མེད་པའི་ནག་ཞྭ་གསུམ་རེད། དེ་གསུམ་གྱི་ཉེས་འགལ་རྩ་བྲལ་གྱི་ལས་འགུལ་སྤེལ་དགོས་ན་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་ཁྲིམས་སྒྲིག་ཁག་གི་འབྲུ་དོན་གནམ་མཁར་འཕྱར་རྒྱུ་ནི་ཁྲིམས་མཐུན་གྱི་ལངས་ཕྱོགས་ཤིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་གཙུག་འཛིན་བྱེད་པར་ཁས་འཆེ་བའི་ཁྲིམས་སྒྲིག་ཁག་གི་ཐོབ་ཐང་ངེས་པར་དུ་ཞི་བའི་སྡེབས་ལངས་ཀྱིས་རྩོད་དགོས་པ་དེ་ཡིན། དེ་ལ་ཧ་ལས་ཧང་སངས་དགོས་དོན་གཅིག་ཀྱང་མེད།
ཡང་ཅིག་བཤད་ན། རྒྱ་ནག་གཞུང་གིས་འབོད་སྐུལ་བྱས་འདུག་ཅེས་ནག་འགལ་བྱེད་ས་ཁྱོན་ནས་མི་འགྲོ དེ་ནི་ཁ་ཕྲལ་མིན་པའི་རྒྱ་ནག་གི་ཁྲིམས་མཐུན་གྱི་ཞི་རྒོལ་སྡེབས་ཀྱིས་ལངས་སྟངས་ཤིག་ཡིན།
ཤར་ཁུག་གིས་བཤད་པ་དེ་བདེན་ངོ་མ་སྡེབ་ལོངས་ལབ་ཡག་དེ་ཤིན་ཏུ་རན།མ་ཚད་དེ་རིང་
རྩོམ་དེའི་བརྗོད་དོན་ལ་ཞིག་ན་བཤད་ཚད་བདེན་པ་འདུག་སྤྱིར་ཏང་ལོངས་ཞེས་པ་དེ་ཚེ་
སྲོག་གཏའ་མ་བཞག་དགོས་ཀྱང་སྡེབ་ལོངས་ནི་དེ་ཙམ་གྱི་ཉན་ཁའི་གནས་ཤིག་མ་ཡིན་
པར་འདོད། གལ་ཏེ་ཡིན་ཀྱང་རང་སྲེག་ལས་ཡག་པར་ཚོར།
དྲ་འབུ་བསོད་ནམས་ཀྱི་བཤད་སྟངས་དེ་ཅུང་ཐལ་ཆ་ཆེ་འདུག མཆོད་འབུལ་སྨོན་ལམ་དང་བསྔོ་བ་སྨོན་ལམ་འདིས་རྒྱུ་མཚན་རང་གི་ཐོག་ནས་ཤི་གསོན་གཉིས་ཀྱི་སེམས་རྩ་དྲོ་བར་བྱེད་ཅིང། སེམས་རྩ་དྲོ་བ་དེའང་དུས་ཡུན་ཐུང་ཐུང་མིན་པར་ཡུན་རིང་སེམས་སུ་གནས་པས། འདིས་ཆོས་སྲིད་གང་ཐད་ནས་ཕན་ཐོག་ཆེ་བ་མཐོང་གསལ་རེད་འདོད།
ལོངས་ཤོག་ཟེར་བ་གནད་དོན་མི་ནའང་། ལངས་དགོས་པ་གནད་དོན་རེད་ལ་གནས་ལུགས་ཀྱང་རེད། དཀའ་བའི་ལས་མ་བྱས་ན། འདོད་པའི་དོན་མི་འགྲུབ། བླ་སྲོག་ལ་མ་ཐུག་པར་དོན་ཆེན་འགྲུབ་མི་སྲིད། ལངས་མཁན་ཚོ་ལངས་ནས་རང་ཉིད་མཚོན་པ་བྱེད་དགོས། ཤི་མཁན་ཚོ་ཤི་ནས་རང་ཉིད་མཚོན་པ་བྱེད། མཐར་བོད་ཅེས་པའི་མི་རིགས་དེ་མཚོན་པར་བྱེད་དགོས།
རྒྱ་བོད་གཉིས་ཀྱི་འཐབ་རྩོད་ཞི་འཇགས་གཏོང་བའི་ལས་འགན་འཛམ་གླིང་མི་དམངས་ལ་ཤེས་སུ་བཅུག་ནས་ཕྲག་ལ་འགེལ་དགོས། ལྷག་པར་དུ་རང་དབང་དང་ཞི་བདེ། འགྲོ་མིའི་ཐོབ་ཐང་བ་ཚོས་གཏང་སྙོམས་སུ་འཇོག་མི་ཤེས་པའི་མཐའ་ལ་བསྐྱལ་དགོས། དེ་ནི་ང་ཚོའི་ལས་འགན་ནོ།། ད་ཅིས་ཀྱང་ལངས་དགོས་པ་གནས་ལུགས་རེད། བྱོལ་དང་གཡོལ་མི་འོས་སོ།།
གུང་བྲན་ཏང་གི་འོག་ན་མི་རིགས་ང་དྲུག་ཡོད་པ་ལས་བོད་པ་ཚང་མགོ་འབུར་གི་ཡོད་པ་འདི་གཞིས་བྱེས་གཉིས་ནས་ཤུགས་པའི་གྲུབ་འབྲས་རེད་མ་གཏོགས། ཡུ་གར་མི་རིགས་ལ་ས་ཡ་བཅུ་ལྷག་ཡོད་རེད། ཁོ་ཚོ་ཇི་ལྟར་ལངས་མ་ཐུབ་པ་དང་ལངས་ཀྱང་ནུས་པ་མ་ཐོན་པ་རེད། ང་ཚོ་བཙན་བྱོལ་ན་ཡོད་པ་དག་གིས་ད་ལྟའི་འདི་ལས་ལྷག་ཅིག་ལས་རྒྱུ་ཅང་ཡོད་ནི་མ་རེད། གལ་སྲིད་ལམ་སྟོན་གསར་བ་ལག་ལེན་བསྟར་ནུས་པ་རེད་ཡོད་ན་གསུངས་རྐྱང་བྱོས་ང་ཚོས་ཐུན་མོང་གིས་བཀའ་སྤྱི་ལ་སྙན་ཞུ་འབུལ། ལྷག་ཁོར་ཡུག་དང་མཐུན་པའི་ལས་འགུལ་སྤེལ་དགོས་པ་ཤེས་རྒྱུ་གལ་ཆེ། ང་ཚོས་ཚང་མས་བློ་མ་བདེ་བ་དང་གཞིས་ལུས་སྤུན་ཟླ་ཚོ་བསམ་པ་རེད། འོན་ཀྱང་ཚོར་བའི་དབང་དུ་སོང་སྟེ་ཕྱིར་འཁོར་ནས་བཙན་བྱོལ་ལ་ཚོགས་གཏམ་གཏོང་བ་འདི་མི་འོས་ཤིང་མི་འཚམ་བ་ཞིག་ཏུ་ཚོར། ཁྱེད་དང་ལྟ་ཚུལ་མ་མཐུན་པས་ཁ་ཐུག་ཞུས་པར་ཁྲོ་མི་ཉན་ལགས། བསོད་ནམས་ལགས་སུ།
ལྷག་པར་བྱང་ཆུབ་སེམས་མཆོག་ནི་དང་ད་ལྟའི་དུས་སུ་གན་ངྷིའི་ལྟ་གྲུབ་ལས་མཆོག་ཏུ་གྱུར་བ་དང་། ལྟ་གྲུབ་དེ་གཙོ་བོར་ཐུགས་ལ་འཛིན་༧གོང་ས་མཆོག་གི་ཉེ་སྔོན་ཞི་བདེའི་ཚོགས་པའི་དེད་དཔོན་དུ་བཞག་པ་ཡང་དེ་རེད། དེའི་ནུས་ཤུགས་ལས་རྒྱ་ནག་གིས་ལག་འགུལ་མ་ཐུབ་པར་ལྷག་བསྡད་པ་མ་གཏོགས། དྲག་པའི་ལས་ལ་ཞུགས་དང་ཁ་ཐུག་ང་ཚོས་དུག་སྦྲེང་གསོད་སྟངས་ལྟ་བུར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གསོད་ངེས་རེད། སྐབས་དེར་དྲག་སྤྱོད་པ་ཞེས་པའི་མིང་འདིའི་འོག་ནས་རྒྱ་ནག་གི་གཞིས་ལུས་སྤུན་ཟླ་ཚོ་རྩ་མེད་དུ་གཏོང་རྒྱུ་གཏན་འཁེལ་བ་རེད། འདིའི་ཐད་ནས་ཐུགས་བསམ་རེ་བཞེས་རྒྱུའི་རེ་སྐུལ་ཞུ་རྒྱུ་དང་། ག་དུས་ཡིན་ན་ཚོར་བ་གློ་བུར་བའི་དབང་དུ་འགྲོ་མི་ཉན་ལགས།
གོང་དུ་ཡིག་ནོར་དང་གཏགས་ནོར་མང་བོ་ཤོར་འདུག་མོད། བཅོས་རྒྱུའི་དུས་ཚོད་མ་བྱུང་བས་དགོངས་སེལ་དང་ལྷན་དུ་རང་ཤག་ནས་གཉིད་དུ་ཞུགས།
ཕྲན་གྱིས་བསམ་ཚུལ་ལ།ཤར་ཁུག་གི་བསམ་ཚུལ་དེ་རྒྱབ་སྐྱོར་བྱེད་འདོད་ཡོད།ཕྱོགས་གཅིག་ནས་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་ཡང་གཞན་ཞིག་ཏུ་བསྒྱུར་ཐབས་རེད་བསམ།དེ་མིན་༧གོང་ས༧་མཆོག་གིས་གསུངས་མ་སོང་ཟེར་ནས་བཀའ་སྤྱིས་གསལ་ཁ་མེད་པ་ཞིག་གིས་གསུངས་བསྡད་ཚེ།ངོ་མ་ད་རུང་མུ་མཐུད་ནས་འབར་ངེས་རེད། འདིའི་ཕྱོགས་དྲ་གྲོགས་མང་པོས་བསམ་ཚུལ་གླེང་སློང་འདྲ་མིན་བྱུང་སོང་། ཡིན་ཡང་ལམ་སྟོན་འདི་རེད་ཟེར་བ་ཞིག་མེད་པར་ནམ་ཡིན་ཡང་ང་ཚོས་ནང་ཁུལ་ནས་ཁ་རྩོད་རྒྱབ་སྟེ་བསྡད་པ་ལས།བློ་གནད་ལ་བབ་ནས་བསམ་ཚུལ་གསུང་རྒྱུ་གལ་ཆེ། འོན་ཏེ་ང་ཚོ་དྲ་གྲོགས་ཚང་མས་བོད་ཀྱི་དཔའ་བོད་ང་དཔའ་མོ་ཚོའི་ཚེ་སྲོག་དང་ནང་མི་སོགས་ཀྱི་སྡུག་བསྔལ་ལ་མ་བཟོད་པས་རེད། ཁ་སང་ནས་མེ་སྲེག་མཚམས་འཇོག་གི་འབོད་སྐུལ་ཞུ་དགོས་ཀྱི་བསམ་ཚུལ་ཁ་ཤས་སླེབས་སོང་བས་ཚང་མས་སེམས་ནས་མ་བཟོད་པས་བསམ་ཚུལ་རེ་བཤད་པ་ང་ཚོ་ཡོངས་ཀྱིས་ཐུགས་ལ་འཇགས་པར་ཞུ། ཁ་ཤས་ཀྱིས་ཚོར་བ་རང་སྟེང་ལ་དཔག་ནས་ཡང་བཤད་འདུག་པས་ངོ་མ་སེམས་ནས་མ་བཟོད་པར་བཤད་པ་གསལ་བོ་རེད་བསམ་སོང་།གང་ལྟར་ང་ཚོ་ཆ་ཚང་གིས་བསམ་གཞིགས་རེ་བྱེད་ཐུབ་ན་བློ་རིག་སྒྲིམ་རན་རེད་ཞུ་རྒྱུ་ཡིན།
རང་སྲེག་འདིས་མཇུག་འབྲས་སུའི་མཐོང་དགོས་སམ་གལ་ཏེ་འཛམ་གླིང་སྟངས་འཛིན་
མཁན་འགའི་མིག་ལམ་དུ་འགྱུར་དགོས་ན་རྒྱ་ནག་ཁོ་རང་གི་ཉེས་མིང་དེ་ཡང་ད་ག་རང་རེད།
དེ་མིན་རྒྱ་ནག་གཅིག་པུའི་སྙིང་རྗེ་ལ་རེ་བ་བརྒྱབ་ས་ནི་དཀའ་ཁག་ཆེ་མོད།
ཤར་ཁུག་ལགས། ཡིག་ཐོག་ལ་གང་འབྲི་ན་མནོ་བསམ་སྔོན་དུ་གཏོང་རྒྱུ་གལ་ཆེན་རེད། གལ་སྲིད་རྒྱ་དམར་དྲག་གཞུང་ནས། <>ཅེས་ཁྱིའི་མིང་ལ་སེང་གེ་འདོགས་ཞོར་ཁྱོད་ཀྱི་བྲིས་པའི་ཡིག་ཕྲེང་རྡོག་མ་དེ་ཚོ་བཏོན་ཡོང་ན་ཁྱོད་ཀྱིས་ལན་ཅི་འདྲ་ཞིག་ལྡོན་ཐུབ།
གོང་དུ་དྲ་གྲོགས་ཤིག་ནས་༼གཞིས་ལུས་བོད་མི་རྒྱ་དམར་མེ་མདའི་སོ་ཁ་ནས་ལངས་ཐུབ་ན། ང་ཚོ་བཙན་བྱོལ་རང་དབང་ལུང་བ་ནས་ག་རེ་བྱེད་ནས་ལངས་མ་དགོས་པ་རེད། ད་བྱང་ཆུབ་སེམས་མཆོག་དང་མཆོད་འབུལ་སྨོན་ལམ་བྱས་ནས་བསྡད་ན་ངོ་ཚ་དང་ཞབས་འདྲེན་རེད་དོ།རང་ཉིད་རང་དབང་ལུང་བ་ནས་བསྡད་དེ་བོད་ནང་དུ་བསྡེབས་ལོངས་བྱོས་ལབ་ན་ཕྲན་ལྟ་བུ་ཞིག་ལ་མཚོན་ན་ཁོག་ཏུ་ཤར་ཡང་ཁ་ནས་འདོན་ཐུབ་ས་མ་རེད། ང་ཚོས་འདི་ནས་ཀུ་བཏབ། མཐའ་ན་བྱིས་པ་ཆུང་ཆུང་ཚོས་ཀྱང་བྱེད་ནུས་པའི་ལས་འགུལ་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག། ཆུ་ལ་བསྐུར་ཆོག་ཆོག་རེད། བོད་ནང་ནས་དེ་འདྲ་ཞིག་བྱེད་དགོས་ན་ཚེ་སྲོག་གཏའ་མར་འཇོག་དགོས་པས་ཉིད་ཀྱིས་ལོངས་ཞེས་པའི་ཚིག་འདི་གཞིས་ལུས་སྤུན་ཟླ་སྒྲོག་པ་ན་ང་ཤ་འདར་རུས་འདར་བརྒྱབས་སོང་། རབ་ཡིན་ན་ཁ་སང་ལས་འགུལ་དེའི་ཕྱོགས་སུ་འབད་རྒྱུ་ལས་འདིའི་ཕྱོགས་ལ་བཟང་ངན་གི་སྐད་ཆ་མ་བཤད་རོགས་ཞུ། ༽འདི་དང་༼གཞིས་ལུས་བོད་མི་རྒྱ་དམར་མེ་མདའི་སོ་ཁ་ནས་ལངས་ཐུབ་ན། ང་ཚོ་བཙན་བྱོལ་རང་དབང་ལུང་བ་ནས་ག་རེ་བྱེད་ནས་ལངས་མ་དགོས་པ་རེད། ད་བྱང་ཆུབ་སེམས་མཆོག་དང་མཆོད་འབུལ་སྨོན་ལམ་བྱས་ནས་བསྡད་ན་ངོ་ཚ་དང་ཞབས་འདྲེན་རེད་དོ།༽འདི་བདེན་ལུགས་ཅུང་འདུག
༧རྒྱལ་བ་རིན་པོ་ཆེས་ང་ཚོ་བོད་ནང་གི་མི་མང་ཚོའི་དཔོན་པོ་མ་རེད། མགྲིན་ཚབ་པ་རེད་ཟེར་བ་དེའི་དོན་གནད་ཧ་གོ་བ་གྱིས། ང་ཚོ་བོད་ནང་གི་མི་མང་ལ་བཀའ་བཀོད་འཐེན་མཁན་དུ་ནམ་ཆགས་པ་ཡིན་ན་རྒྱལ་མིའི་བཙན་བྱོལ་བོད་གཞུང་ལ་ཡ་ལ་དཀྲི་བཞིན་པ་དེའང་ཡ་ལ་ཞིག་ཆགས་རྒྱུ་མིན་པར་དེའི་འགན་ང་ཚོའི་མགོ་སྟེང་དུ་ལྟིག་སེ་ལྷུང་གི་རེད།
བོད་རང་སྐྱོང་ལྗོངས་དང་ཟི་ཁྲོན་གཉིས་ནང་ཡིན་ན་སྡེབ་ལངས་བྱས་ན་སྡེབས་གསོད་བྱས་པའི་བྱས་ཉེས་བསགས་ཡོད་ཡོད་པ་ལྟར་རེད། མཚོ་སྔོན་ལ་བལྟ་རྒྱུ་རེད། སྡེབ་གསོད་བྱེད་མིན་ད་རུང་བཤད་ཁག་པོ་རེད། ད་བར་གྱི་ལས་འགུལ་ཚང་མའི་ནང་གི་གོ་ཆོད་ཤོས་དང་རྒྱུན་རིང་ཤོས་དེ་གཅིག་ཤི་གཉིས་ཤི་བྱེད་པ་འདིས་ཆོད་ཡོད་པར་འདོད།
མི་དྲུག་ཅུ་ལྷག་ཅིག་གིས་རང་ལུས་མེར་བསྲེག་ཟིན་པ་རེད། བོད་ཕྱི་ནང་གཉིས་ཀའི་མི་མང་ཚང་མའི་སེམས་འགུལ་ཐེབས་པ་ཞིག་བཟོས་ཡོད། མེར་བསྲེགས་ཚུལ་རེ་རེ་ཐོས་དུས་ང་དང་ཁྱོད་ཚོ་ཚུད་པའི་བོད་མི་རེ་རེ་བཞིན་དུ་སེམས་ལ་ན་ཚ་བཟོ་ཐུབ་པ་དེ་འཐབ་རྩོད་ཀྱི་སྣེ་ཁྲིད་ཐུབ་པའི་དཔང་རྟགས་ཡིན།
རྒྱ་དམར་གཞུང་གིས་ཀྱང་བོད་ནང་ལ་༡༩༨༠ཚུན་ནས་ད་ལོ་ནི་ཆེས་དམ་དྲག་ཆེ་ཤོས་ཤིག་བཟོས་ཡོད། ལྷག་པར་ཡང་ལས་འགུལ་ཆེན་མོ་འདིའི་སྔོན་དུ་རྒྱ་མི་མང་ཕལ་མོ་ཆེས་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་ཀྱི་ནང་ན་བོད་རིགས་ཟེར་བ་ཞིག་ཡོད་པར་ཡང་ཤེས་ཀྱིན་མེད། དེང་དུས་སུ་རྒྱ་རིགས་མི་མང་གིས་ཀྱང་ས་ཁུལ་འདི་དག་བོད་རིགས་ལ་དབང་བ་ངོས་ཟིན་པའི་མགོ་ཚུགས་བཞིན་ཡོད། རྒྱ་ང་གཞུང་གིས་དམ་དྲག་བྱ་ཡུལ་ཡུལ་སྡེ་འདི་དག་ལ་ཁ་གཏད་ཡོད། དེ་ཡག་ལྟས་ཤིག་ཡིན།
ང་ཚོའི་ལས་འགུལ་འདིས་ནུབ་ཕྱོགས་ཡུལ་ལུང་ཁག་གི་སྲིད་གཞུང་ཚོ་འགུལ་སྐྱོད་རྒྱག་མ་ཐུབ་ཀྱང་ཆོག ཚོང་ལས་སྡེ་ཁག་ཆེན་པོ་ཚོ་ང་ཚོ་དང་མཉམ་ཞུགས་མ་བྱས་ཀྱང་ཆོག ང་ཚོའི་འཐབ་རྩོད་འདིས་བོད་མི་མང་གི་སེམས་ཁམས་འགུལ་ཐུབ་ཀྱིན་ཡོད། རྒྱ་ནག་མི་མང་གིས་སེམས་ཁམས་འགུལ་ཐུབ་ཀྱིན་ཡོད། འཛམ་གླིང་མི་མང་གི་སེམས་ཁམས་འགུལ་ཐུབ་ཀྱིན་ཡོད།
འདི་མི་རིགས་ཤིག་དང་ཡུལ་ལུང་ཞིག་གི་ལོ་རྒྱུས་རང་བཞིན་ཅན་གྱི་འཐབ་རྩོད་རེད། ལོ་གཅིག་དང་གཉིས་ཀྱི་ཚུན་ལ་ལྟ་བའི་མིག་རྒྱང་མ་གཏོགས་མེད་མཁན་ཚོས་འདིའི་རླབས་ཆེན་རང་བཞིན་མཐོང་མི་ནུས་པ་བདེན།
དགེ་མཐོང་ལགས་དང་མགོན་པོ་ཕྱག་གཉིས་པ་ལགས་ཀྱི་དགོངས་ཚུལ་དེ་དག་རྣ་ལ་འགྲོ་པོ་དང་སེམས་ལ་འབབས་པོ་བྱུང་། རང་ལུས་མེ་ལ་གཏོང་བའི་རླབས་ཆེན་གྱི་སྤྱོད་པ་འདི་སྤེལ་དགོས་ཅེས་བརྗོད་དབང་ས་ཐོག་འདི་ན་མི་སུ་གང་ཞིག་ལ་མེད། རྒྱུ་མཚན་ནི་ཚེ་སྲོག་སྐྱེས་པ་ནས་བཟུང་རང་ཉིད་ལ་དག་པ་ཡིན། ཡིན་ན་ཡང་ད་བར་དུ། སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་སྒྲོག་ས། སྙིང་རྗེའི་ལྷ་སྤྱན་རས་གཟིགས་གཙུག་ཏུ་བཀུར་སའི་གངས་རིའི་ལྗོངས་སུ་དཔའ་བོ་དཔའ་མོ་དེ་ཙམ་མང་བ་ཞིག་གིས་རང་སྲོག་དེ་ལྟར་བློས་བཏང་བྱས་པ་རེད། དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ཞིག་གི་ཐོག་ནས་རང་གི་ཚེ་སྲོག་མི་རིགས་འདིའི་ཆེད་དུ་བཏང་བ་རེད། ང་ཚོ་ལ་ཤ་ཚ་ཡོད་པའི་དབང་གིས་དེ་ལྟ་བུའི་སྡུག་བསྔལ་རང་གི་སྤུན་ཟླ་ཚོའི་ལུས་ཐོག་ན་མ་རེག་ན་བསམ་པ་དེ་འབྱུང་གི་འདུག བྱུང་ཀྱང་ད་བར་དུ་གཅིག་གཉིས་ཙམ་ལས་མེད་ན་དྲན་པ་དེ་རེད། འོན་ཀྱང་ང་ཚོས་ཚོར་བ་ཁོ་ནའི་རྗེས་སུ་མ་འབྲངས་པར་བློ་དཔྱོད་པར་འཇུག་པ་ཡིན་ན། མི་རིགས་ཀྱི་རང་དབང་འཐབ་རྩོད་ནང་འགྲོ་སོན་ཆུང་ཙམ་ཐོག་ནས་འབྲས་བུ་ཆེན་པོ་ཞིག་ཐོབ་ཐུབ་པ་བྱུང་བ་ནི་དེ་རིང་གི་སྤུན་ཟླ་དེ་ཚོའི་གཏོང་ཕོད་ལས་བྱུང་བ་རེད། ཁོང་ཚོའི་གཏོང་ཕོད་དེ་དག་གིས་ང་ཚོའི་འཐབ་རྩོད་ཀྱི་དབུགས་རྒྱུན་མ་མཐར་ཡང་ལོ་བརྒྱ་ཕྲག་འགའ་ཤས་རིང་དུ་བཏང་ཡོད་པ་ཡིན། ད་ལྟའི་དུས་ནང་བཞིན་བོད་མིའི་སེམས་པ་རྡོག་གཅིག་ཏུ་སྒྲིལ་བ་ཉེ་རབས་ལོ་རྒྱུས་ནང་རྙེད་དཀའ་ཚོད་རེད། དེ་ལས་གཞན་པའི་འབྲས་བུ་གང་གང་ཡོད་པ་ང་ལས་རྣམ་པ་ཚོས་མཁྱེན་མང་བར་བསམ། རྒྱ་ནག་བ་མང་པོས་མང་གཙོ་དང་། ས་ཞིང་། སྤྱི་དམངས་ཐོ་ཐང་སོགས་རྩོད་བཞིན་པ་དང་། ཡུ་གུར་བས་རང་བཙན་རྩོད་བཞིན་པ། ནང་སོག་བ་ཚོས་ཁོང་ཚོའི་ཐོབ་ཐང་རྩོད་བཞིན་པ་སོགས་རྒྱ་དམར་གྱི་སྲིད་ཇུས་རྩོད་ལྡན་གྱང་ལ་བཀར་བའི་ཁྱི་རྒན་བྲོས་ས་མེད་ནས་ཁ་ཚུར་སློག་ནས་མཆེ་བ་གཙིགས་བཞིན་པའི་སྐབས་འདིར། བོད་པ་ཚོས་སྡེབས་ལངས་ཆེན་པོ་བྱས་ན་བོད་མི་མང་པོ་ཞིག་གི་སྲོག་ཤོར་བ་ལས་ཕན་པ་ཆེན་པོ་ཡོང་བ་མཐོང་གི་མི་འདུག ཡིན་ན་ཡང་བོད་མི་ཡོངས་སྡེབས་ལངས་བྱེད་དགོས་པའི་དུས་དང་སྐབས་རན་པ་ཤིག་མི་རིང་བར་འབྱུང་ངེས་པས་སྟོབས་ཤུགས་ཅུང་ཙམ་གསོག་ནས་སྡོད་རྒྱུ་ཡང་སྐབས་རེར་གལ་ཆེན་པོ་རེད་སྙམ།
སྤོབས་པ་མཐའ་ཡས་མིང་ཅན་ལགས།
བོད་པ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་བོད་མི་སུས་རླབས་ཆེན་མཐོང་མི་འདུག
མི་དྲང་མོ་རིགས་མདུང་མགོ་མ་ཕུད།སེམས་ཁུར་དང་སྙིང་རྗེ་མེད་པའི་སྐད་ཆ་མ་བཤད།བསམ་བློ་རྒྱ་ཆེ་མདོག་མ་སྟོན། ཁྱོད་ལྟ་བུའི་ནང་མིའི་ཐོག་བབ་ན་ཤེས་ཀྱི་ཡོད་ཀྱི་རེད་པ།ཁྱོས་བཤད་ཚུལ་ལ་བལྟས་ན་ཁྱེད་ཀྱི་ས་ཁུལ་ཙམ་ལ་ཡང་མེ་ལྕེ་སླེབས་མེད་པ་འདྲ།
སྤོབས་པ་མཐའ་ཡས་ལགས་ཀྱི་དགོངས་ཚུལ་དེ་དག་ལ་རྒྱབ་སྐྱོར་ཡོད། ངས་གོང་གི་མཆན་དེ་འདེབས་བཞིན་པའི་སྐབས་སུ་ཁོང་གི་མཆན་བབས་ཚར།
