ལོ་སྔོན་མ་ཞིག་ནས་ང་ལ་ཁྱེད་ཚོར་དྲི་བར་བྱ་བ་ཞིག་ཡོད་ཀྱང་ལས་ཀ་ཙག་ཙིག་གི་དབང་གིས་ཡོངས་སུ་བརྗེད་པར་གྱུར། བདུན་ཕྲག་འདིའི་ནང་ ་་དགེ་ཆོས་ཀྱི་མགོ་ལེབ་ལེབ་དང་སའི་གོ་ལ་རིལ་རིལ་་་ གྱིས་བརྗེད་ནས་ཡུན་རིང་ཕྱིན་པའི་དོན་དེ་དང་རབ་འབྱོར་ཡང་དྲན་སོས་སོང་།
དྲི་བ་ནི་གཅིག་རང་གཅིག་ཡིན་དེ ། རབ་འབྱོར་ཁྱོད་ཡིད་གཏད་དེ་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག
རྡོ་རྗེ་གཅོད་པའི་ནང་གསལ་བ་ལྟར། བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་བོར་བསྲང་སྟེ་དྲན་པ་མངོན་དུ་བཞག་ནས་བཞུགས་སྐབས། ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་དྲི་བ་དང་དྲི་ལན་མང་པོ་ཕུལ་ལོ།
དྲི་ལན་དེ་དག་གི་ནང་ཞིག་ན་འདི་ལྟར། ་་བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་ཤིག་མཆིས་པར་གྱུར་ན་དེ་ཉིད་རིལ་བོ་འཛིན་པར་འགྱུར་བའི་སླད་དུའོ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་རིལ་བོར་འཛིན་པར་གང་གསུངས་པ་དེ་འཛིན་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་རིལ་བོར་འཛིན་པ་ཞེས་བགྱིའོ།།་་
དྲི་བ་ནི་འདི་ཡིན་ཏེ་། ཁ་བརྡ་དྲ་ཁང་གི་གནས་བརྟན་ཆེན་པོ་རབ་འབྱོར་ལ་སོགས་པས། ཚེ་དང་ལྡན་པ་རབ་འབྱོར་གྱི་དྲི་ལན་འདིའི་ནང་གི་འཇིག་རྟེན་རིལ་བོར་འཛིན་པ་ཞེས་པའི་ཚིག་འདིའི་གོ་དོན་བསྙད་དུ་ཡོད་དམ།
རབ་འབྱོར་ད་ཉལ་ས་ལས་ལོངས་ཟས་ཀྱི་བྱ་བ་མཛོད་ལ། ལྷུང་མཟེད་དང་གསོལ་སྡེར་ཐབ་ཚང་ནང་ཞོག་ལ། ངའི་དྲི་བ་ལ་ལན་འདེབས་པར་སེར་མོ་བ་ཞིག་ལ་བཀའ་གནང་རོགས་ཞུ། རབ་འབྱོར། དེ་དེ་བཞིན་ཡིན། ད་འགྲོ་གི་ཡིན། སྐྱེས་སྨན་གྱིས་སྐད་གཏོང་གི་འདུག ད་ངས་ཀྱང་ཟས་ཀྱི་བྱ་བ་མ་མཛད་ན་གྲོད་ཁོག་གིས་གཞས་གཏོང་གི་འདུག
དྲ་ཐོག་འདིར་རྩོམ་ཇི་ལྟར་སྤེལ་དགོས་གསལ་བཤད་ཅིག་གནང་རོགས་ཞུ།
བཀྲ་ཤིས་བདེ་ལེགས། ཀརྨ་དགེ་ལེགས་ལགས། ཁྱེད་རང་འདིར་ཕེབས་པར་དགའ་བསུ་ཡོད། ཉིད་ཀྱི་དཔྱད་རྩོམ་ཐ་ཐོར་རེ་དྲ་རྩོམ་གཞན་དང་གཞན་དུ་མཇལ་བའི་གོ་སྐབས་ལྡན་པས་དགའ་བོ་བྱུང་།
དྲ་རྩོམ་འདིར་རྩོམ་སྤེལ་ན། གཡོན་ཟུར་གྱི་ཡར་འཛུལ་ཟེར་བ་དེའི་ནང་སོང་། དེ་ནས་ཁྱེད་ཀྱི་མིང་དང་གསང་མིང་བྲིས་ན། རྩོམ་འབྲི་སའི་ཤོག་ལྷེ་དེ་ཤར་ཡོང་གི་རེད།
འདིར་མི་ཚང་མས་རྩོམ་ཤར་རྒྱག་འབྲི་ཐུབ་གི་ཡོད་མེད་མི་ཤེས། ང་ལ་ཁ་བརྡ་དྲ་ཁང་ནས་་དམིགས་བསལ་ཤོག་ལྷེ་ཞིག་སྤྲད་ནས་རྩོམ་འབྲི་རོགས་གནང་ཟེར་ནས་རེ་སྐུལ་བྱས་པ་ཡིན་པས་ས་བཅད་མ་སྟོང་ཙམ་གྱི་ཆེད་དུ་ལྷ་ཁང་ནང་དུ་འུར་ཆ་རྒྱག་པའི་ལས་འདི་དང་དུ་བླངས་པ་ཡིན། ང་རང་འབྲོག་པ་ཕྱུགས་འཚོ་མཁན་ཞིག་ཡིན་པས་ནག་མོ་ཁོལ་གྱིས་ལྷ་ཁང་ནང་གི་གླང་མཐོང་ནས་གླང་རྫི་བྱས་པའི་དུས་སྐབས་དྲན་སོས་ཏེ་ཤུ་བཏབ་པ་བཞིན་འུར་ཆ་རྒྱག་རྒྱུ་དེ་ངའི་བདམ་ངར་གྱུར། དེ་མིན་འདིའི་ནང་འཛུལ་ནས་ཁ་ཏོན་བཏོན་ཕྱག་འཚལ་བསྡད་ན་ཡང་འགྲིགས་གི་ཡོད་པ་འདྲ།
དེ་མིན་ན་ཁ་བརྡ་ལ་འབྲེལ་བ་བྱེད་སའི་མི་དེ་ཚོར་རྩོམ་ཤར་རྒྱག་བཏང་ན་འགྲིགས་གི་ཡོད་ངེས། དྲ་དཔོན་གྱིས་ཁྱེད་རང་ལ་ཕལ་ཆེར་ལམ་སྟོན་བྱེད་མདོག་ཁ་བོ་རེད།
གོང་གསལ་རྡོ་རྗེ་གཅོད་པའི་ནང་གི་ཚིག་རིལ་བོར་འཛིན་པ་ཟེར་བ་དེ་འཇིག་རྟེན་རིལ་རིལ་ཡིན་པའི་དོན་ཞིག་ཡིན་ནམ་དེ་ལ་གོ་རྒྱུ་གཞན་ཞིག་ཡོད་པ་རེད། བླ་སྤྲུལ་དང་དགེ་བཤེས་རྣམ་པ་ཚོར་གསུང་ཡ་འདྲ་ཅང་ཨེ་ཡོད།
སྐབས་འདིའི་རིལ་བོར་འཛིན་པ་ནི་བདེན་གྲུབ་ཏུ་འཛིན་པའམ་ཚུགས་ཐུབ་རང་ངོས་ནས་གྲུབ་པར་འཛིན་པ་ལ་གསུངས་པ་ཞིག་ལོས་ཡིན་བསམས། རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་བ་ཞེས་པ་ཞིག་རྒྱ་ནག་གི་ཡི་གེར་ཡོད་ལུགས་ཤིག་དྲན་ཡང་གང་དུ་ཡོད་མི་དྲན། གཅིག་བྱས་ན་གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་ཡིན་ཡང་སྲིད། བོད་པའི་མཁས་པ་རེ་ཟུང་གི་རྡོར་གཅོད་འགྲེལ་པ་ཡོད་པ་ཡང་སུས་མཛད་མིན་མི་དྲན། གང་ལྟར་སྒྲ་ཇི་བཞིན་པར་གོ་བ་བླངས་ན་འཇིག་རྟེན་གྱི་ཁམས་ཤིག་ཡིན་ཕྱིན་རིལ་རིལ་ཞིག་ཏུ་འཛིན་པའི་བློ་ཞིག་འཆར་བར་འགྱུར་བ་ལྟ་བུ་ཞིག་རེད།
ཆོས་ཆུང་ཆུང་རྡོ་རྗེ་གཅོད་པ།།
བཏོན་དང་ན་བྱིན་རླབས་ཆེ་གི།
ཁྱེར་སོང་ན་ལག་ལ་བདེ་གི།
མོའོ་ཀྲུའུ་ཞི་བཙན་པོ་ཡིན་རུང་།།
ཁ་སུམ་མེར་བཏོན་ན་འདོད་ཀི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
འགྲོགས་དང་ན་སེམས་པ་མཐུན་ཀི།
ཚིག་བཤད་ནོ་སྣང་བ་འགྲོ་གི།
རྒྱ་ནག་པོ་ཐོག་ལྟར་ཐོན་རུང་།།
ཁུ་སུམ་མེར་བརྩེ་ན་འདོད་ཀི།
རིལ་བོར་ཟེར་བ་དེ་ཆ་ཚངས་བ་ཞེས་པའི་དོན་ཡིན་པ་ལས་རིལ་རིལ་ཟེར་བའི་དོན་མིན།།
ད་འདི་ནི་ཡ་གྱལ་ལས་བརྩམས་པའི་དྲི་བ་དང་ཚོགས་པ་ལས་བརྩམས་པའི་དྲི་བ་གཉིས་ཀྱི་སྟེང་ནས་སྟོང་ཉིད་གཏན་ལ་ཕབ་པ་གཅིག་རེད། དེ་ཡང་དྲི་བ་གོང་མ་འཇིག་རྟེན་གྱི་བརྩམ་བྱའི་རྡུལ་ཕྲ་རབ་ལ་དྲི་བ་བཀོད་ནས་དེ་ནས་ཚོགས་པའམ་རིལ་བོ་ལ་དྲི་བ་དྲིས་ཡོད་པ་རེད། འདིར་རིམ་པར་ཚིག་བཀོད་ན།
༡༽ ༼བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དྲི་བ༽ ཡང་རབ་འབྱོར་རིགས་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་དག །འདི་ལྟ་སྟེ་དཔེར་ན་རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་བྱེ་མར་བྱས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ཡིན་སྙམ་མམ། ༼རབ་འབྱོར་གྱིས་དམ་བཅའི་ལན་གསུངས་པ༽རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ལགས་སོ། ༼རབ་འབྱོར་གྱིས་ཆོས་ཅན་ལ་སྒྲུབ་བྱེད་ཀྱི་ལན་དང་ཆོས་ཀྱི་དམ་བཅའ་མཉམ་དུ་གསུངས་པ༽ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་རྡུལ་ཕྲ་རབ་ཀྱི་ཚོགས་ཤིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩོལ་བའི་སླད་དུའོ། ༼རབ་འབྱོར་གྱིས་ཆོས་ཀྱི་སྒྲུབ་བྱེད་གསུངས་པ༽ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་གང་གསུངས་པ་དེ་ཚོགས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བགྱིའོ། ༢༽ ༼དེ་བཞིན་དུ་རབ་འབྱོར་གྱིས་བརྩམ་བྱའི་འཇིག་རྟེན་རིལ་བོ་ལ་ཡང་མཚུངས་པར་གསུངས་པ༽ དེ་བཞིན་གཤེགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་གང་གསུངས་པ་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་ཤིག་མཆིས་པར་གྱུར་ན། དེ་ཉིད་རིལ་པོར་འཛིན་པར་འགྱུར་བའི་སླད་དུའོ། དེ་བཞིན་གཤེགས་པས་རིལ་པོར་འཛིན་པར་གསུངས་པ་དེ་འཛིན་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་རིལ་པོར་འཛིན་པ་ཞེས་བགྱིའོ། ༼དེ་བཞིན་དེ་བཞིན་གཤེགས་པས་རབ་འབྱོར་གྱི་གསུངས་པ་ལ་བརྒྱ་ཆ་སྤྲད་དེ་ཕྱི་རབས་གདུལ་བྱ་རྣམས་ལ་དེ་དེ་བཞིན་ཡིན་པར་གདམས་པ༽ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རིལ་པོར་འཛིན་པ་ཉིད་ནི་ཐ་སྙད་དེ། ཆོས་དེ་ནི་བརྗོད་དུ་མེད་པ་ཡིན་ནོ། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་ངོ་།
གོང་གི་ཚིག་འདི་རྡོ་རྗེ་གཅོད་པའི་འཇིག་རྟེན་ལས་བརྩམ་པའི་ཚིག་ཆ་ཚང་རེད། དེ་ཡང་དོན་ཚན་དང་པོ་རྩོམ་གཞི་རྡུལ་ཕྲན་ལ་དྲི་བ་དང་། དོན་ཚན་གཉིས་པ་བརྩམ་བྱའི་འཇིག་རྟེན་རིལ་བོ་འམ། ཧྲིལ་བོ། ཚོགས་པ་ལ་དྲི་བ་བཀོད་ནས་གནས་ལུགས་གཏན་ལ་ཕབ་པ་རེད།
གནས་ལུགས་སྐོར་ལ་འདའ་ཚན་པས་དྲི་བ་བཀོད་མི་འདུག་པས་ངས་ཀྱང་ངལ་བ་མ་བྱས།
འཇིག་རྟེན་གྱི་རྩོམ་བྱེད་རྡུལ་ཕྲ་རབ་དང་བརྩམ་བྱའི་འཇིག་རྟེན་རིལ་བོ་ཅེས་བཅོས་རོགས།
ཐུགས་རྗེ་ཆེ་མདའ་ཚན་པ་ལགས།
ཁོ་ཚོ་ལ་འབྲེལ་བ་བྱས་པ་ཡིན།
ད་དུང་ཤེས་མ་སོང་།
གོང་ཚིག་ལ་འགྲེལ་བཤད་རྒྱག་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་འགྲེལ་དེ་ང་འདིར་རྩ་བ་དང་མཉམ་སྦྱར་གྱིས་ཡོད། ཁོང་གིས་རགས་པ་རིལ་བོ་གཅིག་ཏུ་འཛིན་པ་གསུངས་འདུག གོང་གསལ་གྱི་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར་ཚིག་མ་གཏོགས་དོན་གྱི་འབབ་ས་གཅིག་པ་ཡིན་པ་འདྲ། འདི་ལ་འགྲེལ་ཚུལ་གཞན་ཕལ་ཆེར་མེད་པ་འདྲ།
