ཨེ་མ་ཧོ།
ན་མོ་གུ་རུ་མངྒ་ལཾ་མ་ཧཱ་མུ་དྲ་ཡེ།
བཀྲ་ཤིས་གང་ཞིག་སྡེ་བཞིའི་ནོར་བུའི་གཏེར།།
བདེ་ལེགས་ཀུན་བཟང་རྒྱལ་བསྟན་རིན་པོ་ཆེ།།
ཕུན་སུམ་ཚོགས་པའི་ལྟ་སྤྱོད་ཡིད་བཞིན་ནོར།།
སྐྱེ་དགུའི་འགྲོ་བས་རྟག་ཏུ་ལོངས་སྤྱོད་ཤོག།
ཕྱི་སྣོད་དག་པ་འབྱུང་བཞིའི་ཆ་མཉམ་འཕེལ།།
ནང་བཅུད་དག་པ་རྩ་རླུང་ཐིག་ལེ་རྒྱས།།
གསང་ཆེན་བདེན་པའི་རྣལ་འབྱོར་དམ་པའི་ཚོགས།།
འཁོར་འདས་ཞིང་དུ་ཀུན་ཡོངས་སུ་གང་གྱུར་ཅིག།
བླ་མ་ཨོ་རྒྱན་ཆེན་པོས་རྟག་ཏུ་སྐྱོབས།།
ཡི་དམ་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས།།
མཁའ་འགྲོ་རྗེ་བཙུན་སྒྲོལ་མས་བར་ཆད་སོལ།།
ཆོས་སྐྱོང་གེ་སར་རྒྱལ་པོས་ཕྲིན་ལས་མཛོད།།
མཚན་དཔེ་ལོངས་སྤྱོད་རྫོགས་སྐུའི་ལང་ཚོ་བཀྲ།།
ཚངས་དབྱངས་མི་ཟད་རྒྱ་མཚོའི་ཟབ་རྒྱས་ཤིས།།
སྣང་སྲིད་རྣམ་པར་དག་པའི་ཉམས་རྟོགས་བདེ།།
དགེ་ལེགས་ས་གསུམ་ཁྱབ་པའི་བཀྲ་ཤིས་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལོ་སར་ཚེས་གཅིག་གི་ཉིན་མོར་སྨོན་ཚིག་ཅིག་དགོས་པར་མཁའ་འགྲོ་དཔལ་ལྡན་ལྷ་མོས་སྐུལ་ངོར་ཤྲྰི་ཨེ་མ་ཧོས་བྷན་གྷོར་གཙུག་ལག་སློབ་ཁང་ནས་བགྱིས་པར་དགེའོ།། །།
ཨེ་མ་ཧོ་ལ་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ།།