ཤེར་ཁུག་ལགས། བོད་ནང་གི་བོད་མིས་མི་ལོ་ལྔ་བཅུ་ང་བཞི་ལྷག་གི་རང་ལ་བཙན་བྱོལ་བ་དང་ཨ་རི་བ། ཡོ་རོབ་པ། རྒྱ་དཔོན་སོགས་ཀྱི་སྐད་ཆ་རྐྱང་བཤད་པའི་ནུས་ཤུགས་ཙམ་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་རེ་ལ་རེ་ནས་དུས་ད་བར་དུ་ཕྱིན་པ་རེད། འདི་དག་གིས་བོད་མི་རིགས་ལ་སྤྲད་པའི་བདེ་སྐྱིད་ཀྱི་ཉི་མ་ཞིག་སུ་ལ་ཤར་སོང་།
ད་ནི་བོད་ནང་གི་བོད་མིས་རེ་བ་འདི་ཚོ་ལ་རེ་ནས་འདུག་ཐབས་མེད་པའི་སྲིད་ཇུས་ངན་པ་དེ་ལ་རང་སྲོག་འབེན་ལ་མ་བཞག་ན་ཡོང་ཐབས་མེད་པ་ཞིག་ཡིན་པའི་དངོས་མྱོང་གི་གོ་རྟོག་འདིས་གཅིག་རྗེས་གཉིས་འཇུག་གི་འཐབ་རྩོད་འདི་ལ་ཁྱོ་འདྲ་བའི་མི་བུ་ཞིག་གིས་ལང་ཕྱོགས་ཡོད་སའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོ་ལ་འདི་དང་འདི་མ་བྱེད་ཟེར་སའི་ཁ་ཕོ་འཐེན་པའི་ཐོབ་ཐང་རྩ་བ་ཉིད་ནས་མེད།
ཁྱོས་ཁྱོད་ཤེས་རྒྱ་ཅན་དང་ནུས་ཤུགས་ཅན་ཞིག་ཡིན་པར་འདོད་ན་བཙན་བྱོལ་ནང་ན་ལང་ཕྱོགས་ལོག་པའི་མི་བུ་འདི་དག་གི་དབུ་ཁྲིད་དེ་་ཤི་མི་ཐུབ་ན་ཡང་། ཁྱོས་བཤད་བཞིན་པའི་སྡེབས་ལང་བྱོས་དང་། བྱེད་ཐུབ་པ་བྱོས་དང་། བོད་མི་ཡིན་པ་གཅིག་པ་རེད། བོད་ཡུལ་དགོས་པ་གཅིག་པ་རེད། དེ་མིན་འཁོར་ཡུག་བདེ་ས་ཞིག་ནས་ཤེས་མདོག་དང་ཤ་ཚ་མདོག། འགན་ཡོད་མདོག་གི་མི་ཆོས་རྫུན་མ་དེ་ཚོ་ཉུང་ན་བཟང་། ཁྱོའི་སྐད་ཆ་འདི་ཚོ་བོད་ནང་ལ་དགོས་དོན་མི་འདུག།
བོད་ནང་གི་བོད་མིས་རྔ་ལ་དབྱུག་པས་ཅི་ལྟར་རྡུང་དགོས་ན། ཅི་བྱས་རྡུང་དགོས་ན། གང་དུ་རྡུང་དགོས་ན། ག་དུས་རྡུང་དགོས་ན། རྡུང་རྐྱང་ཡིན་པས། ཤར་ཁུག་ཁྱོད་བདེ་ས་ཞིག་ནས་ཁ་མ་གྲག་པར་བདེ་བར་བཞུགས་ཤོག།
ཤར་ཕྱོགས་ཁུག་རྟས་རང་མདོག་ངོམ་བསྟན་ཡོང་གི་འདུག མིང་འདི་ཐོག་མར་མཐོང་དུས་ནས་རྣ་རྟོག་ཟ་སོང་ལ་དེ་ལུགས་ཀྱི་ཟློག་སྦྱོར་འགའ་ཡང་བྱས་པ་ཡིན། རྒྱུ་མཚན་ནི་ཁུག་རྟ་ཞེས་པའི་མིང་འདོགས་འདི་
ར་ཤའི་ར་དམར་བོའི་དབང་བསྒྱུར་གྱི་མཚོན་དོན་དང་དེ་ནས་བྱུང་བའི་ལྟ་གྲུབ་དེའི་མཚོན་དོན་གྱི་མིང་འདོགས་རང་རེད།དེ་ལྟ་བའི་ལྟ་གྲུབ་ཀྱི་བག་ཆགས་ཡོད་པའི་མིའི་ད་གཟོད་མིང་འདོགས་འདི་འདྲ་བེད་སྤྱོད་བྱེད་པར་འངྱུར་བ་ནི།ཇི་སྐད་དུ་གང་ལ་ཞེན་ན་དེ་ལ་གོམས་ཞེས་པ་ལྟར་གྱུར་མི་འདུག་གམ། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གིས་བོད་ནང་གི་བོད་མི་ཚོ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། བོད་མིའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ལྟ་བུར་བསྒྲགས་ཏེ། ཁོང་ཚོས་ལས་འགུལ་སྤེལ་ཕྱོགས་ལ་བལྟས་ནས་མ་གཏོགས་བཙན་བྱོལ་ནང་འཆར་གཞི་གང་ཡང་མེད་ཚུལ་ཆེན་པོ་རྫིག་པོ་དག་གིས་ཀྱང་གསུངས་ཚར་བ་རེད། དེ་དང་མཉམ་དུ་བོད་ནང་གི་རང་སྲེག་ལ་ཅི་གང་ལབ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་མགོ་བཙུགས་པ་དང་མཉམ་ཅལ་འདྲོགས་པ་ཁ་ཤས་འུར་ལ་རྒྱུགས་ཏེ་དེ་དེ་བཞིན་ནོ་ཞེས་ཁ་གཡུག་ཚད་ལ་བཤད་ནའང། ངས་ནི། སྐད་ཆ་འདི་རྣམས། བཀའ་གསུང་འདི་རྣམས་གཏན་ནས་ཁས་མི་ལེན་ནོ།།ཞེས་པ་འདིའི་ནང་གི་ཆེན་པོ་རྫིག་པོ་ཟེར་བ་འདི་སུ་ལ་གོ་དགོས།ཀླུ་མཁར་བྱམས་ཀྱིས་ཀྱང་འདི་ལྟ་བུ་ལབ་ཡོད་པ་མ་རེད།སྐབས་དེར་ཀླ་མཁར་བྱམས་ཐ་ཤལ་གྱི་གྲས་སུ་བསྒྲགས་མཁན་གྱི་དྲིལ་བསྒྲགས་འགན་འཛིན་ཤར་ཁུག་འདི་རེད།མི་འདིའི་གྲས་གྲལ་འགོར་འདྲེན་པ་ནི་ཟམ་གདོང་བླ་མ་ཁྱེད་རང་ནོར་གི་ཡོད་པ་རེད་གདའ། མི་འདིའི་གྲས་དང་རྒྱང་ཐག་ཡོད་ན་ལེགས།
ཤར་ཕྱོགས་ཁུག་རྟ་འུར་མ་ལངས་དང་རྒྱ་དམར་གྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་སྔོན་བརྡ་དང་གྲ་སྒྲིག་གི་བསམ་བློ་འཁོར་གི་འདུག བྱས་ཙང་དབུ་མའི་ལམ་གྱི་སྐྱབས་ཡུལ་དམ་པར་གྱུར་བའི་རྒྱ་ནག་གི་རྩ་ཁྲིམས་འགྱུར་བྲོ་མེད་འགྲོ་བསམ་བསམ་འདུག གལ་སྲིད་འགྱུར་བ་ཡིན་ན་གྲངས་ཉུང་མི་རིགས་ལ་ཁེ་ཕན་ཡོད་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཁག་པོ་རེད། བྱས་ཙང་རྒྱ་ནག་གི་རྩ་ཁྲིམས་ལ་སྙིང་བཅོལ་རྒྱུ་མང་དྲགས་ན་ཉེན་ཁ་ཞིག་འཕྲད་ཀྱི་ཡོད་ཚོར་གྱི་འདུག་གམ། དེ་ལས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་ན་ཡག་པོ་མེད་འགྲོ། དེ་མིན་ཁྱེད་ཚོས་རྒྱ་ནག་གི་རྩ་ཁྲིམས་ཟེར་ནས་འུར་མང་པོ་བརྒྱག་གི་ཡོད་པ་རེད། བྱས་ཙང་རྒྱ་གིས་རྩ་ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་བསམ་བློ་འཁོར་གི་ཡོད་པ་རེད། དེ་དུས་ཁྱེད་ཚོས་རྩ་ཁྲིམས་རྙིང་བའི་ནང་གི་ཐོབ་ཐང་དགོས་ཟེར་ནས་རྩོད་རྒྱུ་ཡིན་ནམ། ཡིན་ན་རྩ་ཁྲིམས་ལ་འགྱུར་བ་གཏོང་ཆོག་གི་མེད་ལབ་ཀི་ཡིན་ནམ། ཡང་ན་འགྱུར་བ་འགྲོ་ལ་ཉེ་བའི་རྒྱ་ནག་གི་རྩ་ཁྲིམས་གསར་བའི་ནང་དོན་བོད་ལ་ཁེ་ཕན་ཡོད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་དམ།
༧རྒྱལ་བ་རིན་པོ་ཆེ་རྒན་ཡོལ་ཕེབས་ཟིན་པས་མུ་མཐུད་ཆབ་སྲིད་ཀྱི་སྐད་ཆ་འདྲ་མིན་བཤད་ནས་ཐུགས་སུན་མ་བཟོས་ན་ག་འདྲ་འདུག་གམ། སྔར་ལོ་ནས་ཁོང་བོད་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་བ་གནད་ཡོད་ཅིག་ཡིན་པ་ལས་འདི་བྱོས་དང་དེ་མ་བྱེད་ཅེས་སྣེ་ཁྲིད་མཁན་དབུ་ཁྲིད་མ་ཡིན་པ་ཤེས་པར་གྱིས། ༧རྒྱལ་བ་རིན་པོ་ཆེ་ལ་ཐུགས་སུན་དང་ཁོང་གི་མཚན་མཆོག་མ་བགྲང་བར་རང་ཉིད་ཀྱི་ངོས་ནས་གནས་ལུགས་རྒྱུ་མཚན་ཡོད་པའི་རྩོམ་ཡིག་སྤེལ་རྒྱུའི་རེ་བ་མི་འདུག་གམ། རྩོམ་ཡིག་འདིའི་བཤད་སྟངས་ལ་ལྟོས་ན། ཁྱེད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་ག་རེ་གསུང་དགོས་ཀྱི་ཡོད་མེད་བསླབ། དེ་ནས་༧རྒྱལ་བ་རིན་པོ་ཆེས་ཀྱང་ཁྱེད་ཀྱི་ཁ་ལ་ཉན་ནས་མེར་མ་བསྲེག་རོགས་ཅེས་བཀའ་སློབ་གནང་དགོས་པ་རེད་དམ། རང་ཉིད་ངོ་ཤེས་ཀྱི་ཡོད་དམ།
ཁུག་རྟ་རྒྱ་ནག་གིས་རྩ་ཁྲིམས་ལ་འགྱུར་བ་གཏོང་སྟངས་བསམ་བློ་འཁོར་གི་ཡོད་དུས། ཁྱེད་ཚོས་ད་དུང་རྒྱ་ནག་གི་རྩ་ཁྲིམས་ལ་སྙིང་བཅོལ་ཕོད་དམ། གྲོས་ཆོས་དོན་ཚན་བཅུ་བདུན་ནང་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་འདི་ལོ་རྒྱུས་གད་སྙིགས་སུ་འགྱུར་ས་རེད་གདའ།
ད་དུང་ཤར་ཁུག་ཁྱེད་ཀྱིས་སྡེབས་ལངས་ཟེར་བའི་དཀྲོགས་གཏམ་འདི་འདྲ་ཚ་ཚ་ཟིང་ཟིང་གི་དུས་འདི་ལ་མ་གླེང་ན་ཡག་པོ་རེད། བཙན་བྱོལ་ནང་ལ་བསམ་བློ་བཏང་ན་ག་རེ་ལབ་ཀྱང་ཁྱད་ཡོད་པ་མ་རེད། བོད་ནང་ལ་དཀྲོགས་གཏམ་འདི་འདྲ་གོ་ནོར་ཐེབས་ན། གཅེས་ཕྲུག་མང་པོ་ཁ་ས་སྒོར་གི་རེད་ད། ཁ་ངན་ལ་བདག་པོ་བརྒྱག་ན་མ་གཏོགས། ཁྱེད་ལ་རང་བོད་མི་རིགས་ཀྱི་དབུ་ཁྲིད་ཡིན་པ་ལྟ་བུའི་སྐད་ཆ་བཤད་འོས་པོ་འདུག་གམ།
འོ་ཡ་ད་ཡིན་ན་་་་་སྐད་འབོད་ཙམ་ལ་འགྲོ་རྒྱུ་མི་དགའ་བའི་མི་བུ་སྐོར་ཞིག་གིས་་་བོད་མི་ཚང་མིའི་ཚབ་བྱས་ཏེ་སྐད་ཆ་ཤོད་ཀྱིན་འདུག་་་་ངོ་མས་ཡ་མཚན་རེད། ངོ་མས་ཁྱོད་ཚོའི་སེམས་ལ་མི་བཟོད་པའི་སེམས་ཁུར་དི་མོ་ཡོད་ན་སོང་སྟེ་བཀའ་སྤྱི་གཉིས་ལ་ཁ་ཐུག་ཤོད་་་་དེ་ནས་གཞིས་ཆགས་ཁག་ལ་སོང་སྟེ་སྣེ་ཁྲིད་བྱོས་་་་བཙན་བྱོལ་བོད་མི་ཚང་མ་དུས་གཅིག་ཏུ་ཡར་ལངས་རྒྱག་རྒྱུའི་དུས་ལ་སླེབས་ཡོད་ཚུལ་ཤོད། དེ་མིན་འདི་ནས་སྐད་ཆ་བརྒྱ་བཤད་ཀྱང་བཙན་བྱོལ་བོད་མས་གོ་ཁག་པོ་རེད་དོ།
ཤར་ཁུག་ལ་ད་རི་བདེན་ཁ་སྟེར་སྙིང་འདོད། གཞིས་ལུས་ཚོས་གཅེས་པའི་རང་ལུས་མཆོད་མེར་སྒྲོན་པ་དང་སློབ་མ་སྡེབ་ལང་སོགས་ཧ་ལས་པའི་ལས་འགུལ་ཚ་ཚ་འུར་འུར་སྤེལ་བཞིན་པ་མཐོང་གསལ་རེད། བཙན་བྱོལ་ལ་གཟིགས་དང་མཐོ་དམན་ཚང་མ་ང་མིན་ཁོ་མིན་ངང་གནས་བཞིན་པ་དང་། ད་དུང་གཞོན་སྐྱེས་མང་པོ་བོད་ནས་མེར་སྲེག་བཏང་བ་གོ་བ་དང་ཡ་ང་སྙིང་རྗེ་ཕར་གཞོག་ད་ཡང་མ་ནི་འདོན་འགྲོ་དགོས་ཀྱི་རེད་ཟེར་་ནས་ཉོབ་སྣང་བྱེད་མཁན་ག་ཚོད་འདུག་དངོས་གནས་ངོ་ཚ་ཡ་རེད། ད་ནི་དངོས་གནས་བཙན་བྱོལ་ཤར་ནུབ་ཡུལ་གྲུ་གང་དུ་གནས་པ་ཚང་མ་དུས་གཅིག་ལ་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམས་ཀྱིས་དབུ་ཁྲིད། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་དབུ་འདོམས་མཛད་དེ་རྒྱལ་སྤྱིའི་བཙན་བྱོལ་བོད་མི་རང་དབང་སྒེར་ལང་ཆེན་མོ་བྱེད་པའི་དུས་ལ་སླེབས་ཡོད། དེ་མིན་ལྷག་བསམ་ཅན་རེ་ཟུང་གིས་ལས་འགུལ་སྣེ་མང་སྤེལ་བཞིན་པ་དེ་ལྟར་ཡང་ལྟ་གྲུབ་མཐུན་མིན། ངས་བྱས་ཁོས་བྱས་སོགས་ཀྱི་གླེང་གཞི་ཡོང་བཞིན་པའང་སྡེབ་ལང་མ་བྱས་པས་ལེན་པ་རེད། ལྟ་གྲུབ་གཅིག་སྒྱུར་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་མཐོ་བླ་ཆེན་དཔོན་ཆེན་ནས་དམའ་བྱིས་པ་ལོ་ལོན་ཡན་ཆད་ཐང་ལ་ཐོན་ནས་ལས་འགུལ་སྤེལ་རྒྱུ་ཕྱིས་མ་དྲག་ནའང་སྔ་དྲག་མེད།
མདོར་ཧྲིལ་གྱིས་དྲིལ་ན་བོད་ནང་དུ་འདི་དང་གན་བྱེད་དགོས་རེད་ཅེས་པའི་དབང་ཚད་མེད་པ་དང་།༧གོང་ས་མཆོག་གིས་ངོས་རང་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཞིག་དང་བོད་མི་ཞིག་ཡིན་པའི་ཆ་ནས་གསུངས་པའི་དོན་དུ་སོམས་ཤིག
དྲ་གྲོགས་ཚོས་བརྗོད་དོན་ལ་འཇུས་ནས་གླེང་སློང་གནང་རྩིས་བྱེད་པ་འདི་ཡག་རྟགས་ཤིག་རེད། ཅི་སྟེ་ངས་གོང་དུ་བྲིས་པ་དེ་ཚོའི་ནང་དོགས་པ་ཡོད་ན་བསམ་འཆར་འདོན་རོགས། དྲི་བ་གཏོང་རོགས་དེ་གཅིག་ཡིན། གཉིས་ནས་དྲ་གྲོགས་སྟག་སྨྱོན་གྱིས་ངས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་འགྲོ་ངེས་པ་ཤེས་ཀྱི་མི་འདུག་ཟེར། དེ་བདེན་པ་རེད། ད་ཐེངས་ཚོགས་ཆེན ༡༨ པར་རེ་བ་རྒྱག་མཁན་ཡོད་པ་རེད། ཡིན་ནའང། མི་ཁ་ཤས་ཀྱིས་སྔ་ཕྱི་མ་གཏོགས་མི་རིགས་རང་སྐྱོང་སྲིད་བྱུས་ཀྱི་ཆ་རྐྱེན་ཕྱིར་བསྡུ་བྱེད་ས་རེད་ཟེར་མཁན་འདུག ངས་ནི་དེ་འདྲ་ཞིག་རྩ་བ་ནས་མཐོང་གི་མེད་ལ། ཚོགས་ཆེན་འདིར་ཡང་ཚོགས་འདུའི་གྲོས་གཞི་སྔོན་བསྒྲགས་བྱས་པ་རྣམས་ཚུལ་བཞིན་ལག་བསྟར་ཡོང་མིན་ཉིན་ཁ་ཤས་ཀྱི་རྗེས་ལ་བཤད་ན་འོས་འཚམས་སུ་མཐོང་གི་ཡོད་མ་གཏོགས་སྔོན་དཔག་གི་རིག་པ་ཅི་གང་མེད།
གཉིས་ནས་བོད་ནང་དུ་སྐད་ཆ་བཤད་པའི་ཐོབ་ཐང་མེད་ཟེར་བ་དང། དབང་ཚད་མེད་ཟེར་བ་དེ་ཅི་ལྟར་མེད་སོང་བ་རེད་དམ། དེ་ལ་འགྲེལ་བཤད་ཐུབ་མཁན་ཡོད་ན་གནང་རོགས།
ངས་ནི་བོད་ནང་རང་སྐྱོང་རྩོད་ཕྱོགས་ཀྱི་ཐབས་ལམ་འདི་ཡག་པོར་མཐོང་གི་ཡོད། གཤམ་དུ་བཀོད་ཀྱི་ཡིན།
ང་ནི་བོད་ནང་གི་གནས་ལུགས་ལ་རྨོངས་པ་ཞིག་ཡིན། བོད་ཀྱི་རིང་ལུགས་ལ་རྩི་བ་མེད་པར་ཉམས་རྒུད་དུ་འགྲོ་བ་སེམས་ཀྱིས་མ་བཟོད་པར་རང་ལུས་ལ་མེ་སྤར་ཏེ་སྣང་གསལ་སྒྲོན་མ་བྱིན། དེས་ན་ང་ལྟ་བུ་བོད་ཀྱི་རིང་ལུགས་ལ་བརྟེན་པ་པོ་དག་་ཡར་ལངས་ཏེ། དེ་ཉིད་ཀྱི་སྲུང་སྐྱོབ་ལ་རང་ལུས་སྣང་གསལ་སྒྲོན་མ་བསྐྲུན་པ་འདི་དོན་ལྡན་འོང་བར་འབད་དགོས་པ་ཡིན། བོད་ཀྱི་རིང་ལུགས་གོམས་གཤིས་བཟང་པོ་འདི་སྲུང་དགོས། བོད་ངོས་ཙམ་མ་ཡིན་པར་བོད་ཀྱི་ཉེ་འཁོར་ཧི་མཱ་ལ་ཡའི་ལྗོངས་སུ་ཡང་བོད་ཀྱི་རིང་ལུགས་ཉམས་རྒུད་དུ་འགྲོ་དང་འགྲོ་བཞིན་པ་ལ་རང་གི་ཕ་མེས་ཀྱི་རིང་ལུགས་ལ་གཅེས་པ་དག་གིས་གོང་གི་སྣང་གསལ་འདི་ལ་བརྟེན་ཏེ་སྲུང་དགོས་པ་ཡིན། དེ་ཡང་ལ་དྭགས་ལྟ་བུ་ཞིག་ལ་མཚོན་ན། དེར་གནས་མི་རྣམས་ཀྱིས་བོད་ཡིན་ཞེས་སྨྲ། ནུབ་ཕྱི་རྒྱལ་པ་དག་གིས་དིང་སང་ལ་དྭགས་ལ་བོད་ཆུང་ངུ་ཟེར། མི་གྲངས་ཤིན་ཏུ་ཉུང་། བོད་ཆེན་པོ་མེད་པར་སོང་ན། བོད་ཆུང་ངུ་གནས་ཐུབ་པར་དཀའ། ༡༩༥༥ལོར་ལ་དྭགས་བ་ཀུ་ལ་སྐུ་གོང་མས་ལ་དྭགས་ལྟ་བུ་ཡུལ་ཆུང་དེར་བོད་ཀྱི་རིང་ལུགས་ཡོད་པ་དེ་བོད་ལ་བརྟེན་ནས་ཡིན། བོད་ཀྱི་རིང་ལུགས་བོད་དུ་མེད་པར་སོང་ན། ལ་དྭགས་ལྟ་བུར་བོད་ཀྱི་རིང་ལུགས་མེད་པར་འགྲོ་བ་ཡུད་ཙམ་ཡིན་ཞེས་གཙང་བཀྲ་ཤིས་ལྷུན་པོར་གསུངས་པ་དྲན། དེས་ན་སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་གཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ས་ཞིང་ལྟ་བུའི་ཚུལ་དུ་གནས་པ་བོད་རིགས་ཚང་མས་སྐྱོང་དགོས། མར་ཡུལ་ཏེ། དིང་སང་ལ་དྭགས་ཞེས་འབོད་པ་མངའ་རིས་བསྐོར་གསུམ་གྱི་གཅིག་ཡིན་པ་ཤེས་དགོས་པ་སྔོན་གྱི་རྒྱལ་རབས་སྨྲ་བ་ལ་གལ་ཆེ་བར་མཐོང་། དེས་ན་རང་ཅག་བོད་ཆེན་པོའི་སྐད་དང་། རིང་ལུགས་ལ་དགའ་བ། ཤར་རྒྱ་མོ་རོང་སོགས་མདོ་སྟོད་མདོ་སྨད་དང་། ལོ་འབྲུག་དང་འབྲས་ལྗོངས་བལ་ཡུལ་བོད་རིགས་དང་། ནུབ་གར་ཞ་སྤྱི་ཏི་ལ་དྭགས་སྦལ་ཏི་དང་། བྱང་སྒེར་རྩེ་སོགས་འབྲོག་སྡེ་དང་། དབུས་སུ། གཙང་དང་ལྷ་ས་ལྷོ་ཁ་སོགས་བཅས་ལ་གནས་པ་བོད་སྐད་སྨྲ་བ་དང་། རྩམ་པ་ཟ་བའི་བོད་ཆེན་པོའི་སྐད་དང་རིང་ལུགས་འཛིན་པ་གཅིག་འགྱུར་ཡོད་པ་མི་ཉམས་པ་བོད་རིགས་ཚང་མས་འབད་དགོས་པར་སྣང་ངོ་།།
རང་དབང་ཁ་ལ་འཁྱེར་ནས་དྲ་འབུ་འདི་ཚོ་གཅིག་ལས་གཅིག་ཁ་བདེ་ལག་བདེ་རེད། ཤར་ཁུག་ཀྱིས་གསུངས་རེ་ཟུང་བདེན་བདེན་འདྲ་ཡང་མང་ཤོས་ཐལ་ཆལ་ཆེ་དྲགས་འདུག །གེ་མཐོང་གིས་དགེ་མཚན་ལྡན་པ་ཞིག་བཤད་ཁུལ་བྱས་བྱས་འདུག །དེ་མིན་དྲ་འབུ་དག་གིས་རྒྱུན་ལྡན་ནས་འུར་ཤོད་དང་རྗེས་ཟློས་དེ་ལས་གསར་པ་ཞིག་གང་ཡང་མི་འདུག །ངས་ནི་ཁྱོད་ཚོ་ཁ་མངོག་མི་འདོད། བདེ་མོ་བྱོས་ཨ་་་་་་་་་་
རྒན་ལ་དྭགས་པས་གསུངས་པ་དེ་ཤིན་ཏུ་ཡིད་ལ་འཐད། ད་ནི་ཧི་མ་ལ་ཡའི་རི་བརྒྱུད་དུ་ཆགས་པའི་བོད་དང་ཆོས་རིག་སྐད་ཡིག་གཅིག་གྱུར་ཚང་མར་རྒྱ་གར་དབུས་སའི་གཞུང་གི་གནོན་ཤུགས་ལ་མ་འཛེམ་པར་བོད་སྐྱོབ་འབོད་སྐུལ་དམིགས་བསལ་ཅིག་ཞུ་དགོས་པ་འདྲ།།