རྒྱ་ནག་དང་ཀོ་རི་ཡའི་ནང་ན་རྡོ་རྗེ་གཅོད་པ་ལ་རྟེན་ནས་ཉམས་རྟོགས་འཁྲུངས་པའི་དགེ་སྦྱོར་བ་མང་ཙམ་གྲངས་ཀ་རྒྱག་རྒྱུ་ཡོད་པ་གོ་མྱོང་། བོད་ན་མ་ཅིག་ལབ་སྒྲོན་གྱིས་ཤེར་སྙིང་ལ་རྟེན་ནས་ཉམས་རྟོགས་འཁྲུངས་པ་རེད་ཅེས། དགེ་ལུགས་ཀྱི་གཅོད་ཞི་བ་ལམ་ཟབ་ཀྱི་རྣམ་ཐར་དག་ན་གསུངས་རྒྱུན་འདུག
རྡོ་རྗེ་གཅོད་པ་དང་། ཤེས་རབ་སྙིང་པོ། རྟེན་འབྲེལ་བསྟོད་པ་གསུམ་ངའི་ཁ་ཏོན་ཡིན། ཡིན་ན་ཡང་ཉམས་རྟོགས་སྐྱེས་འཇོག་རྒྱུ་ཅང་མེད་གི ད་རྗེས་མ་ཤི་དུས་ན་བར་དོ་ཐོས་གྲོལ་ཟེར་བ་དེ་འདྲ་ལ་རེ་བ་རྒྱག་གི་མིན། སེམས་ཀྱིས་བསྐྱེད་པའི་ལྷ་ཞིག་གིས་ང་ལ་འོད་གསལ་གྱི་ལམ་སྟོན་མཁན་ཞིག་ཡོད་མེད་ཅི་གོ
ལུས་ཀྱི་རྣམ་ཤེས་ཐིམ་རིམ་བཞིན་རྣམ་རྟོག་གིས་འཇིགས་སྣང་འདྲ་མི་འདྲ་མང་པོ་ཞིག་བསྐྱེད་ཡོང་ན་ཡོད་ཡོད་འདྲ་བའི་སྣང་བ་ཐན་ཐུན་དེ་ཚོ་མེད་པའི་དབྱིངས་སུ་ལ་བདའ་ལུང་བདའ་བྱེད་ཐུབ་པ་ཡིན་ན་ཁ་ཏོན་བཏོན་པའི་ཉམས་རྟོག་ཅིག་ཀྱང་ཡིན་ན་ཐང་མ་གཏོགས་གཞན་མི་ཤེས།
ཉམས་རྟོགས་ཡོད་ན་མེད་ན་ཡོད་མེད་ཀྱི་གནས་ལུགས་སྟོན་པའི་མཚན་ཉིད་དེ་ཚོ་ཀློག་རྒྱུར་ང་ལ་དགའ་བོ་ཡོད། དེ་ཚོ་ཀློག་ཕྱིན་ན་གནས་ལུགས་ཤིག་གོ་རྒྱུ་ཡོད་པ་འདྲ་བོ། གནས་ལུགས་ཤིག་གོ་ལ་གོ་ལ་བྱེད་པ་འདྲ་བོ། ཡང་ཆི་གང་གོ་རྒྱུ་མེད་པའི་བྱིས་པའི་འཁྲུལ་གཏམ་འདྲ་བོ་ཞིག་རེད་དེ། ནམ་མཁའི་སྤྲིན་ཕུང་ཕྱོགས་སུ་གཏོར་བར་བྱེད་པའི་རླུང་བོ་ཞིག་རེད་ཅེས་བཤད་ན་འགལ་ཆ་ཨེ་ཡོད་སྙམ།
གཞོན་ནུ་ཟླ་མེད།
དགེ་ལུགས་ཀྱི་རྣམ་ཐར་དག་ན་འདྲ་མི་འདྲ་ཡོད་ནི་རེད་ཡ། ད་དགེ་ལུགས། དགེ་ལུགས། དགེ་ལུགས། བར་ཟིག་ནས་དགེ་བླུགས། དགེ་བླུགས། དགེ་བླུགས་ཟེར་མ་སྡོད། མེད་དགག་སྒོམ་ལ་ཅི་ཡང་མེད་པར་སེམས་ནས་སྡོད། བླུགས་ན་བླུགས། ཧང་སང་རྒྱུ་ཡོད་ནི་མ་རེད། མྱི་ནག་ཚོའི་ནང་ན་དེ་འདྲ་མང་གི་མོ།
མདའ་ཚན་པ་ནས་དྲན་གསོ་ཡག་པོ་ཅིག་གནང་སོང་། ཨ་རིའི་སྨན་ཁང་དག་ན་ཤི་མཁན་ཚོའི་ཁྲོད་དུ་སྣ་མང་ཅིག་འདུག ཁ་ཤས་ལ་ཤི་ཁར་གློག་བརྒྱབ་ནས་དྲན་པ་སླར་འེ་སོས་རེ་བ་རྒྱག་གི་འདུག ཡང་ཁ་ཤས་ནས་ཐོག་མར་རང་ཉིད་ཀྱི་དྲན་པ་རྣལ་ཐོག་ཏུ་ཡོད་དུས་ངའི་དྲན་པ་བརྒྱལ་སོང་ན་གློག་རྒྱག་མི་དགོས་ལ་སྨན་པ་དང་ནད་གཡོག་མ་ཚོ་ཉེ་འཁྲུས་སུ་བཅར་མ་ཡོང་པར་ཞི་བདེའི་ངང་ནས་ཤི་བཅུག་ཅེས་གདམས་ཤིང་ས་ཡིག་རྒྱབ་ནས་ཤི་གི་འདུག དེ་ནི་ཕལ་ཆེར་ཆོས་ལུགས་པ་དག་རེད། དེ་ཡང་ནང་པ་གཅིག་པུ་མ་རེད། ངའི་ཤེས་གསལ་ལ་ཡེ་ཤེ་ཆོས་ལུགས་པ་དང་། འཇོའུ་ཆོས་ལུགས་པ། དེ་བཞིན་ནང་པ་ཅེས་རེད།
དེ་ནས་གོང་དུ་ཁྱོད་ཀྱིས་ཁ་འདོན་བྱེད་བཞིན་པའི་གནས་ལུགས་དེ་ཚོའི་འཆར་རིམ་ནི་སྟོང་བ་ཉིད་ཀྱི་འཆར་རིམ་ཟེར་བ་དེ་ལོས་ཡིན། དེ་ཡང་རང་ཉིད་ཀྱི་ཤེས་པ་རགས་པ་འགག་རིམ་ལྟར་ཚོད་ལྟ་བྱེད་དགོས། དཔེར་ན་གཉིད་ཐོག་མར་ཁུག་པའི་གནས་སྐབས་སུ་རིམ་གྱིས་ཤེས་པ་རགས་པ་དེ་འགག་པ་དང་བསྟུན་ནས་སྟོང་བ་ཉིད་ལ་གསལ་བཏབ། དེ་ནས་གཉིད་ཀྱི་གནས་སྐབས་སུ་རྨི་ལམ་ཤར་བ་ན་ལྷ་སྐུར་གསལ་བཏབ། དེ་ནས་སང་ཞོགས་གཉིད་སད་མ་ཐག་ཏུ་རང་ཉིད་སྤྲུལ་སྐུར་གསལ་བཏབ་པ་ཡིན་ན། ཤི་བའི་གནས་སྐབས་སུ་ཡང་གཅིག་པ་རེད། ཐོག་མར་ཤི་བའི་གནས་སྐབས་སུ་ས་ཆུ་མེ་རླུང་རིམ་བཞིན་ཐིམ་རིམ་གྱིས་ཤེས་པ་རགས་པ་འགག་པ་དང་བསྟུན་ནས་སྔར་གོམས་པའི་སྟོབས་ཀྱིས་སྟོང་པ་ཉིད་ཀྱི་ཉམས་སྣང་དང་འཆི་བ་ཆོས་སྐུའི་ལམ་ཁྱེར། དེ་ནས་བར་དོའི་གནས་སྐབས་སུ་རྨི་ལམ་ལྟ་བའི་བར་དོ་ལོངས་སྐུའི་ཉམས་སྣང་། དེ་ནས་ཕྱི་མའི་ཉིང་འཚམ་སྦྱོར་བ་ན་སྐྱེ་བ་སྤྲུལ་སྐུའི་ཉམས་སྣང་ཤར་འགྲོ་གི་རེད། དེ་ལ་སྐུ་གསུམ་ལམ་ཁྱེར་ཀྱང་ཟེར་གི་ཡོད་ནི་རེད། ད་ཁྱེད་རང་གི་ཁ་བཏོན་བྱེད་བཞིན་པའི་ཉམས་སྣང་དེ་ལ་འཆི་བ་ཆོས་སྐུའི་ལམ་ཁྱེར་ཅེས་ཟེར་བ་ལོས་ཡིན། འོན་ཀྱང་སྐུ་རྗེས་མ་གཉིས་ཀྱང་གལ་ཆེན་པོ་རེད། དེ་དག་རིམ་བཞིན་ཡོང་དགོས་པ་རེད།
ཡ་ཟླ་མེད་ ཁྱོ་ངར་ཀི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཟེར་བ་འདི་གསུམ་ཇི་ལྟར་གོ་བ་ལེན་དགོས སེམས་ཀྱི་ཁྱད་ཆོས་ཤིག་རེད་དམ་ཅི་ཞིག་རེད།
སྐུ་གསུམ་ལམ་འཁྱེར་གྱི་སྔོན་སྦྱང་འདི་སྐུ་གསུང་དང་ཞི་ཁྲོ་ལྷའི་འཆར་སྟངས་དང་ནང་བའི་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་དང་མ་སྦྱར་བར་སེམས་རགས་པ་ནས་ཕྲ་བ་དང་དེ་ཡང་སླར་རགས་པར་ལྡང་བ་ དེ་ཡང་སེམས་ཀྱི་མཐར་མཐུག་རང་གཤིས་གསལ་སྟོང་ཟུང་འཇུག་དང་བདེ་སྟོང་ཟུང་འཇུག་ཟེར་བ འོད་གསལ་མ་བུ་ངོ་འཕྲོད་ཟེར་བ་སོགས་ཁོ་ནའི་སྟེང་ནས་ཚོད་ལྟ་བྱེད་ན་འགྲིག་གི་ཡོད་དམ།
གོང་གི་འདི་རྣམས་བདག་གི་སེམས་སུ་འཆར་བའི་དྲི་བ་ངོ་མ་ཡིན།
རི་སྤྱང་ཁེར་འགྲོ་ལ་ལན་དུ་ཕུལ་བ།
དྲི་བ་དང་པོའི་ལན། ཆོས་ལོངས་སྤྲུལ་གསུམ་ནི། སངས་རྒྱས་ཀྱི་ས་ཡི་ཡོན་ཏན་ཅིག་རེད། དེ་ཡང་ཆོས་སྐུ་ནི་སངས་རྒྱས་ཀྱི་ས་ཡི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དག་པའི་དབྱིངས་ཅིག་ལ་ཟེར་གྱི་ཡོད་པ་རེད། དེ་ཡང་སེམས་ཅན་གྱི་གནས་སྐབས་ནས་ཡོད་པའི་ཁམས་བདེ་བར་གཤེགས་པའི་སྙིང་བོ་དེ་ལ་སངས་རྒྱས་ས་ནས་ཆོས་སྐུ་ཟེར་ནི་རེད། ལོངས་སྐུ་ཟེར་བ་ཡང་སངས་རྒྱས་ཀྱི་སྐུ་ཅིག དེ་ཡང་ངེས་པ་ལྔ་དང་ལྡན་པའི་སྐུ་ཅིག་ལ་ཟེར་ནི་རེད། སྤྲུལ་སྐུ་ཟེར་བ་ནི་ངེས་པ་ལྔ་ལྡན་གྱི་སྐུ་དེ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ངང་ནས་འཇིག་རྟེན་གྱི་ཁམས་འདི་གདུལ་བྱའི་སྣང་ངོར་ཤར་རྒྱུ་ཡོད་པ་ཅིག་ལ་ཟེར་ནི་རེད། དཔེར་ན་རྒྱལ་བ་ཤཀྱྰ་ཐུབ་པ་ལྟ་བུ་རེད། འོན་ཀྱང་རྩོད་པའི་ཚེ་རྒྱལ་བ་ཤཀྱྰ་ཐུབ་པ་ལ་སྐུ་གསུམ་མངའ་ཟེར་ནི་རེད། འོན་ཀྱང་བྱང་སེམས་ས་མཐོན་པོ་ལ་གནས་པ་ཚོར་ཡང་སྐུ་གསུམ་རྗེ་མཐུན་པ་ཡོད་ཟེར་དགོས། དེ་ཡང་ནམ་རྒྱུན་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། ། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས།། སྤྲུལ་སྐུ་པད་མ་འབྱུང་གནས་ལ་གསོལ་བ་འདེབས་གསུངས་པ་ལྟར་རེད།
དྲི་བ་གཉིས་པའི་ལན་ནི་རང་ཉིད་ཀྱི་སྡུག་བསྔལ་ཡོངས་སུ་བྲལ་བར་འདོད་མཁན་ཅིག་ཡིན་ན། རང་ཉིད་སངས་རྒྱས་ཀྱི་ས་ལ་བགྲོད་པར་འདོད་མཁན་ཅིག་ཡིན་ན། སྐུ་གསུམ་ལམ་ཁྱེར་གྱི་ཉམས་ལེན་ལ་སྔོད་དུ་སྐྱབས་འགྲོ་སེམས་བསྐྱེད་བསྒོམས་དགོས་དང་དགོས། དེ་ཡང་གོང་གི་རྡོ་རྗེ་གཅོད་པའི་ཚིག་མཚམས་དེ་ཕལ་ཆེར་རྡོ་རྗེ་གཅོད་པའི་མཇུག་དུ་རེད། དེ་ཁ་འདོན་བྱེད་མཁན་ཅིག་གིས་དང་པོ་གླེང་གཞི་འདོན་པའི་སྐབས་སུ་སྐྱབས་འགྲོ་སེམས་བསྐྱེད་སོང་ཟིན་པ་རེད་བསམ།
འདིར་དྲི་བ་ཅིག་ཡོད་པ་ནི་སྐུ་གསུམ་ནི་སངས་རྒྱས་ཀྱི་བརྒྱུད་ཀྱི་ཁྱད་ཆོས་ཅིག་ཡིན་ན། དེ་ང་སོ་སྐྱེ་ཅིག་གིས་ཇི་ལྟར་སྐུ་གསུམ་ལམ་ཁྱེར་བྱེད་དགོས། དེ་ནི་འབྲེལ་མེད་ཅིག་རེད་བསམ་ན། ཇི་སྐད་དུ་གཞིའི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ་ལས། སྦྱང་གཞི་སྐྱེ་ཤི་བར་དོ་ལྕགས་ཀྱི་ཁམས།། སྦྱོང་བྱེད་ཟབ་ལམ་རིམ་གཉིས་གསེར་འགྱུར་རྩིས།། སྦྱང་འབྲས་རྣམ་དག་སྐུ་གསུམ་རིན་ཆེན་ལ།། དབང་བསྒྱུར་ཟུང་འཇུག་མགོན་པོར་ཕྱག་འཚལ་ལོ།། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ནི་རང་རྒྱུད་ཀྱི་ཆོས་ཡིན་ལ་དེ་སྦྱོང་བྱེད་སྐུ་གསུམ་བསྒོམ་པས། སྦྱང་གཞི་དེ་དག་འགྲོ་གི་ཡོད་པ་རེད། དེ་ལ་རྟེན་ནས་སྐུ་གསུམ་རང་རྒྱུད་ལ་སྐྱེ་ཡོང་གི་ཡོད་པ་རེད། འདི་ལ་རང་གི་སྐྱེ་པའི་ངོ་བོ་འགྱུར་ནས་སྤྲུལ་སྐུའི་ངོ་བོ་སོང་སོགས་ཟེར་ན་མ་འགྲིག་པ་ཡོད་ཀྱི་མ་རེད་བསམ། དེ་བཞིན་དུ་གཞན་གཉིས་ལ་ཡང་འདྲ། འདི་ལ་རྩོད་པ་ཡོད་ན་ངས་གང་ཐུབ་ལན་ཕུལ་ཆོག
ཟླ་མེད་ཐུགས་རྗེ་ཆེ། དོགས་འདྲི་བྱེད་རྒྱུ་མང་པོ་ཞིག་འདུག་ཀྱང་ད་མི་འདྲི། དོ་དགོང་སྔ་སེ་ཉལ་གི་ཡིན། གཟིམས་འཇགས་གནང་གོ།།
