གནས་ཚུལ་མཁོ་གཏོང་བ། བསོད་ནམས།
ཉེ་སྔོན་མདོ་སྨད་རེབ་གོང་ཁུལ་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྐད་འབོད་ནང་༼རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་༽ཞེས་སྐད་འབོད་བརྒྱབ་པའི་འབོད་ཚིག་ལ་རྒྱ་གཞུང་གིས་དགག་ལན་གྱི་ཚུལ་དུ་ཡིག་ཆ་ཤོག་ངོས་༡༢ཅན་ཞིག་རེབ་གོང་ས་ཁུལ་གང་སར་བཀྲམས་འདུག་པ་མ་ཟད། རེབ་གོང་དུ་སླར་ཡང་ཕྱི་ལོ་གསར་ཚེས་ཀྱི་ཚེས་པ་གཅིག་གི་སྔོན་ནས་དྲག་ཆས་ཉེན་རྟོག་པ་དང་རྒྱ་གཞུང་གི་ལས་བྱེད་གཉིས་ཀ་མཉམ་རུབ་ཐོག་ཉིན་མཚན་གཉིས་ལ་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་བོད་ནས་འབྲེལ་ཡོད་ཞིག་གིས་བརྗོད་བྱུང་།
་་་་ རང་སྲེག་ངན་སྐུལ་གྱི་རེ་ངན་ནི། “བོད་རང་བཙན་”ཡིན་པ། ་་་་འདི་ལ་ད་ལྟའི་གཞོན་ལྷན་ཚོགས་གཙོས་ལན་ཅི་འདེབས་སམ། ལགས།
ཀརྡོ་ལགས། གཞོན་ནུའི་ཚོགས་གཙོས་དེར་ལན་དགོས་གལ་མེད། གལ་སྲིད་ལན་ཞིག་གནང་བའི་དབང་དུ་གཏང་ན་སྟབས་བདེ་པོ་རེད། བོད་ཀྱི་རྒྱལ་གཅེས་དཔལ་བོ་དང་དཔལ་མོ་དག་གིས་རང་སྐུལ་ཡིན་པ་ལས། གཞན་གྱིས་སྐུལ་བས་དཔང་རྟགས་གང་ཡང་མེད། རྒྱ་དམར་གྱིས་སྐད་ཆ་དེའི་རིགས་ནི་རྒྱུན་ལྡན་ཡིན་པ་ལས། དམིགས་གསལ་གང་ཡང་མིན། སྐད་ཆ་དེས་ག་རེ་སྟོན་པ་རེད་ཞུ་ན། བོད་མི་རིགས་ཀྱི་དཔལ་བོ་དང་དཔལ་མོ་དག་ནི་མིའི་གྲལ་དུ་གཙིས་ཀྱི་མེད་པ་དང་། ཁོང་ཚོར་མིའི་རྣམ་དཔྱོད་ཀྱི་འདུ་ཤེས་མེད་པའི་མི་ཐ་མ་པ་དག་དག་ལ་སྒྱུར་བཞིན་པའི་རྒྱ་དམར་གྱིས་ངན་གོམས་ཙམ་རེད། དོན་དུ་ཁོང་ཚོ་ནི་མི་རིགས་ཀྱི་ལ་རྒྱ་དང་མི་དམངས་ལ་ལྷག་བསམ་སོགས་རྣམ་དཔྱད་ཀྱི་རང་ཚུགས་གཏན་པས་གཞན་ཟེར་རྗེས་འབྲངས་ལས་ལྡོག་པའི་བསམ་བློ་ཅན་དག་དག་རེད་ལ། མ་ཟད་ཁོང་ཚོ་ནི་བོད་ཀྱི་གཞན་ནུའི་ཕོ་མོ་རྣམས་ལ་རྒྱལ་གཅེས་སྐུལ་མཁན་གྱི་སྙིང་སྟོབས་ཅན་གྱི་དཔལ་རྒོད་རྐྱང་རྐྱང་རེད། ཞེས་ལན་ཞིག་ཅི་མི་སླ།