ཤར་ཁུག་ལ་རྒྱུ་མཚན་འདུག། གནས་སྐབས་མེར་བསྲེགས་མཚམས་འཇོག་གིས། ཐབས་ལམ་གསར་པ་ཞིག་ལ་བསམ་གཞིགས་བྱེད་དགོས་ཀྱི་འདུག། མེར་སྲེག་འདི་སྒེར་ལ་གྱོང་ཆེ་བ་ལ། སྤྱི་ལ་ཁེ་མཁན་ཆུང་བ། རང་རིགས་ལ་སྡུག་བསྔལ་ཆེ་བ་ལ། ཁ་གཏད་ལ་གྱོང་ཁ་ཆུང་བ། དཔའ་བོ་གཤེགས་མཁན་ཚོར་ན་ཟུག་ཆེ་བ་ལ། འཛམ་གླིང་མི་དམངས་ཀྱི་མདུན་ལ་ཚོར་སྣང་ཇི་སྤྲོད་ཤོད་དཀའ་བ། ཕུགས་ལ་ཕན་གནོད་ཇི་ཡོང་ཤོད་པར་དཀའ་བ་ལ། གནས་སྐབས་ཀྱི་རྒྱལ་སྤྱིའི་ནང་གི་རོགས་རམ་ཐོབ་དཀའ་བ། གཤེགས་མཁན་རྣམས་བློ་རིག་བཀྲ་བའི་ན་གཞོན་སྟག་ཕྲུག་ཤ་སྟག་ཡིན་པ་ཤིན་དུ་ནང་ཕང་དགོས་པ་ལ། རྒྱ་འདྲེ་འདིའི་སེམས་ལ་གདོན་ཞུགས་ནས་སྙིང་རྗེ་དང་བྲལ་བ། གང་ལྟར་རང་རིགས་ལ་གྱོང་ཇེ་ཆེ་ལ་ཁ་གཏད་ལ་གནོད་པ་ཇེ་ཆུང་རེད་འདུག
ཚང་མས་གདུང་སེམས་མཉམ་སྐྱེས་ཐོག་ཁོང་རྣམས་ལ་སྨོན་ལམ་འདོན་པ་དང་ཆབས་གཅིག་གནས་སྐབས་མཚམས་འཇོག་ཡོང་བའི་རེ་སྐུལ་ཞུས་ན་ཤིན་དུ་ནས་རིགས།
ཐུགས་རྗེ་གཟིགས་རྒྱབ་སྐྱོར་ཡོད་པ་ཞུ།
དྲྭ་གྲོགས་ལྷན་རྒྱས་མ་མཇལ་རྒྱུན་རིང་སོང། སྐུ་གཟུགས་བདེ་ཐང་ཡིན་པའི་རེ་བར་ཡོད། དམིགས་གསལ་ཞུ་འདོད་པ་ཞིག་ལ་སྐབས་སུ་བབས་པའི་གཏམ་དང། དུས་སུ་བབས་པའི་ཆར་དེ་གང་རེད་ཟེར་ན། ཤར་ཁུག་གིས་དུས་དང་རྣམ་པར་ཀུན་ཏུ་རྒྱ་ནག་གིས་རྩ་ཁྲིམས་གཞིར་བཟུང་ཟེར་བ་དང། རང་བཙན་པས་༧གོང་ས་མཆོག་མཆོག་གིས་ཐུགས་དཀྲུགས་ཅེས་པ་དེ་གཉིས་ཁོས་ལྟ་གྲུབ་རེད།། བསམ་པ་ནང་ན་ཅི་ཡོད་པ། སྦྱོར་བ་ཕྱི་རོལ་དག་ན་གསལ་ཅེས་པ་དེ་དོན་ལ་གནས། ཡིན་ན་ཡང་ད་རེས་ཚིག་ཁ་ཤས་ཞིག་བདེན་པའི་ཟོལ་འདྲ་འདུག། རང་དབང་ལུང་པར་ཡོད་པའི་བོད་པ་ཚོའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་པ་དངོས་ཡོད་རེད། དེ་ཡང་སྣེ་ཁྲིད་མཁན་ཞིག་མེད་ན་ཚར་འདུག། རྒྱ་ནག་གིས་རྩ་ཁྲིམས་གཞིར་བཟུང་སྟེ་བོད་ལ་བརྒྱུད་བསྐུལ་ཟེར་བ་དེ་སྨྱོན་པའི་སྐད་ཆ་མིན་ན་གང་རེད། གཞིས་བསྡོད་བོད་པར་དེ་སྔོན་ལས་འགུལ་ལ་སྣེ་ཁྲིད་མཁན་མེད། ད་དུང་ཡང་སྣེ་ཁྲིད་མཁན་དགོས་གི་མ་རེད། བོད་ཀྱིས་བརླ་འཚོང་ཁྱེད་ཚོའི་སླབ་བྱ་དགོས་གི་མ་རེད། ད་དུང་རང་ལུས་མེ་བསྲེག་གིས་ཐད་འགྲེལ་བཤད་ལོག་པར་མ་བྱེད། ཞབས་འདྲེན་རེད། རྒྱ་ཡིས་རྩ་ཁྲིམས་གཞིར་བཟུང་སྟེ་འགྲོ་མཁན་དེ་ཁྱོད་རང་རེད་མ་གཏོག། ང་ཚོ་སྟེ་བོད་པ་ཚང་མ་རེད། ང་ཚོ་དུས་ནམ་ཡང་རྒྱ་གཞུང་གིས་རྩ་ཁྲིམས་ལ་ངོ་རྒོལ་ཡོད།
བཙན་བྱོལ་བ་ཚོ་ཡར་ལངས་བྱོས་དང་། ང་ཚོ་ཚང་མ་བོད་ནང་དུ་ལོག་འགྲོ། གཞིས་ལུས་སྤུན་ཟླ་ཚོ་དང་མཉམ་དུ་རང་ས་རང་དབང་རྩོད་ལེན་བྱེད། ༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་དུ་གདན་འདྲེན་ཞུ།
ཤར་ཕྱོགས་ཁུག་རྟས་གསུངས་པ་ལ་མངོན་པར་བསྟོད། བོད་མི་ཡོངས་རྫོགས་ཀྱིས་བསམ་བློ་གཅིག་མཐུན་གྱི་སྒོ་ནས་གྱེན་ལངས་བྱེད་ཐུབ་ན་ངེས་པར་དུ་དགེ་མཚན་ཆེན་པོ་འདུག་སྙམ། རང་སྲེག་གཏོང་བ་ལས་གཞི་བྱེས་གཉིས་ཀ་དུས་གཅིག་ཏུ་སྡེབས་ལངས་བྱེད་ཐུབ་ན་ཤིན་ཏུ་ལེགས། འོན་ཀྱང་སུ་ཞིག་གིས་གོ་སྒྲིག་ལེགས་པོ་ཞིག་བྱེད་ནུས། ཀྱེ་མ་ཧུད། །
ཤར་ཕྱོགས་ཁུག་རྟའི་བསམ་ཚུལ་བཏོན་པ་དེ་ཡག་པོ་རེད།ཡིན་ཡང བདག་ལ་ཡང་བསམ་ཚུལ་འམ་དྲི་བ་ཁ ཤས་ཤིག་ཕྱི་རོལ་མྱི་ཡིས་ཚོགས་ལ་འདྲི་འདོད་ཡོད།
༡ གལ་སྲིད་ང་ཚོ་གཞུང་དམངས་གཉིས་ཀྱིས་སྣེ་ཁྲིད་དེ་བསྡེབས་ལངས་བྱས་པ་ཡིན་ན་མི་མང་གི་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་རག་ཟེར་དམ། དཔེར་ན་ཉིས་སྟོང་དགུ་ལོ་ནས་ད་བར་དུ་བོད་མི་དྲུག་བཅུ་ལྷག་ཅིག་མེ་རུ་སྒྲོན་པ་རེད། དང་ཐོག་དཔའ་བོ་ཁ་ཤས་ཤིག་མེ་རུ་སྒྲོན་དུས་ང་ཚོ་སྤྱི་ཚཽགས་འདི་ནང་གི་མྱི་འདི་ཚོས་ཚོར་བ་ཤུགས་ཆེན་པའི་ངང་ནས་རྒྱབ་སྐྱོར་འམ་གདུང་སེམས་ཉམས་བསྐྱེད་བྱས་ཡོད་པ་རེད། ཡིན་ཡང་ཁ་སང་དེ་རིང་ང་ཚོ་ཕྱི་རོལ་ཀྱི་ཚོགས་སྤྱི་དག་ལ་ཡག་པོ་ཅིག་བསམ་བློ་བཏང་ན། ཕལ་ཆེར་མང་ཤོས་ཤིག་རང་ཉིད་ཀྱིས་ལྟོ་གོས་ལ་མགོ་འཁོར་བ་ལས་སྤྱི་དོན་ལ་བསམ་བློ་འཁོར་བ་ཕར་ལ་བཞག་ཞོག་མང་པོ་ཞིག་གི་བོད་ནང་ཁ་སང་དེ་རིང་མེ་རུ་སྒྲོན་ཡོད་པ་ཡང་མི་ཤེས་པ་མང་པོ་ཡོད་པས་བདག་གིས་བསམ་ན་ཕྱི་རོལ་གི་མི་ལ་རེ་བ་རྒྱག་ཡ་གཅིག་མི་འདུག། དུས་རྐྱེན་ཀྱིས་གཞུང་སྒེར་གང་སྣེ་འཁྲིད་ཀྱང་མི་མང་གི་རྒྱབ་སྐྱོབས་ཐ་གཅིག་ཐོབ་གི་རེད་ཟེར་བ་ནི་དོགས་པའི་གནས་ཡིན།
གཉིས་པ་དེ་ང་ཚོ་བོད་ནང་གི་བོད་མིའི་མེ་བསྲེགས་མཚམས་འཇོག་དགོས་ཟེར་བའི་སྐད་ཆ་དེ་དང་གཞན་བོད་ནང་ལ་འཐབ་རྩོད་བྱེད་སྟངས་སོགས་ལམ་སྟོན་བྱེད་དགོས་གི་མ་རེད། ཁོང་ཚོས་ང་ཚོ་ལས་ཕྱོགས་གི་ཐད་ལ་ཡང་བསམ་བློ་གཏོང་མཁས་པོ་དང་ཡག་པོ་ཡོད་པ་ལས་ང་ཚོ་ཆབ་སྲིད་སོགས་གང་ཐད་ལ་ཡང་གོ་རྟོགས་སད་ཡོད་པ་དེ་གསལ་བོ་རེད།དྲང་མོ་བཤད་ན་ཆབ་སྲིད་སོགས་གི་གོ་རྟོགས་ཞན་པ་ཕྱི་རོལ་གི་ང་ཚོ་ཡིན་པ་ལས་ཁོང་ཚོ་མ་རེད། རང་ལུས་མེ་བསྲེགས་གི་ལས་འགུལ་འདི་ཡང་ཁོང་ཚོ་སྐྱིད་དྲགས་ནས་བྱས་པ་ཞིག་མིན་པས་ང་ཚོ་ཁོང་ཚོ་གནས་སྟངས་དང་དཀའ་ངལ་ལ་རྒྱུས་ལོན་མ་བྱས་པར་ག་བྱས་ན་འགྲིག་དང་འདི་བསྒྲུབས་ན་འགྲིག་གི་སྐད་ཆ་དེ་སེམས་ལ་ཤར་ཡང་ཁ ནས་མ་བཏོན་བཟང་། དམར་པོ་གཞུང་གི་ཕྱི་ལོག་གི་བཙན་བྱོལ་གཞུང་དང་སྒེར་གང་རུང་གི་སྐྱོན་ཞིག་མ་རྙེད་པར་སྒུག་ནས་ཡོད་པས་བོད་ནང་ལོགས་གི་ལས་འགུལ་ཅི་ཞིག་བསྒྲུབས་ཀྱང་ང་ཚོ་ཁོ་ཚོས་གང་བསྒྲུབས་པ་ལ་གདུང་སེམས་མཉམ་བསྐྱེད་འམ་ནུབ་ཕྱོགས་ཡུལ་གྲུ་ཀུན་ལ་ཁྱབ་སྤེལ་བྱེད་རྒྱུ་དང་གཞན་ལས་འགུལ་གང་ཞིག་སྤེལ་བ་ཡིན་ན་ད་གཟོད་བོད་ནང་ལོག་གམ་རྒྱ་མིའི་ལ་གནོན་ཤུགས་སྤྲོད་ཐུབ་མིན་བསམ་བློ་བཏང་ནས་སྤེལ་བ་ལས། མི་མང་བསྡེབས་ལངས་བྱེད་དགོས་ཟེར་ནས་ཉིས་སྟོང་བརྒྱད་གི་རྡི་ལིས་འདུ་འཛོམས་འདྲ་བ་ཡིན་ན་མི་ཚཽགས་འཛོམས་པ་མ་གཏོགས་གོ་སྒྲིག་སོགས་ཕྱོགས་གང་གི་ཐད་ལ་ཡང་མཇུག་ཡག་པོ་ཞིག་སྐྱོང་ཐུབ་མེད་པས་མི་མང་པོ་ཞིག་རང་བཞིན་ཀྱིས་སེམས་ཤུགས་ལ་སྐྱོན་རྒྱབ་པ་རེད། དེའི་རྐྱེན་ཀྱིས་ང་ཚོ་ལས་འགུལ་ཅི་ཞིག་སྤེལ་ཀྱང་གདང་ཚོད་ཡོད་། འཆར་གཞི་ཡོད་པ་དང་གོ་སྒྲིག་ལྡན་པའི་སྒང་ནས་སྤེལ་བ་ལས་མི་མང་སྡེབས་ལངས་བྱས་དེ་ག་རེ་བྱས་ཡིན་ནམ་ཞེས་དྲི་བ་ཞིག་རང་བཞིན་ཀྱིས་སླེབས་སྲིད།
གསུམ་པ་དེ་ང་ཚོ་ཉིས་སྟོང་དགུ་ནས་དེ་རིང་བར་བསམ་བློ་ཞིག་བཏང་བ་ཡིན་ན། ང་ཚོ་བོད་ནང་གི་བོད་མིའིa་དཔའ་བོ་དཔའ་མོ་དེ་དག་གི་རྗེས་སུ་གྲུབ་འབྲས་ཐོན་པ་འམ་རྒྱ་མིའི་ལ་ཁ་ཞེ་གཉིས་མེད་ཀྱིས་གནོན་ཤུགས་སྤྲོད་ཐུབ་པའི་ལས་འགུལ་ཅི་ཞིག་སྤེལ་ཡོད་མེད་ང་ཚོ་ཚང་མའི་གསལ་བོ་ཤེས་ནི་རེད། དེ་འདྲ་སོང་ཚང་ང་ཚོས་ཕྱི་ཕྱོགས་གི་ཚོགས་སྤྱི་འདས་སྐྱོན་ཆེ་ཤོས་དེ་མི་དམངས་དང་གཞུང་གཉིས་བར་ལ་ཡ་ལན་སྤྲོད་རེ་བྱས་སྟེ་འདུག་པ་ལས་གཞུང་མང་གཉིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་མ་ཐུབ་པ་དེ་རེད། གལ་སྲིད་ང་ཚོ་དངོས་གནས་དོན་དང་ལྡན་པའི་ལས་འགུལ་ཞིག་སྤེལ་ན་གཞུང་དང་སློབ་གྲྭ་དགོན་པ་སོགས་བོད་མི་ཡོད་པ་ཚང་མའི་སྤེལ་དགོས་བར་འདོད་ཀྱང་། འོན་ཀྱང་དེ་ནི་ཉིན་མོ་སྐར་མ་ལྟར་ཡོངས་མི་སྲིད་ཞིག་ཡིན་པ་ཁ་སང་དེ་རིང་གི་ང་ཚོས་གནས་སྟངས་དང་མྱི་འདི་ཚོ་སེམས་ཤུགས་ལ་བལྟས་ན་བཤམས་ནས་ཡོད་གི།
དཔེར་ན་ཁ སང་དེ་རིང་སྤྱི་ཚོགས་འདིའི་ནང་དུ་མར་མེ་ཁྲོམ་སྐོར་དང་མར་མེ་མཆོད་འབུལ་ཁོ་ན་བྱས་དེ་བསྡད་ན་སྙིང་བོ་མི་འདུག་ཟེར་མཁན་མང་དུ་འགྲོ་ཀྱིན་འདུག། ཡིན་ཡང་ང་ཚོ་རང་རང་ལ་བསམ་བློ་ཞིག་མཐོང་དང་། ང་ཚོ་དེ་རིང་འདི་རུ་མཆན་འདེབས་མཁན་དག་གི་ཁྲོད་ཡིན་ཡང་རེད་གཞན་རྡ་སའི་མི་མང་གི་ནང་ཁྲོད་།སུ་ཞིག་གི་རང་དོན་བསྐྱུར་དེ་མར་མེ་ཁྲོམ་སྐོར་དང་མར་མེ་མཆོད་འབུལ་ལ་ཆགས་མེད་དུ་མཉམ་ཞུགས་བྱས་པ་ཡིན། ཁ་སྟོང་ནང་གི་ཚིག་ཆེན་པོ་མ་འཕངས་ན་ཡག་གི་རེད་བསམ།་རང་ཉིད་ཀྱིས་ངེས་ཐད་ནས་ཅི་ཡང་མ་འཇོན་པར་གཞུང་དང་ཚོགས་པ་གཞན་སོགས་ལ་ཡ་ལན་མ་སྤྲད་པར། རང་ངོས་ནས་མ་བསྐོས་དྭངས་བླངས་གི་ཡར་ལངས་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་སོང་། གལ་སྲིད་ཆེན་པོ་ཞིག་བསྒྲུབ་མ་ཐུབ་ཀྱང་དུས་རྒྱུན་གི་འཚོ་བའི་ཁྲོད་དུ་བོད་སྐད་གཙང་མ་ཞིག་དང་བོད་པའི་རིག་གཞུང་ལ་དུངས་བ་ཟབ་མོ་ཞིག་སོགས་བསྒྲུབས་བཞིན་ཛ་དྲག་ལས་འགུལ་ག་འདྲ་ཞིག་ཡིན་ཡང་ཉམས་ཞུགས་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་མོ་འདུག་སྙམ།
བཙན་བྱོལ་ནང་གི་མི་ཆེན་དཔོན་ཆེན་ཚོས། དུས་རྒྱུན་ཕྱར་བ་གྲུ་འདེགས་དང་རྡོག་རྩ་ཆིག་སྒྲིལ་སོགས་རྫིག་གཏམ་མང་པོ་ཞིག་འཆད་ཀྱི་འདུག་མོད། ད་ནི་ཕྱར་བ་གྲུ་འདེགས་ཀྱི་དུས་ལ་བབས་ཟིན་ན། ཁོ་ཚོ་གང་ན་གཉིད་ཁུགས་ཡོད་དམ…? མ་གཞི་བོད་མི་རིགས་ཀྱི་ལས་དོན་འདི་ང་རང་ཐེ་བའི་མི་རེ་ངོ་རེར་འགན་འཁྲི་ཡང་། སྣེ་འཁྲིད་མཁན་མེད་ཚེ་མི་མང་ལ་བྱ་ཐབས་གང་ཡང་མེད་ན། ང་ཚོའི་སྣེ་འཁྲིད་པར་གྲགས་པ་ཚོ་ད་ལྟ་གང་དུ་གཉིད་ཁུགས་ཡོད་དམ…? གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོ་གང་ན་མགོ་བོ་འཁོར་ནས་ལུས་ཡོད་དམ…?ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གང་གསུངས་པར་ངས་དོན་གྱིས་འཐད་ཕྱོགས་སུ་བཟུང་བ་ཡིན། གང་ལྟར་ང་ཚོའི་དབུ་འཁྲིད་ཚོ་ནི་གཡོལ་ཐབས་ཁོ་ནར་འབད་ཀྱིན་འདུག་པས། ངས་སྐད་ཆེན་པོས་ཁ་རྡུང་གཏོང་འདོད།
ད་ཡང་ཚིག་ཁ་ཤས་བཤད་འདོད་བྱུང་སོང་། བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་རུང་རྒྱ་ནག་གིས་རྩ་ཁྲིམས་གཞིར་བཟུང་ཐོག་སྤེལ་དགོས་པ་ནི་མེད་དུ་མི་རུང་བས་ལམ་ཁ་ཞིག་ཡིན། གནས་ལུགས་མི་ཤེས་མཁན་དང་། ཁ་དང་ལག་པར་བདག་པོ་རྒྱག་མི་ཐུབ་མཁན་དྲ་འབུ་དག་གིས་རྗེས་སུ་དུས་ནམ་ཡང་འགྲོ་མི་རུང་། ང་ཚོ་གཞིས་བྱེས་གཉིང་ཀའི་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་ལ་ཤུགས་བསྐྱེད་དགོས་པ་ནི་ལས་འགུལ་ཡིས་ནུས་ཤུགས་འབྱུང་ཁུང་ངོ་མ་དེ་ཡིན་པ་ཡང་ཤེས་དགོས། གཞན་ཡང་ད་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོས་པ་ཚོས་ངོས་ནས་བོད་ནང་གིས་གནས་ཚུལ་གང་འདྲ་བྱུང་བ་ཡིན་ན་ཁ་ཐུག་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་དང་། གཞུང་དང་གཞུང་འགྲེལ་མིན་པའི་ཚོགས་སྡེ་གལ་ཆེ་དག་ལ་དུས་ལས་མ་ཡོལ་བར་འཁོ་སྤྲོད་གནང་ཐུབ་དགོས། ལྷག་པར་དུ་བོད་ནས་གནས་ཚུལ་ཡོང་ཁུང་མི་རྒེར་དང་ཚོགས་པ་སུ་ཡིན་རུང་དང་པོ་བོད་གཞུང་དང་། གཞོན་ནུ་དང་བུ་མེད། སློབ་ཕྲུག་བོད་རང་བཙན་ཚོགས་པར། དེ་བཞིན་བརྒྱུད་ལམ་ ཆེ་ཁག་དག་ལ་འཕྲོད་ངེས་བཟོ་དགོས་པ་ལས་ངོ་དེབ་སོགས་སུ་ནམ་ཡང་མ་བཀོད་རོགས། ད་དུང་དམིགས་གསལ་དྲི་བསྒྲགས་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་ཉིན་མཚན་དབྱེར་མེད་ཐོག་བོད་གནས་ལོན་ཐབ་དང་ཁྱབས་བསྒྲགས་དོན་འབྲས་སྨིན་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་མངོན། དེ་མིན་མི་མང་འདུར་འཛོམས་རེ་གཉིང་དང་མི་སྣ་ག་གེ་མོའི་གཏམ་བཤད་རེ་ཟུང་གིས་ཕན་ཐོག་གང་ཡོང་མེད་པར་གསལ་བཤད་དགོས་གལ་མི་ཆེ། བོད་པའི་གསར་ཁང་ཁག་ཡིན་ཡང་གནས་ཚུལ་དེ་དག་དང་པོ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་འཁོ་སྤྲོད་གནང་ནས་གཉིང་པར་བོད་ཡིག་དང་བོད་སྐད་ཐོག་ནས་སྤེལ་ན་དགེ་མཚན་ཆེ་བ་མཐོང་། ཁྱེད་ཚོས་བོད་དོན་འདི་དང་པོར་རྒྱལ་སྤྱིའི་བརྒྱུད་ལམ་དུ་བསྒྲགས་དགོས་པ་གལ་ཆེ་དང་། ཡང་ན་བོད་རིགས་ནང་ཁུལ་དུ་བསྒྲགས་་ན་དགེ་མཚན་གང་ཆེར་ཐུགས་བསམ་ངེས་པར་དུ་འཁོར་དགོས། ལྷག་པར་དུ་བོད་རིགས་གསར་ཁང་ཡངས་རྫོགས་གིས་འགན་ཆེ་བཞེས་ཐོག་ནས་བོད་གནས་གསར་འཕྲིན་དག་རྒྱལ་སྤྱི་བརྒྱུད་ལམ་སོ་སོར་གང་འདྲ་སྤེལ་དགོས་ཐུན་མོང་ནས་གོ་བསྡུར་དང་ཡང་ན་ཐུན་མོང་ནས་སྒྲིགས་འཛུགས་ཞིག་བཟོས་ཏེ་ཁྱབས་བསྒྲག་གནང་ན་དགེ་མཚན་གང་ཆེ་གོ་བསྡུར་དང་དཔྱད་བརྗོད་གནང་རོགས། །
༧རྒྱལ་བ་ཀརྨ་པ་མཆོག་གིས་སྔོན་ཆད་ཐིང་མོང་གསུང་སོང་།དེས་དུས་སྐབས་སུ་ཡོད་ཚད་གིས་ནུས་ཤུག་ཅིག་སྒྲུན་ཀྱིས་འཚམ་འཇོག་བྱ་ཐབ་བྱས་ན་ཕྱིར་ཡོད་མ་རེད་།ཡིན་ན་སྤུན་ཟླ་མང་པོ་ཞིག་མཆོད་མེ་མུ་མཐུད་ཕུལ་བཞིན་པའི་སྐབས་ད་ལྟར་ལ་།བཙན་བྱོར་ཕྲོད་ནས་ག་བྱེད་འདི་བྱེད་མེད་ནས་ལུས་འདུག་།
རྒྱལ་ས་ལྷ་ས་ནས་ཞི་རྒོལ་སྡེབས་ལངས་ཤིག་མ་བྱས་ན། རྒྱ་ནག་གཞུང་འགུལ་བསྐྱོད་རྒྱག་འཆར་ཡོད་ས་མ་རེད། རྒྱལ་ས་ལྷ་ས་བོད་ཀྱི་ཡུལ་དབུས། ཆོས་རིག་གི་བསྟི་གནས། ཕྱོགས་འདུས་མི་སྣ་འཛོམས་ས། རྒྱལ་ཕྱི་ནང་ལ་འབྲེལ་བ་ཆེ་ས། རྒྱ་ནག་གཞུང་གིས་དོགས་ཟོན་ཤུགས་ཆེར་བྱེད་ས། འཛམ་གླིང་སྤྱི་ཡིས་དམིགས་བསལ་དོ་སྣང་སྤྲོད་ཡུལ་འདིར། ཞི་རྒོལ་ཆེན་མོ་རབ་དང་རིམ་པར་ལངས་པ་རེད། ད་དེ་རིང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པའི་དགོངས་དོན་དང་མཐུན་པར། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་བོད་ཀྱི་ཆོས་རིག་དང། སྐད་ཡིག ཁོར་ཡུག་བཅས་ཀྱི་ཆེད་རྒྱ་ནག་གཞུང་གི་སྲིད་བྱུས་འཕྲལ་དུ་བསྒྱུར་བཅོས་དགོས་པའི་ཞི་རྒོལ་ཆེན་མོ་ཞིག་ལངས་ཐུབ་ཀྱི་རེད་དམ། གནད་འགག་གལ་ཆེའི་སྐབས་སུའང་རྒྱ་གཞུང་གི་རྒྱུག་ཁྱི་རང་འཁྲབ་སྡོད་མཁན་གྱི་བོད་རིགས་མགོ་ཁྲིད་དེ་ཚོས་བོད་མིའི་དངོས་ཡོད་གནས་བབ། བོད་མིའི་བསམ་འདུན་དངོས་གནས་རྒྱ་གཞུང་ལ་ཞུ་རྒྱུའི་གནོན་ཤུགས་ཤིག་སྤྲོད་ཐུབ་ཀྱི་རེད་དམ། ཁོང་ཚོས་ས་གནས་མི་མང་གི་མངོན་འདོད་ཅི་བཞིན་རྒྱ་གཞུང་ལ་ནམ་ཞིག་ཐད་ཀར་འཛེམ་དོགས་མེད་པར། རང་དོན་དོར་བའི་ཐོག་ནས་ཞུ་ཡི་རེད་དམ།།