ཆོས་མ་ཤེས་ན་མ་བཤད་ན་དགའ་ཡོང་།
ཆོས་ཐམ་ཅད་གདོད་ནས་སྐྱེ་མེད་ཡིན་པ།
སྐུ་གསུམ་རང་རྒྱུད་ལ་སྐྱེ་ཡོང་ན་འདུ་བྱས་དུ་འགྱུར་ལ།
སེམས་གདོད་ནས་སྐྱེ་བ་མེད་པ་དེ་ཉམས་སུ་ལེན་ཐབས། ཐེགས་པ་གསུམ་ཕྱི་ནང་གསང་གསུམ་མཐའ་ཡས་པ་ཡོད་པ་ལས་སེམས་རགས་པ་ནས་ཕྲ་བ་དང་དེ་ཡང་སླར་རགས་པར་ལྡང་བ་ དེ་ཡང་སེམས་ཀྱི་མཐར་མཐུག་རང་གཤིས་གསལ་སྟོང་ཟུང་འཇུག་དང་བདེ་སྟོང་ཟུང་འཇུག་ཟེར་བ འོད་གསལ་མ་བུ་ངོ་འཕྲོད་ཟེར་བ་སོགས་ཁོ་ནའི་སྟེང་ནས་ཉམས་སུ་ལེན་པ་རྣལ་འབྱོར་བླ་མེད་ལྟར་ལགས། འོན་ཀྱང་དེ་ཉམས་སུ་ལེན་པ་ལ་རང་མོས་ཚོད་ལྟ་བྱས་ན་ཉམས།
རྗེ་མི་ལས
རྒྱུད་རྐྱང་ཚིག་གིས་རང་ཉིད་འཆིང་།
བླ་མའི་མཚན་ཉིད་བརྒྱུད་པ་ལྡན།
རང་བཟོ་བྱས་ན་རྨོང་བ་ཡིན། གསུངས
སྒྲུབ་ཐོབ་རྒྱུད་པའི་བྱིན་རླབ་མ་ཆད་ཅིང་།
གནས་ལུགས་གཉུག་མའི་རྟོགས་པ་མཐར་ཕྱིན་ནས།
རྩེ་ཅིག་སྒྲུབ་ལ་ཞོལ་བའི་རྣལ་འབྱོར་ཅན།
གསུངས།
དེས་ན་གཞོན་ནུ་ཟླ་མེད་འམ་ནིའུ་ཡོག་ལ་མི་ཁོམ་པའི་དབང་དུ་འཆེན་པའི་ལས་ངན་དེ་ལ་སྐུ་གསུམ་ལམ་འཁྱེར་གཞན་ལ་ངོ་སྤྲོད་ཨ་ནུས། ཚིག་ནི་ནེ་ཚོས་འདོན་པ་དང་དོན་ཤེལ་སྒོས་ནང་གི་མོག་མོག་འདྲ ། རི་སྤྱང་ལས་ངན་སྙིང་རྗེ། ཆོས་སྔོན་འགྲོ་དངོས་ཞི་བླ་མ་སོགས། ལམ་རིམ་མ་འཆོལ་བ་གལ་ཆེ།
སྤྱིར་ཁྱོད་ཀྱི་དྲི་བ་དེ་དྲྭ་རྒྱ་རྒྱུད་ནས་སྦྱང་ཡག་མིན་པ་འདྲ།
ཆོས་མ་ཤེས་ན་མ་བཤད་ན་དགའ་ཡོང་།
ཆོས་ཐམ་ཅད་གདོད་ནས་སྐྱེ་མེད་ཡིན་པ།
སྐུ་གསུམ་རང་རྒྱུད་ལ་སྐྱེ་ཡོང་ན་འདུ་བྱས་དུ་འགྱུར་ལ།
སེམས་གདོད་ནས་སྐྱེ་བ་མེད་པ་དེ་ཉམས་སུ་ལེན་ཐབས། ཐེགས་པ་གསུམ་ཕྱི་ནང་གསང་གསུམ་མཐའ་ཡས་པ་ཡོད་པ་ལས་སེམས་རགས་པ་ནས་ཕྲ་བ་དང་དེ་ཡང་སླར་རགས་པར་ལྡང་བ་ དེ་ཡང་སེམས་ཀྱི་མཐར་མཐུག་རང་གཤིས་གསལ་སྟོང་ཟུང་འཇུག་དང་བདེ་སྟོང་ཟུང་འཇུག་ཟེར་བ འོད་གསལ་མ་བུ་ངོ་འཕྲོད་ཟེར་བ་སོགས་ཁོ་ནའི་སྟེང་ནས་ཉམས་སུ་ལེན་པ་རྣལ་འབྱོར་བླ་མེད་ལྟར་ལགས། འོན་ཀྱང་དེ་ཉམས་སུ་ལེན་པ་ལ་རང་མོས་ཚོད་ལྟ་བྱས་ན་ཉམས།
རྗེ་མི་ལས
རྒྱུད་རྐྱང་ཚིག་གིས་རང་ཉིད་འཆིང་།
བླ་མའི་མཚན་ཉིད་བརྒྱུད་པ་ལྡན།
རང་བཟོ་བྱས་ན་རྨོང་བ་ཡིན། གསུངས
སྒྲུབ་ཐོབ་རྒྱུད་པའི་བྱིན་རླབ་མ་ཆད་ཅིང་།
གནས་ལུགས་གཉུག་མའི་རྟོགས་པ་མཐར་ཕྱིན་ནས།
རྩེ་ཅིག་སྒྲུབ་ལ་ཞོལ་བའི་རྣལ་འབྱོར་ཅན།
གསུངས།
དེས་ན་གཞོན་ནུ་ཟླ་མེད་འམ་ནིའུ་ཡོག་ལ་མི་ཁོམ་པའི་དབང་དུ་འཆེན་པའི་ལས་ངན་དེ་ལ་སྐུ་གསུམ་ལམ་འཁྱེར་གཞན་ལ་ངོ་སྤྲོད་ཨ་ནུས། ཚིག་ནི་ནེ་ཚོས་འདོན་པ་དང་དོན་ཤེལ་སྒོས་ནང་གི་མོག་མོག་འདྲ ། རི་སྤྱང་ལས་ངན་སྙིང་རྗེ། ཆོས་སྔོན་འགྲོ་དངོས་ཞི་བླ་མ་སོགས། ལམ་རིམ་མ་འཆོལ་བ་གལ་ཆེ།
སྤྱིར་ཁྱོད་ཀྱི་དྲི་བ་དེ་དྲྭ་རྒྱ་རྒྱུད་ནས་སྦྱང་ཡག་མིན་པ་འདྲ།
མགོན་པོ་འདིའི་ཁ་ནས་ཅུང་ཟད་གོ་རྒྱུ་ཡོད་པ་ཅིག་བཤད་པ་དེ་རིང་གི་འདི་གཅིག་བུ་རེད། ༡༽༼ཆོས་མ་ཤེས་ན་མ་བཤད་ན་དགའ་ཡོང༽ ལྟོས་ས་ལྟོས་འཇོག་རེད། ཐམས་ཅད་ཤེས་པ་ལ་སངས་རྒྱས་དགོས་པ་རེད། སངས་རྒྱས་ཁོ་ན་ལ་ཐམས་ཅད་མཁྱེན་པ་ཟེར་ནི་རེད། སངས་རྒྱས་ཁོ་ནས་མ་གཏོགས་བགྲོ་གླེང་བྱེད་མི་ཆོག་པ་འདི་ནི་ཁྱོད་རང་གི་རང་བཟོ་ཅིག་དང་རྨོངས་འཆར་ཅིག་ཡིན་འགྲོ
༢༽༼སྐུ་གསུམ་རང་རྒྱུད་ལ་སྐྱེས་ཡོང་ན་འདུས་བྱས་སུ་འགྱུར།༽ རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར།། སྐྱེས་པ་མངོན་པར་སྐྱེས་པ་དང་། སོགས་སྐྱེས་པའི་ཐ་སྙད་སྤྱར་ཡོད་པར་མ་ཟད། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ནི་འདུས་མ་བྱས་ཡིན་ན་ཡང་། མངོན་རྟོགས་རྒྱུན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན། ། ཅེས་བརྩད་པའི་ལན་དུ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། གསུངས་པ་ལྟར་རྟེན་པའི་ཆོས་ཀྱི་བྱེ་བྲག་གིས་རང་རྒྱུད་ལ་སྐྱེས་ཅེས་ཡོངས་སུ་བརྗོད།།
༣༽༼དེས་ན་གཞོན་ནུ་ཟླ་མེད་འམ་ནིའུ་ཡོག་ལ་མི་ཁོམ་པའི་དབང་དུ་འཆེན་པའི་ལས་ངན་དེ་ལ་སྐུ་གསུམ་ལམ་འཁྱེར་གཞན་ལ་ངོ་སྤྲོད་ཨ་ནུས། ཚིག་ནི་ནེ་ཚོས་འདོན་པ་དང་དོན་ཤེལ་སྒོས་ནང་གི་མོག་མོག་འདྲ །༽ ཆོས་ཕྱོགས་བགྲོ་གླེང་བྱེད་པ། དང་ཉམས་ལེན་བྱེད་པ་སོགས་ལ་ཡུལ་དུས་གནས་སྐབས་ལ་རག་ལས་པར་འདོད་པ་འདི་སུས་ལུགས་རེད། ཁ་སང་ནས་ངས་ཁྱོད་ལ་རྨོང་བ་རེད་ཟེར་བ་འདི་འདྲ་ལ་ཟེར་བ་ཡིན། ང་ཚོ་ལ་བགས་ཆགས་སངས་ན་སངས་རྒྱས་ཀྱི་འཕྲིན་ལས་ལ་ཉེ་རིང་མེད་ཟེར་གྱི་ཡོད་པ་རེད། ལྷུན་འགྲུབ་རྒྱུན་མི་ཆད་དུ་འཇུག་ཟེར་བ་རེད།
༤༽༼རི་སྤྱང་ལས་ངན་སྙིང་རྗེ། ཆོས་སྔོན་འགྲོ་དངོས་ཞི་བླ་མ་སོགས། ལམ་རིམ་མ་འཆོལ་བ་གལ་ཆེ།༽ ང་ཚོ་ཚང་མ་གོང་ས་མཆོག་གི་མདུན་ནས་བདེ་གསང་འཇུག་གསུམ་དང་། ན་རོ་ཆོས་དྲུག་སོགས་ཀྱི་དབང་ལུང་བཤད་ཁྲིད་སོགས་མ་ཐོབ་པ་ཕལ་ཆེར་མེད། ག་རེ་བྱས་ནས་བགྲོ་གླེང་བྱེད་མ་ཆོག་པ་རེད།
༥༽ མི་ལ་རས་བའི་ལུང་ཁ་ཤས་དྲང་འདུག མགོན་པོ་ཁྱོད་ལ་མ་གཏོགས ཡང་ན་ཁྱོད་ཀྱི་ཆོས་བརྒྱུད་ལ་མ་གཏོགས། ཡང་ན་ཁྱོད་ཀྱི་བླ་མ་ལ་མ་གཏོགས། གཞན་ལ་བརྒྱུད་པ་མཚན་ཉིད་ལྡན་པ་མེད་ལ། གཞན་ལ་མན་ངག་ཀྱང་མེད་པར་འདོད་པ་ཁྱོད་ནི་ ང་ངངངངངངངངའོ ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ། ཟེར་མཁན་ཅིག་རེད།
མགོན་པོ། ༼ཆོས་ཐམས་ཅད་གདོད་ནས་སྐྱེས་མེད་ཡིན་པ༽ ཟེར་བ་འདིས་ཅི་ཞིག་སྒྲུབ་ཀྱི་ཡོད། ཡང་ན་ཇི་ཞིག་དགག་གི་ཡོད། འདིའི་སྐུ་གསུམ་རང་རྒྱུད་ལ་བསྐྱེད་པ་འགོག་གི་ཡོད་ན། འོ་ན་ཁྱོད་རང་ཆོས་ཅན། ཨ མ་ལས་མ་སྐྱེས་པར་ཐལ། ཡང་སྐྱེས་པ་ཕྱི་མར་མི་སྐྱེས་པར་ཐལ་སོགས་ཐལ་བ་གྲངས་མེད་ལ་སྒྲུབ་བྱེད་ཁྱོད་རང་གི་ཆོས་ཐམས་ཅད་གདོད་ནས་སྐྱེས་མེད་ཡིན་པ་དེའི་ཕྱིར། འདི་འདྲ་ལ་བསམ་ནས་དཔལ་ལྡན་ཟླ་བ་གྲགས་པས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླགས་ཅིག་གསུངས་པ་རེད།
གཞོན་ནུ་ལགས།
ངའི་སེམས་ནང་ཁྱོད་ལ་རེ་བ་ཆེན་པོ་ཞིག་ཡིན། འོན་ཀྱང་ཐོས་པ་ང་རྒྱལ་གྱི་གྲོགས་སུ་སོང་བ་མཐོང་།
ཕ་བོང་སློབ་རྒྱུད་ཚོ་ཡང་ཐོས་པ་ང་རྒྱལ་ཀྱི་གྲོག་ཏུ་སོང་ནས་སྐྱོན་དེ་བྱུང་བ་ལགས ཉེན་ཁ་ཆེན་པོ་རེད་ངས་ཕན་སེམས་ཀྱི་ཀུན་ནས་བརླང་སྟེ་ཁྱོད་རང་གི་ཁྱོད་རང་ངོ་ཤེས་ན་བསམ་སོང།
དབང་དོན་རྒྱུད་ལ་སྐྱེས་ན་ཐོབ་གསུང། ཁྱོད་ཀྱི་ཐོབ་ཐོབ་དེ་སྤྱིར་ཐོས་བསམ་ཁྲིད་རྒྱུན་ཙམ་རེད། གོང་ས་མཆོག་ནས་ཐོབ་སོང་ཟེ་དེ་ཡང་ང་རྒྱལ་གྱི་གྲོགས་སུ་སོང་འདུག་བ། དེ་ཡང་ཁ་རྡ་དྲྭ་བའི་ནང་དུ་བཤད་ཆེད་ཡིན་ནམ། དབང་ལུང་ཐོབ་རྗེས་ནིསའུ་ཡོག་ལ་འདུག་བ། བློ་འགྱོད་ཙམ་ཡང་མེད་པ་ཁ་ནས ང་ཚོ་ལ་བགས་ཆགས་སངས་ན་སངས་རྒྱས་ཀྱི་འཕྲིན་ལས་ལ་ཉེ་རིང་མེད་ཟེར་གྱི་ཡོད་པ་རེད། ལྷུན་འགྲུབ་རྒྱུན་མི་ཆད་དུ་འཇུག་ཟེར་བ་རེད། དོན་ཤུགས་ལ་ག་རེ་གོ་ཡག་འདུག བཤད་ལྟངས་མཁས་པ་ལ། གྲ་ས་ནས་རིག་པ་གང་གི་ཆེད་དུ་སྦྱང་པ་ཡིན། སྔོན་མགོན་པོ་ཀླུ་སྒྲུབ་ཡང་མཐར་བྲམ་ཟེ་ཆེན་པོར་བརྟེན
པན་ཆེན་ཎ་རོ་ཡང་རྣལ་འབྱོར་ཏི་ལི་པས་རྗེས་སུ་གཤེག་ན་དེ་དང་དེ་རྣམ་ལ་དབང་ལུང་ཁྲིད་རྒྱུན་དང་ཐོས་བསམ་ཀྱི་ཕོང་བ་ཨ་རེད། དབང་ལུང་མན་ངག་ཀུན་ལས་མཐོང་བ་བརྒྱུད་པའི་ཕྱག་ལེན་གལ་ཆེ་
གོང་ས་མཆོག་ནས་ཎྰ་རོ་ཆོས་དྲུག་ཡིད་ཆེས་གསུམ་ལྡན་འདི་བཤད་ཁྲིད་ཙམ་ལས་བཞུག་ཡོད་མ་རེད་གསུང་སོང་། ང་ཡང་སྐབས་དེར་ཡོད། མཐོང་རྒྱུན་ཟེར་ན་ལོ་གསུམ་ཕྱོགས་གསུམ་ཉམས་ལེན་ལ་ཟེར་རེད།
