ཁྲོ་གཏུམ།
རྐང་པ་གཉིས་ཀྱིས་ཚེ་སྲོག་གཅིག་འཁུར་བའི་གྲལ་ལ
ཚང་ཁ་ཧ་ཅང་ཆེ་བའི་གོམ་པའི་འགྲོས་ལ
སེམས་པའི་སྣ་ཐིག་རྩི་སྐུད་ཅིག་ལ་འབྱར་ཡོད
རྐང་ལམ་རལ་ཞིང་གཞུང་ལམ་གྱི་སྤུས་ཀའི་འགྲན་རྩོད་ཁྲོད
རླངས་འཁོར་གྱི་རྟུགས་དྲི་གཅིག་པུ་ཁྱབ་སྟེ
འགྲོ་འོང་གི་དམིགས་ཡུལ་ལ་ཤོག་བྱ་གཅིག་གི་རིན་ཐང་མེད
སྐད་མགོ་མཐོ་བའི་ཚེ་སྲོག་གི་འཚང་ཁར
ཆེས་དམའ་བའི་སྐད་གདེང་གཉོམ་ཆུང་དེའི་ཧྲག་བར་ན
ལུས་ཤ་སྐམ་པ་དག་གི་མིག་ཟུང་རེ་རེ་བཞིན་འཚེར
ཨ་གསར་ཁྲོད་དུ་གཉིད་འབབ་ཅིང
སྤོབ་པ་ཐུང་ཐུང་གི་མགོ་བོ་ཐུར་དུ་ལྷུང་ཞོར
རི་དེའི་འགྲམ་ན་ང་ཚོ་ཡོད
རི་དེའི་འགྲམ་ནས་ང་ཚོས་གཏམ་རྒྱུད་ལ་ཉན
སྐྱིད་ལ་ཉལ་ཞིང་འོད་ལ་རེ་དུས
ཆེས་ཡི་ག་མེད་པའི་མཁྲིས་ནད་ནང་དུ
ཆུ་སྣ་གང་ཞིག་གི་གད་སྙིགས་དབོར་འདྲེན་བྱས་པ་བཙལ་དགོས
༢༠༡༨ ཟླ་ ༠༥ ཚེས་ ༢༢ ཉིན་གྱི་དགོངས་མོ།