བོད་ནང་གི་མིས་རང་ལུས་བསྲེགས་དང་མི་བསྲེགས་ཀྱི་བཀའ་བསྩལ་བའི་ཐོབ་ཐང་མེད་སྟངས་དེ་ཡང་བོད་མི་དྲུག་ཅུ་ལྷག་འདི་རང་གི་མི་མང་རང་དབང་གི་ཆེད་དུ་ཤི་ཡོད་པ་རེད། ཤི་སྟངས་རླབས་ཆེན་ཞིག་རེད། གལ་སྲིད་ཕྱིའི་རང་དབང་གི་ཡུལ་ན་སྡོད་མཁན་བོད་མི་ཞིག་གིས་བོད་ནང་ལ་ཡོད་མཁན་གྱི་བོད་མི་མང་ལ་ཁྱེད་ཚོས་རང་དབང་གི་ཆེད་དུ་འཐང་རྩོད་མ་བྱེད་ཅེས་བརྗོད་ན་དོན་དུ་མི་དེའི་རང་དབང་འཐབ་རྩོད་ཀྱི་ཐོབ་ཐང་འཕྲོག་བཞིན་ཡོད་པ་རེད། གལ་སྲིད་ཁྱོད་ཚོས་རང་ལུས་མེར་བསྲེགས་ཐོངས་ཞེས་བརྗོད་ན་མི་དེའི་ཚེ་སྲོག་ལ་རྩིས་མེད་བྱེད་བཞིན་ཡོད་པ་རེད། རྒྱ་དམར་གཞུང་གིས་ཀྱང་རྒྱལ་བ་རིན་པོ་ཆེའི་ཞལ་ནས་གསུངས་འདི་གཅིག་གང་རུང་ཞིག་འབྱོན་པའི་རེ་བ་རྒྱག་བཞིན་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེས་སྔོན་ཞིག་ནས་གསུངས་ཡོད་པ་རེད། བོད་གྱི་བདག་པོ་བོད་གཞིས་ལུས་མི་མང་རེད། རྒྱལ་བ་རིན་པོ་ཆེ་རང་ཉིད་ཐེ་བའི་བཙན་བྱལ་བོད་མི་ནི་བོད་ནང་གི་མིའི་མགྲིན་ཚབ་པ་ཙམ་ཡིན་ཞེས་གསུངས་ཡོད།
༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༣༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༤༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༥༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༦༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༧༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༨༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༩༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༠༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༢༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༣༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༤༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༥༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༦༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༧༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༨༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༩༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༠༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
ཤ་ཚ་རྣམ་དཔྱོད་ཅན་རྣམ་པས་གོང་དུ་བགྲོ་གླེང་གནང་བཞིན་པར་དགའ་བསུ་ཞུ་བ་དང་ལྷན་དུ་འདིར་ཁ་ཅིག་ལ་དྲི་བ་ལྔ་འདོན་འདོད་བྱུང།
༡༽ ༸གོང་ས་མཆོག་བོད་མིའི་མགྲིན་ཚབ་པ་ཡིན་པར་ཁས་ལེན་ན་དེ་ལ་དབང་ཚད་ཅི་འདྲ་ཞིག་ཡོད་འོས་སམ། བོད་མི་རིགས་ཀྱིས་རེ་བ་གང་བཏོན་པ་དེ་ཙམ་ཞིག་འཛམ་གླིང་ལ་སྒྲོག་རྒྱུ་ཙམ་ཡིན་ན་དེ་ནི་ཕོ་ཉ་ཙམ་ལས་མ་འདས།
༢༽ བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱང་ཐོག་མར་ཇི་ལྟར་བཙུགས་པ་དང་ཅིའི་ཕྱིར་བཙུགས་སམ། འདི་ལ་དམིགས་བསལ་གྱི་དབང་ཚད་དང་འོས་འགན་རེ་འོས་ཡོད། འདི་ནི་་དྲིལ་བསྒྲགས་རྩ་འཛུགས་པ་ཙམ་འདྲ་ཞིག་ག་ལ་ཡིན་འོས།
༣༽ གཞིས་བྱེས་གཞིས་ཀ་བོད་མི་ཡིན་པར་ཁྱད་པར་ཡོད་དམ། བོད་མི་ཞིག་ཡིན་ན་བོད་མིའི་སྐྱིད་སྡུག་དང་དེར་འགན་འཁྱེར་སྟངས་ཆ་ནས་ལེགས་ཉེས་ཀྱི་བླང་དོར་རམ་རང་གི་བསམ་ཚུལ་གང་ཡོད་ལྷུག་བརྗོད་ཀྱི་རང་དབང་དང་འོས་འགན་གཉིས་ཀ་ཡོད་ལོས་དགོས། གལ་ཏེ་རང་སྲོག་གཏོང་ཐུབ་མཁན་ཞིག་ཡིན་ན་མ་གཏོགས་བོད་མི་ཚོར་དེ་བྱོས་འདི་བྱོས་ཀྱི་སྐད་ཆ་བཤད་མི་ཆོག་ཟེར་ན་འོས་སམ།
༤༽ ལུས་སྲོག་ལོངས་སྤྱོད་ཀྱི་འགྲོ་སྒོ་མེད་པར་བདེ་བདེ་ལྷོད་ལྷོད་བྱས་ནས་རྒྱལ་ཁ་ཆེན་པོ་ཞིག་ལེན་ཐུབ་པའི་མན་ངག་སུ་ལ་ཡོད།
༥༽ ད་བར་དུ་བཙན་བྱོལ་བོད་གཞུང་ངམ་གཞུང་འབྲེལ་མི་སྣ་གནད་ཡོད་སུ་ཞིག་གིས་ཀྱང་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གཞིས་ལུས་བོད་མི་དམངས་ལ་ལམ་སྟོན་ཅི་ཡང་བྱས་མེད་པར་སུས་བརྗོད་ཐུབ། ལམ་སྟོན་གྱི་འོས་བབ་མེད་པ་དང་འགན་ཁུར་གྱི་དབང་ཚད་མེད་པར་བཤད་མཁན་དེ་རྒྱ་དམར་གཞུང་རང་མ་ཡིན་ནམ། ང་ཚོས་བདེན་པའི་འཐབ་རྩོད་ཅིག་གི་དབུ་ཁྲིད་གནང་རྒྱུར་འཛེམ་དོགས་འཚེར་སྣང་ཅི་ལ་བྱེད་དགོས།
ངས་ལྟས་ན་ད་ལྟ་འགྲོ་བཞིན་པའི་རླབས་ཆེ་བའི་མེ་སྲེགས་ཀྱི་ལས་འགུལ་འདི་ནི་སྡེབ་ལངས་ཀྱི་སྔོན་འགྲོ་ཡིན་ཞིང་རིམ་བཞིན་གནས་ཚུལ་དེ་ཤུགས་ཆེ་རུ་ཕྱིན་ནས་སྡེབ་ལངས་དང་མི་སྟུན་པའི་ལས་འགུལ་སོགས་ཡོང་བའི་རྩ་བར་འགྱུར་ངེས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གཞུང་ཞེ་སྣང་སྐྱེས་བཞིན་ཡོད་པ་ཡིད་ཆེས་ཡོད། འོན་ཀྱང་། སྡེབ་ལངས་བྱེད་རྒྱུ་ནི་མི་མང་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་མི་ཀུན་གྱི་ན་ཚ་གཅིག་པ་ཡིན་པ་ངོས་ཤིང་ངེས་བ་རྙེད་ནས་བོད་རིགས་ནང་ཁུལ་ལ་བཅོས་མ་མ་ཡིན་པའི་སྤུན་ཟླ་ཡི་བརྩེ་བ་སླེབས་ཤིང་། བརྩེ་བ་ཡིས་བདེ་སྡུག་མཉམ་འཁུར་གྱིས་མཉམ་ཞུགས་བྱེད་དགོས་བས་ཚད་གཞི་ངེས་ཅན་ཞིག་ལ་མ་སླེབས་ཚེ་ལས་སླ་པོ་མིན་ཡང་། མེ་སྲེགས་ནི་དེ་ལས་ལྡོག་སྟེ་མི་གཅིག་གིས་གོ་རྟོགས་སད་ཅིང་མི་རིགས་ཀྱི་ཆེད་དུ་རང་ཉིད་གྲོངས་རྒྱུའི་སེམས་ཐག་གཅད་པ་ནས་བཟུང་སུ་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ནུས་ཤིང་མི་མང་དང་ལྷན་དུ་གྲྭ་སྒྲིགས་དང་གྲོས་སྡུར་སོགས་གང་ཡང་མི་དགོས་བ་རང་ཉིད་གཅིག་བུས་རླབས་ཆེན་གྱི་ལས་འགུལ་སྤེལ་བའི་ནུས་བ་ལྡན་པས་བོད་ཀྱི་འཐབ་རྩོད་ནི་སྤྱིའི་ཆ་ནས་བལྟས་ན་ཞི་བའི་འཐབ་རྩོད་ཀྱི་ཨང་གྲངས་གཉིས་པ་སླེབས་ཡོད་ཅིང་། དང་པོ་ནི་མི་མང་བརྒྱ་༨༠ཡིས་སྡེབ་ལངས་དང་མི་སྟུན་པའི་ལས་འགུལ་སྤེལ་རྒྱུ་ཡིན་པ་འདོད། དེ་བརྟེན་ང་ཚོའི་རང་གི་ཁ་ཕྱོགས་ངོས་ཟིན་ནས་མུ་མཐུད་དུ་མདུན་དུ་སྐྱོད་རྒྱུ་ནི་གནད་དུ་མཐོང་།
མེ་སྲེགས་ཀྱི་ལས་འགུལ་ནི་སྒེར་ངོས་ནས་ཞི་བའི་འཐབ་རྩོད་ཀྱི་ཨང་དང་པོ་དང་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་ངོས་ནས་ཨང་གཉིས་པ་འདོད། རྒྱུ་མཚན་ནི་མི་ཞིག་གིས་རང་ཉིད་བློས་བཏང་བྱེད་པ་ལས་ལྷག་གི་གཞན་བྱེད་དུ་མེད་པས་སྒེར་ངོས་ནས་འཐབ་རྩོད་ཀྱི་ཨང་དང་པོ། མི་རིགས་ཤིག་གི་ངོས་ནས་ཚང་མ་སྡེབ་ལངས་ཀྱིས་རྒྱབ་སྐྱོར་བྱེད་མ་ཐུབ་ཅིང་ལས་འགུལ་སྤེལ་མ་ནུས་བས་ཨང་གཉིས་པ་འདོད།
ཁྱེད་ཀྱི་དྭངས་གཙང་གི་སེམས་ཚོར་དེ་ངས་སྙིང་ནས་གུས་པ་ཆེན་།བོད་མི་རིགས་དང་ཁྱེད་གཉིས་ནི་ཆུདང་འོ་དར་བསེས་པས་བརྩེ་དུང་ཟབ་པ་དེ་བས་ཀྱང་བཟང་།
ལགས་སོ།
9ཆབ་སྦྲག་ལྷ་མོ་དང་ཤར་ཁུག་གཉིས་བཟང་གི ཁ་བརྡ་ནང་་ག་ཚད་བཤད་ཀྱང་སྟོང་ཟད་རེད། མར་དོན་ནས་བཤད་ལོ།
༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིན་དུ་འཚོགས་འགོ་ཚུགས།
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་ཡོངས་ནས་དོ་ཁུར་ཆེན་པོ་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་སྤྱི་ཚེས་༨ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་རེད། ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་འགོ་བརྗོད་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་བསྐྱོད་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་ཞེས་འཁོད་པའི་སྙན་ཞུ་གནང་ཡོད་པ་རེད།
ཧུའུ་ཅིན་ཐའོ་དང་། ཅང་ཙེ་རྨིན། ཝུའུ་པང་གོ ཝུན་ཅ་བའོ། ཅ་ཆིན་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕིན། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲའོ་ཡུང་ཁང་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཚོགས་ཆེན་དེ་ཝུའུ་པང་གོས་གཙོ་སྐྱོང་གནང་ཡོད་པ་དང་། སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་གྲོས་ཚོགས་འགོ་ཚུགས་པ་རེད། ཚོགས་ར་ཡོངས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་ཡོད་པ་རེད། དེ་རྗེས། བློ་མཐུན་ཡོངས་ནས་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨན་ལེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕེང་། ཧྲེན་ཡུན་སོགས་སྐུ་ཚེ་འདས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམ་ནས་མྱ་ངན་ཞུས་ཡོད་པ་རེད།
ཝུའུ་པང་གོས་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་དགོས་པའི་འཐུས་མི་༢༢༦༨དང་། ཆེད་མངགས་གདན་ཞུས་བྱས་པའི་འཐུས་མི་༥༧ཡོད་ཅིང་། ཁྱོན་མི་གྲངས་༢༣༢༥ཡོད་པ་རེད། དེ་རིང་དངོས་སུ་ཞུགས་མཁན་མི་༢༣༠༩ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཐད་ཀྱི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཡོད་པ་རེད།
ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་གནང་བའི་སྙན་ཞུ་དེ་ཁག་བཅུ་གཉིས་ལ་དབྱེ་ཡོད་པ་སྟེ། དང་པོ། འདས་ཟིན་པའི་ལོ་ལྔའི་ལས་ཀ་དང་ལོ་བཅུའི་གཞི་རྩའི་ཕྱོགས་བསྡོམས། གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་རྒྱུ། གསུམ་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་དང་བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ། བཞི་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་ཇེ་མགྱོགས་སུ་གཏོང་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ། ལྔ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་ཆབ་སྲིད་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། དྲུག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། བདུན་པ། དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་སྐྲུན་ནང་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བརྒྱད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། དགུ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ། བཅུ་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ། བཅུ་གཅིག མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ལ་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ། བཅུ་གཉིས། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་བཅས་རེད།
ཧུའུ་ཅིན་ཐའོ་ཡིས་སྙན་ཞུའི་ནང་། ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ལོ་བཅུ་སོང་རིང་། ང་ཚོས་འགྲན་རྩོད་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ། འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་དུས་མཚམས་གསར་པར་སྐུལ་འདེད་བཏང་ཡོད། ལོ་བཅུའི་འབད་འཐབ་ལོ་རྒྱུས་ལ་ཕྱོགས་བསྡོམས་བྱེད་སྐབས། གལ་ཆེ་ཤོས་ནི་ང་ཚོས་བློ་སྟོབས་ཆེན་པོས་ལག་ལེན་རྨང་གཞིའི་ཐོག་གི་རིག་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཆགས་པ་དང་ལག་བསྟར་བྱས་པ་དེ་རེད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ཕྱོགས་གང་ཅིའི་ཐད་མངོན་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་དང་།
ཧུའུ་ཅིན་ཐའོ་ཡིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན་པ་དང་། སྤྱིའི་བཀོད་སྒྲིག་བྱེད་ཚུལ་ནི་འཛུགས་སྐྱོང་ལྔ་གཞི་གཅིག་ཏུ་བྱེད་པ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་རེད་ཅེས་བསྟན་གནང་བ་དང་།
ཧུའུ་ཅིན་ཐའོ་ཡིས། སྤྱི་ལོ་༢༠༢༠ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པ་དང་། རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་ཡོང་འབབ་སྤྱི་ལོ་༢༠༡༠ལོ་ལས་ལྡབ་གཅིག་འཕར་བ་བྱེད་དགོས་ཞེས་བསྟན་གནང་བ་དང་།
ཧུའུ་ཅིན་ཐའོ་ཡིས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་གང་མགྱོགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་སྐྲུན་བྱེད་པའི་ནང་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་མངོན་གསལ་ཆེ་བའི་གནས་བབ་ཐོག་འཇོག་དགོས་ཞེས་ནན་སྟོན་གནང་ཡོད་པ་དང་།
ཧུའུ་ཅིན་ཐའོ་ཡིས་དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན་དངོས་གཞི་ཅན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ལ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་དང་།