དེང་སང་ང་ལོ་གསུམ་ཆོས་གསུམ་ཡིན་ཟེར་ནས་ ཕྱོག་གསུམ་ཙམ་ཀྱི་དོན་མ་ཤེས་ནས་ལོ་གསུམ་ཆོས་གསུམ་རང་ཟོ་བྱེད་ནས། མཐོང་བརྒྱུན་སྒྲུབ་དཔོན་མི་དགོས་པར་འཇིག་བྱེད་གཉེན་ཆེན་ལོ་གསུམ་ཙམ་ལ་ལོ་གསུམ་སྡད་ཡིན་ཟེར་ང་ལ་ཆོས་དྲུག་རིམ་ལྔ་དབང་ལུང་ཡོད་ཟེར་ནས དཔེ་ཐོག་གྲོ་འཁྲབ་ནས་རས་ཆོད་དང་ཐུབ་ཆོད་བྱེད་པ་དང། མཁན་པོ་དང་། སྤྲུལ་དགེ་བཤེས་སྤྲུལ་སྐུ་ཟོ་བ་ནི། གུང་ཁྲན་ཀྱིས་གསེར་བུམ་རྒྱུད་སྤྲུལ་སྐུ་ཟོ་བའི་རིག་པ་དེ་ཚོ་གཅིག་ཏུ་མཐོང་། གཞན་ལ་ཡོད་ན་དེ་ལས་མཐོང་རྒྱུན་ལམ་རིམ་མི་སྦྱང་ནས་ཁྱོད་ཚོ་དཔེ་ཆ་མི་ཤེས་བླུན་སྒོམ་ཞིག་ཏུ་ངོས་འཛིན། མཐོང་ཆུང་དང་སྨ་འབེབ། ཡིད་དམ་ལྷའི་དམ་ཚིག་དུ་ལུས་ངག་ཡིད་གསུམ་མ་བཅོས་པའི་ཉམས་ལེན་མཚོན་བྱེད་དམ་ཚིག་ཕྱི་ལུས་དབུ་ལ་རས་ལྕོག་དང་རྩ་ཐིག་རླུང་གསུམ་ཉམས་ལེན་མཚོན་བྱེད་རས་ཁྲ་གོན་པ་མཐོང་ན་ཁྱིམ་པ་ཞིག་ཏུ་ངོས་འཛིན་ནས་མིག་ལ་ཟན ཁ་ནས་སྔགས་རིམ་ཆེན་མོ་ཟེར་དོན་ཉམས་ལེན་གསང་སྔགས་ཁྲོམ་འཁྱེར་མཁན་ཆེ་ཆུང་སུ་ལ་ཡང་ང་ནི་ངོ་མི་འཚར།
གཞོན་ནུ་ལགས། ཁྱེད་ཀྱི་སྐུ་ཡོན་དང་ལྷག་བསམ་ལ་བསམ་འཆར་མེད། རྗེས་སུ་ཡི་རངས་ཡོད། ཡིན་ནའི་གསང་སྔགས་ཀྱི་སྐོར་འདིར་བྲིས་ན་སྔགས་ཀྱི་སྡོམ་པ་ཤོར་བའི་ཉེས་ལྟུང་ཡོང་། དེ་ལྟར་སོང་ན། དེས་དམ་ཚིག་གཙང་མ་སྲུང་མི་ཐུབ་པ་དང་། དེས་གསང་སྔགས་ཀྱི་ནུས་པ་ཚང་མ་ཤོར་བའི་སྐྱོན་བཞུགས་ཨེ་ཡོང་། འདྲི་བ་ཡིན། དོན་སྙིང་པོར། སྔགས་ཀྱི་འབྲས་བུ་ནི་དམ་ཚིག་གི་རྒྱབ་རྟེན་བརྟན་པོའི་ཐོག་ནས་འགྲོ་དགོས་པ་འདི་ཆོས་རྒྱུད་ཚང་མའི་ནང་གསུངས་ཀྱི་འདུག
དཔེར་ན། རྒྱལ་བ་རིན་པོ་ཆེས་བདེ་སྟོང་དབྱེར་མེད་མ་ཚོགས་ལ་བཏོན་ན་མི་འགྲིག་གསུངས་ནས་ཤིན་དུ་དམ་པོ་གནང་གི་འདུག རྒྱུ་མཚན་ནི་སྔགས་ཀྱི་སྡོམ་པ་དང་རྒལ་གྱི་ཡོད་སྟབས། དེ་བས་སྐུ་གསུམ་ལམ་ཁྱེར་གྱི་གནད་རྣམས་འདི་ལ་གསུངས་ན་ཁྱེད་ལ་དམ་ཚིག་གི་གནོད་པ་བྱུང་དོགས་ལ་བརྟེན་ནས་སེམས་བཟང་གི་ཆོས་གྲོགས་ལ་ཕན་པའི་རེ་སྐུལ་ཡིན། བསླབ་བྱ་མིན།
འོ་ལགས་སོ། བླ་མ་བརྒྱུད་པའི་དགེ་བསྐོས་མགོན་པ་རེད་ཟེར་ད་ལོ། ད་དགེ་བསྐོས་ནས་ཚོགས་གཏམ་གནང་ན་ཞུ་རྒྱུ་ཅང་མེད་ལགས། མཛུག་གུ་གར་བསྟན་ཤར་རེད་པ། འོན་ཀྱང་དྲི་བ་ཆུང་ཆུང་ཅིག་ཡོད། མགོན་པོ་ཀླུ་སྒྲུབ་རང་གི་དགོན་པ་ནྰ་ལེན་ཊར་མ་བཞུགས་པར་ལྷོ་ཕྱོགས་སུ་འཁྱམས་ནས། བྲམ་ཟེ་ཆེན་པོ་སོགས་ལ་བརྟེན་ནས་དངོས་གྲུབ་བསྙེས་པར་གསུངས་པ་དེས་ཉམས་ལེན་བྱེད་སའི་གནས་ལ་ཁྱད་པར་མེད་གསུངས་གི་ཡོད་པ་འེ་རེད་ལགས།
1. གོང་དུ་གྲོགས་མདའ་ཚན་པ་ཡིས།
2. སེམས་ཀྱིས་བསྐྱེད་པའི་ལྷ་ཞིག་གིས་ང་ལ་འོད་གསལ་གྱི་ལམ་སྟོན་མཁན་ཞིག་ཡོད་མེད་ཅི་གོ ཞེས་པ་དེར་ལན། ལྟ་བའི་སྒོ་ནས་མེད་པར་ཐག་བཅད་ནས་ སེམས་ཀྱིས་མོས་སྒོམ་ཙམ་ཞིག་གིས་འོད་གསལ་གྱི་ལམ་སྟོན་ཞིག་མི་འོང་བ་བདེན་ཡང་། ཐོས་གྲོལ་སོགས་རྒྱུད་སྡེ་དག་ན་གསུངས་པའི་བསྐྱེད་རིམ་ནི་དེ་འདྲ་མ་རེད། དང་པོ་ལྟ་བའི་སྒོ་ནས་ལྷར་བསྒྲུབས། དེ་ལ་ངེས་ཤེས་འཁྲུངས། ངེས་ཤེས་དེ་ཀའི་ངང་མ་གཡེང་བར་བསྒོམས་པའི་བསྐྱེད་རིམ་དེ་ནི་འོད་གསལ་གྱི་ལམ་སྟོན་ལོས་ཡིན། ལྟ་བ་མེད་པའི་བསྐྱེད་པ་དེས་ཕན་མི་ཐོག་པར་མ་ཟད་གནོད་བྱས་ནས་འདྲེ་རུ་འགྱུར་རྒྱུའི་ཉེན་ཁ་ཡོད།
ང་ཚོའི་སེམས་ཀྱི་རང་བཞིན་འདི་བཏང་བ་ཡིན་ན་རླུང་བོ་བཞིན་དུ་གང་སར་ལྡང་བ། བཟུང་བ་ཡིན་ན་འཛིན་རྒྱུ་ཡོད་པ་ག་བར་ཁྲིད་ཁྲིད། ཚོས་གཞི་གང་གི་ངོ་བོར་བསྒྱུར་ཆོག་ཆོག ཡོད་པའི་ནང་ལ་ཁྲིད་ན་ཐམས་ཅད་རོང་རོང་མཐོང་རྒྱུ་ཡོད་པ། མེད་པའི་མཁའ་ལ་ཁྲིད་ན་སྟོང་སངས་སེ གང་ཡང་རིག་རྒྱུ་མེད་པ་ཞིག་ཡིན་པ་འདྲ་བས།
རང་ཉིད་ལྷ་རུ་སྒོམ་ན་ལྷ་གོ་ཆོད་པ། རང་གིས་ལྷ་ཞིག་སྒོམ་ན་མཐོང་རྒྱུ་ཡོད་པ་ཞིག་ལོས་ཡིན།
ཡིད་ཆེས་ཡོད་ན་དངོས་སུ་ཡོད་པ་རེད། ཡིད་ཆེས་མེད་ན་དངོས་སུ་མེད་པ་རེད། རང་བཞིན་དྲང་མོ་སློབ་མ་རྣམ་རྒྱལ་གྱིས།། རྟག་པར་ལུག་ཤ་གཡག་ཤ་དྲན་ན་ཡང་།། ཤ་མིན་ཤ་རུ་དངོས་སུ་སྒོམ་པ་ན།། དེ་ལ་ཤ་ཡི་བྲོ་བ་འདུག་ཅེས་ཟེར།། ཤ་དང་ཁྱད་པར་གང་ཡང་མི་འདུག་ཟེར།།
མདའ་ཚན་པ་ལགས།
གཤིས་ལ་མི་གནས་བལྟས་པའི་འགྱུར་བ་ན།
རྟག་པར་ལུག་ཤ་གཡག་ཤ་དྲན་ན་ཡང་།། ཤ་མིན་ཤ་རུ་དངོས་སུ་སྒོམ་པ་ན།། དེ་ལ་ཤ་ཡི་བྲོ་བ་འདུག་དང།
ཤ་དང་ཁྱད་པར་གང་ཡང་མི་འདུག་ན།།
མི་དགེ་དགེ་བར་ལྟས་པ་ན། དགེ་དང་ཁྱད་མེད་འགྱུར་བར་ངེས།
ཡིན་ད་ཡིན། རང་གང་ལ་ཡིད་ཆེས་པའི་ལྷ་ལ་སེམས་ཅན་མང་པོའི་སྐེ་བྲེགས་ནས་དམར་མཆོད་བྱེད་མཁན་དེ་ཚོ་ཤི་སྐབས་ཀྱང་རང་གི་ཡིད་ཆེས་དང་སེམས་ཀྱི་འཛིན་སྟངས་ལ་ལྟོས་ཏེ་ཁོ་ཚོའི་སེམས་ལའང་གཞན་དང་མ་འདྲ་བའི་སྟོབས་ཤུགས་ཤིག་ཡོད་པ་ནི་ཚོད་དཔག་བྱེད་ཐུབ། ཁོ་ཚོའང་རང་སེམས་ན་ཡོད་པའི་ལྷ་ཡུལ་དེ་ལ་མདའ་འཕང་བ་ལྟར་འགྲོ་རྒྱུའི་ཡིད་ཆེས་ཡོད་པ་རེད།
སློབ་དཔོན་ཟླ་བ་གྲགས་པས། ཀུན་རྗོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་བའི་རྒྱལ་བོ་དེ་ནི་སྐྱེས་པོ་ངང་པ་ཡི།། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོ་མཆོག་གི་ཕ་རོལ་འགྲོ། ཅེས་གསུངས་འདུག རྒྱལ་བའི་ཡོན་ཏན་མཆོག་གི་ཕ་རོལ་ཏུ་འགྲོ་བ་ལ། ཐབས་ཤེས་ཀྱི་གཤོག་ཟུང་གཉིས་ལ་བསྟན་ནས་འཕུར་དགོས་པ་ལས། ཐབས་རྐྱང་བས་མི་འགྲིག་ལ། ཤེས་རབ་རྐྱང་བས་ཀྱང་མི་འགྲིག་པ་མདོ་ལས། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་པའོ།། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། གསུངས་སོ།
སང་ཉིན་གནངས་ཉིན་ཡང་སྨན་ཁང་ནང་དུ་བཟི་སྨན་བརྒྱབ་ནས་ཤི་གི་ཡིན་ཟེར་མཁན་ཞིག་ལ་སྨོན་ལམ་འདེབ་ཀི་ཡོང་རོགས་ཟེར་བྱུང་། འདི་ནི་ང་ལ་མཚོན་ན་ཐེངས་གཉིས་པ་དེ་རེད། དང་པོ་དེ་བུད་མེད་ཡེ་ཤུ་བ་ནང་པའི་ཆོས་ལ་དགའ་མཁན་ཞིག་དང་ད་ཐེངས་ཀྱི་འདི་སྐྱེས་པ་ཞིག་རེད་ལ་ནང་པ་ཞིག་རེད།
ཡ་ཡ། འདི་ན་ནང་ཆོས་སྐོར་མཁྱེན་ནི་ཁ་ཤས་ཞིག་ཡོད་པ་འདྲ། ཁྱེད་རྣམ་པས་གཤམ་གྱི་སློབ་དཔོན་དབྱིག་གཉེན་གྱི་གསུང་ཚིག་འདི་ལ་འབྲེལ་ཞིག་རྒྱག་རོགས། སྔོན་ནས་ཐུགས་རྗེ་ཆེ་ཞུ།
རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས།
མཆོག་ཏུ་ཞིར་གཤིགས་འགྲོ་མགོན་མེད་པ་ན།
འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི།
དྲི་མས་དགའ་མགུར་དེང་སང་འདི་འདི་ན་སྤྱོད།
ད་དུང་ཚིག་བཅད་གྲགས་ཅན་ཞིག་ལུས་འདུག
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །
དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །
ཚིག་རེ་ཟུང་མ་དག་པ་ཡོད་སྲིད། གང་ལྟར་ཚིག་བཞི་འདི་ཡང་སློབ་དཔོན་དབྱིག་གཉེན་ཐུགས་སྐྱོ་དུས་ཀྱི་སྡུག་གཏམ་ཞིག་རེད་ལ། གོང་གི་ཤོ་ལོ་ཀ་དེ་དང་ནང་དོན་འདྲ་བོ་འདུག
འགྲེལ་ཞེས་དང་། མཆོག་ཏུ་ཞིར་གཤེགས་ཞེས་བཅོས་རོགས་གནང་།
ལྷར་སྒྲུབ་ཚད་མ་མེད་ཀྱིན་དུ། །
རང་ཉིད་ལྷ་ཡིན་སེམས་པ་དེ། །
ལྟ་བ་མེད་པའི་མོས་སྒོམ་ཡིན། །
གསང་སྔགས་ཟབ་མོ་དེ་འདྲ་མིན། །
ཤ་ལ་དགའ་ནས་ཤ་དྲན་ཡང་། །
ཤ་མིན་དངོས་པོ་གཞན་པ་ཞིག །
ཤ་ཡིན་མོས་པས་ཅི་ཞིག་ཕན། །
ལྟ་བས་ཤ་མིན་ཐག་བཅད་ནས། །
སེམས་ནས་ཤ་ཡིན་མོས་དང་འདྲ། །
དང་པོ་དཔྱད་པ་སྔོན་སོང་ནས། །
འཁྲུལ་མེད་ཤ་ཞིག་རྙེད་སོང་ན། །
དེ་ཚེ་དཔྱད་པ་མི་དགོས་པར། །
ཤ་ལ་རོལ་བ་ཅི་བཞིན་དུ། །
ལྟ་བ་ལྷར་སྒྲུབ་ཚད་མ་དགོས། །
ཡིད་ཆེས་དེ་ལ་རྣམ་པ་གཉིས། །
ལག་པ་མེ་ལ་མ་ཐུག་གོང་། །
གཞན་གྱིས་ཚ་ཚུལ་བཤད་པ་ལ། །
ཉན་ནས་ཡིད་ཆེས་བྱས་པ་དང་། །
རང་གི་ལག་པ་ཐུག་གྱུར་ནས། །
དངོས་སུ་ཚ་བ་མྱོང་བ་ན། །
ཚ་བར་ཡིད་ཆེས་རྙེད་པ་བཞིན། །
འགྱུར་མེད་ངེས་ཤེས་གདེང་ནས་རྙེད། །
དེ་འདྲའི་ཡིད་ཆེས་མེད་གྱུར་ན། །
རྨོངས་དད་དབང་དུ་ཤོར་ཉེན་ཆེ། །
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །
དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །
རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས།།
མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན།།
འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི།།
དྲི་མས་དགའ་མགུར་དེང་སང་འདི་འདི་ན་སྤྱོད།།
དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི།།
ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས།།
སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི།།