འདི་ནི་འབྲེལ་མོལ་བསྐྱར་གསོའི་གོང་གི་བརྡ་ཞིག་དང་། རང་སྲེག་རྗེས་ཀྱི་འཇམ་སླུ་ཞིག་རེད་དྲན།
ཡི་གེ་འདིའི་ནང་མ་འོངས་པའི་བོད་རྒྱ་འབྲེལ་མོལ་སྐབས་རྒྱ་གཞུང་གི་དམིགས་འབེན་གསལ་བར་བཏོན་པ་དང་། དེ་ཐད་བོད་གཞུང་ལ་སྔ་ས་ནས་གྲོས་བྱེད་སའི་དུས་ཚོད་ཞིག་འཇོག་ཆེད་མིན་ནམ་སྙམ། འབྲེལ་མོལ་གོང་མ་དག་གི་ནང་དུ་བོད་གཞུང་ལ་ཕམ་ཁ་བྱུང་བ་ནི་རིམ་པས་རང་བཙན་མི་རྩོད་ཟེར་བའི་ཚིག་དེ་རྒྱལ་སྤྱིའི་ཐོག་ཏུ་ཡང་དུ་གྲགས་བཅུག་པ་དང་། རིམ་པས་བཙན་བྱོལ་བོད་གཞུང་ཟེར་བའི་གལ་སྣད་ཅན་གྱི་མིང་དེ་བོད་པའི་སྒྲིགས་འཛུགས་ཟེར་བ་འདྲ་ཞིག་བཟོ་དགོས་པ་ཇུས་ཀྱིས་ཁྲིད་ཡོད། ད་ལྟ་ཡང་མུ་འཐུད་ཇུས་དེ་དག་བེད་སྤྱད་ནས། བོད་ཆེན་པོ་ཟེར་བ་དང་། རང་སྐྱོང་གཙང་མ་དགོས་ཟེར་བའི་དམིགས་པ་དེ་རེ་བ་ཆུང་ནས་ཆུང་དུ་གཏོང་རྩིས་དང་། ལམ་བུ་དེའི་ཐོག་ཏུ་ཁོག་པ་རྣག་བཞིན་པར་འདོད།
རང་སྲེག་གི་བློས་གཏོང་དེ་དག་གིས་རྒྱ་གཞུང་གིས་ཁས་ལེན་མི་འདོད་པ་ཞིག་མ་ལེན་ཀ་མེད་དུ་གྱུར་ཡོད་པ་ནི་གོང་ས་མཆོག་ལ་ཁ་གཏད་བཟུང་ན་ཕན་ལས་གནོད་པ་ཆེ་བ་དེ་རེད། དེ་ཡང་རང་སྲེག་གི་སྐད་འབོད་ནང་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཟེར་བ་དེ་སྐར་མ་མང་ཤོས་རེད། རྒྱ་གཞུང་ཕྱིར་ནུད་ཅིག་བྱས་ནས། གོང་ས་མཆོག་གི་ལྟ་བ་དོར་ན་མེས་རྒྱལ་ནང་ཕེབས་པར་དགའ་བསུ་ནམ་ཡང་ཡོད་ཟེར། ཡི་གེ་ལ་བྲིས་ནས་བོད་པའི་ནང་དུ་བཀྲམ། འདི་ནི་གཙོ་བོ་གཞིས་ལུས་རྣམས་ཀྱི་སེམས་སླུ་ཆེད་རེད། མ་འོངས་པར་ཡང་རིམ་པས་གོང་ས་མཆོག་ལ་བསྐུལ་བ་འདེབས་རྒྱུར་ཚོད་འཛིན་བྱེད་མི་ཡོང་ངམ་སྙམ།