ཧུའུ་ཅིན་ཐའོ་ཡིས་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་གྱི་མདུན་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ། ཏང་ཡོངས་ནས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤང་ཏེ། སྔ་ཕྱི་བར་གསུམ་དུ་བློ་རིག་གསལ་པོ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་གསར་གཏོད་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། བདེན་དོན་རྒྱུན་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་བྱས་ཏེ། སྔ་ཕྱི་བར་གསུམ་དུ་འབད་འབུངས་སྟོབས་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་དམིགས་ཡུལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་། མང་ཚོགས་ལ་བརྟེན་ཏེ། སྔ་ཕྱི་བར་གསུམ་དུ་མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་དགོས། ངེས་པར་དུ་ལས་འགན་གྱི་འདུ་ཤེས་ཆེ་རུ་བཏང་ནས། དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་འཐབ་བྱས་ཏེ། སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་གུང་ཁྲན་ཏང་མིའི་ཆབ་སྲིད་ངོ་བོ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་༢༧༠༠ལྷག་ཙམ་གྱིས་འགོ་ཚུགས་ཚོགས་འདུའི་གནས་ཚུལ་གཏོང་སྤེལ་བྱས་ཡོད་པ་རེད།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར
༄༅།།ཧུའུ་ཅིན་ཐའོ་ཡི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གི་གསུང་བཤད་ཁག་དང་པོ།
སྤེལ་བའི་དུས་ཚོད། : 2012-11-09
ཧུའུ་ཅིན་ཐའོ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་སྐབས་སྐོང་འཚོགས་བྱས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་དང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་། བསྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་གཏོར་དཀའ་སེལ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་བསྐྱོད་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་དང་།
ཧུའུ་ཅིན་ཐའོ་ཡིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ནས་ལོ་ལྔ་སོང་བའི་རིང་དེ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པའི་ལོ་ལྔ་ཡིན་པ་དང་། ང་ཚོས་དཀའ་ངལ་སྣ་ཚོགས་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པའི་ལོ་ལྔ་རེད། ལོ་ལྔའི་རིང་། ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད་པ་དང་། དཔལ་འབྱོར་བརྟན་པོའི་སྒོ་ནས་གོང་འཕེལ་ཅུང་མགྱོགས་པོ་བྱུང་བ་དང་། བསྒྱུར་བཅོས་སྒོ་དབྱེར་འཕེལ་རིམ་གལ་ཆེན་ཐོན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་སྤོས་པ། རིག་གནས་འཛུགས་སྐྱོང་སྐས་རིམ་གསར་པའི་ཐོག་སླེབས་པ། སྤྱི་ཚོགས་འཛུགས་སྐྱོང་ལ་ཡར་རྒྱས་གསར་པ་བྱུང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་རྣམ་པ་གསར་པ་གཏོད་པ། ཤང་ཀང་དང་ཨའོ་མན། ཐའེ་ཝན་བཅས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
ལོ་ལྔའི་ནང་ཏང་འཛུགས་སྐྱོང་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཏང་གི་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་དང་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཏང་འཛུགས་སྐྱོང་གི་སྒྱུར་བཅོས་གསར་སྐྲུན་ཐད་གལ་ཆེའི་གོམ་པ་སྤོས་ཡོད་པ་དང་ཏང་ནང་ཁུལ་གྱི་དམངས་གཙོ་དེ་བས་རྒྱ་ཆེར་ཕྱིན་ཡོད། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཤེས་ལྡན་མི་སྣའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ། སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོ་དང་སློབ་སྦྱོང་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་གཏིང་ཟབ་དུ་ཕྱིན་པ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་གསར་པ་ཐོན་ཡོད།
དེ་དང་ཆབས་ཅིག་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་དགོས་པ་ཞིག་ལ། ང་ཚོའི་ལས་དོན་ཁྲོད་དུ་ད་དུང་མི་འདང་བའི་ཆ་མང་པོ་ཡོད་པ་དང་མདུན་སྐྱོད་འགྲོ་ལམ་ཐོག་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་ཡོད་པ། གོང་འཕེལ་ཁྲོད་དུ་དོ་སྙོམས་མེད་པ་དང་མཐུན་སྦྱོར་མེད་པ། རྒྱུན་མཐུད་མེད་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་སྒྲིག་གཞིའི་འགོག་རྐྱེན་ཅུང་མང་པོ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་ཧེ་བག་དང་མང་ཚོགས་ཀྱི་ཡོང་འབབ་བགོ་འགྲེམས་ཀྱི་ཧེ་བག་སྔར་བཞིན་ཅུང་ཆེན་པོ་ཡོད། གཞི་རིམ་ཏང་རྩ་འཛུགས་ཁག་ཅིག་གཉོམ་ཆུང་ནུས་མེད་ཡིན་པ། ཁྱབ་ཁོངས་ཁག་ཅིག་ཏུ་སྒྱིད་ལུག་དང་རུལ་སུངས་ཀྱི་སྣང་ཚུལ་ཐོན་སླ་བ་དང་མང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དཀའ་ངལ་དང་གནད་དོན་དེ་དག་ལ་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་ཀྱི་སྒོ་ནས་ནན་ཏན་ངང་ཐག་གཅོད་བྱེད་དགོས་ཞེས་བཏོན་གནང་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
༄༅།།བོད་ལྗོངས་འཐུས་མི་ཚོཊ་པས་ཚོཊ་ཆུང་ཁག་བགོས་ཀྱིས་ཧུའུ་ཅིན་ཐའོ་ཡིས་གནང་བའི་སྙན་ཞུར་གྲོས་བསྡུར་གནང་བ།
སྤེལ་བའི་དུས་ཚོད། : 2012-11-09
སྤྱི་ཟླ་༡༡པའི་ཚེས་༨ཉིན་གྱི་ཕྱི་དྲོ། ཚོགས་ཆེན་བཅོ་བརྒྱད་པར་ཞུགས་པར་ཕེབས་པའི་བོད་ལྗོངས་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། ཚོགས་ཆུང་ཁག་བགོས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་སྙན་ཞུར་གྲོས་བསྡུར་གནང་བ་དང་། ཚང་མས་མགྲིན་གཅིག་ཏུ། སྙན་ཞུ་འདི་ནི་དངོས་ཐོག་བདེན་འཚོལ་དང་། བསྒྱུར་བཅོས་གསར་གཏོད་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པ་དང་། མི་སེམས་ལ་སྐུལ་མ་གཏོང་བ་དང་ཡར་འབད་བརྩོན་ལེན་གྱི་སྐུལ་མ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་དང་། ཚང་མས་སྙན་ཞུ་དེར་བརྩི་སྲུང་མཐའ་གཅིག་ཏུ་བྱ་རྒྱུའི་རྣམ་པ་བསྟན་ཡོད་ཅིང་། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནན་ཏན་ངང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། ཁྱོན་ཡོངས་ཐོག་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་ཀྱི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ཏེ། བོད་ལྗོངས་ཀྱི་མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བསྟན་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ་ཁྲེན་ཆོན་གོས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས་སོགས་ཀྱིས་གཏམ་བཤད་སྤེལ་ཡོད་པ་རེད།
འདི་ག་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་བདེ་སྐྱིད་ཀྱིས་པར་བླངས་ཤིང་གནས་འཕྲིན་སྤེལ།
༄༅།།འཐུས་མི་རྣམས་ཀྱིས་ཚོགས་ཆེན་༡༨པའི་སྙན་ཞུར་གྲོས་བསྡུར་བྱེད་པ།
སྤེལ་བའི་དུས་ཚོད། : 2012-11-09
སྤྱི་ཚེས་༨ཉིན་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་བུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་དགུ་བཅུ་ལྷག་ཙམ་འབད་འཐབ་དང་། གསར་གཏོད། གསོག་འཇོག་བཅས་བྱས་པའི་གཞི་རྩའི་གྲུབ་འབྲས་ཡིན་པས། ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་གྱིས་ཆེ་བ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཟམ་མི་ཆད་པར་གོང་འཕེལ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད། སྙན་ཞུ་དེར་འཐུས་མིའི་ཁྲོད་ལན་ཆ་དྲག་པོ་བྱུང་ཡོད་པ་རེད། ཚང་མས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་གཞིགས་ནས། དར་ཆ་གང་འདྲ་ཞིག་བསྒྲེངས་དགོས་པ་དང་། ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་དགོས་པ། བསམ་པའི་ཉམས་འགྱུར་གང་འདྲ་ཞིག་གི་ཐོག་འཆང་དགོས་པ། དམིགས་ཡུལ་གང་འདྲ་ཞིག་འཆང་དགོས་པ་བཅས་ཀྱི་ཐད་ལན་ཁ་གསལ་བརྒྱབ་ཡོད། དེ་དག་ནི་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོ་དང་འབྲེལ་བའི་གནད་དོན་གལ་ཆེན་ཤ་སྟག་ཡིན་ཞིང་། དེས་རང་རེས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་མགྱོགས་སུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུར་ཁྲིད་སྟོན་བྱེད་ངེས་ཡིན། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ལོ་བཅུའི་ནང་ང་ཚོས་རང་རྒྱལ་གོང་འཕེལ་གྱི་གལ་ཆེའི་འཐབ་ཇུས་གོ་སྐབས་དམ་འཛིན་དང་བེད་སྤྱོད་གང་ལེགས་བྱས་ནས། འགྲན་རྩོད་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བྱས་པ་དང་། འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་དུས་སྐབས་གསར་པ་ཞིག་གི་ཐོག་འཕེལ་རྒྱས་བཏང་ཡོད་ཅེས་གསུངས་འདུག
ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་ལོ་བཅུའི་གོང་འཕེལ་བརྒྱུད་རིམ་ལ་ཕྱོགས་བསྡོམས་བྱས་པར། འཐུས་མི་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་རྒྱུ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་། དུས་བསྟུན་མཉམ་བསྐྱོད་ཀྱིས་གོང་འཕེལ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བསྟན་འདུག རིག་པ་དྭངས་གསལ་གྱི་དབྱེ་ཞིབ་ལ་འཐུས་མི་རྣམས་ཀྱི་ལན་ཆ་དྲག་པོ་བྱུང་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ཁྱོན་ཡོངས་ནས་གོ་སྐབས་དམ་འཛིན་དང་། བབ་བརླིང་ངང་འགྲན་རྩོད་ལ་ཁ་གཏད་གཅོག་པ། རང་འགུལ་དབང་ཆ་ཐོབ་པ་བྱེད་པ། བཟང་ཆ་ཐོབ་པ་བྱེད་པ། མ་འོངས་པ་ཐོབ་པ་བཅས་བྱས་ནས། སྤྱི་ལོ་༢༠༢༠ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱེད་པའི་བརྗིད་ཆེའི་དམིགས་འབེན་ལེགས་སྒྲུབ་བྱ་རྒྱུར་འགན་སྲུང་བྱ་དགོས་ཞེས་བསྟན་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་ཏང་ཡོངས་སུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་ལྟ་བ་དང་ལམ་ལུགས་སྒྲིག་གཞིའི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་དགོས་པའི་འབོད་སྐུལ་བྱས་པར། འཐུས་མི་རྣམས་ཀྱི་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
ཁ་བདེ་བ་ཙམ་གྱིས་ཕན་གི་མ་རེད་ལོ། ཉལ་ས་དྲོད་པོ་ནང་ནས་སྡེབས་ཀྱིས་ལོངས་ཤོག་ཟེར་བ་དེའགྲིག་གི་མ་རེད། རྒྱ་ནག་གིས་ཕྱི་ལོག་ནས་རྒྱུད་སྐུལ་བྱས་པ་རེད་ཟེར་བ་དེ་འདི་འདྲ་ལ་ཟེར། སྐད་བཤད་མི་ཤེས་ན་མ་བཤད་རོགས
ལམ་སྟོན་ཤེས་མཁན་གྱིས་ལམ་སྟོན་བྱས། ལམ་དུ་འགྲོ་མཁན་གྱིས་ལམ་གཞུང་མནན། འདི་འདྲ་བྱས་ན་ཕ རུབ་བུ་རུབ་བྱས་ན། ཐུག་པ་ངང་གིས་ཁོལ་ཡོང་། ཟེར་བ་རེད་དོ།
མེར་བསྲེགས་བཏང་མཁན་གྱི་ནང་མིས་ཀྱང་ང་ཚོའི་མི་བོད་སྤྱི་དོན་དུ་ཤི་བ་ཡིན་པས་སེམས་ཕྲལ་བྱེད་ཀྱི་མེད་ཅེས་གསུང་འདུག་ཀྱང་། བཙན་བྱོལ་ནང་གི་མི་འགའ་རེ་མི་བཟོད་དོན་ཅི་ཡིན་ནམ། འདི་ངོ་མ་སྤུན་ཟླའི་བརྩེ་སེམས་རེད་དམ་སྐབས་འཚོལ་བའི་ཆོ་འཕྲུལ་རེད།
རྒྱ་ཡི་གནས་ཚུལ་ཤེས་རྟོག་བྱས་པ་ཡག་པོ་རེད། བོད་ཀྱི་རེ་བ་སྐམ་མོ་ས་ལ་ཐིམ་ན་ག་རེ།
མེར་བསྲེག་མ་བཏང་ཞེས་བསླབ་བྱ་རྒྱག་ཁུལ་བྱེད་མཁན་རྣམས་ནི། དཔེར་ན་བྱང་ཆུབ་སེམས་དཔའ་ཞིག་གིས་སངས་རྒྱས་ཐོབ་པའི་ཆེད་དུ་དབུ་དང་ཡན་ལག་སྦྱིན་པ་བཏང་བ་ལ། མི་མཁས་པ་འགའ་རེ་དྲུང་དུ་སོང་ནས་དེ་འདྲ་མ་བྱེད་ཁྱེད་རང་གི་ཚེ་སྲོག་རྩ་ཆེན་པོ་རེད། ནང་མི་སྤུན་མཆེད་ལ་ཡང་སྡུག་བསྔལ་བཟོ་ཡི་རེད་ཅེས་བསླབ་བྱ་རྒྱག་ཁུལ་བྱས་པ་དང་གཅིག་པ་རེད།
བོད་ལས་ཕུ་ནོར་རྣམས་གྱི་རེ་བ་འགྲུབ་བར་ཤོག། བཙན་བྱོལ་བོད་མི་རྣམས་ཀྱི་གཅིག་སྒྲིལ་བྱོས་བར་ཤོག།
འདི་ནི་ཁ་ཡོད་ལག་ཡོད་ཅིག་རེད་བསམས། གཟིགས་ཞིབ་གནང་རོགས།
གཞིས་ལུས་བོད་མི་ཚོར་སྤྲིངས་པའི་རང་སྐྱོང་རྩོད་ཐབས།
༡༽ ངོ་སྤྲོད།
ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་ལྟར་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་པའི་བློ་སྒོ་ཆེན་པོ་ཕྱེས་མེད་ལ། རྒྱ་མི་རིགས་ལྟར་ཆབ་སྲིད་ལ་རྔམས་ནག་པའི་བྱ་སྤྱོད་ཕར་ཞོག་དེ་འདྲར་བག་ཆགས་ཀྱང་བཞག་པ་ཉུང་ཉུང་རེད། དེ་ནི་གཏིང་ཇུས་མི་བསྟེན་པ་དང་ལས་དོན་ཐད་ཀར་སྒྲུབ་སྟངས་ཀྱི་ཆ་ནས་རང་བཞིན་མི་གཤིས་རང་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ། ད་ལྟ་ད་དུང་མིའི་གཤིས་ཀ་ལ་བལྟས་ན་གསལ་མཁྱེན་ཐུབ་པ་དེ་རེད། བར་སྐབས་ཤིག་ནས་བོད་མི་རྣམས་ཆོས་འདྲིས་ཆེ་དྲགས་ནས་འཇིག་རྟེན་གྱི་འཚོ་གནས་སྐྱ་ཐིག་འདེབས་ཕྱོགས་ཚུན་ཆད་ལ་ཆོས་དང་འབྲེལ་བའི་བསམ་ཚུལ་དང་གོམས་གཤིས་ཀྱིས་ཁྱབ་ཡོད། དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་བོད་གཞུང་མང་བཙན་བྱོལ་དུ་ཐོན་དགོས་བྱུང་ཡང། ད་དུང་བོད་ནང་དུ་འཚེ་མེད་ཞི་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཤིག་ལམ་སྟོན་བྱེད་ཐུབ་མེད། རང་གཞུང་གིས་ད་ལྟ་རང་བཙན་རྩོད་ལེན་གནང་གི་མེད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལ་མི་དམངས་ཀྱི་ངོས་དང་སྒོས་སུ་བོད་ནང་ནས་རང་བཙན་ཞེས་པའི་ཚིག་འདི་ཇེ་ཉུང་ནས་རྩ་ཡལ་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང། དེའི་ཚབ་ཏུ་རང་སྐྱོང་གི་རྩོད་ཐབས་འཐུས་ཚང་ཞིག་ད་བར་མགོ་ཚུགས་མེད་པ་འདིས། བོད་ནང་ཛ་དྲག་གནས་སྟངས་ཇེ་ཆེར་འགྲོ་བཞིན་ཡོད། ད་ནི་ང་ཚོས་ཁ་ཡོད་ལག་ཡོད་དང། རང་གི་ནུས་པ་ལ་དཔག་པ། ཁྲིམས་དང་མཐུན་པའི་རང་སྐྱོང་རྩོད་ཐབས་ཤིག་གང་འདྲ་འདུག་ཅེས་ཐད་ཀར་བོད་མི་རང་རང་གི་དཔྲལ་བར་མཛུབ་མོ་འཛུགས་དགོས་སྟབས། བོད་ནང་རང་སྐྱོང་རྩོད་ཕྱོགས་ལ་ཐབས་ལམ་ཁ་ཤས་ཡོད་པ་རེད།