ཐར་བ་འདོད་པ་དག་གིས་བག་ཡོད་གྱིས།།
ཆོས་མངོན་པའོ་མཛོད་ཀྱི་ཆིག་ལེའུར་བྱས་པ། སློབ་དཔོན་ཤྰཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
གྲང་བའི་ས་རུ་དྲོད་ཅིག་སྒོམ།། ལུས་པོ་གྲང་མོ་དྲོད་ཀྱིས་བཟུང་།། དྲོད་ཀྱིས་བཟུང་བ་ཚད་མ་རེད།། ཚད་མའི་ཕུགས་དེ་སེམས་སྒོམ་རེད།
གྲང་བའི་གནས་ནས་དྲོད་སྒོམ་པ། །
ལྟ་བ་མེད་པའི་མོས་སྒོམ་དེས། །
གནས་སྐབས་ཕན་པ་ཡོད་གྱུར་ཀྱང་། །
ཕུག་ལ་ཕན་པ་དཀའ་མོ་རེད། །
གནས་སྐབས་ཕན་ན་ཕུགས་ལ་ཕན་པ་ཡིན།། གནས་སྐབས་སྒང་ལ་གནས་སྐབས་བསགས་པ་ཡིས།། ཕུགས་ཞེས་བྱ་བའི་ཐ་སྙད་བྱུང་བ་ཡིན།། གང་ན་གནས་སྐབས་མེད་པའི་ཕ་རོལ་ན།། ཕུགས་ཞེས་བྱ་བ་ཡོད་མེད་ངས་མི་ཤེས།
གནས་སྐབས་ཟེར་བའི་འགྱི་ཐག་ཐུང་ཐུང་འདི།། ཡུན་གྱིས་འཐེན་ན་ཕུགས་ལ་ཐུག་ནས་འདུག། ཕུགས་ཞེས་བྱ་བ་ཡུལ་གྱིས་བསྐལ་བ་འདི།། ལྷོད་ཀྱིས་གློད་ན་གནས་སྐབས་འདི་ལ་ཟེར།།
གནས་སྐབས་ཕན་པས་ཕུགས་ལ་ཕན་པ་ན། །
དུད་ནག་དུག་ལ་ཡང་ཡང་རོལ་རོལ་དེས། །
ཡུན་རིང་ཕུགས་ལ་ཕན་པ་ཡོད་ལགས་སམ
དུད་ནག་དུག་གིས་གནས་སྐབས་མི་ཕན་པས་།། ཕུགས་ལ་ཕན་པ་དེ་བས་ཡོད་མ་ཡིན།།
ཀླུ་སྨྱོན་དང་གཞོན་ནུ་ཟླ་མེད་གཉིས་ནས་ངས་ལུང་དྲངས་པའི་ཚིག་བཅད་དེར་ཚིག་འབྲེལ་བརྒྱབ་པར་ཐུགས་རྗེ་ཆེ་ཞུ། ད་དེར་འགྲེལ་ཞིག་རྒྱག་ཐུབ་ན་ང་ལྟ་བའི་ཡིག་རྨོངས་བ་རྣམས་ལ་ཕན་ས་རེད། རང་བྱུང་རང་བྱུང་ཟེར་ན་ཅི་ཞིག་ལ་ཟེར་གྱི་ཡོད། རང་བྱུང་གཉིས་དོན་གཅིག་ཡིན་ནམ་བསྟན་དོན་ཁ་ཁ་ཡིན་ནམ། འདོམས་མེད་ཡོན་ཏན་ཞེས་པ་ཅི་ཞིག་ལ་ཟེར་གྱི་ཡོད། དྲི་མས་དགའ་མགུར་ཞེས་པའི་དྲི་མས་གོ་དོན་ཅི་ཡིན་ནམ། འདི་འབྲེལ་སྒྲ་ཡིན་དགོས་སམ། ཆོས་པ་འམ་ཆོས་ལ་དོ་སྣང་ཡོད་མཁན་སུ་ཞིག་གིས་འགྲེལ་ཞིག་གནང་ཐུབ་ན་དེ་ཁ་དྲོ་ཚེ་རིང་།
མདའ་ཚན་པ་དང་ཀརྨ་དགེ་ལེགས་གཉིས་ནས་མུ་མཐུད་དུ་འབྲི་རོགས་གནང་། ཚིག་སྙན་མོ་དང་དོན་ཟབ་མོ་ཡོང་གི་འདུག གནས་སྐབས་དང་ཕུགས་སོགས་མཐོང་རེག་མེད་པའི་དུས་ཀྱི་འདུ་ཤེས་འཛིན་སྟངས་འདི་མདའ་ཚན་པས་མིག་ལ་ཤར་ཡོང་བ་ཞིག་བྲིས་འདུག
སྦྲ་ནག་གཡག་སྙིང་ལ་ལན་དུ་ཕུལ་བ།
ཁྱེད་རང་གི་དྲང་བའི་ཚིག་བཅད་དེ་ནི་གོང་དུ་ཀླུ་སྨྱོན་གྱིས་དྲང་བའི་ཚིག་བཅད་དེའི་བསྟན་དོན་ལ་སྒྲུབ་བྱེད་ཀྱི་རྒྱུ་མཚན་དུ་བཀོད་པ་ཞིག་རེད་འདུག དེ་ཡང་སྟོན་པ་འཇིག་རྟེན་མིག་ནི་ཟུམ་པ་སྟེ། མྱ་ངན་ལ་འདས་པར་གྱུར་ཅིང་། ཆོས་ཀྱི་དཔང་དུ་གྱུར་བའི་སྐྱེ་པོ་ཕལ་ཆེར་ཟད་པ་ན། དེ་ཉིད་མ་མཐོང་རང་དགར་གྱུར་བའི་ངན་རྟོག་རྣམས་ཀྱིས་བསྟན་པ་འདི་ཚིག་དང་དོན་གྱི་སྒོ་ནས་དཀྲུགས་སོ། དེའི་རྒྱུ་མཚན་ནི་རང་བྱུང་སངས་རྒྱས་དང་། རང་བྱུང་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་པར་འཛིན་པ་རྣམས་མཆོག་ཏུ་ཞི་བར་གཤེགས་ཤིང་། འགྲོ་བ་མགོན་མེད་པ་ན་གདམས་ངག་འདོམས་པ་མེད་ཅིང་། བསླབ་པ་གསུམ་གྱི་ཡོན་ཏན་འཇོམས་པར་བྱེད་པའི་དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད་པའི་ཕྱིར།།
ཚིག་འདིའི་སྐབས་སུ་རང་བྱུང་དང་པོ་སངས་རྒྱས་བསྟན་པ་དང་། རང་བྱུང་གཉིས་པ་དེ་གཅེས་པར་འཛིན་པའི་དཔང་གྱུར་གྱི་སྐྱེ་བུ་མཆོག་རྣམས་ལ་གོ་དགོས།
དེ་ནས་འདོམས་མེད་ཡོན་ཏན་ཅེས་ཀློག་ན་ཁྱེད་རང་གིས་ཚིག་གི་གཅོད་མཚམས་ནོར་བ་རེད། འདོམས་མེད་ཅེས་གོང་གི་ཚིག་དང་སྦྱར་ནས་ཀློག་ནས་གང་ཞིག་འདོམས་མེད་ཅེས་ན་འགྲོ་བ་མགོན་མེད་པ་ན་གདམས་ངག་འདོམས་པ་མེད་ཅེས་ཀློག་དགོས། དེ་བཞིན་དུ་ཡོན་ཏན་ཅེས་པ་ཡང་འོག་གི་ཚིག་ལ་སྦྱར་ནས་ཀློག་དགོས་པ་རེད། དེ་ཡང་བསླབ་པ་གསུམ་གྱི་ཡོན་ཏན་འཇོམས་པར་བྱེད་པའི་ཅེས་ཀློག་དགོས། དེ་ལྟ་བུའི་དྲི་མས་དགའ་མགུར་སྤྱོད་མཁན་སུ་རེད་ཅེས་ན། ཆོས་མངོན་པ་མཛོད་རྩོམ་པའི་སྐབས་ཀྱི་ཕྱོགས་སྔ་དག་རེད་དྲི་མ་ཡང་དེ་དག་གི་འདོད་པ་རེད། མདོ་དོན་སངས་རྒྱས་མྱ་ངན་ལས་འདས་རྗེས་མཁས་པ་རྣམས་ཀྱི་མདོ་དོན་སོ་སོར་འགྲེལ་ནས་བྱེ་བྲག་སྨྲ་བ་གཅིག་བུ་ལ་སྡེ་བ་བཅོ་བརྒྱད་དུ་གྱེས་པ་རེད། དེ་བཞིན་དུ་བརྗོད་མེད་ཀྱི་བདག་འདོད་པའི་ནང་བ་ཡང་བྱུང་བ་རེད། ཁོང་གིས་ཆོས་མངོན་པ་མཛོད་ན་གཙོ་བོ་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད་ཡོད་པ་རེད།
ཆོས་མངོན་པ་མཛོད་ཀྱི་རྩ་བ་འདིའི་ཚིག་ཟིན་ལ་ལོ་དང་གྲགས་ཟེར་སོགས་ཀྱི་ཚིག་མང་པ་མ་གཏོགས་དངོས་སུ་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་རྒྱས་པར་བཀྲལ་ཡོད་པ་རེད། འོན་ཀྱང་འགྲེལ་བ་རྩོམ་པའི་སྐབས་སུ་གཙོ་བོ་རྩ་བའི་ནང་གི་ལོ་གྲགས་ཟེར་གསུམ་ལ་འགྲེལ་བ་རྩལ་དུ་བཏོན་ནས་འགྲེལ་བཤད་རྒྱབ་པས་བྱེ་བྲག་སྨྲ་བའི་ལྟ་གྲུབ་མང་པོ་ཅིག་དགག་པ་རེད།
གོང་དུ་མགོན་པོས།
ཆོས་ཐམ་ཅད་གདོད་ནས་སྐྱེ་མེད་ཡིན་པ།
སྐུ་གསུམ་རང་རྒྱུད་ལ་སྐྱེ་ཡོང་ན་འདུས་བྱས་དུ་འགྱུར་ལ།
ཞེས་པ་འདི་ཆེས་ཤིན་ཏུ་འདོད་རིགས་སོ། །འོནཀྱང་འདི་གསང་སྔགས་རྡོ་རྗེ་ཐེག་པའི་དགོངས་པ་ཡིན། དེ་ཡང་སྣང་ཚུལ་མིན། གནས་ཚུལ་ཁོ་ན་ཡིན། དེ་ལྟར་ན་སེམས་ཅན་རྣམས་ཀྱང་ཡེ་ནས་སངས་རྒྱས་ཡིན་ཞེས་བཤད་ཆོག འོ་ན། ཁྱེད་ཨ་མ་ལས་མ་སྐྱེས་པར་ཐལ་སོགས་ལན་དེ་སྐབས་སུ་མ་བབས་པ་ཡིན། གནས་ཚུལ་བཤད་པའི་སྐབས་སྣང་ཚུལ་ཁས་ལེན་དོན་མེད། སོ་སོའི་སྐབས་ཤེས་དགོས་པ་འདི་གནད་ཅིག་ཡིན་ནོ། །
ཀརྨ་དགེ་ལེགས། ང་དགེ་ལུགས་པ་རེད། སྐྱ་བ་དང་། རྙིང་མ་མཉམ་དུ་ཐེངས་མང་རྩོད་པ་བྱས་མྱོང་། ཕལ་ཆེར་གོང་གི་རིགས་པ་དེ་ཁོང་ཚོ་ཡིན་ན་ཁས་ལེན་གྱི་རེད། ཡིན་ན་ཡང་བཀའ་བརྒྱུད་པ་མཉམ་དུ་རྩོད་པ་རྩད་མ་མྱོང་། ང་ལ་བཀའ་བརྒྱུད་པའི་གྲོགས་པོ་ཁ་ཤས་ཡོད། ཁོང་ཚོས་གནང་གནས་ལོགས་སུ་ཕྱེ་ནས་ཁྱོད་ཀྱི་གསུངས་པ་ལྟ་བུ་ཅིག་གསུངས་གི་འདུག་བསམ་སོང་། འདིའི་ཕྱོགས་ལ་ངས་བགྲོ་གླེང་མང་ཙམ་བྱེད་འདོད་ཡོད། གང་ཡིན་ཟེར་ན་དེའི་ཕྱོགས་ནས་ང་ལ་སློབ་སྦྱོང་མེད་པ་རེད། འོན་ཀྱང་གོང་དུ་ཞུས་པ་ལྟར་མགོན་པོ་གཙོ་བྱས་གྲྭ་གྲོགས་ཁ་ཤས་ནས་བགྲོ་གླེང་དེ་དྲ་རྒྱ་ནང་དུ་མི་འོས་གསུང་པ་ལྟར་དེར་དང་པོ་ཁྱོད་ཀྱིས་དགོངས་པ་གཅིག་ཞུས་དང་། བླ་མ་བརྒྱུད་པའི་དགེ་བསྐོས་ནས་བཀའ་འཁྲོལ་ཐོབ་སོང་ན། དེ་ནས་ངས་ཁྱོད་ཨར་ལ་གཅིག་གཏད་ན་འགྲིག་གི་ཡའ།།
དྲ་གྲོགས་ཚོ།
གཞུང་བཀའ་པོད་ལྔ་སོགས་འཆད་ཁྲིད་ལ་ཉན་འདོད་ན་འོག་ཏུ་གཟིགས་རོགས་ཞུ།
http://karmagelck.spaces.live.com/
སྣང་གནས་ཅེས་བཅོས།
གྲོགས་གཞོན་ནུ་ཟླ་མེད་ལགས།
མཚན་ཉིད་རྒྱུའི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་ལས། འབྲས་བུ་རྡོ་རྗེའི་ཐེག་པའི་ལུགས་ལྟར་ན། སྣང་ཚུལ་དང་། གནས་ཚུལ་གཉིས་བཀར། སྣང་ཚུལ་ནི་དོན་ལ་མ་གྲུབ་པའི་ཕྱིར་ཁས་མི་ལེན། གནས་ཚུལ་ནི་ཆོས་ཐམས་ཅན་གྱི་ཆོས་ཉིད་ཡིན། དེ་ན་ཆོས་ཉིད་གཅིག་མ་གཏོགས་མེད། དེ་བཤད་སྐབས་གདོན་ནས་ཡེ་སངས་རྒྱས་སོགས་ཀྱི་ཚིག་འདི་དག་བྱུང་བ་རེད། ཡང་ན་གཞི་དང་། གཞིར་སྣང་གཉིས་ལས། གཞི་ན་ད་ལྟ་ཉིད་ནས་ཡོད་པའི་རང་བྱུང་ཡེ་ཤེས་དེ་མངོན་དུ་སད་མི་སད་སོགས་གསུང་ཚུལ་འདི་དག་རྙིང་མའི་ལུགས་ལྟར་རེད། འདིའི་སྐོར་ནས་ཤེས་འདོད་ཡོད་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཁྲིེད་པའི་གཞུང་མང་པོ་ང་ལ་ཡོད། དེ་དག་ལ་ཉན་ན་ཤེས་ཐུབ།
དུད་ནག་འཐེན་པའི་གནས་སྐབས་བདེ་བ་དེས། །
ཕུགས་ཀྱི་བདེ་ལ་ཕན་ཐོག་ཡོད་ལགས་སམ། །
རིག་འདིས་ཐ་སྙད་དུ་ཡང་རིག་མ་ཡིན།
གསུང་བ་འདི་ལ་ཐེག་པ་གཉིས་ལ་ཁྱད་ག་འདྲ་ཡོད་ན།
མགོན་པོ་ལགས་ལ་ལན་དུ་ཕུལ་བ།
གོང་གི་༼རིག་འདིས་ཐ་སྙད་དུ་ཡང་རིག་མ་ཡིན༽ ཟེར་བའི་དོན་ནི་རིག་བཟང་མ་འདི་ལ་ཐ་སྙད་དུ་ཡང་རིག་མ་སྟེ་རང་གི་ཆུང་མ་ཡིན་ཅེས་པའི་དོན་རེད། ཐེག་པ་གཉིས་ཀྱི་ལུགས་ལ་འདོད་ཚུལ་ཅུང་མི་འདྲ་ན་ཡང་ཁྱད་པར་ཆེན་པོ་མེད། འ་ལ་ཀུ་རེ་རྩེ་བ་ཡིན།
