ཉི་ཆར་ཉི་ཧོང་དུ་སྡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྐོར་ཞིག་ཉི་ཧོང་གི་རི་བོ་གྲགས་ཅན་ཧྥུ་ཇིས་ཞེས་པའི་རི་རྩེ་རུ་འཛེགས་པའི་སྐོར་གྱི་གསར་འགྱུར་ཞིག་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་གྱི་དྲ་ངོས་ལས་མཐོང་ཞིང་། རླུང་འཕྲིན་ལས་ཀ་བས་མའུ་ཊ་ཕུཇི་Mt. Fujiཞེས་པའི་དབྱིན་ཡིག་དེ་རང་འཇགས་བཞག་ཡོད་ཅིང་། འདིའི་སྐབས་ཀྱི་མའུཊ་ཞེས་པ་ནི་དབྱིན་ཡིག་གི་mountainཞེས་པའི་ཚིག་དེ་ཡིན་ཞིང་། བོད་ནང་དུ་ཡང་དེ་བཞིན་ལིང་ཧྲན་དང་ཐེ་ཧྲན་ཞེས་པའི་རྒྱ་ཡིག་གི་ཧྲན་དེ་རང་འཇགས་བཞག་ཡོད་པ་ཧ་ཅང་མང་། ཕྱི་བོད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ད་དུང་ཉིག་ཡོར་ཁྲཡིམསི་New York Timesདང་ཝ་ཤིང་ཁྲོན་ཕོ་སི་ཁྲུWhashington Post། ཁྲཡེམསི་Timesདུས་དེབ་ལྟ་བུའི་དབྱིན་ཡིག་གི་སྒྲ་གདངས་རང་འཇགས་བཞག་ཡོད་པ་མང་བས། གལ་སྲིད་འདི་ལྟར་མུ་མཐུད་དེ་སོང་ན་ནམ་ཞིག་རི་བོ་དང་གྲོང་ཁྱེར། ཚགས་པར་དང་དུས་དེབ་སོགས་ཀྱི་མིང་དབྱིན་སྐད་དང་རྒྱ་སྐད་ཀྱིས་བྲིས་ཏེ་བོད་སྐད་དུ་ཅི་ཟེར་ཤེས་མཁན་དང་དོ་སྣང་བྱེད་མཁན་དག་རིམ་གྱིས་མི་དམིགས་སྟོང་བའི་དབྱིངས་སུ་རྒྱས་འདེབ་པར་འགྱུར་བ་གདོན་མི་ཟའོ།།
ཨེ་རླུང་གསར་འགྱུར་འདིར་ཡོད།
http://www.rfa.org/tibetan/otherprograms/newsanalysis/tibetan-activists-make-peace-prlgrimage-up-japan-mt-fuji-08232009150809.html
སྐད་ཆ་འདི་ལ་དངོས་ནས་མོས་མཐུན་ཡོད་ལ། ལོ་འགའི་སྔོན་དུ་བོད་ནང་དུ་མི་གཉིས་ཀྱི་བར་ལ་དཀའ་ངལ་ཞིག་འཕྲད་པ་དངོས་དེ་ངོ་སྤྲོད་ཞུས་པ་ཡིན་ན་འདི་འདྲ་ཞིག་རེད།
མི་ཞིག་གིས་རང་གི་བོད་སྐད་ཀྱི་གླ་བྱེད་རླངས་འཁོར་མིང་ཤེས་ཀྱི་ཡོད་པ་དེ་ལྟར་བོས་དུས། མི་གཞན་དེས་འདིས་ཅི་ཟེར་རང་སྐད་མི་རྒྱག་པར་རྒྱ་སྐད་བཤད་དེ་གང་བྱེད་ཀྱི་ཡོད་པ་རེད་ཟེར་ནས་ངར་འདོག་བསྟན་དུས། རོགས་པ་དེས་ངས་བཤད་པ་དེ་ནི་བོད་སྐད་རེད་ཅེས་བཤད་དུས། དེ་ག་ལ་ཡིན། གླ་བྱེད་རླངས་འཁོར་ཟེར་ནི་མ་རེད། ཁྲོས་ཚོས་ཟེར་བ་རེད་ཅེས་ཁོ་གཉིས་བར་དུ་རྩོད་ཤོར་བ་རེད།