༢༽ སྒྲིག་འཛུགས།
བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ལས་འགུལ་སྣེ་ཁྲིད་པའི་སྒྲིག་འཛུགས་ཤིག་དགོས་པ་དང་སྒྲིག་འཛུགས་དེའི་ལས་གཞི་རྣམས་གཤམ་གསལ།།
ཀ སྒྲིག་འཛུགས་སྣེ་ཁྲིད་པ་སེར་སྐྱ་གཉིས་ཀྱིས་གྲུབ་དགོས་ཤིང། བོད་ཀྱི་ས་ཁུལ་ཆེ་ཁག་ཚང་མའི་མི་སྣ་འདུ་ཐུབ་པ་བྱ་དགོས།
ཁ སྒྲིག་འཛུགས་ཀྱི་སྣེ་ཁྲིད་པ་ཚོས་མི་མང་ནང་ངེས་པར་དུ་འཚེ་མེད་ཞི་བའི་ལམ་ནས་བཏོན་པའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་འགྲེལ་བཤད་ཐུབ་དགོས།
ག གཉིས་སྨན་དབུ་མའི་ལམ་ནས་སྤྲད་པའི་༼ རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་དངོས་སམ་བརྒྱུད་ནས་མི་མང་ནང་ཁྱབ་སྤེལ་བྱ་དགོས།
ང རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། ཉེས་ཁྲིམས་སོགས་ངེས་པར་དུ་ས་གནས་སོ་སོར་མི་སྣ་ཆེད་འཛུགས་ཀྱིས་སློབ་སྦྱོང་བྱ་དགོས། བྱུང་ན་དགོན་པ་དང་སྡེ་པ། སློབ་གྲྭ་བཅས་ཀྱིས་རང་འགན་བླངས་ཏེ་སོ་སོའི་ཁོངས་སུ་གོ་རྟོགས་ཚད་ལྡན་སྤེལ་དགོས།
ཅ སྤྱི་ཁྱབ་སྒྲིག་འཛུགས་འདིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང། བོད་བྱེས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་མ་སྤེལ་ཚེ། ལས་འགུལ་གྱི་ནུས་བ་ཁ་འཐོར་དུ་འགྲོ་རྒྱུ་དང། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་ངན་བྱུས་དང་དྲག་གནོན་ལ་ཁོར་ཡུག་བསྐྲུན་པ་ཡིན་སྟབས། བོད་སྤྱིའི་མདུན་ལམ་ཕན་ཐོགས་འབྱུང་གི་མེད་པ་ངེས་པར་དུ་གཟབ་ནན་གནང་དགོས་ས་དེ་རེད།
༣༽ ལས་འགུལ།
ལས་འགུལ་གྱི་སྔོན་འགྲོའི་ཤེས་བྱ་རྣམས་ལ་སྦྱངས་རྗེས། ད་གཟོད་ལས་འགུལ་དངོས་སུ་ལག་བསྟར་བྱེད་དགོས་པ་ཡིན།
ཀ ལས་འགུལ་ཅི་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་ཚུལ་མཐུན་ཡིན་དགོས་པ་མ་ཟད། རྒྱུ་མཚན་བཤད་རེས་གནང་རྒྱུ་ནི་རྩ་དོན་རེད།
ཁ ལས་འགུལ་སྤེལ་སྐབས་ས་གནས་བྱེ་བྲག་པ་གཅིག་ནས་སྤེལ་བ་དེ་ཧ་ཅང་གི་བློས་གཏོང་ཆེན་པོ་དང་གྱོང་ཆེན་པོ་ཡིན་སྟབས། ས་གནས་ཁག་ཚང་མས་ཉིན་བརྒྱ་དུས་གཅིག་མིན་ཡང། ངེས་པར་དུ་ས་གནས་ཆེ་ཁག་ཚང་མས་ཉིན་གཅིག་དུས་ཚོད་གཅིག་ཏུ་ལས་འགུལ་སྤེལ་ཐུབ་དགོས་པ་ཡིན།
ག ལས་འགུལ་མ་སྤེལ་བའི་སྔོན་ངེས་པར་དུ་རྒྱ་རིགས་དྲང་བདེན་པ་ཚོར་འབྲེལ་བ་བྱ་དགོས་ཤིང། བོད་ནང་གི་ལས་འགུལ་ཅི་བྱུང་གི་གནས་ཚུལ་རྒྱ་ནག་གི་ས་ཆ་གང་སར་འགྲེམས་ཐུབ་བྱ་རྒྱུ་ནི་ཡག་ཤོས་དེ་ཡིན།
ང ལས་འགུལ་སྤེལ་སྐབས། ངེས་པར་དུ་རང་སྐྱོང་རྩོད་ཀྱི་ཡོད་པའི་མངོན་འདོད་གསལ་བོར་སྟོན་དགོས་ཤིང། དེ་ནི་རྩ་དོན་ཞིག་ཡིན།
༤༽ ལས་འགུལ་སྤེལ་སྐབས་འཕྲད་དར་དང་འབོད་ཚིག
འཕྲད་དར་སྟེང་ལས་འགུལ་གྱི་དོན་རྩ་འགོད་པ་ལས་ཡི་གེ་ཉ་ཉོག་མེད་པ། མངོན་འདོད་ཆེས་ཉུང་ན་མཛེས་ཤིང་དེའང་རྒྱ་ནག་གི་ཁྲིམས་རྣམས་གཞི་རྩར་བཟུང་ནས་འགོད་ཐུབ་ན་ཧ་ཅང་སྤུས་དག་ཡིན།
ཀ ༧གོང་ས་སྐྱབས་མགོན་ཆེན་པོའི་བཞེད་དགོངས་བོད་མིའི་སྲོག་རྩ་ཡིན་པ་ངེས་པར་དུ་གསལ་བཤད་གནང་དགོས།
ཁ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་བཞིན་པར་མྱུར་ཏུ་འབྲེལ་གཏུག་གནང་སྟེ་བོད་དོན་ཞི་འགྲིག་དགོས་རྒྱུ་གསལ་སྟོན་གནང་དགོས།
ག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་སྤྲད་པའི་རང་སྐྱོང་བསམ་འཆར་བོད་ནང་གི་བོད་མིའི་མངོན་འདོད་ཡིན་པ་ཤུགས་དྲག་པོའི་ཐོག་ནས་གསལ་བཤད་གནང་དགོས།
ང བྱེ་བྲག་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས། དེ་མཉམ་རུབ་ཀྱིས་བདེན་དོན་རྩོད་དགོས། འདིའི་ནང་སྐད་ཡིག་དང་ཁོར་ཡུག དཔལ་འབྱོར། གཞན་ཡང་གཅར་རྡུང་གི་གནས་ཚུལ་སོགས་འདུས་ཡོད།
ཅ ལས་འགུལ་གྱི་མངོན་འདོད་རྣམས་བོད་རིགས་ཁྱིམ་ཚང་ཀུན་ལ་འགྲེམས་སྤེལ་དང། རྩིག་ངོས་ཁག་ཏུ་སྦྱར་བ། གཞན་ཡང་སོ་སོའི་ས་གནས་ཀྱི་ཁ་ཆེ་དང་རྒྱ་རིགས་མི་མང་ཚོར་གནས་ཚུལ་དེ་རྣམས་ཤེས་རྟོགས་བྱེད་འཇུག་དགོས།
ཆ ལས་འགུལ་སྤེལ་སྐབས་ཁོང་ཁྲོ་དང་ཚོར་བཪ་ངེས་པར་དུ་བདག་པོ་རྒྱག་དགོས་ཤིང། མི་གཅིག་ཚོར་བའི་གཞན་དབང་དུ་སོང་ནས་རྒྱག་རེ་རྒྱབ་པ་ཡིན་ན་དེས་མི་རིགས་ཤིག་གི་མདུན་ལམ་ལ་གནོད་ཀྱི་ཡོད་སྟབས། དེ་རྣམས་ལ་ངེས་པར་དུ་གཟབ་སྟེ་སྤོང་དགོས།
ཇ དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སོ་སོའི་ས་གནས་ཀྱི་རྒྱ་རིགས་མི་མང་ཚོར་ཐ་ན་མིག་ལོག་ཅིག་གིས་ཀྱང་མི་བལྟ་བར་ཐད་ཀར་རྒྱ་ནག་གི་གཞུང་འཛིན་པ་དང་དེའི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནི་ཆོས་དང་མཐུན་ལ། འཚེ་མེད་ཞི་བ་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཡིན་པས་དེ་གཟབ་ནན་བྱེད་དགོས།
ཉ སྐད་ཡིག་དང། ཁོར་ཡུག དཔལ་འབྱོར་གྱི་སྲིད་བྱུས། ཆབ་སྲིད་ཀྱི་ཐོབ་ཐང། དྲང་བདེན་མིན་པའི་ཁྲིམས་གཅོད་སོགས་བྱེ་བྲག་པ་རེ་རེར་ངོ་རྒོལ་རྩོད་ལེན་བྱ་སྐབས། དེ་རྣམས་རྒྱ་ནག་རང་གི་ཁྲིམས་ཡིག་དོན་ཚན་གང་དང་འགལ་འདུག་མིན་གསལ་ཞིང་གསལ་བ་འཕྲད་དར་སྟེང་བྲིས་ཏེ། དེར་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཏེ་མངོན་འདོད་བྱེ་བྲག་པ་དམ་འཛིན་གནང་དགོས།
༥༽ རྒྱུན་དུ་གནང་དགོས་པའི་ལས་འགུལ་གཞན།
ལས་འགུལ་གཞན་ཞིག་ནི་བོད་མི་རིགས་ཀྱི་དཀའ་ངལ་གང་ཡིན་གསལ་བོར་ཤེས་རྟོགས་བྱ་ཆེད་སློབ་སྦྱོང་བྱ་རྒྱུ་དེ་ཡིན་ཞིང། དེར་ལས་དོན་བྱེད་དགོས་པ་གཤམ་གསལ་ལྟར་ཡིན།
ཀ བོད་ཀྱི་དགོན་པ་ཁག་གི་བླ་མ་མཁན་པོ་དང། གྲྭ་བ་བཅས་ཀྱིས་རང་རང་གི་ལྷ་སྡེའི་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ་ཡིན། ཉུང་མཐར་ཟླ་རེར་ཉིན་གཅིག་གམ་ཉིན་ཕྱེད་བཅས་སུ་ནང་ཆོས་གོ་རྟོགས་སྤེལ་དགོས།
ཁ སྡེ་པ་དང་དགོན་པ་སོ་སོས་བོད་སྤྱིའི་བསོད་ནམས་གོང་དུ་སྤེལ་ཕྱིར། ས་གནས་ཆེ་ཁག་ནང་ཉིན་བརྒྱ་དུས་གཅིག་ཏུ་རྣམ་དཀར་གྱི་ལས་ལ་འབད་རྒྱུ་གཏན་འབེབས་གནང་དགོས། དེའང་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ། ཁམས་ཀྱི་ཡུལ་ལུང་སོ་སོ། ཨ་མདོའི་ཡུལ་ལུང་སོ་སོ་བཅས། རྒྱ་མིས་འབོད་པའི་ཞིང་ཆེན་སྟེ་བོད་མི་གནས་སྡོད་བྱེད་ས་རེ་རེའི་ནང་ཉིན་གཅིག་གཏན་འབེབས་ཀྱིས་ལོ་བསྟར་ཆགས་སུ་དེ་ཉིན་རྒན་བྱིས་སེར་སྐྱ་ཚང་མས་ཉིན་བརྒྱ་དུས་གཅིག་རྣམ་དཀར་གྱི་ལས་ལ་འབད་དགོས།
ག བོད་མིའི་ས་ཞིང་དང་འབྲོག་པའི་རྩ་ས། དེ་བཞིན་གནས་རྩ་ཆེན་བཅས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང། བཟོ་གྲྭ་འདྲ་མིན་རྒྱག་གི་ཡོད་པ་རྣམས་ངེས་པར་དུ་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེར་སྙན་གསེང་ཞུ་བ་དང། སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེས་ཤེས་རྟོགས་བྱས་ནས་དེའི་ཆེད་མི་མང་སྤྱི་ཡོངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས། དེའང་ཁྲིམས་ལ་གཏུག་པ་དང། སྲིད་གཞུང་ལ་ཞུ་གཏུག་བྱེད་པ། རྒྱ་རིགས་མི་མང་ཚོར་གསལ་བཤད་ཞུ་བ། རྒྱ་རིགས་ནང་པ་དང་བླ་མ་ཚོར་སྙན་གསེང་ཞུ་བ་སོགས་བྱེད་དགོས།
ང ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས་ཕྱིར། སོ་སོའི་ས་གནས་ཀྱི་ཁ་ཆེ་ཆོས་རྒྱུད་འཛིན་མཁན་རྣམས་ལ་མཐུན་སྒྲིལ་གྱིས་སོ་སོའི་ཆོས་ལུགས་ཀྱི་བྱམས་བརྩེ་སྤེལ་རེས་དང། དེར་ཚོད་འཛིན་བྱེད་པའི་སྲིད་བྱུས་སོགས་ལ་མཉམ་རུབ་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་ཡིན།
མཐའ་དོན་ཞུ་སྙིང་།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཕྱིར་དང། རང་སྐྱོང་ཐོབ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་ཐབས་སུ་ངེས་པར་དུ་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང། ཆུ་བོའི་རྒྱུན་བཞིན་རྟག་ཏུ་རང་མི་རིགས་ཀྱི་གོང་འཁོད་ཐོབ་ཐང་རྣམས་རྩོད་ལེན་གནང་བ་ཡིན་ན། བོད་ལ་ལོ་གཅིག་གཉིས་ནང་རང་སྐྱོང་ཐོབ་པར་སོམ་ཉི་མི་དགོས་པ་ཞིག་རེད།།
གུས་ཕྱག་བཅས་གཞིས་ལུས་སྤུན་ཟླ་ཚོར་སྤྲིངས།། ༢༠༡༢། ༧། ༦། ཉིན།
ཤར་ཁུག་མཆོག
ཁྱེད་ཀྱི་རྒྱ་གཞུང་གི་ཚོགས་འདུའི་གསར་འགྱུར་འདི་དང་དེ་མིན་གྱི་ཐོག་མའི་བསམ་འཆར་དང་འབྲེལ་མེད་ཀྱི་རྩོམ་རྣམས་ཁ་ཤོག་གསར་པ་ཞིག་གི་ནང་ལ་འདོན་ན་མི་ལེགས་སམ། དེ་མིན་འཁྲུགས་ཀྱི་འདུག
འུར་རྒྱག་རྒྱུར་དགའ་བ་འདི་ཤར་ཁུག་གི་མི་གཤིས་རེད། འུར་བརྒྱབ། ཟིང་བསླངས། ཕྱི་ནང་གཉིས་སུ་དཀྲོགས་བཟོས། གཟབ་གཟབ་བྱས་ན་དགའ་ཀི་རེད། ཤར་ཁུག་ཁྱོད་ལྟ་བུ་བཙན་བྱོལ་བོད་མིའི་དབུ་ཁྲིད་ཡིན་ན་ཚང་མ་ས་ལ་སྒོར་ངེས་རེད།
ཁྱོད་ཀྱིས་བསམ་ཚུལ་བཏོན་པ་བཟང་། རྗེས་ཕྱོགས་ཐལ་ཆ་་ཆེ་བ་དང་། འགན་འཁུར་མེད་པ། དམིགས་རྒྱང་ཐུང་བའི་སྐད་ཆ་འི་རིགས་ལ་ཚོད་རེ་བཟུང་ན་དགའ།
ང་ཚོའི་གཏམ་དཔེ་ལ་གཞོན་པའི་ཤེད་ལས་རྒན་པོའི་ཇུས་ཟབ་ཟེར་བ་དང་བྱ་མ་དཀྲོགས་པར་སྒོ་ང་ལེན་ཐབས་ཟེར་བ་ལྟར་ང་ཚོས་ལས་གང་ཞིག་སྤེལ་ཡང་འཆར་གཞི་ལྡན་པ་དང་ཐབས་ཇུས་གཙོ་བོར་འཛིན་དགོས་པ་འདི་གནད་ཀྱི་དོན་པོ་ཡིན། ཉིས་སྟོང་བརྒྱད་ཀྱི་སྔོན་ལ་རྒྱ་གཞུང་གིས་བོད་མི་རིགས་ལ་དེ་ཙམ་གྱིས་དོ་སྣང་སྤྲོད་ཀྱིན་མེད། དེར་བརྟེན་ང་ཚོ་ལ་གོ་སྐབས་མང་བོ་རག་གི་ཡོད་། འོན་ཀྱང་ད་དགྲ་བོ་གཉིད་སད་པ་རེད།
ཁག་ཡོད་ལག་ཡོད་ཀྱི་བྱ་བ་ནི་ཁག་ཡོད་ལག་ཡོད་ཀྱི་མཇུག་འབྲས་ཡོད་འུར་རྒྱགས་དང་ཅལ་
འདྲོགས་ནི་མཇུག་འབྲས་མེད།
རང་ལུས་མེ་བསྲེགས་འཚམས་འཇོག་གནང་རོགས་གནང་། ་རང་བསྲེགས་འདིས་མི་རང་གཉིས་ཀ་མེ་ལ་དངོས་སུ་བསྲེགས་གི་འདུག་
རྒྱལ་ནག་གཞུང་གིས་བོད་ལ་གང་ཐད་ནས་སྡུག་ཏུ་གཏང་བ་དང་་རང་བསྲེགས་སྔོན་དང་རང་བསྲེགས་བྱུང་བའི་རྗེས་སུ་བོད་ཀྱིས་གནས་གཏང་ལ་ལྟས་ན་ཧ་ཅང་སྡུག་ཏུ་སོང་བ་འདུག། མ་ཚད་མེ་བསྲེགས་རྗེས་སུ་དགོན་པ་ནང་བླ་མ་གྲ་པ་རྣམས་སྡོད་མི་ཆོག་པ་དང་མི་དམངས་གྲོང་པ་རྣམས་ལ་ལྟ་ལྟོག་སོགས་སྡུག་ཏུ་སོང་་་་རང་བསྲེགས་གིས་སོ་སོ་དམྱལ་བ་ལ་འགྲོ་བ་དང་ཕ་མ་སྤུན་ཆེད་སྡུག་ལ་སྦྱོར་བ་་བོད་རིགས་མི་དམངས་རྣམས་ཀྱིས་བློ་ཚར་སྐྱེར་བ་དང་འཛམ་གླིང་ནང་ཤེས
ཡོན་ཅན་རྣམས་ཀྱིས་བོད་ལ་མི་དགའ་མཁན་བྱུང་བ་སོགས་གང་ཐད་ནས་ཡག་པོ་མི་འདུག་།
དེ་ནས་ཁ་ནང་དུ་ཅི་ཡོང་བཤད་ན་འགྲིག་གི་རེད། དེ་ནི་རྡ་ས་ལས་ལྷ་ས་མིན་པས་སོ།།
བཙན་བྱོལ་ནང་ཡོད་པའི་བོད་མི་ནག་གིས་གཞིས་ལུས་བོད་མི་རྣམས་ལ་རང་སྲོག་མེར་བསྲེགས་མ་ཐོངས་དང་སྡེབས་ལོངས་བྱོས་ཞེས་སྐུལ་མ་རིགས་ཐོངས་པའི་ཐོབ་ཐང་ཡོད་མ་རེད།
རྒྱ་ནག་གི་རྩ་ཁྲིམས་ནང་རྒྱ་ནག་གཞུང་གི་བྱེད་སྟངས་རིགས་མ་འགྲིག་ན་མི་མང་ཚོས་སྐད་འབོད་སོགས་བརྒྱག་ཆོག་པའི་ཐོབ་ཐབ་ཡོད་ལུགས་བཀོད་ཡོད་ཀྱང་། དོན་ངོ་མར་རྒྱ་ནག་གི་རྕ་ཁྲིམས་ནང་སྐད་འབོད་བྱེད་ཆོག་པའི་སྐོར་བཤད་པ་དེ་ཚིག་ཙམ་ལས་བོད་མི་ཞིག་ནས་བོད་མི་རིགས་ལ་ལ་རྒྱ་ཡོད་རབས་བཤད་མ་ཙམ་གྱིས་འཛིན་བཟུང་སོགས་བྱེད་རྒྱུ་ཡོད་པ་དེ་རྒྱས་བཤད་མི་དགོས་བ་ཞིག་རེད།
༢༠༠༨ལོ་ཨ་མདོ་ལྔ་པ་ནང་བོད་མིས་སྡེབས་ལོངས་སྐབས་རྒྱའི་དམག་མིས་བོད་མི་འགའ་དམག་བསད་བཏང་ཡོད་ལ་། དེ་དང་གཅིག་མཚུངས་ཁམས་སྟོང་སྐུ་ས་གནས་སུ་ཡང་བོད་མིས་སྡེབས་ལོངས་སྐབས་རྒྱའི་དམག་མས་བོད་མི་འགའ་དམག་བསད་དང་། ད་ལོ་ཁམས་བྲག་མོག་རྫོང་དང་གསེར་རྟ་རྫོང་གཉིས་ནང་བོད་མི་ཚོས་སྡེབས་ལོངས་སྐབས་ཀྱང་རྒྱའི་དམག་མིས་ས་གནས་དེ་གཉིས་ནང་བོད་མི་དམག་བསད་བཏང་ཡོད།
རྒྱ་ནག་རྒྱལ་ཁབ་དེ་མིས་དབང་བསྒྱུར་པའི་རྒྱལ་ཁབ་ཅིག་ཡོད་པས་ལས་ཁྲིམས་ཀྱིས་དབང་བསྒྱུར་པའི་རྒྱལ་ཁབ་ཅིག་མེད། རྒྱ་ནག་ནང་ཁྲིམས་ཀྱི་འགྲོ་སྟངས་བྱེད་ནས་གནད་དོན་ཞུ་ས་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་དབུས་མའི་ཐོག་སྐྱོད་དགོས་དོན་མེད།
གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་འཐབ་རྕོད་ཀྱི་ལས་འགུལ་ཅི་འདྲ་ཞིག་སྤེལ་ན་དེའི་བཟང་ངན་དང་འོས་མི་འོས་སྐོར་བཤད་རྒྱུ་ཕར་བཞག་ནས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་་ཞི་བའི་ངོ་རྒོལ་བྱེད་དགོས་པའི་གནད་དོན་ཅི་ཡིན་མིན་ཐད་རྒྱལ་སྤྱིའི་སྡིངས་ཆ་ཐོག་འཁུར་ཐུབ་པ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད་སྙམ།
གོང་ལ་ཕྲན་ནས་མཆན་བཀོད་པ་དེའི་ནང་ཡིག་ནོར་མང་པོ་ཞིག་ཤོར་འདུག་པས་དགོངས་སེལ་ཞུ།