ཐོག་མར་ཁྱོད་ཀྱིས་ཀརྨ་དགེ་ལེགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་ཡག་པོ་ཅིག་སྦྱོང་། དེ་ནས་ཚུར་ཡོང་ནས་དབུ་མ་འཇུག་པའི་སྐོར་ལ་བགྲོ་གླེང་བྱས་ན་དོན་གྱི་གནད་ལ་ཚིག་གི་དག་འབྱིན་ཐུབ་ནི་རེད། དེ་མིན་ཁྱོད་ཀྱི་གོང་གི་དྲི་བའི་ནང་དབུ་མ་འཇུག་པའི་ཚིག་རྐང་གཅིག་ལ་ཡང་ཡིག་ནོར་དེ་འདྲའི་མང་པོ་སྤེལ་ན། ང་ལྟ་བུ་དབང་པོ་རྣོན་པོ་ཅིག་ཡིན་ན་མ་གཏོགས་སུས་ཤེས་ཐུབ་ཀྱི་རེད། ཁྱོད་ཀྱི་ང་ང་རྒྱལ་ཆེན་པོ་རེད་གསུངས་གི་ཡོད་པ་རེད། དེ་བས་ན་ངའི་ང་རྒྱལ་འདི་གསུང་རབ་དག་ན་མཐོང་སྤང་ཡིན་པར་གསུང་འདུག ང་ལ་ད་རུང་མཐོང་ལམ་ཐོབ་མེད་པས་ངས་ང་རྒྱལ་ཤོར་འགྲོ་གི་འདུག
ཁྱོད་ཀྱིས་དྲང་པའི༼རིག་འདིས་ཐ་སྙད་དུ་ཡང་རིག་མ་ཡིན༽ ཅེས་པ་ནི། དབུ་མ་འཇུག་པའི་གཞན་སྐྱེས་འགོག་པའི་སྐབས་སུ། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས།། བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ།། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱིས་སྐྱེ་བ་གང་གིས་ཡིན་པར་འགྱུར།། ཅེས་གསུངས་པའི་སྐབས་ཀྱི་ཚིག་རྐང་གསུམ་པ་དེ་ཡིན་པ་ཆ་བཞག་ནས་ལན་འདེབས་ཀྱི་ཡིན།
འདི་ལ་ཚིག་འབྲེལ་ཞུ་ན། དེ་ཁོ་ན་ཉིད་དོན་དམ་ལ་དཔྱོད་པའི་སྐབས་སུ། ཇི་སྐད་བཤད་པའི་རིགས་པ་གང་ཞིག་གིས་གཟུགས་སོགས་བདག་དང་གཞན་ལས་སྐྱེས་པར་རིགས་པ་མིན་པ་དེ་བཞིན་དུ། ཐ་སྙད་དུ་ཡང་རིགས་པ་དེ་ཉིད་ཀྱིས་སྐྱེ་བར་རིགས་པ་མིན་པས། ཁྱོད་ཀྱི་རང་བཞིན་གྱིས་སྐྱེ་བ་ཚད་མ་གང་གིས་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། ཅེས་པའོ།
ཕྱོགས་སྔ་སེམས་ཙམ་པས་ནི་གཟུགས་སོགས་རང་མཚན་གྱིས་གྲུབ་པར་ཁས་ལེན་ནོ། དེ་ཡང་རང་མཚན་གྱིས་མ་གྲུབ་ན་གཏན་མེད་དུ་འདོད་དགོས་སོ། དབུ་མ་བས་དེ་ཕྱོགས་སྔར་བླངས་ནས། གཟུགས་སོགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་སྐྱེ་པ་མེད་དེ། བདག་ལས་མི་སྐྱེ། གཞན་ལས་མི་སྐྱེ། གཉིས་ཀ་ལས་མི་སྐྱེ། རྒྱུ་མེད་ལས་མི་སྐྱེ། ཅེས་འགོག་གོ
གཞོན་ནུ་ལགས།
ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་གདོད་ནས་དངོས་པོས་གནས་ཚུལ་ལགས།
དེ་ཡིན་པ་མདོ་ཡི་དོན་དབུ་མ་ལ་འཇུག་པའི་ལུང་དི་ལ་སྔགས་དང་ཁྱད་པར་གང་འདྲ་ཡོད་ན་ཞུ་ལགས།
དེ་ལ་དོན་འགྲེལ་ཞིག་ཐུགས་རྗེ་ཆེ།
དབུ་མ་རང་རྒྱུད་དང་ཐལ་འགྱུར་གཉིས་ཀྱི་དགོངས་པའི་ས་མཚམས་གལ་ཆེན་ཞིག་རེད།
རང་རྒྱུད་པས་དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་གཞན་སྐྱེ་ཡོད་པར་འདོད་པ་ལ། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །སོགས་གསུངས གང་ལྟར་ཤིག་བཤའ་ནས་རྒྱུ་མ་མི་རྒྱང་རོག་ཞུ།
གཞོན་ནུ་ལགས། མི་ལས། འགལ་འགྲེལ་གྱི་དོན་ལ་སེམ་སེམས་ནས། ཚེ་སུམ་གཉིས་ཟད་པ་མ་ཚོར་རམ།
འ་ཁ་ཁ། ཚེ་དང་ལྡན་པ་མགོན་པོ་ལགས། གསན་དུ་གསོལ་ལོ། གོང་གི་རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། ཅེས་པ་ནི་རང་རྒྱུད་པའི་གཞུང་མ་རེད། འདི་ཐལ་འགྱུར་བའི་གཞུང་རེད། དེ་ཡང་གཞན་སྐྱེས་འགོག་པའི་གཞུང་རེད། དེ་ཡང་གཞན་སྐྱེ་སྤྱི་ལ་བཀག་པའི་སྐབས་མ་རེད། རང་སྡེ་དབུ་སེམས་ཁ་ཅིག་ལ་འགོག་གི་ཡོད་པ་རེད། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་ནི་འདི་སྐབས་ཀྱི་ཕྱོགས་སྔ་རེད། དང་པོ་དེ་ལྟར་འགོག་ས་དང་དགག་མཁན་ཡིད་ལ་བཞག་ནས་བསམ་བློ་ཐོངས། དགག་མཁན་གྱི་ངོས་ནས་༼ཐ་སྙད་དུ་ཡང་༽ཅེས་རང་མཚན་གྱི་སྐྱེ་པ་ནི་དོན་དམ་ལ་དཔྱོད་པའི་སྐབས་སུ་མ་ཟད། ཐ་སྙད་ལ་དཔྱོད་པའི་སྐབས་སུ་ཡང་མེད་དེ། མཐའ་གཞི་ལས་མི་སྐྱེས་པའི་ཕྱིར་ཅེས་འགོག། དེ་ན་ཕྱོགས་སྔའི་ངོས་ནས་དགག་བྱ་དེ་ཁས་ལེན་མེད་ན་འགོག་མཁན་གྱིས་དགག་པ་དོན་མེད། དེས་ན་ཡང་སྒྲའི་ནུས་པ་འདོན་སའི་དེ་རང་རྒྱུད་པ་ལ་རེད། ཡིན་ཚུལ་ནི་རང་རྒྱུད་པས། དོན་དམ་ལ་དཔྱོད་པའི་སྐབས་སུ་གཞན་ལས་སྐྱེ་པ་མེད་ན་ཡང་ཐ་སྙད་ལ་དཔྱོད་པའི་སྐབས་སུ་གཞན་ལས་སྐྱེ་པ་ཡོད་ཅེས་ཁས་ལེན་པ་ལ། ཐ་སྙད་དུ་ཡང་ཅེས་ཡང་སྒྲའི་ནུས་པ་འདོན་ས་གཙོ་བོ་རང་རྒྱུད་པ་ལ་རེད། ངས་གོང་དུ་ཚིག་འགྲེལ་སྐབས་སུ་གསལ་བོར་བཤད་ཡོད།
དབུ་མ་ལ་འཇུག་པ་ཐལ་འགྱུར་བསྟན་བཅོས་ཡིན་པའི་གསལ་འདེབས་ནི།
ཚེ་དང་ལྡན་པ་བདག་ལ་གནང་བ་བཀའ་དྲིན་ཆེ།
གཞོན་ནུ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ
མགོན་པོ། གཞོན་ནུ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ
གཞོན་ནུ། ཉེས་པ་ལ་ཉེས་པར་མཐོང་ངམ།
མགོན་པོ། མཐོང་ལེགས།།
གཞོན་ནུ། ཕྱིན་ཆད་ལེགས་པར་བསྡོམ་མམ།
མགོན་པོ། སྡོམ་ལེགས།།
གཞོན་ནུ། ཐབས་ཡིན་ནོ།
མགོན་པོ། ལེགས་སོ།
མགོན་པོ་ཡར་ལངས་ནས་གུས་མདུད་བྱས།
གཞོན་ནུས་སེ་གོལ་བྱེད་བཞིན། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་།། ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་སྨོན་ལམ་བཏབ་པོ།
རེད་གཉིས་ཀ་མི་མཐུན་པ་མི་འདུག
མགོན་པོས་ཀྱང་འདི་རང་རྒྱུད་པའི་གཞུང་ཡིན་ཞེས་ཁས་ལེན་བྱས་མི་འདུག ཐལ་རང་གཉིས་ཀྱི་དགོངས་པའི་ས་མཚམས་གལ་ཆེན་ཞིག་ཡིན་པར་བཤད་པ་དང་། གཞོན་ཟླས། སེམས་ཙམ་པ་དང་། རང་རྒྱུད་པ་སྐབས་འདིའི་ཕྱོགས་སྔར་བཤད་པ་གཉིས་དོན་གཅིག་པར་ཆགས་འདུག
གཞོན་ནུ་ཐམས་ཅན་མཁྱེན་པ་ལ། །
ཡིག་ནོར་མང་པོ་ད་དུང་འདུག །
ཧིན། ཀརྨ་དགེ་ལེགས། ད་ཁྱོས་སུམ་རྟགས་ནང་གི་ཕོ་མོ་མ་ནིང་དང་། བྱེད་འབྲེལ་ལས་གསུམ་འདྲ་ཤོད་ནས་སྡོད། དབུ་མ་འཇུག་པའི་སྐོར་ལ་སྟག་མཆོང་ས་ཝ་མོ་མཆོང་ན།། ཝ་ལི་མའི་སྒལ་ཚིག་ཕུད་ནི་རེད། ཁྱོད་ཀྱིས་འདི་གོང་གི་ཚིག་འདི་ལ་མིག་ཡང་དང་ཡང་དུ་ཕྱིས་ལ་ལེགས་པར་ལྟོས་ཤིག ད་དུ་ར་ཟོས་པ་ནི་ཡིན་རྒྱུ་མ་རེད། ༼རང་རྒྱུད་པས་དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་གཞན་སྐྱེ་ཡོད་པར་འདོད་པ་ལ། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །སོགས་གསུངས ༽
སུམ་རྟགས་གཉིས་ལ་སྦྱངས་ནས་ཚིག་མ་གོ །
ཐལ་རང་གཉིས་ལ་སྦྱངས་ནས་དོན་མ་གོ །
ཚིག་དོན་གཉིས་ལ་སྦྱངས་ནས་གོ་ལོག་འཕེལ། །
གཞོན་ནུ་ཟླ་བའི་མིང་ཅན་ཡ་མཚན་འདུག །
ཀར་མ་དགེ་ལེགས། ཚིག་བཅད་ཡག་པོ་བྲིས་འདུག ཡིན་ན་ཡང་ངས་བྲིས་པ་ལ་ལན་བཏབ་མི་འདུག གོང་དུ་ངས་དྲང་བའི་ཚིག་དུམ་དེ་མགོན་པོའི་ཚིག་རེད། ངེད་གཉིས་ཀྱི་ལྟ་ཚུལ་གཅིག་པ་རེད་དམ། ཁྱེད་རང་གིས་ཅུང་ཟད་ཞིབ་ཚགས་པོའི་སྒོ་ནས་གཅིག་ཀློག་དང་། དེ་ནས་ཕྱོགས་སྡོམ་བྱས་ན་འཕྱི་ཡོད་ནི་མ་རེད། དང་པོ་ཡག་པོ་ཅིག་མ་ཀློག འཚབ་བ་འཚུབ་བེ་ཕྱོགས་སྡོམ་བྱེད་པ་ལ་རྔམས་དྲག དེ་ནས་འདི་འདྲ་ཕྱིན་ཇི་ལོག རྐྱང་རྐྱང་འབྲི་ནི་རེད།
དེང་སང་དྲ་ཐོག་འདི་ན། །
དམ་ཆོས་བཤད་མཁན་མང་གི །
ཆོས་བཞིན་བསྒྲུབ་མཁན་ཡོད་མེད། །
སུ་དང་གང་གིས་མི་ཤེས། །
གྲོགས་གཞོན་ནུ་ཟླ་མེད་ལགས།
དེ་ཡང་མགོན་པོས། ༼རང་རྒྱུད་པས་དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་དུ་གཞན་སྐྱེ་ཡོད་པར་འདོད་པ་ལ། ༽ཞེས་པ་རང་རྒྱུད་པའི་ལུགས་ངོས་བཟུང་བ་དང་། དེ་ལ་ལན་དུ་ཟླ་བ་གྲགས་པས། ༼རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །༽ཞེས་ལན་བཏབ་པ་མ་ཡིན་ནམ། དེ་དང་། རང་གི་བཤད་ལུགས་ལ་མི་མཐུན་པ་ཞིག་འདུག་པ་ངོ་མ་མི་ཤེས་པར་འདུག
དྲི་བ་གཞན་ཞིག་ནི། རང་རྒྱུད་པས་དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་དབྱེ་ཡོད་པ་ལས། གོང་གི་ཕྱོགས་སྔ་དེ་རྣམ་གྲངས་པའི་དོན་ནམ་ཡིན་ནམ་རྣམ་གྲངས་མ་ཡིན་པའི་དོན་ནམ་ཡིན།
དྲི་བ་གཞན་ཞིག་ནི། རང་རྒྱུད་པས་དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་དབྱེ་ཡོད་པ་ལས། གོང་གི་ཕྱོགས་སྔ་དེ་རྣམ་གྲངས་པའི་དོན་དམ་ཡིན་ནམ་རྣམ་གྲངས་མ་ཡིན་པའི་དོན་ནམ་ཡིན།