རྒྱ་གཞུང་ནས་གོང་ས་མཆོག་གིས་རང་སྐྱོང་གཙང་མ་ཡང་བློས་གཏོང་བའི་རེ་ངན་འཆང་གི་ཡོད་མོད། ཁ་ནས་གོང་ས་མཆོག་གིས་རང་བཙན་ལྟ་བ་དོར་གྱི་མི་འདུག་དང་དོར་གྱི་མི་འདུག་བརྗོད་པ་རེད། གོང་ས་མཆོག་གིས་འཛམ་གླིང་ནང་ང་ཚོས་རང་བཙན་རྩོད་ཀྱི་མེད་གསུངས་ཐེངས་རེར་རྒྱ་གཞུང་ཁོག་ནས་གང་མིན་ཚད་དགའ་བ་རེད། བློ་གདིངས་ནས་གོང་ས་མཆོག་ནང་དུ་གདན་འདྲེན་མི་ཕོད་པས་འགོག་པར་བྱེད་པ་ལ་ཁ་གཡར་ས་ནི་མང་པོ་ཞིག་དང་། ད་དུང་ནང་དུ་ལོག་དགོས་ན་ཁས་འདི་དང་ཕ་གི་ཅེས་མང་པོ་ལེན་དགོས་པ་གྲལ་བསྒྲིག་ནས་བཞག་ཡོད་པ་རེད། ཕྱིར་ནུད་གཅིག་བྱས་ནས་སླར་ཡང་མདུན་དུ་གོམས་པ་ཆེན་པོ་གཅིག་སྤོ་འདོད་པ་ནི་བོད་རང་སྐྱོང་གཙང་མ་དང་། ཆོལ་གསུམ་ཆིག་སྒྲིལ་གྱི་བོད་ཅེས་པའི་མངོན་འདོད་འདི་དག་འཕྲོག་འདོད་པ་རེད།
ཁ་ཙམ་ནས་བལྟས་ན་ཡི་གེ་འདི་འཇམ་འཇམ་ཞིག་རེད། གཙོ་བོ་གོང་ས་མཆོག་དང་གཞིས་ལུས་རྣམས་མགོ་སྐོར་སླུ་ཁྲིད་བྱེད་ཨེ་ཐུབ་རེད། ཡིན་ནའང་ཁོག་ལ་བལྟས་ན། བོད་རྒྱ་འབྲེལ་མོལ་ཐད་འབྲས་བུ་ཡོང་མི་སྲིད་པ་དང་། རྒྱ་གཞུང་ནས་བོད་པ་ཚང་ལོ་རྒྱུས་ཀྱི་ནག་སྟོང་ནང་འཕེན་རྩིས་བྱེད་བཞིན་ཡོད་པ་གསལ་པོ་རེད།
གོང་ས་མཆོག་གི་ལྟ་བ་དོར་ན་ཟེར་བ་དེ། གོང་ས་མཆོག་གིས་རང་བཙན་ལྟ་བ་དོར་ན་ཟེར་བར་གོ་བ་ལེན་རོགས།
རྒྱ་གཞུང་གི་བརྡ་ཁྱབ་ནི་ཆར་བ་ལྟར་འབབ་གྱིན་འདུག
སྔར་དབུ་མའི་ལམ་ཞེས་རྒྱ་ཆེན་པོ་ཞིག་ཡོད་པ་རེད། སྐུ་ཚབས་འགྲོ་ཐེངས་རེ་དང་འགྲེལ་བཤད་བྱེད་སྟངས་རེ། རྒྱ་ཡིག་ཐོག་རེད། གོང་འབུལ་ཡི་གེ་རེ་དང་། སྐུ་ཚབས་ཀྱི་ཁ་འགུལ་ཚད་བདེན་དཔང་བྱས་ན་བྲིས་འདུག དབུ་མའི་ལམ་ཇེ་དོག་རེད། མཐའ་གཉིས་སུ་མི་ལྷུང་རྒྱུ་དཀའ་མོ་རེད།
རི་བ་གང་མེད་་་་་་་