ལོངས་ཤོག མཆོངས་ཤོག བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ལོངས་ཤོག
གཞིས་ལུས་བོད་མི་རྣམས་ཀྱིས་རང་གི་ལུས་སྲོག་འབྱོར་བ་ལོངས་སྤྱོད་ཡོད་ཚད་གཏའ་མར་བཞག་ནས། བོད་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་དང་། ད་ལྟའི་མྱོང་བཞིན་པའི་མི་རིགས་འདི་སྡུག་བསྔལ་ལས་གྲོལ་བའི་ཕྱིར་དུ་བྱ་དགོས་པ་ཡོད་ཚད་བྱས་ཟིན་པའམ་བྱེད་བཞིན་ཡོད། འཆི་དུར་ཁུང་ནས་ཀྱང་བཙུམས་མ་ཐུབ་པར་ཅེར་བའི་དཔའ་བོ་དཔའ་མོ་རྣམ་པའི་རེ་བ་སྟེ། བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་ཕྱི་དོན་ཞིག་སྒྲུབ་བཞིན་ཡོད་བསམ་པ་དེ་བཞིན། ང་ཚོས་ཁོང་ཚོའི་དོན་འབྲས་ལ་འགན་དབང་འཁྱེར་བའི་བློ་སྤོབས་ཅི་ཞིག་ཡོད། རང་ཉིད་ཀྱི་བྲང་ལ་ལག་པ་བཞག་ནས་འདང་ཞིག་རྒྱོབས། གལ་སྲིད་གདེང་ཚོད་ཅིག་མེད་ན། ད་ལངས་རན་རེད་ལ། མཆོངས་རན་ཀྱང་རེད། གང་ཡིན་ཡང་བྱ་རན་རེད། ད་དུང་འདི་བཞིན་བསྡད་ན་གཞིས་ལུས་བོད་མི་རྣམས་ཀྱི་རེ་སེམས་བསྲེགས་པ་ལས་དོན་འབྲས་གང་ཡང་མི་འབྱུང་བ་མངོན་གྱུར་རེད། དེ་རིང་ནས་མགོ་བཙུགས་ཏེ་ང་ཚོས་མ་མཐའ་ཡང་གཤེགས་ཟིན་ཟིན་མིན་གྱི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ནུས་པ་ཐོན་མིན་ལ་མ་བལྟོས་པར་བྱ་ནུས་པ་ཡར་ལངས་ཆེན་མོ་འདིའི་རིགས་ཀྱི་རྣམ་འགྱུར་ཙམ་ཡང་མ་བསྟན་ན། བཙན་བྱོལ་བ་རྣམས་གཞིས་སྡོད་བོད་མི་ཚོར་མགོ་སྐོར་མཁན་ཆགས་པའི་ནག་ཉེས་དེ་ལོ་རྒྱུས་ཀྱི་ནག་ཉེས་དང་། མི་རིགས་ཀྱི་ནག་ཉེས། ད་དུང་ལས་འབྲས་ཀྱི་ནག་ཉེས་ཀྱང་ཡིན་པ་དྲན་སོས་དགོས་ཚོད་རེད། དེ་བས་ད་ལྟ་ང་ཚོས་དོན་འབྲས་ཐོན་མིན་དང་། འོས་འཚམས་ཡིན་མིན། ལྟ་བ་འགྲིག་མིན། བསམ་ཚུལ་དག་མིན། ད་དུང་སྐབས་སུ་བབ་མིན་ལ་བསམ་ནས་གདམ་ཁ་འབྱེད་པའི་དུས་མ་རེད། སྤུན་ཟླ་ཚོ། སྙིང་ཁོང་ནས་སེམས་ཤིག་ཡོད་ན། སེམས་སྟེང་ན་དྲོད་ཞིག་ཡོད་ན། ད་ལོངས་ཤོགས། ཚང་མ་མཉམ་དུ་ལོངས་ཤོག
(བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་།)(བདག་ཉིད་བདག་གི་མགོན་ཡིན་ཞིང་། །བདག་ལྟ་སུ་ཞིག་མགོན་དུ་འགྱུར། །)
ཆུ་ཚད་དམའ་བའི་སྤྱི་ཚོགས་ཤིག རྒྱལ་གཅེས་ཀྱི་བསམ་བློར་སྐུལ་འདེད་དང་། ཤེས་རྟོགས་ཀྱི་བསམ་བློ་མཐོ་འདེགས་གཏོང་བ་ལ། དང་ཐོག་མི་སྒེར་ནས་འགོ་འཁྲིད་པ་ནི། སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་མཐོང་། རྒྱལ་གཅེས་ཀྱི་བསམ་བློ་མངའ་བའི་མི་སྒེར་ཚོས། བློས་གཏོང་དང་སྐུལ་འདེད་ཀྱིས། དགེ་ཕན་ཆེ་བའི་ལས་འགུལ་དེ་ཉན་ཁ་ཅི་ཙམ་ཆེ་ནའང་རིམ་བཞིན་སྤྱི་ཚོགས་ཅན་དུ་འགྱུར་བ་ནི། རང་བོད་ཀྱིས་རྒྱུད་ཟིན་པའི་ཉེ་བའི་ལོ་ཤས་རང་གི་རྒྱ་རྒོལ་གྱི་འགྱུར་བ་འདིས་མཚོན་ཐུབ། དེ་ཕྱིར་དགྲ་ཚོགས་ལ་གཡོ་འགུལ་གཏོང་ན། སྡེབས་ལངས་ཀྱིས་དགྲ་བོའི་སྒོ་རྡུང་རྒྱུ་དེ་ཡིན་ལ། དེ་འདྲའི་སྤྱི་ཚོགས་རང་བཞིན་ཅན་གྱི་སྡེབས་ལངས་ཤིག་འབྱུང་བ་ལའང་། མི་སྒེར་གྱིས་རྒོལ་ལངས་རྒྱུ་ཁྱོངས་བྱ་རྒྱུ་དེ་ཡིན་པར་སེམས་པས། སྡེ་ལངས་དགོས་པའི་ཞུ་འབོད་འདི། དམིགས་པ་གནད་ལ་ཁེར་ཞིང་བོས་པ་དོན་ཆེན་པར་འདོད།
རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ན་རྒྱ་ནག་གི་ད་ལྟ་འཛིན་སྐྱོང་བྱེད་བཞིན་པའི་བོད་འདི་རེད།
ཤར་ཁུག་གི་སྐད་ཆ་གཏིང་ནག་པོ་འདུག ཁྱེད་ནས་ཤེས་མེད་པ་ཞིག་ནི་བཀའ་ཤག་གསར་པས་དབུ་མའི་ལམ་གྱི་སྲིད་བྱུས་ཁ་ཞེ་གཉིས་མེད་ཀྱིས་འཛིན་གྱི་ཡོད་མེད་ཐད་དོགས་གཞི་ཡོད་པ་དེ་རེད། དེ་ནི་ཁྱེད་ལྟར་བཀའ་ཤག་གསར་པས་རང་སྐྱོང་བསམ་འཆར་སྐོར་བཀའ་ཤག་གིས་ཁྱོན་ནས་གླེང་གི་མེད། རྒྱུ་མཚན་དེ་འདྲས་རྒྱ་ནག་ཕྱོགས་ནས་སྲིད་སྐྱོང་གསར་པ་ངོས་ལེན་ཡོད་མེད་ཀྱི་གནད་འགག་གཅིག་པུ་མིན་པར། ཁྱོན་ནས་འབྲེལ་མོལ་གྱི་སྒོ་མོ་བརྒྱབས་བཞག་ཡོད། ཡ་གཏན་ནས་བྱེད་ཀྱི་མེད། སྣང་ཚུལ་འདི་དེང་སང་བོད་ཀྱི་ཆབ་སྲིད་ཉམས་ཞིབ་པ་དག་གི་གླེང་གཞི་ཞིག་རེད།
གཞན་ཁྱེད་ནས་མགྲིན་ཚབ་ཐད་དོགས་སློང་བྱས་པ་དེ་ཡག་པོ་རེད། དེ་བཅའ་ཁྲིམས་དོན་ཚད་དང་པོའི་དགོངས་དོན་དང་མཐུན་པ་ཞིག་རེད་ལ། ལོ་རྒྱུས་དང་འཐབ་རྩོད་ཀྱི་རྒྱུད་རིམ་བཅས་ལ་མཐུན་པའང་ཁྱེད་བདེན།
རྒྱ་ནག་གི་བཅའ་སྒྲིག་ཁག་གི་འབྲུ་དོན་གཞིར་བཟུང་འཐབ་རྩོད་བྱས་པ་ལས་སླ་བོར་མེ་མདས་བསད་མི་ཆོག་ལ་བཙོན་འཇུག་ཀྱང་བྱས་མི་ཆོག དེའི་དཔེ་མཚོན ༢༠༠༨ ཚུན་ཆད་དུ་བོད་ནང་བསྟུན་མར་བྱུང་ཡོད། ཡིན་ཡང་དེར་བཀའ་ཤག་གིས་ཁ་གསལ་བའི་ལམ་སྟོན་བྱ་རྒྱུ་ཁག་པོ་རེད། དེ་ནི་བཀའ་ཤག་གསར་པས་འབྲེལ་མོལ་ཐད་ནུས་ཤུགས་རྩལ་དུ་འདོན་དུས་ནས་བཀའ་ཤག་གི་ལས་ཡུན་ལོ་བཞི་པ་ནས་མགོ་རྩོམ་ངེས་པ་རེད། དེ་ནི་ལོ་ལྔ་ཚན་ཕྱི་མའི་སྔོན་འགྲོའི་སྟ་གོན་ཀྱང་རེད་འདོད་པས། བཀའ་ཤག་འདི་ལ་རྒྱ་ནག་ཕྱོགས་ནས་རེ་བ་གང་ཡང་མེད་ལ། ཐ་ན་རྒྱལ་སྤྱིའི་ནང་ཞུ་གཏུག་ཅི་ཙམ་བྱས་ཀྱང། ༢༠༠༢ ལོར་ཡོ་རོབ་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེ་འདྲ་ཞིག་ཀྱང་ད་བར་སུ་གང་གིས་འཇོག་ཐབས་མེད། འདི་དག་ནི་རང་སྲེག་ཞུ་གཏུག་བྱེད་དུ་སོང་བའི་ནུས་བ་གྲུབ་འབྲས་བཅས་ལ་ཏན་ཏན་འབྲེལ་བ་ཡོད་པས། ཤར་ཁུག་ཁྱེད་དང་ཁྱེད་རིགས་ཀྱི་རེ་བ་འདི་ནི་བཀའ་ཤག་འདིས་སྒྲུབ་མི་སྲིད་པ་ཞིག་རེད་འདོད།།
ད་རུང་ལན་འདེབས་མཁན་སུ་ཡང་བྱུང་མི་འདུག གནས་ལུགས་ཀྱི་མདུན་དུ་མགོ་སྒུར་ན་དེ་ལ་གཟུར་གནས་དང་ཡ་རབས་ཀྱང་ཟེར། སོ་སོས་འཇོན་པ་དེ་སོ་སོས་བྱས་ནས་མི་འཇོན་པ་དེ་གཞན་ལ་སྐུལ་བའམ་རེ་བ་འདི་སྤྱིར་བཏང་གི་མིའི་འཚོ་བ་ལ་སྐྱེལ་སྟངས་ཤིག་ལོས་ཡིན།
ལ་ལ་ཞིག་གི་བཤད་སྟངས་ལ་བལྟས་ན། གལ་ཏེ་དམག་རྒྱག་དགོས་ན་ཡང་བོད་མི་ཡོད་ཚད་གཅིག་ཀྱང་མ་ལུས་པར་དམག་ལ་ཞུགས་ཟེར་རྒྱུ་ཡིན་པ་འདྲ། ཚང་མ་འབར་ནས་ཚར་ན་འདྲ། བསད་ནས་ཚར་ན་འདྲ། གང་ལྟར་ཚར་སོང་དུས་ད་ངོ་མ་ཚར་སོང་ནི་རེད། གཙོ་བོ་མི་ཚར་བའི་སྟ་གོན་བྱེད་དགོས་ལ། ལྷག་པར་གསོན་པ་དོན་སྙིང་ལྡན་པའི་འཚོ་ལམ་སྙེག་དགོས། འདི་སྤྱི་ཡོངས་ཀྱི་ཆ་ནས་བཤད་པ་ཡིན། བྱེ་བྲག་ཏུ་ཅི་ཡང་དགོས་ལ་ཅི་ཡང་བྱེད་དགོས་པ། ཅི་ཡང་བྱེད་ཐུབ་པ་ལོས་ཡོད།
ཤར་ཁུག་གི་འུར་རྒྱབ་ནས་སྡེབས་ལོངས་རྒྱབ་ཤོག ཟེར་བ་གོ་དུས་ཉེ་ལོའི་ནང་གཞོན་ནུ་ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱི་ས་ལྡི་ལིར་མི་མང་བསྡུ་བསྐོང་བྱེད་སྟངས་དེ་ཡིད་ལ་འཁོར་སོང་། ལྡི་ལིར་མིམང་འཛོམས་ནས་ཆུ་ཚོད་ཁ་ཤས་ནང་ལས་འགུ་ལ་རྫོགས་པ་རེད། དངོས་ནས་བོད་དོན་བསྐོར་ལས་འགུལ་སྤེལ་འདོད་ཡོད་ན་ལོ་མང་རིང་དེའི་བསྐོརསློབ་གཉེར་ཚད་ལྡན་བྱས་ནས་འཕྲལ་ཕུག་གཉིས་ཕན་གྱི་ལམ་ཞིག་འཚོལ་དགོས། དེ་མིན་སེམས་ཤུགས་ཡོད་འདོག་གི་ཁ་ནས་གང་བྱུང་བཤད་ན་མི་འགྲིགས། ང་ཚོ་བོད་མི་རིགས་དེ་གྲངས་ཉུང་རེད། ལྷག་པར་རྒྱ་གར་ནང་མི་འབུམ་གཅིག་ཙམ་ཡོད། དེ་ནི་ཆེས་གྲངས་ཉུང་རེད། བསམ་བློ་ཡག་པོ་གཏོང་།
དཔེར་ན། ་སྔོན་མ་Pakistan གྱི་སྲིད་འཛིན་Zulfikar Ali Bhutto ནས་ང་ཚོ་རྒྱ་གར་ལ་དམག་ལོ་ངོ་སྟོང་ཕྲག་རིང་རྒྱབ་དགོས་བྱུང་ན་རྒྱབ་ཀྱི་ཡིན་ཞེས་མི་མང་མདུན་སར་སྐད་ཤུགས་ཆེན་པོས་སེམས་ཤུགས་དང་བློ་ཁོག་ཡོད་ཚུལ་ཀྱི་གསུངས་བཤད་གནང་ཡོད། མི་དམངས་ཚོ་ཡང་ཁོས་སྐད་ཆ་དང་སེམས་ཤུགས་ལ་ཡིད་་ཆེས་བྱེད་ཀྱི་ཡོད། དོན་དངོས་ཟླ་བ་རེ་ཟུང་ནང་དམག་ཕམ་ནས་ཕྱིས་སུ་ཁོ་རང་ཡང་སྲོག་ཐོག་བཏང་བ་རེད། ། མདོར་ན་ཕུག་རྒྱང་རིང་པོའི་བསམ་བློ་ཡག་པོ་བཏང་ནས་ལས་འགུལ་སྤེལ་དགོས།
རྒྱ་ནག་རང་གི་མི་རིགས་ཀྱི་སློབ་ཕྲུག་ཁྲི་ཕྲག་མཚོ་འོག་ཏུ་བཏང་བའི་ལོ་རྒྱུས་ལས་ཀྱང་། རྒྱ་ཆེ་ལ། གཏིང་ཟབ་པ། རྒྱ་བོད་གཉིས་མི་རབས་འབུམ་ཕྲག་སོང་ཡང་བརྗེད་ཐབས་ཞེ་འཁོན་ཞིག་སླར་ཡང་ཡོང་སྲིད་པ་རེད། དེ་ཕྱིར་ཚང་མས་ཐུགས་བསམ་བཞེས་ལ། བོད་ནང་གི་ལས་འགུལ་མཚམས་འཇོག་དགོས་པའི་བསྐུལ་མ་ཐོངས། དཔའ་བོ་དཔའ་མོ་ཞེས་པའི་ཆོ་ལོ་འབུལ་འདུག་ན་གཅིག་རྗེས་གཉིས་མཐུད་དུ་ད་དུང་སྐུ་སྲོག་ཞུགས་ལ་ཕུལ་མཁན་མང་དུ་ཡོང་ངེས་པ་དང་། གལ་སྲིད་མཚམས་རྩ་བ་ནས་མ་བཞག་ན་རྒྱ་དམག་གི་མཚོན་འོག་ཏུ་བོད་མི་གྲངས་མེད་ཅིག་གིས་སྲོག་འཆོར་སྲིད་པས། དེ་དུས་འཇའ་པཎ་དང་། ཨ་རི། ཡུ་རོབ་སོགས་ཀྱིས་རྒྱབ་སྐྱོར་གྱིས་དམག་ཆེན་གསུམ་པ་ལང་། བོད་ཀྱི་སྣོད་བཅུད་གཉིས་ཀ་རྡུལ་ཕྲན་དུ་བཏིང་བའི་ཐོག བོད་མི་རིགས་དང་། རིག་གཞུང་གཉིས་ལ་དམག་གི་རུ་འདྲེན་ཞེས་པའི་མིང་བྱང་མི་སྡུག་པ་ཞིག་བགལ་ངེས་པས་གཟབ་པར་ཞུའོ། །
རྒྱ་ནག་རང་གི་མི་རིགས་ཀྱི་སློབ་ཕྲུག་ཁྲི་ཕྲག་མཚོ་འོག་ཏུ་བཏང་བའི་ལོ་རྒྱུས་ལས་ཀྱང་། རྒྱ་ཆེ་ལ། གཏིང་ཟབ་པ། རྒྱ་བོད་གཉིས་མི་རབས་འབུམ་ཕྲག་སོང་ཡང་བརྗེད་ཐབས་བྲལ་བའི་ཞེ་འཁོན་ཞིག་སླར་ཡང་ཡོང་སྲིད་པ་རེད། དེ་ཕྱིར་ཚང་མས་ཐུགས་བསམ་བཞེས་ལ། བོད་ནང་གི་ལས་འགུལ་མཚམས་འཇོག་དགོས་པའི་བསྐུལ་མ་ཐོངས། དཔའ་བོ་དཔའ་མོ་ཞེས་པའི་ཆོ་ལོ་འབུལ་འདུག་ན་གཅིག་རྗེས་གཉིས་མཐུད་དུ་ད་དུང་སྐུ་སྲོག་ཞུགས་ལ་ཕུལ་མཁན་མང་དུ་ཡོང་ངེས་པ་དང་། གལ་སྲིད་མཚམས་རྩ་བ་ནས་མ་བཞག་ན་རྒྱ་དམག་གི་མཚོན་འོག་ཏུ་བོད་མི་གྲངས་མེད་ཅིག་གིས་སྲོག་འཆོར་སྲིད་པས། དེ་དུས་འཇའ་པཎ་དང་། ཨ་རི། ཡུ་རོབ་སོགས་ཀྱིས་རྒྱབ་སྐྱོར་གྱིས་དམག་ཆེན་གསུམ་པ་ལང་། བོད་ཀྱི་སྣོད་བཅུད་གཉིས་ཀ་རྡུལ་ཕྲན་དུ་བཏིང་བའི་ཐོག བོད་མི་རིགས་དང་། རིག་གཞུང་གཉིས་ལ་དམག་གི་རུ་འདྲེན་ཞེས་པའི་མིང་བྱང་མི་སྡུག་པ་ཞིག་བགལ་ངེས་པས་གཟབ་པར་ཞུའོ། །
༼ཅུང་ཟད་བཅོས་ཡོད།༽
ཤར་ཁུག་ཟེར་འདི་མི་རྫུན་བཟོ་མཁན་ཞིག་རེད། དང་པོ་སོ་སོའི་ཁེབ་སེང་གི་ཆེད་དུ་རྫུན་གཏམ་གྱིས་ཁོང་རང་ཡང་སྤྲེལ་བཟོས་ནས་བོད་པའི་སྤྱི་ཚོགས་ལ་མགོ་སྐོར་བཏང་། དེའི་རྗེས་ཆབ་སྲིད་ཤེས་མཏོག་གིས་སྤྱི་ཚོགས་ནང་ལ་དཀྲོག་གཏམ་བཤད། ལྟོས་གདའ་སྡེབས་ཀྱིས་ལོངས་ཤོགས་ཟེར། མི་འདིའི་རིག་ལ་ཚང་མས་གཟབ་དགོས། རྡ་ས་ན་མི་འདི་འདྲ་མང་པོ་ཡོད།
༄༅།།ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་གསུང་བཤད་ཁག་བཅུ་གཉིས་པ།
སྤེལ་བའི་དུས་ཚོད། : 2012-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
ཧུའུ་ཅིན་ཐའོ་ཡིས་ཏང་ནང་ཁུལ་གྱི་དམངས་གཙོ་གོང་འཕེལ་ཧུར་ཐག་གཏོང་དགོས་པ་དང་། ཏང་གི་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་དགོས། ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་བླ་སྲོག་ལྟ་བུ་ཡིན་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་དང་། ཏང་ནང་ཁུལ་གྱི་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་དམངས་གཙོས་མི་དམངས་དམངས་གཙོར་སྐུལ་འཁྲིད་བྱེད་དགོས། ཏང་ཡོན་གྱི་གཙོ་གཟུགས་གནས་བབ་འགན་སྲུང་བྱེད་དགོས་པ་དང་། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཡོན་གྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་དབང་ཆ་དང་། གྲོས་བསྡུར་ནང་ཞུགས་དབང་། འདེམས་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་དོན་འཁྱོལ་བྱེད་དགོས་ཞེས་ནན་བཏོན་གནང་བ་དང་།
ཧུའུ་ཅིན་ཐའོ་ཡིས་གཞི་རིམ་ཏང་འཛུགས་ལས་དོན་གསར་གཏོད་བྱེད་དགོས་པ་དང་། ཏང་གི་སྲིད་འཛིན་གྱི་རྩ་འཛུགས་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་རིག་གཞུང་དང་ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དང་། ཏང་གི་ལས་འགན་དོན་འཁྱོལ་བྱེད་པའི་དམག་འཐབ་བཙན་རྫོང་ལྟ་བུ་ཡིན། ཏང་འཛུགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་རྩ་འཛུགས་དང་ཏང་གི་ལས་དོན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ། གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་སེམས་གཅིག་སྒྲིལ་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གཤིས་ལ་ཤུགས་སྣོན་རྒྱག་པ་དང་། བྱང་ཚད་གོང་མཐོར་གཏོང་རྒྱུས་གཙོ་གནད་བྱས་ཏེ། ཏང་ཡོན་དཔུང་ཁག་གི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོན་གྱི་སྤུས་ཚད་མཐོ་རུ་དང་གོང་འཕེལ་གཏོང་དགོས་པ་དང་། གཞོན་ནུ་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་དགོས་ཞེས་གསུངས་པ་དང་།