གཞོན་ཟླ་ལགས། རང་གིས། འགོག་ས་དང་དགག་མཁན་ཡིད་ལ་་་སོགས་བྲིས་ཡོད་པ་དེར་ལན་སྨྲ་འདོད་པ་ནི། རྟགས་འཇུག་ཏུ་དངོས་པོ་བདག་གཞན་གཉིས་གསུངས་ཡོད་པའི་ནང་གི་བདག་ནི་བྱེད་པོ་བྱེད་པ་བྱེད་གསུམ་ལ་གོ་དགོས། དེ་ན་མཁན་ཞེས་པའི་ཚིག་དེའི་སྔོན་གྱི་བྱ་ཚིག་ནི་རྣམ་པ་ཀུན་ཏུ་ད་ལྟ་བ་ལྟར་དགོས། རྒྱུ་མཚན་ནི་བྱེད་པོ་སྟོན་བྱེད་ཡིན་པས་རེད། ཡི་གེ་དག་མ་བྲི་འདོད་ན། འགོག་མཁན་ཞེས་འབྲི་དགོས། དེ་བཞིན་བྱ་ཡུལ་ལ་དགག་དང་། འདས་པ་ལ་བཀག་འབྲི་དགོས། སྤྱིར་ཡིག་ནོར་མང་པོ་ཡོད་སྲིད་ཡང་གནད་འདི་འདྲ་ཤེས་དགོས་པ་གལ་ཆེ་ཕྱིར་བཤད་པ་ཡིན།
ཀརྨ་ལགས། དེས་ན་པར་ལ་བལྟ་ཐུབ་མ་སོང་། ཡི་གེ་བསྐུར་ཐུབ་མ་སོང་ཞེས་པའི་ཐུབ་མ་སོང་གི་སྔོན་གྱི་བྱ་ཚིག་དེ་དུས་གསུམ་གྱི་ནང་ནས་གང་འབྲི་དགོས་སམ། རྒྱུ་མཚན་དང་བཅས་གསལ་བཤད་ཅིག་གནང་རོགས།
དེ་ནས་དབུས་སྐད་དུ་མི་དྲང་པོ་དང་ཨམ་སྐད་མྱི་དྲང་མོ་ཞེས་བཤད་སྟངས་འདི་གཉིས་ལས་པོ་མོ་གཉིས་འཇུག་སྟངས་ཀྱི་ཁྱད་པར་ཅི་རེད་དམ། མ་ཤེས་ནས་དྲིས་པ་ཡིན།
དེ་ཚོ་ཡང་ལྟ་ཐུབ་མ་སོང་དང་སྐུར་ཐུབ་མ་སོང་ལོས་ཡིན། དཔེར་ན་ཡི་གེ་འབྲི་ཐུབ་མ་སོང་། ཉོན་མོངས་སྤོང་ཐུབ་མ་སོང་ལྟ་བུ་རེད། རྒྱུ་མཚན་ནི་དུས་ཚོད་དེ་དང་དེའི་ནང་དུ་བྱ་བ་དེ་དང་དེ་སྒྲུབ་བཞིན་ཡོད་མེད་སྟོན་པས་སོ།།
ཀརྨ་དགེ་ལེགས།
གོང་གི་མགོན་པོའི་ཚིག་དེ་ཐར་ཆགས་སུ་ཀློག་ནས་གོ་བ་མ་བླངས་པར་དེ་ལ་ཁྱོད་རང་གི་ཚིག་ལྷག་སྣོན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ༼རང་རྒྱུད་པས་དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་དུ་གཞན་སྐྱེ་ཡོད་པར་འདོད་པ་ལ། ༽ཞེས་པ་རང་རྒྱུད་པའི་ལུགས་ངོས་བཟུང་བ་དང་། དེ་ལ་ལན་དུ་ཟླ་བ་གྲགས་པས། ༼རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །༽ གལ་ཏེ་ཚིག་ལྷག་བསྣན་ནས་གོ་བ་བླངས་ན་ག་རེ་བཟོ་བཟོ་ཡོད་པ་རེད།
དེ་ནས་ངས་ཁྱོད་སུམ་རྟགས་སྐོར་ཅུང་ཟད་ཤེས་མཁན་ཅིག་རེད་བསམ་སོང་། ད་ཡིན་ན་ཁྱོད་ཀྱིས་སུམ་རྟགས་ལ་ཡག་པོ་མི་ཤེས་པ་ཧ་གོ་སོང་། ཉོན་ཅིག རྣམ་དབྱེ་གཉིས་པའི་བྱ་ཡུལ་དང་། རྟགས་འཇུག་གི་བྱ་ཡུལ་ལོག་ཀ་ཡིན་པ་ཧ་གོ་མི་འདུག་ཀ འགོག་ས་ཕྱོགས་སྔ་སེམས་ཙམ་པ་ནི་རྣམ་དབྱེ་གཉིས་པའི་བྱ་ཡུལ། དགག་བྱ་རང་མཚན་གྱི་སྐྱེ་པ་ནི་རྟགས་འཇུག་སྐབས་ཀྱི་བྱ་ཡུལ། དགག་མཁན་དབུ་མ་ཐལ་འགྱུར་བ་ནི་རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱེད་པོ། འགོག་བྱེད་མཐའ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི་རྟགས་འཇུག་སྐབས་ཀྱི་བྱེད་པོའམ་བྱེད་པ། འདི་འདྲ་མ་རེད་དམ།
གཞོན་ནུ་ང་རྒྱལ་ཟླ་མེད་པ་ལགས།
དགེ་ཕྱོགས་པའི་རྒྱལ་དབང་པདྨའི་རིངས་ལུགས་དང་དྭགས་པོ་བཀའ་བརྒྱུད་པའི་རྗེས་འཇུག་ལ་
དབུ་མ་ལ་འཇུག་པའི་གཞུང་ཐལ་རང་གང་གི་གཞུང་ཡིན་མིན་ཙམ་མི་ཤེས་པར་འཛིན་པའི་ལྟ་སྟངས་མ་བཅོས་པ་ཞིག་ཡིན་མོད། གཞོན་ནུ་ང་རྒྱལ་ཟླ་མེད་པ་ལགས།
དྲྭ་གྲོགས་ལྷག་བསམ་ཅན་ཀརྨ་དགེ་ལེགས་འམ་ཀླུ་སྨྱོན་ལས་ཁྲོམ་པའི་སྦལ་པའི་གཏམ་བརྒྱུད་ཞིག་གསན་པར་ཞུ།
ཀརྨ་དགེ་ལེགས་ངས་ངོ་མི་ཤེས། ཤེས་ན་དཀོན་མཆོག་གསུམ།
གྲོགས་གཞོན་ནུ་ཟླ་མེད་ལགས།
ད་ཨུ་ཚུགས་མ་བྱེད། གོ་བ་ལེན་མི་ཤེས་པའི་ཁར་ད་དུང་མུ་མཐུད་དུ་ཨུ་ཚུགས་བྱས་ན་མིང་གསར་བ་ཞིག་གདགས་ཉེན་ཆེ།
འོ། རྟགས་འཇུག་གི་བྱ་ཡུལ་ཟེར་བའི་ཐ་སྙད་ཅིག་གང་ནས་གསར་རྙེད་བྱུང་སོང་། བྱ་བྱེད་ལས་གསུམ་ནང་གི་དྱེད་ཅེས་པ་དེ་ནི་བྱེད་པོ་བྱེད་པ་དང་བྱེད་ལས་ལ་ཟེར། དཔེར་ན། འགོག་མཁན་ལ་བྱེད་པོ་ཟེར། རིག་པ་སོགས་ནི་འགོག་བྱེད་དེ་བྱེད་པ་དང་། འགོག་པར་བྱེད་པའི་ལས་ལ་བྱེད་ལས་ཟེར། དེ་གསུམ་དངོས་པོ་བདག་ཡིན། གང་དགག་པར་བྱ་བའི་ཡུལ་དེ་དང་། དེར་འབྲེལ་བའི་བྱ་ཚིག་ལ་ལས་ཚིག་ཟེར། དཔེར་ན། དགག་བྱ། དགག་པར་བྱ་ལྟ་བུ་ཡིན། དེ་དངོས་པོ་གཞན་ཡིན། འདོད་ལུགས་འདིར་ཕལ་ཆེར་ཞལ་གཅིག་མཐུན་ཡིན། འདི་ཤེས་ན་དངོས་པོ་བདག་ལ་གཞན་སྦྱར་བའི་ནོར་འཁྲུལ་འདི་བྱུང་དགོས་དོན་མི་འདུག
གོང་དུ་བདག་གིས་བྱེད་པོ་ལ་དགག་ཅེས་མ་འོངས་པའམ་དངོས་པོ་གཞན་ལྟར་བྱས་འདུག་ཅེས་བཤད་པ་ཡིན།
དེ་ལྟར་ད་དུང་གོ་བ་མི་ལོན་མ་ཟད། གོ་ལོག་མང་པོ་ལས་འགན་དུ་བཞེས་འདུག་པ་ངོ་མཚར་དགོས་པ་ཞིག་མ་ཡིན་ནམ།
གཡུ་འབྲུག་གི་དྲི་བ་དེ་གནད་ཅན་ཞིག་རེད། བསམ་བློ་དེ་ལྟར་བཏང་ནས་གོ་བ་ལེན་དགོས། ལན་ཡང་བདག་ལ་མཚོན་ན་དཀའ་མོ་རེད། ད་ལྟ་དང་མ་འོངས་པ་གང་བྱས་ཀྱང་ཆོག་པ་འདྲ་བོ་འདུག སྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་དགོངས་པ་ཡང་འདི་བསམས་བྱུང་། འདི་དཀའ་གནད་དུ་བཟུང་ནས་དཔྱད་པ་བྱ་རོགས། དེ་ངོ་མ་དོན་ཆེན་ཞིག་ཀྱང་རེད།
དྲང་པོ་དང་དྲང་མོ་གང་གང་བྱས་ཀྱང་ཆོག དེ་བཞིན་ཆེན་པོ་དང་། ཆེན་མོ་སོགས་རིགས་འདྲ་ཡིན་པ་འདྲ།
ཡ་ཀརྨ་དགེ་ལེགས། བཤད་ཀྱིན་བཤད་ཀྱིན་ངས་འགོག་ས་དང་བརླགས་སོང་ཟིག དེ་ཡང་སེམས་ཙམ་པ་ལ་འགོག་ས་སྦྱར་བ་དང་། དགག་མཁན་ཟེར་བ་དེ་འགྲིག་མི་འདུག་ཟེར་ནས་ཁྱོད་ཀྱིས་ང་ལ་དགག་པ་རྒྱག་གི་ཡོད་པ་རེད། ངས་ཟེར་ན་འགོག་ས་དང་དགག་བྱ་མི་གཅིག འགོག་བྱེད་དང་དགག་མཁན་མི་གཅིག་ཟེར་བ་རེད། ད་དེ་ན་མགོ་འཐོམ་ས་མང་པོ་ཡོད་ནི་མ་རེད། ཁྱོད་ཀྱི་འདོད་པ་ལྟར་བྱས་ན་བྱ་ཡུལ་ཏུ་གཏོགས་པ་གཉིས་དང་། བྱེད་པོར་གཏོགས་པ་གཉིས་ཡོད་པ་རེད། ད་འོ་ན་ངས་ཁྱོད་ལ་དྲི་བ་བཀོད་ཀྱི་རེད། སེམས་ཙམ་པ་ཆོས་ཅན། མཐའ་བཞི་སྐྱེ་བ་འགོག་པའི་རྟགས་ཀྱི་དགག་བྱ་ཡིན་པར་ཐལ། རྟགས་འཇུག་ལྟར་ན་འདིའི་བྱ་ཡུལ་ཡིན་པའི་ཕྱིར་དང་། དགག་བྱ་བྲིས་ན་འགྲིག་ལ་འགོག་ས་བྲིས་ན་མི་འགྲིག་པ་དེ་ཡིན་པའི་ཕྱིར། འདོད་ན་སེམས་ཙམ་པ་ཆོས་ཅན་མེད་པར་ཐལ། མཐའ་གཞི་སྐྱེ་པ་འགོག་པའི་རྟགས་ཀྱི་དགག་བྱ་ཡིན་པའི་ཕྱིར། དགག་མཁན་ཐལ་འགྱུར་བ་ལ་ཡང་མཚུངས།
འགོག་ས་དང་དགག་བྱ་དོན་མི་འདྲ། འགོག་བྱེད་དང་དགག་མཁན་དོན་མི་འདྲ།
མགོན་པོ། ཡང་ན་ཚ་དེ་ལངས་ཡོང་གི་འདུག་ཀ ངེད་གཉིས་ཀྱིས་ཕན་ཚུན་ཤག་འགྱེད་ས་ནས་ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། དང་རྒྱལ་དབང་པདྨ་ཚང་མ་དྲིད་ནས་མ་ཡོང་། ངས་ཁྱོད་ཆོས་བརྒྱུད་གང་ཡིན་མ་ཤེས་པར་དེ་ཚང་མ་ལ་བཤད་དོན་ཅི་ཡོད། འབྲེལ་མེད་འདི་འདྲ་བཤད་དོན་འེ་ཡོད། ཡང་མངོན་ཤེས་ལ་བཤད་མདོག་ཁ་བོས་ཀརྨ་དགེ་ལེགས་དང་ཀླུ་སྨྱོན་གཅིག་པ་རེད་ཟེར། འོག་ན་ཀླུ་སྨྱོན་ནས་གསལ་བཤད་བྱས་ཚར་འདུག་ཀ འདི་འདྲ་མགོ་ཐུག་ལ་མི་ཐུག་ལ་རྐྱང་བཤད་ནས་སུ་ལ་མགོ་སྐོར་གཏོང་གི་ཡོད་པ་རེད།
བྱེད་འབྲེལ་ནོར་བའི་སུམ་རྟགས་རྒན།།
ཁྱབ་འབྲེལ་མ་ངེས་རྟོག་གེ་བ།།
ཆུང་མ་ཉར་བའི་མཁན་པོ་དང་།།
ཁྱིམ་ཚང་སྐྱོང་བའི་སྤྲུལ་སྐུ་རྣམས།།
དུས་རབ་འདི་རུ་ཟང་ལས་བྲིན།།
གཞོན་ནུ་ཟླ་མེད་ལགས།
ཁྱེད་རང་གང་འདྲ་ཞིག་ཡིན་ད་ཧ་གོ་སོང་།
སུམ་བཅུ་བའི་སྐབས་ཀྱི་བདག་སྒྲ་ནི་ཁྱོས་ཧ་གོ་མི་འདུག
རྟགས་འཇུག་སྐབས་ཀྱི་དངོས་པོ་བདག་གཞན་གཉིས་ནི་ཁྱོས་ཧ་གོ་མི་འདུག
བསྡུས་གྲྭའི་སྐབས་ཀྱི་རྟགས་གསལ་ནི་ཁྱོས་བཀོད་ཤེས་མི་འདུག
གཞན་གྱིས་བྲིས་པའི་ཚིག་སྤྱོར་ལེགས་པོ་དག་ནི་ཁྱོས་གོ་བ་ལེན་ཐུབ་མི་འདུག
རང་གིས་བྲིས་པའི་ཚིག་སྐྱོན་དག་ནི་ཁྱོས་ངོས་ཟིན་མི་འདུག
བདག་གི་ལྷག་བསམ་གྱིས་ཁ་ཏ་ལ་ཁྱོས་ཉན་ཤེས་མི་འདུག
ཐ་ན་བོད་སྐད་དག་མ་ཞིག་ཀྱང་མི་ཤེས་པར་ཧམ་པ་དང་ཁ་ཕོབ་ཆེན་པོ་འདུག
མདོར་ན་སྔོན་ཚེ་དཔལ་ལྡན་ཟླ་བ་གྲགས་པས་ཁོ་བོ་ཅག་གང་ཞིག་ལ་རྩོད་པ་མི་བྱེད་ཅེས་པ་དེ་ཀ་རང་དུ་འདུག་པས། ད་ནས་དགོས་པ་མེད་ཕྱིར་རྩོད་པ་མི་བྱ། གལ་ཏེ་ཉན་ཤེས་གོ་ཤེས་ཤིག་ཡིན་ན་བགྲོ་གླེང་རེ་བྱ་མོད། དེ་འདྲ་ནི་རང་ཉིན་མ་རེད། ད་དང་པོ་བདག་སྒྲ་ཡ་ཆ་སློབ་ཏུ་སོང་།
དགེ་རྒན་མ་རྙེད་ན་ཁ་བཏགས་བཟུང་ནས་འདིར་ཤོག་དང་མགོ་བདག་སྒྲ་ཡ་ཆ་ནས་བཟུང་ངས་ཁྱེད་ལ་དཔེ་ཁྲིད་བྱ་ཆོག་གོ། །།
འོ་རིགས་པའི་རལ་གྲི་བཀྲ་ཤིས་བདེ་ལེགས། ངས་ཁྱོད་དྲན་བཏང་ནོ་ད།