ཡིག་ཆ་འདི་མགོ་ནས་མཇུག་བར་ཐེངས་གཅིག་ཀློག་ཡིན། ཡིན་ཡང་སྐད་ཆ་དྲང་མོ་བཤད་ན་དངོས་ནས་སློབ་སྦྱོང་ཡོད་ནི་ཞིག་དང་བསམ་བློ་གཏོང་ཤེས་ནི་ཅིག་ཡིན་ན་འདི་མགོ་ནས་མཇུག་བར་ཀློག་དུས་གད་མོ་ཤོར་བ་ལས་གཞན་ཅི་ཡང་མི་འདུག། ཡིན་ཡང་ཡིག་ཆ་འདིའི་ནང་ལ་ག་རེ་བཤད་ན་མ་བཤད་ན་རྒྱ་མིའི་གུང་ཁྲན་་ཚོགས་པ་གོང་ས་མཆོག་ལ་ཞེ་སྣང་དང་འཇིགས་སྣང་གི་དབང་གིས་དོགས་ཟོན་ནན་མོ་བྱེད་གི་ཡོད་པ་གསལ་བོ་རེད། གཅིག་བྱས་ན་འདི་ནི་རྒྱ་གུང་ཁྲན་གི་འུ་ཐག་ཐབས་ཟད་ཀྱི་ལས་ཀ་ཡིན་ཟེར།
ཡིན་ཡང་ཧང་སང་དགོས་ས་གཅིག་འདུག། ག་དུས་ཡིན་ཡང་ང་ཚོ་བོད་པའི་ལས་འགུལ་ཅི་ཞིག་སྤེལ་ཡང་དེའི་སྔ་གཞུག་དེ་ལ་རྒྱ་མིའི་ཉམས་ཞིབ་དང་ཞིབ་མཇུག་དང་ད་དུང་དྲིལ་བསྒྲགས་བྱེད་སྟངས་འདི་རེད། ཁོང་ཚོ་ད་ཐེངས་བོད་མིའི་རང་བསྲེགས་གི་ཐད་ལ་སྐད་ཆ་མང་པོ་ཅིག་ལུངས་འདྲེན་བྱས་འདུག། འདིས་ལུངས་འདྲེན་བྱེད་སྟངས་ཡང་དམིགས་སུ་བཀར་འདི་སྟངས་ལ་ཉམས་ཞིབ་བྱེད་ཀྱི་ཡོད་པས་ཚོགས་པ་འདྲ་ཨེ་ཡོད་བསམ་ནས་དོགས་པ་འདུག། སྤྱིར་བདག་གིས་བསམ་ན་ང་ཚཽ་འདི་ལ་ལན་འབྲི་རྒྱུ་དེ་གལ་ཆེན་ཡིན་ཡང་། ང་ཚོ་ལ་ཁ་ཚ་དགེ་གཏུགས་གི་མཁོ་བ་ནི་རྒྱ་མིའི་ལ་ཉམས་ཞིབ་བྱེད་མཁན་ཚུལ་ལྡན་དེ་འདྲ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་མ་གཏོགས་ང་ཚོ་རྒྱ་ཁྱུ་འདི་བ་ཚང་ཐེངས་གཅིག་ཟུག་བཞག་ན་དེ་ལ་དོ་སྣང་འདྲ་བྱས། དེས་རྗེས་སུ་ཅི་ཡང་མ་བྱུང་མདོག་མདོག་བྱས་དེ་མི་སྡོད་པར། དུས་རྒྱུན་རྒྱ་མའི་ཆབ་སྲིད་གི་འགྱུར་ལྡོག་དང་གནས་སྟངས་ཐད་ལ་ཉམས་ཞིབ་ཐ་གཅིག་ཏུ་བྱས་དེ་དངོས་ཡོད་གནས་ཚུལ་ཀྱིས་སྒང་ནས་ཡིག་ཆ་འགྲེམས་སྤེལ་དང་དངོས་ཡོད་གནས་ཚུལ་དག་ཀློག་པ་འམ་མི་དམངས་གི་མིག་མདུན་དུ་བཤམས་ཐུབ་ན་ལེགས་སྙམ། བསམ་ཚུལ་ཙམ་ཡིན
བཀྲ་མི་ཤེས་པའི་ཡིག་ཆ་འདི་ཀློག་འདོད་ན། ཁ་བརྡའི་ནང་འདི་ལས་དུས་བབ་ནང་ལ་ཡིག་གཟུགས་ཆེ་ལ་ཀློག་བདེ་བར་བཀོད་འདུག་གདའ། དུས་བབ་ལ་ཚར་གཅིག་སྤྱན་ཟུར་གཡོ་བ་ར་མཁྱེན། མཁྱེེན། མཁྱེེེ་། ཞེས་གསོལ་བ་འདེབས་པ་ལགས།
ཡིག་ཆ་འདི་དང་དུས་བབ་ནང་གི་ཡིག་ཆ་གཉིས་ཁ་ཁ་རེད་འདུག