ཧུའུ་ཅིན་ཐའོ་ཡིས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་ངོ་བོ་ནམ་ཡང་སྲུང་དགོས། རུལ་སུངས་ལ་ངོ་རྒོལ་དང་། སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་གིས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ཞིག་ཡིན་པ་དང་། མི་དམངས་ཀྱིས་དོ་ཁུར་བྱེད་པའི་གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པས། གནད་དོན་དེ་ཐག་གཅོད་ཡག་པོ་མ་བྱུང་ཚེ། ཏང་ལ་ཉེན་ཁ་ཆེན་པོ་བཟོ་ངེས་ཡིན་པ་མ་ཟད་ཐ་ན་ཏང་དང་རྒྱལ་ཁབ་བསྣུབས་ཉེན་ཡོད། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་དེ་ནམ་ཡང་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། རུལ་སུངས་ལ་ངོ་རྒོལ་དང་ངོ་བོ་འགྱུར་རྒྱུ་སྔོན་འགོག་བྱ་རྒྱུའི་ཉེན་ཟོན་དུང་བརྡ་ནམ་ཡང་གྲགས་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་བུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་བཟུང་། སྔོན་འགོག་གི་བྱེད་ཕྱོགས་ལ་མཐོང་ཆེན་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལས་བྱེད་པ་ཀུན་སྤྱོད་གཙང་བ་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་ཕྱི་ནང་གསལ་བ་བཅས་ཡོང་བ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་སློབ་གསོ་དང་སྲིད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལུགས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དེ་བས་ཚན་རིག་དང་མཐུན་པ་དང་ནུས་ཡོད་སྒོ་ནས་རུལ་སུངས་འགོག་བཅོས་བྱེད་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། གྱོད་གཞི་ཚབས་ཆེ་གྲས་དང་གལ་ཆེ་གྲས་མཐའ་གཅིག་ཏུ་ཐག་གཅོད་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པའི་རུལ་སུངས་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས། མི་སུ་ཞིག་ཡིན་ནའང་འདྲ། དབང་ཆ་ཆེ་ཆུང་དང་། གོ་གནས་མཐོ་དམན་གང་འདྲ་ཡིན་ནའང་རུང་། ཏང་གི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་འགལ་བ་ཡིན་ཕྱིན་བློ་ཐག་ཆོད་པོས་ཆད་པ་ནན་པོ་གཅོད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།
ཧུའུ་ཅིན་ཐའོ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་མ་འོངས་པར་ཁ་ཕྱོགས་པའི་བྱ་གཞག་ཅིག་ཡིན་པས། མི་རབས་རེ་རེའི་ཕུགས་བསམ་ཅན་གྱི་གཞོན་ནུས་གཅིག་རྒྱུན་གཅིག་འཛིན་གྱིས་འབད་འཐབ་བྱེད་དགོས་ཀྱི་ཡོད། ཏང་ཡོངས་ཀྱིས་གཞོན་ནུར་དོ་ཁུར་དང་། གཞོན་ནུར་སེམས་ཁུར། གཞོན་ནུར་གཅེས་སྐྱོང་། གཞོན་ནུའི་བསམ་ཚུལ་ཉན་པ། གཞོན་ནུའི་འཚར་ལོངས་ལ་སྐུལ་ལྕག་གཏོང་བ། གཞོན་ནུས་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་དགོས་པ་དང་། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཙུགས་ཏེ། ང་ཚོའི་རླབས་ཆེའི་མེས་རྒྱལ་ལ་ནམ་ཡང་དགའ་ཞེན་དང་། ང་ཚོའི་རླབས་ཆེའི་མི་དམངས་ལ་ནམ་ཡང་དགའ་ཞེན། ང་ཚོའི་རླབས་ཆེའི་ཀྲུང་ཧྭ་མི་རིགས་ལ་ནམ་ཡང་དགའ་ཞེན་བཅས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ཁྲོད་ལང་ཚོའི་འོད་སྟོང་འཕྲོ་ཐུབ་པ་བྱེད་དགོས་ཞེས་བཏོན་གནང་བ་དང་།
ཧུའུ་ཅིན་ཐའོ་ཡིས་མཇུག་ཏུ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བླངས་ཏེ། ཐུན་མོང་ཐོག་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་དེ་བས་བདེ་སྐྱིད་ལྡན་པ་དང་མཛེས་སྡུག་ལྡན་པའི་མ་འོངས་གསར་གཏོད་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོཊ་ཆེན་ཐེངས་༡༨པ་པེ་ཅིན་དུ་ཚོཊ་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2012-11-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་པ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱས་རྗེས་སྤྱི་ཚེས་༡༤ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།
སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་ཡོད་པ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད་པ་རེད།
ཧུའུ་ཅིན་ཐའོ་དང་། ཅང་ཙེ་རྨིན། ཝུའུ་པང་གོ ཝུན་ཅ་པའོ། ཅ་ཆིན་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕིན། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་། ཝང་ཀང་། ཝང་ལེ་ཆོན། ཝང་ཀྲོའུ་གོ ཝང་ཆི་ཧྲན། ཧུའེ་ལེང་ཡུས། ལིའུ་ཆི། ལིའུ་ཡུན་ཧྲན། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། ཝང་ཡང་། ཀྲང་ཀའོ་ལི། ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ཞུས་ཚའེ་ཧོའུ། ཀོ་པོ་ཞུང་། ལི་ཕང་། ཀྲུའུ་རུང་ཅི། ལི་རུའེ་ཧུའེ། སོང་ཕིང་། ཝེ་ཅན་ཞིང་། ལི་ལན་ཆིང་། ཙེང་ཆིང་ཧོང་། ཝུའུ་ཀོན་ཀྲེན། ལའོ་ཀན། ཧྥན་ཁྲང་ལོང་། ཞུས་ཆི་ལེའང་། ཧོ་ཡུང་། ལིན་ཅི་ཧྭ། ཝང་ཧུའུ་ཉིང་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
དེ་རིང་ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུ་བྱས་པའི་འཐུས་མི་༢༣༢༥ཡིན་པ་དང་། དོན་དངོས་ཐོག་འཐུས་མི་༢༣༠༧ཕེབས་ཡོད་པ་རེད། དངོས་སུ་ཕེབས་དགོས་པའི་འཐུས་མིའི་མི་གྲངས་ཀྱི་ཕེབས་དགོས་པའི་འཐུས་མིའི་གྲངས་ཀའི་ཕྱེད་ཀ་ཡན་ལས་བརྒལ་ཡོད་པས། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།
གྲོས་ཚོགས་ཀྱིས་དང་ཐོག་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་གཉིས་དང་། འདེམས་ཤོག་ལྟ་ཞིབ་པ་༣༦གི་མིང་ཐོར་གྲོས་འཆམ་བྱས་ཡོད་པ་རེད།
སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་། འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཚོགས་ཞུགས་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མིས་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་བྱ་ཐབས་ཐོག་ནས་མི་༢༠༥ལས་གྲུབ་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་༡༧༡ལས་གྲུབ་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡུན་༡༣༠འདེམས་བསྐོ་བྱས་ཡོད་པ་རེད།
ཧུའུ་ཅིན་ཐའོ་ཡིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་འདེམས་བསྐོ་བྱས་ཏེ་ཐོན་ཟིན་པ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་དང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད།
དེ་རྗེས་ཚོགས་ཆེན་གྱིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ཡོད་པ་དང་། ཚོགས་འཕྲུལ་ཆས་བཟོ་ལས་གྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབས་ཞུས་ནས་གནང་བའི་སྙན་ཞུར་ཆོག་མཆན་གནང་བ་རེད།
ཚོགས་ཆེན་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་འཆམ་བྱས་ཡོད་པ་དང་། ཚོགས་ཆེན་ནས་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་གདེངས་འཇོག་གང་ལེགས་གནང་ཡོད་པ་རེད།
ཚོགས་ཆེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ཡོད་པ་དང་། བཟོ་བཅོས་འཆར་ཟིན་དེར་གྲོས་འཆམ་བྱས་པའི་ཉིན་ནས་བཟུང་ནུས་པ་ཐོན་པའི་གཏན་འབེབས་བྱས་ཡོད་པ་རེད།
ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་རྗེས། ཧུའུ་ཅིན་ཐའོ་ཡིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་གལ་ཆེའི་གསུང་བཤད་གནང་བ་རེད།
ཧུའུ་ཅིན་ཐའོ་ཡིས་བློ་མཐུན་རྣམ་པ་ཚོ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ཡོད། འཐུས་མི་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཐེངས་འདིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་བསྒྲེངས་བ་དང་། མ་འོངས་གསར་གཏོད། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་འདུག
ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ནས། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཀྱི་འཕེལ་ཚུལ་ལ་དབྱེ་ཞིབ་དང་། འདས་པའི་ལོ་ལྔའི་ནང་གི་ལས་དོན་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་འབད་འཐབ་བརྒྱུད་རིམ། དེ་བཞིན་བརྒྱུད་རིམ་དེའི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཅས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་གོ་གནས་གཏན་འཁེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་ངེས་པར་དུ་དམ་འཛིན་བྱ་དགོས་པའི་ལོ་རྒྱུས་ཀྱི་བླང་བྱ་བཏོན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་རྒྱུ་དང་། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ། ཏང་གི་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་ཅེས་གསུངས་འདུག
ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་ཐོག་ནས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་ལག་ལེན་གོང་འཕེལ་གྱི་གྲུབ་འབྲས་མངོན་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་དང་། གལ་ཆེའི་བྱེད་ཕྱོགས་སྲིད་ཇུས། གལ་ཆེའི་ལས་ཀའི་བཀོད་སྒྲིག་བཅས་ཀྱིས། ཉེ་བའི་ལོ་ཤས་ནང་ཏང་གི་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་གསར་པ་མངོན་པ་དང་། ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་བླང་བྱ་གསར་པ་བཏོན་ཡོད་ཅེས་བསྟན་འདུག
ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་ཐོག་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་སྤྲད་པ་དང་། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཞིང་། འགོ་ཁྲིད་མི་སྣ་གསར་རྙིང་བརྗེ་པོ་རྒྱག་ཐུབ་ཡོད། ཚོགས་ཆེན་ཐོག་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད་ཅེས་གསུངས་འདུག
ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཇུས་ཐག་བཀོད་སྒྲིག་དང་ཐོབ་པའི་གྲུབ་འབྲས་ཁག་ནི་ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་གི་འཛུགས་སྐྲུན་གསར་པའི་རླབས་ཆེའི་ལས་གྲྭར་སྐུལ་འདེད་གཏོང་རྒྱུའི་ཁྲོད་མཛུབ་སྟོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུར་ང་ཚོར་ཡིད་ཆེས་ཡོད་ལ་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལ་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་ཅེས་དང་།
ཧུའུ་ཅིན་ཐའོ་ཡིས་ང་ཚོ་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་འོས་འགན་གཟི་བརྗིད་ཆེ་བ་དང་འགན་འཁྲི་ལྗིད་པོ་ཡིན་པས་རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་བླ་ན་མེད་པའི་འགན་འཁྲི་བརྟན་པོར་ངེས་དགོས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དང་། ཏན་ཏན་ཏིག་ཏིག་གིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་ངེས་པར་དུ་དོ་ཁུར་བྱེད་དགོས་པ་དང་། འཐུས་མིའི་དབང་ཆ་ཡང་དག་གི་བེད་སྤྱོད་དགོས། རང་ངོས་ཀྱི་མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་རང་ཉིད་ཀྱི་རིགས་སྟོབས་དང་ནུས་ཤུགས་ལེགས་སྐྱེས་འབུལ་དགོས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་དང་མངག་བཅོལ་གལ་ཆེན་ཆུད་ཟོས་སུ་གཏོང་མི་རུང་ཞེས་གསུང་པ་དང་།
ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་སྐོང་འཚོགས་བྱེད་རིང་རྒྱལ་ཁབ་མང་པོ་ཞིག་གི་སྲིད་ཏང་དང་སྒྲིག་འཛུགས་ཀྱིས་གློག་འཕྲིན་དང་ཏར་འཕྲིན་བཏང་ནས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་། རྒྱལ་ནང་གི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་དྲག་ཀྱིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ནས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་ནས་ཁོང་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་གསུང་གནང་བ་རེད།
ཧུའུ་ཅིན་ཐའོ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་༩༠རིང་འབད་ཐབས་དང་གསར་གཏོད། གསོག་འཇོག་བཅས་བྱས་པའི་གཞི་རྩའི་གྲུབ་འབྲས་ཡིན་པས་ངེས་པར་དུ་དེ་བས་གཅེས་སྤྲས་དང་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་བཅས་བྱེད་དགོས། འདིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡོང་ལ་རྨང་གཞིའི་གཞི་བཟུང་ས་མཁོ་འདོན་བྱས་ཡོད། ཏང་ཡོངས་ཀྱི་བློ་མཐུན་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། ཏིང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་གལ་ཆེའི་དགོངས་དོན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ། བསལ་བློར་བཅིངས་འགྲོལ་དང་། བསྒྱུར་བཅོས་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ། བློ་བརྟན་འགྱུར་མེད་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་ཏུ་བསྐྱོད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཐོག མི་དམངས་ལ་སྣེ་ཁྲིད་དེ་རང་རྒྱལ་གོང་འཕེལ་གྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བེད་གང་ལེགས་སྤྱད་དེ་ཡར་ཐོན་བརྩོན་ལེན་དང་། ལས་དོན་ཏན་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་བཏོན་པའི་གྲོས་རིམ་གྱི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་ཐབས་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་ཆེན་ནི་བརྗིད་ཉམས་ཆེ་བའི་རྒྱལ་སྤྱིའི་གླུ་གཞས་ཀྱི་སྒྲ་དབྱངས་ཁྲོད་དུ་ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་ཡོད་པ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།