དངོས་ནས་འདིའི་རིགས་ཉེན་ཁ་རེད་འདུག གཟབ་གཟབ་བྱེད་རྒྱུ་གལ་ཆེན་རེད། དམིགས་བསལ་གྱིས་གསར་འགོད་པ་དང་ཚགས་ཤོག་གི་རྩོམ་སྒྲིག་པ་དག་གིས་གཟབ་རྒྱུ་མཁྱེན་ཞེས་རེ་སྐུལ་ཞུས་པ་ཡིན།
འདིའི་སྐོར་ལ་བསམ་ཚུལ་ཅིག་ཡོད། དེ་ཡང་སྔར་རྡ་སར་བོར་རྒྱལ་ཡོངས་བོད་ཀྱི་མཁས་པའི་བགྲོ་གླེང་ཟེར་བ་ཅིག་ཚོགས་སོང་། དེའི་སྐབས་འདིའི་སྐོར་ལ་བགྲོ་གླེང་མང་པོ་ཅིག་གནང་བ་གུས་པའི་ཡིད་ལ་ཟ་ར་ཟི་རེ་ཅིག་ཡོད་གི འདིར་ཡང་དེའི་སྐོར་ལ་བྲིས་འདུག
གུས་བའི་བསམ་ཚུལ་བྱས་ན། ཡུལ་ལུང་དང་། ཤིང་སྡོང་སོགས་ས་གནས་དེ་ཀའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཡིན་ན། དེ་ག་རང་གི་སྐད་བྲིས་ན་བཟང་བསམ། དེ་ཡང་སྔོན་མ་ནས་བོད་སྐད་རང་གི་ནང་དུ་ཡང་། པདྨ་དང་། ཨུདྤལ་སོགས་རྒྱ་གར་གྱི་སྐད་རང་ཆ་བཞག་འདུག་ལ། དབྱིན་ཇི་ནང་ན་ཡང་བོད་ཀྱི་གཡག་ལྟ་བུ་ཡིན་ན་ཁོ་ཚོས་ཀྱང་གཡག་ཟེར་ནས་བྲིས་འདུག་ག ཡིན་ན་ཡང་འབྲི་དུས་ཡི་གེ་དེ་གཅིག་གྱུར་དང་ཀློག་བདེ་བོ་ཅིག་ཡོད་ན་ཡག་ས་རེད་དྲན། འོན་ཀྱང་གོང་དུ་རྩོམ་ཡིག་འབྲི་མཁན་གྱིས་གསུངས་པ་ལྟར་༼ཉིག་ཡོར་ཁྲཡིམསི་New York Timesདང་༽ འདི་ལྟ་བུ་ཀློག་བདེ་བོ་མེད་པར་མ་ཟད། གོ་བརྡ་ཀྱང་དེ་བས་འཕྲོད་ཁག་པོ་ཡོད་པས། བོད་སྐད་དུ་བསྒྱུར་ནས་བྲིས་ན་ཡག་ས་རེད་དྲན། དེ་ཡང་ཚིག་བེད་སྤྱོད་གཏོང་སྟངས་སྐོར་ལ་སྒྲ་སྦྱོར་བམ་གཉིས་ན་སྒྲ་ཐད་བསྒྱུར་ལ་ཡིག་སྲོལ་ཅི་ལྟར་གཏན་བ་ཕབ་ཡོད་ན་དེ་ག་རང་གི་སྒང་ནས་སོང་ན་སྐད་ཡིག་གཅིག་གྱུར་ལ་ཕན་གྱི་རེད་བསམ། འོན་ཀྱང་ཤེས་རིག་ལས་ཁུངས་ནས་ལོ་ཙྰ་སྡེ་ཚན་ཞིག་བཙུགས་ནས། ཁོ་ཚོས་ཐ་སྙད་གསར་བ་གཏན་འབེབས་བྱས་ན་ཤིན་ཏུ་ལེགས་བསམ།།
ཤེས་རིག་སྡེ་ཚན་གྱིས་རྩོམ་སྒྲིག་བྱས་པའི་སྒྲ་སྒྱུར་ལག་དེབ་ཟེར་བ་དེ་ལས་དེབ་ཡིད་སྐྱོ་བ་ཞིག་ཁོ་བོས་དེ་སྔ་མཇལ་མ་མྱོང་།
ཨ་མདོ་ས་ཁུལ་དུ་ཁ་པར་ཨང་གྲངས་རྒྱ་སྐད་སྟེང་ནས་བརྗོད་པ་མང་བས་འབྲོག་པ་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པ་དག་གིས་ཀྱང་ཁ་པར་ཨང་གྲངས་རྒྱ་སྐད་ལས་བོད་སྐད་ཀྱིས་བཤད་མི་ཤེས་པ་ཆགས་ཡོད།
དངོས་གནས་རེད། ཁ་བཏང་ནས་མི་འདུག་པར་ཐབས་ཤིག་བྱས་ན་མ་རེད་དམ།
བོད་ནས་རྒྱ་བོད་འདྲེས་མ། རྒྱ་གར་ནས་ཧིན་བོད་འདྲེས་མ། རང་སྐད་གཙང་མ་བཤད་མཁན་ཞིག་དངོས་གནས་དཀོན་གི་ཡ།