ཀརྨ་དགེ་ལེགས། ད་ཁྱོད་ཐབས་ཟད་སོང་བ་འེ་རེད། རྩོད་གཞི་དེ་གཡུག་ཚར་འདུག ངས་ཚིག་གཅིག་གིས་ཐག་བཅད་ནས་བཤད། དེ་གོ་ན་གོ་བ་རེད། མ་གོ་ན་ད་ཁྱོད་ལ་གོ་བ་ཟེར་བ་ཅིག་མེད་སོང་བ་རེད། འགོག་ས་སེམས་ཙམ་པ་དེ་རྟགས་འཇུག་སྐབས་ཀྱི་བདག་གཞན་གང་ཡང་མ་རེད་ཟེར་བ་དེ་ཡིན། དེའི་རྐྱེན་གྱིས་དགག་བྱ་མི་ཟེར་བར་འགོག་ས་སྦྱར་དགོས་པ་རེད་ཟེར་གི་ཡོད།
ད་ཁྱོད་ཀྱིས་འགྲེལ་བཤད་ཡག་པོ་རྒྱོབས་མ་གཏོགས་ཁ་སང་ངས་ཁྱོད་ལ་མགོན་པོ་དགེ་ཕྲུག་ལ་སྤྲད་ཡོད་པ་ཁོང་ཡང་ཁྱོད་རང་དགེ་རྒན་ལ་དགོས་ས་མ་རེད། ང་ནི་ཕ་རིའི་སྤང་རྒྱན་ཟེར་བ་དེ་རེད།
ངས་ཁྱེད་ལ་བཤད་པ་ནི་དགག་མཁན་ཞེས་པ་དེ་ནོར་བ་རེད་ཅེས་བཤད་པ་ཡིན། དེ་དངོས་པོ་བདག་ཡིན་ཕྱིར་འགོག་མཁན་ཞེས་འབྲི་ཞེས་པ་འདིའི་གོ་བ་མི་ལོན་པར་ལན་ས་བཏབ་རྡོ་བཏབ་བྱས་འདུག
ཀརྨ་དགེ་ལེགས།
ཁྱོད་ཀྱིས་མང་པོ་ཅིག་བྲིས་བྲིས་པའི་སྙིང་བོ་དེ་ངའི་མཆན་དེའི་ནང་ན་ཡིག་ནོར་གཅིག་མ་གཏོགས་མི་འདུག་ཟེར་ནས་མི་ལ་བསྟོད་པ་བྱེད་ཀྱི་ཡོད་པ་འེ་རེད། ཧཧཧ དེ་ད་འོ་ཙི་རེད། ང་ལ་བསྟོད་པ་བྱེད་དགོས་ས་དེ་འདྲ་རང་ད་མ་རེད། ཡིག་ནོར་ལག་འོག་ནས་རྒན་ཁོག་ཚོའི་གཅིན་པ་ནང་བཞིན་ཤོར་འགྲོ་གི་ཡོད། མ་ཟད་ང་ལ་ཐོག་མ་གང་བྲིས་པ་དེ་ག་རང་ཆ་འཇོག་པ་མ་གཏོགས། ཡིག་ནོར་དང་ཚིག་སྦྱོར་བཟོ་བཅོས་བྱེད་པའི་གོམས་སྲོལ་མེད། ང་འབྲུག་པ་ཀུན་དགའ་ལེགས་པ་འདྲ་བོ་ཡོད།
ཀརྨ་དགེ་ལེགས་དང་ཀླུ་སྨྱོན་གཅིག་ཡིན་པ་གང་ན་ལབ་འདུག
ཕལ་ཆེར་སེམས་ཚོ་མ་ཟིན་པ་འདྲ།
དོན་དང་ལྡན་པའི་སྐྱོན་གནད་ལ་འབབ་པའི་མཚང་འབྱིན་གལ་ཆེ།
ཡིན་ལོག་མིན་ལོག་དགོས་པ་མ་འཐོང་།
མགོན་པོ། ད་ངེད་གཉིས་ཀྱི་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་བ་དེར་བྲོ་བ་ཅི་ཡང་མི་འདུག དེ་ལས་ངས་ཁྱོད་ལ་ན་རོ་ཆོས་དྲུག་སྐོར་ནས་དྲི་བ་ཁ་ཤས་བཏོན་ན་འགྲིག་ས་རེད་དམ། དྲང་མོར་བཤད་ན་ངས་ཁྱོད་ཀྱི་མདུན་ནས་རྩ་རླུང་ཐིག་ལེའི་འགྲོ་སྟངས་ཅིག་སྦྱང་ན་འདོད། ཡིན་ན་ཡང་ང་ཞེད་སྣང་ཡོད་པ་ནི། ཁྱེད་རང་སྦུག་སུ་དོག་པོ་ཅིག་ཡིན་ས་རེད་དྲན། དེང་སང་མི་ལ་རས་པས་མར་བ་བསྟེན་པ་ལྟ་བུ་དང་། རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟ་བུའི་སློབ་མ་ཡོད་དཀོན་པོ་རེད། ད་རུང་ཚེ་ཐུང་འདི་ལ་ཡར་བྱས་ན་མ་འགྲིག་མར་བྱས་ན་མ་འགྲིག་ཟེར་ནས་བསྡད་ན་ཉམས་ལེན་དང་ཆོས་རྒྱལ་གཉིས་ལས་ཆོས་རྒྱལ་སྔོན་ལ་སླེབས་ཀྱི་རེད།
དྲང་པོ་བཤད་ན།
རྟོག་གེ་རིག་པའི་སྨྱོ་ནས་
གཞན་ལ་མཐོང་ཆུང་དང་སྨ་འབེབས་བྱེད་བཞིན། ད་དུང་གཞན་གྱི་ཚོར་སྣང་བཤད་ན་ད་དུང་མ་འོས་པ་དང་མཐོང་ཆུང་བཤོད་བཞིན་ཆོས་ལུགས་འཆམ་འཐུན་ག་ན་ཡོད།
དྲང་པོ་བཤད་ན་རི་བོ་དགེ་ལུགས་པས་གྲྭ་ས་བ་ཚོ་དང་པོ་སོ་སོས་ཆོས་དང་གདམ་ངག་གི་ཁུང་ས་དགེ་བཀའ་སྙིང་ཡིན་པ་ངོ་ཤེས་པའི་ཐོག་བླ་མ་བརྒྱུད་པ་ལ་དག་སྣང་ཤེས་དགོས།
དེ་ནས་དམ་ཚིག་ལ་གནས་པ་ཞེས། ཆོས་མཐུན་བཀྲ་ཤིས་འབྱུང་།
གཞན་དུ་བོད་སྔ་རབས་པ་ལ་ཧྭ་ཤང་དང་ལྟ་སྒོམ་རྣམ་དག་མེད་ཟེར།
རང་བཟོ་སྒེར་ལུགས་འདི་ལ་བསམ་ན་ཁྲིལ་མེད་དམ་ཉམས་ཞིག་མ་རེད་དམ།
མགོན་པོ་དྲང་མོར་ཤོད་དང་། ཀུ་རེ་རྩེ་བ་ཚང་མ་ཐུགས་ལ་ཕོག་སོང་ངམ། ང་ལ་ང་རྒྱལ་ཟེར་བ་དེ་བཅོམ་བྱ་རེད་ཅེས་ཁྱོད་ཀྱིས་ང་ལ་གདམས་ངག་གནང་གི་ཡོད་པ་རེད། འོན་ཀྱང་ངས་ཁྱོད་ལ་བཤད་རྒྱུ་ནི་ཕར་ཕྱིན་དྲུག་གི་ནང་ན་བཟོད་པ་ཟེར་བ་ཅིག་ཡོད་པ་རེད། དེ་བཤད་རྐྱང་བའི་ཆེད་དུ་མ་རེད།
མགོན་པོ་དྲང་མོར་ཤོད་དང་། ཀུ་རེ་རྩེ་བ་ཚང་མ་ཐུགས་ལ་ཕོག་སོང་ངམ། ང་ལ་ང་རྒྱལ་ཟེར་བ་དེ་བཅོམ་བྱ་རེད་ཅེས་ཁྱོད་ཀྱིས་ང་ལ་གདམས་ངག་གནང་གི་ཡོད་པ་རེད། འོན་ཀྱང་ངས་ཁྱོད་ལ་བཤད་རྒྱུ་ནི་ཕར་ཕྱིན་དྲུག་གི་ནང་ན་བཟོད་པ་ཟེར་བ་ཅིག་ཡོད་པ་རེད། དེ་བཤད་རྐྱང་བའི་ཆེད་དུ་མ་རེད།
གཞོན་ནུ་ཟླ་མེད་ལགས་མཆན་བུ་༤༢པ་གནང་པར་ཐུགས་རྗེ་ཆེ།
you well come སྦྲ་ནག་གཡག་སྙིང་ལགས་ལ།
གཞོན་ནུ་ཟླ་མེད་ཡིན་མིན་རྩོད་ལ་རིག་པ་མྱུར། །
ཀརྨ་དགེ་ལེགས་སུམ་རྟགས་གཞུང་ལ་བྱང་ཆ་ལྡན། །
མགོན་པོའི་མིང་ཅན་ལྟ་སྒོམ་སྨྲ་ལ་གོ་བ་ཟབ། །
འདི་གསུམ་འཛོམས་དུས་ལྟད་མོ་མང་བས་སྐྱིད་ནི་ཀི །
གཞོན་ནུ་ཟླ་མེད་ལགས། Well come མ་རེད Welcome རེད་ལགས། ནང་མ་སྤྲོས་མེད་ཀྱིས་ཞུས་པ་ཡིན་པས་དགོངས་འགལ་མེད་པ་ཞུ།
གྲོགས་གཞོན་ཟླ་ལགས།
ཁྱེད་དབུ་འཇུག་ལ་མཁས་པ་ཡིན་ན་ང་ཚོའི་འདིན་ནས་དབུ་མའི་སྐོར་ནས་བགྲོ་གླེང་བྱ་ཆོག
ཀརྨ་དགེ་ལེགས། དབུ་མ་འཇུག་པ་ལ་མཁས་པ་ཟེར་ནས་དེ་ང་འདྲ་མ་རེད། འོན་ཀྱང་གདན་ས་གྲྭ་ཚང་ནས་ཉིན་རེའི་དཔེ་ཁྲིད་དང་། འཛིན་གྲྭ་རྩོད་གྲྭ། དེ་བཞིན་དུ་རྒྱུགས་སྤྲོད་སོགས་ཆ་ཚང་མ་ཆད་པར་སོང་ཟིན། ད་དུང་མ་ཤེས་པ་མང་ནི་རེད་ཡའ།
ཡིན་ན་ཡང་སང་ཉིད་ནས་ཉིན་ཁ་ཤས་རིང་ལས་ཀ་མེད་པས། ནེའུ་ཡོག་ལ་གུང་སང་ལ་འགྲོ་རྒྱུ་རེད།
འོ་ཡ་སྤོབས་པ་མཐའ་ཡས་ནས་ནོར་བཅོས་གནང་པ་ཐུགས་རྗེ་ཆེ། ད་ངས་ཤུགས་རྒྱགས་ནི་རེད། ལོ་རྗེས་མར་ངའི་དབྱིན་ཇི་ཡར་རྒྱས་ལ་འགྲོ་དན་དན་རེད། མགོ་སེར་མ་ཅིག་དང་ལྷན་དུ་མགོ་རྔས་ཐོག་གཅིག་ལ་བཞག་བཏང་ན་ཟླ་རྗེས་མ་དབྱིན་ཇི་མཁས་པ་ཆགས་རྒྱུ་རེད་ད། ད་གཡུག་ཞོག བོད་པའི་ལག་ཆ་དེས་ཕལ་ཆེར་ཁོང་ཚོ་ལ་འགྲིག་གི་མེད་ཚོད། དར་ཐང་བླ་མས་ནས་བཟུང་ཚང་མ་འཐོར་སོང་ཟིག
ཁ་སང་སྦི་སྦི་སིས་བཟོ་བསྐྲུན་བྱས་པའི་སྒྱུར་སྐར་དང་ཉི་མའི་ཁྱིམ་རྒྱུད་ཀྱི་སྐོར་ལ་གློག་བརྙན་ཞིག་མཐོང་བྱུང་། དེའི་ནང་གསལ་པོ་གཅིག་གླེང་བ་ནི། འཛམ་གླིང་འདི་རིལ་པོ་ཡིན་པ་དངོས་སུ་རྟོགས་ནས་ལོ་ངོ་༦༠ལྷག་ལས་འགྲོ་གི་མིན་འདུག
དེ་ནི་ཐོག་མ་རྒྱང་ཤེལ་བརྒྱུད་ནས་སྐར་མ་གཞན་མཐོང་བའི་སྐབས་ཡིན་ཞིང་། སྐར་མ་གཞན་རྣམས་རིལ་པོ་ཡིན་སྟབས། ད་གཟོད་སའི་གོ་ལ་དེ་ཡང་རིལ་པོ་ཡིན་པར་ཐག་བཅད་ནས་ཞིབ་འཇུག་བྱེད་སྒོ་བཙུགས་འདུག དེའི་སྐབས་ལ། གླིང་དང་སྒྱུ་སྐར་གཞན་ལ་མི་བཟོས་སྲུང་སྐར་གཏོང་སྐབས། དེ་ཚོའི་ནང་ནས་ངེད་ཚོའི་ས་གཞི་རིལ་མོར་པར་ལེན་པའི་སྐབས། གཞི་ནས་ས་གཞི་འདི་རིལ་མོ་ཡིན་པ་རྟོགས་པ་རེད་ཅེས་གསུངས་སོང་།
དེའི་གོང་ལ་ཚན་རིག་པ་དང་གནམ་དཔྱད་རིག་པ་ཚོས་ས་གཞི་རིལ་མོ་རེད་གསུངས་ཀྱང་དཔང་རྟགས་བསྟོན་ཡས་མེད་སྟབས། དེ་དག་བསམ་ཚུལ་གཅིག་ལ་རྩིས་པ་ཁོ་ན་ལས་བདེན་པར་རྩིས་མེད་གསུངས་། ད་བརྩོད་པ་ཆོས་ཕྱོགས་ལ་འགྲོ་ཐུབ་ན་ཡག་པོ་རེད། བྱས་ཙང་ང་ཚོས་སངས་རྒྱས་ཀྱི་འཇིག་བརྟེན་ཤེས་མིན་ཐག་གཅོད་ཐུབ་དཀའ་ཡང་། འགྲོ་བ་ཀུན་པ་ཉེ་རིང་བྲལ་བའི་བྱམས་བརྩེ་དང་། འགྲོ་བ་དེ་དག་གི་བདེ་རྩའི་ཆེད་དུ་ཆོས་ལ་བློ་འཇུག་ཅེས་པ་འདི་ངོ་མ་ཡག་པོ་རེད། དེས་མི་ལ་གནོད་ཀྱི་མིན་འདུག རང་ལ་གནོད་ཀྱི་མིན་འདུག རང་གི་ཕ་མ་ལ་གནོད་ཀྱི་མིན་འདུག རང་གི་ཉེ་ས་དང་དགྲ་ཚང་མར་ཕན་གྱི་འདུག ད་སངས་རྒྱས་ཀྱི་བཅུད་ལྟ་བུ་ནང་གི་བསམ་བློ་གཏོང་སྟངས་དེ་ཚོ་ལ་བགྲོ་གླེང་ཞིག་གནང་དང་།
དཔེར་ན། རང་རྒྱས་ཀྱིས་གཞན་གྱི་རང་ལ་གནོད་པ་བརྩམ་ཚེ་དེ་ལ་རང་སྲུང་ཇི་ལྟར་བྱེད་པའི་སྐོར་གསུངས་ཨེ་ཡོད།
དེ་མིན་དམར་བཟས་སྐོར་ལ་བཀའ་གནང་ཨེ་ཡོད། སྔོན་མ་རྒྱལ་བ་རིན་པོ་ཆེ་ཐོག་མ་ཐེ་ལན་ཊར་ཕེབས་སྐབས། ཐེ་ལན་ཊའི་དགེ་འདུན་པ་རྣམས་དམར་མ་བཞེས་པ་མ་ཟད། སྲོག་སྐྱོབ་ཀྱི་ལས་འགུལ་མང་པོ་སྤེལ་བ་དེར་ཁོང་ཡིད་འཕྲོག་ནས། དེ་ནས་བཟུང་དམར་སྤོངས་བའི་མཛད་བཟང་དབུ་བཙུགས་ཟེར། རྒྱ་གར་ལ་འཚུར་ལོག་ཕེབས་རྗེས་དམར་སྤངས་ནས། ལོ་གཅིག་ཙམ་འགྲོ་སྐབས། གློ་བུར་དུ་སྙུན་གཞི་དྲག་པོ་བཞེས་ནས། ཁྲག་གི་ནང་Red Cell ཤིན་དུ་དམའ་པོ་ཆགས་ནས། ཨེམ་རྗེས་ཤ་མཆོད་དགོས་པའི་བསླབ་བྱ་དང་། ཡོངས་འཛིན་གཉིས་ཀྱི་ཞུ་བ་འབུལ་བའི་རྗེས་ལ་ཤ་མཆོད་དགོས་བྱུང་འདུག རྗེས་མ་ཡང་སྐྱར་རིམ་བཞིན་ཤ་སྤངས་གནང་ནས། ད་ཆ་ཡིན་གཅིག་ཤ་མཆོད་ཉིན་གཅིག་ཤ་མེད་དང་། དུས་མང་བར་དམར་མཆོད་ཀྱི་མེད་ཚོད། དེའི་མཛད་བཟང་ལ་ཡི་རངས་ཞུ་དགོས་པ་འདུག
མཁས་དབང་རྣམས་ཀྱི་ཆོས་ཉམས་ལེན་ཏོག་ཙམ་གནང་ཨེ་མྱོང་། ངེད་ཚོ་ལ་ཉམས་ལེན་གྱི་ཉམས་མྱོང་ཏོག་ཙམ་གསུངས་རྒྱུ་ཨེ་ཡོད།
ནོར་བཅོས།
རང་རྒྱས་ཀྱིས་ “སངས་རྒྱས་ཀྱིས་”
ཡིན་གཅིག “ཉིན་གཅིག་”