གསལ་བོེ་ཀློག་གཟིགས་དང་། ཡིག་ཆ་འདི་ལ་ཤོག་ངོས་༡༢སདུག་པ་དང།
དུས་བབ་ནང་གི་ཡིག་ཆ་དེ་ལ་ཤོག་གྲངས་༣༠ཡོད་རབབ་བཤད་འདུག་པས་བརྗོད་བྱ་སོ་སོ་རེད་འདུག
རྒྱ་མི་ལ་གཡོ་བརྒྱ་དང་སྒྱུ་སྟོང་ཡོད་པ་ཡིན་པས་ཡིད་ཆེས་བྱེད་ས་མེད། གནའ་དུས་ནས་མཛངས་མའི་ཇུས་དང་། མཁར་རྫོང་སྟོང་པའི་ཇུས་སོགས་པའི་ཇུས་སུམ་ཅུ་སོ་དྲུག་བཀོལ་ཚུལ་ཤེས་པ་དང་། དེ་དག་ཕྱི་རབས་པ་རྣམས་ཀྱིས་སྔས་ཐོག་དཔེ་ཆ་ལ་བཟུང་ནས་སློབ་སྦྱོང་བྱས། རང་ཁེ་ཐབས། གཞན་ཕམ་ཐབས་སོགས་ཚེ་འདིའི་བདེ་བ་རང་སྙེགས་པའི་རིག་གནས་ཤིག་དང་འབྲེལ་བ་བྱེད་སྐབས་ཡང་ཡང་དཔྱད་པ་བྱེད་རྒྱུ་ནི་གལ་པོ་ཆེའི་ནང་གི་གལ་པོ་ཆེ་མཐོང་ངོ་།
རེབ་གོང་ནང་བཀྲམ་པའི་གོང་གི་ཡིག་ཆ་དེའི་ཁ་གཏད་ས་ནི་གཞིས་ལུས་བོད་མི་ཡིན་པ་དང་། དམིགས་པ་གཞིས་ལུས་བོད་མི་སླུ་ཐབས་དང་། གོང་ས་མཆོག་ལ་ཁ་ཅུང་ཟད་འཇམ་པའི་ཐོག་ནས་བཤད་པ་རེད། ད་ལྟ་གཞིས་ལུས་བོད་མི་སྤྱི་དང་ལྷགས་པར་དུ་རེབ་གོང་ལྟ་བུ་བོད་མིའི་རང་གཤིས་ངར་ས་དག་ན་གོང་ས་མཆོག་ལ་མཚན་དམད་ཆེན་པོ་བཟོ་ཕོད་ཀྱི་མ་རེད། དེ་ལྟ་ཡིན་པ་ནི་རེབ་གོང་ལ་བཀྲམ་པའི་ཡི་གེ་དེ་ནས་གསལ། ཡང་དུས་བབས་ན་བཞག་པའི་ཡི་གེ་དེ་ནི་ནང་ཁུལ་གྱི་ཡིག་ཆ་ཡིན་པ་གསལ་བས། དེ་ནི་ཀུན་གྱིས་ཤེས་པ་ལྟར་གཞིས་ལུས་བོད་མི་རང་ག་བ་དག་གིས་མཐོང་སྐལ་ཕྲ་བ་རེད། ཡིག་ཆ་དེ་དག་ཀློག་མཁན་ནི་རྒྱ་འོག་ཏུ་ལས་ཀ་སྒྲུབ་བཞིན་པའི་འགོ་ཁྲིད་དང་། གཞི་རིམ་འབྲེལ་ཡོད་མི་སྣ་དེ་ཚོ་རེད། གལ་སྲིད་ཨ་ཀྱ་རིན་པོ་ཆེ་སྐུ་འབུམ་ན་བཞུགས་ཡོད་རྒྱུ་ན་ཡིག་ཆ་དེ་ཚོ་ཁོང་གི་ཕྱག་ཐོག་ན་ཐོག་མར་བསྐྱེལ་བ་རེད། ད་དུང་ཁུལ་གཙོ་གཞོན་པའི་དབང་ཆ་ཡོད་མཁན་གྱི་བོད་པ་དེ་དག་རེད། ཡིག་ཆ་དེ་དག་རྒྱ་ཡིག་ཐོག་བྲིས། དེ་ནས་བོད་ཡིག་བཟང་བ་འགས་བོད་ཡིག་ལ་ཕབ་པ་ཚིག་རྒྱན་འདོགས་སྟངས་ལས་གསལ། ནང་ཁུལ་ཡིག་ཆའི་ནང་གོང་ས་མཆོག་ལ་ངར་པོ་བྱེད་དོན་གཅིག་ནི་ནང་ཁུལ་གྱི་བོད་རིགས་བླ་འཚོང་དེ་དག་གི་སེམས་མུ་འཐུད་འགུག་ཐབས་རེད། དམིགས་པ་གཞན་ཞིག་ནི་གོང་ས་མཆོག་ལ་སྐད་ཆ་རྩུབ་པོ་བཤད་ནས་མུ་འཐུད་གོང་ས་མཆོག་འབྲེལ་མོལ་ཐད་ཕྱིར་ནུད་བྱེད་དུ་འཇུག་ཆེད་རེད། ཁོང་ཚོས་ནང་ཁུལ་ཡིག་ཆ་དེ་དག་གོང་ས་མཆོག་གིས་གཟིགས་ཐུབ་པ་ཚོད་དཔག་ཐུབ་པ་རེད། དེ་ལྟ་ན་གོང་ས་མཆོག་ལ་གདུལ་བྱ་མི་འདྲ་བའི་ཁྲོད་དུ་སྐད་ཆ་འཇམ་རྩུབ་གཉིས་བེད་སྤྱོད་བཞིན་ཡོད་པ་གསལ་པོ་རེད། དེ་ནི་རྒྱ་གཞུང་གི་གཡོ་རེད། མང་ཚོགས་ཁྲོད་དུ་གོང་ས་ལ་འཛུམ་བསྟན་ཁུལ་བྱེད། བོད་རིགས་བླ་འཚོང་ཁྲོད་དུ་ཁྲོ་བོའི་རྣམ་པ་བསྟན་ཁུལ་བྱེད། འཇམ་རྩུབ་ཀྱི་སྐད་ཆ་དེ་དག་ཚང་མ་གོང་སའི་སྙན་ཁུང་ན་འཕྲོད་པར་བྱེད། དམིགས་པ་ཆེ་ཤོས་དེ་ནི་བོད་རྒྱ་འབྲེལ་མོལ་སྐབས་བོད་གཞུང་གི་མངོན་འདོད་མུ་འཐུད་ཕྱིར་ནུད་བྱེད་པ་ལ་རེ་ངན་འཆང་བ་དང་། གོང་ས་མཆོག་གི་ཐུགས་རེ་ཉམས་ཆུང་དུ་གཏོང་རྒྱུ་དེ་རེད།
ནང་ཁུལ་གྱི་ཡིག་ཆ་དེའི་ནང་དུ། ཟ་དང་ཟུར་མང་པོ་ཞིག་ནས་རྒྱ་གཞུང་གི་དངངས་ཚབ་ཞིག་མཐོང་རྒྱུ་འདུག ཐ་ན་བོད་འདི་མི་རིང་བར་རང་བཙན་ལ་འགྱུར་སྲིད་བསམས་པའི་སེམས་ཁྲལ་ཡིབ་དཀའ་བ་དེ་ཚོ་རེད། རྒྱ་གཞུང་གི་སེམས་ན་ཆགས་པའི་སེམས་ཁྲལ་གྱི་ན་བུན་སྟུག་པོ་དེ་བོད་ས་ན་འབར་བའི་མེ་ལྕེ་དེ་དག་གིས་རབ་ཏུ་ལྕི་བར་བྱས་པ་འདྲ་ཞིག་མིན་ནམ།
བསྟན་འཛིན་ལགས་ལ། ལན་འདེབས་མེད། དགའ་ཡ་ལགས་ཀྱིས་གསུངས་པ་བདེན་པ་འདུག ཁ་བརྡའི་འདི་ཡིག་གེ་ཆུང་དྲགས་པས་ཀློག་དཀའ་ལ། འགོ་བརྗོད་ལ་རྒྱ་ཡིག་ཏུའང་བྲིས་འདུག
དུས་བབ་ནང་གི་འདི་ནི་ཤིན་ཏུ་གསལ་པོར་འཁོད་འདུག ཆིག་ཆ་འདི་གཉིས་གཉེན་འབྲེལ་ཡོད་ས་རེད། ཚང་མ་རྒྱ་གཞུང་གིས་རྫུན་སྒྲིག་བྱས་པ་གཅིག་པ་རེད། ཧཧཧཧཧཧཧ།