འཇམ་དབྱངས་ནོར་བུས་བརྩམས། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།
ངས་ཨ་རིའི་མངའ་སྡེ་ཁཱ་ལོ་ར་སྒྲའི་རྒྱལ་ས་སྒྲེན་བེར་གནམ་ཐང་དུ་རླངས་འཁོར་ལ་སྒུག་སྡོད་སྐབས། སྤྱིར་བཏང་གི་བོད་པ་གྲོགས་པོ་ཞིག་གིས་ཁ་པར་འབྱོར་སོང་ལ། ཁོས་བཤད་རྒྱུརདེ་ལྟར་མ་བསམ་པ་ཞིག་ལ། གཅིག་བྱས་ན་ང་རང་ནོར་སྲིད། ཨ་རིས་བོད་ནང་དུ་བོད་མིའི་འཇབ་དམག་ལ་སྦྱོང་བརྡར་ལས་རིམ་ཞིག་བསྐྱར་འཛུགས་བྱས་པ་ཡིན་ནམ་ཟེར། ངས་དེ་འདྲ་རྩ་བ་ཉིད་ནས་ཡོང་མི་སྲིད་པ་ཞིག་རེད། ང་རང་རོ་ཁིའེ་ནང་ཡོད་པའི་ཧཱལ་དམག་སྒར་ལ་འགྲོ་བཞིན་ཡོད་ལ་དེར་མཛད་སྒོ་་ཞིག་འདུག ཨ་རིའི་གསང་པའི་ལས་ཁུངས་ཀྱིས་གསང་པའི་ངང་སྦྱོར་བརྡར་སྤྲད་པའི་བོད་མི་རང་དབང་འཐབ་རྩོད་པ་སུམ་བརྒྱར་རྗེས་དྲན་ཆེད་ཟངས་ལྕགས་ལས་བཟོས་པའི་དྲན་གསོའི་བྱང་བུ་ཞིག་གཏན་འཇོག་གནང་གི་འདུག རྒྱ་མིས་བོད་བཙན་འཛུལ་བྱེད་སྐབས་ཁོ་ཚོའི་ནང་མི་མང་པོ་དམག་འཐབ་ཁྲོད་ཚེ་སྲོག་ཤོར་ཡོད་པ་རེད། ཅེས་ཁོ་ལ་འགྲེལ་བརྗོད་བྱས། རྩོམ་ཡིག་འདིའི་འཕྲོས་གཟིགས་ན། ནུབ་གླིང་གི་བོད་ཅེས་པའི་དྲ་རྒྱ་འདི་ནས་གཟིགས་འཚལ།
འཇམ་དབྱངས་ནོར་བུ་ལགས་ཀྱི་རྩོམ་ཡིག་འདི་ཆ་ཚང་བཀླགས་ཟིན། ཚོར་བ་རྣོ་པོ་བྲིས་འདུག མུ་འཐུད་རྩོམ་ཡིག་འབྲི་རོགས་གནང་།
ཁྱེད་བོད་པ་ཚང་གི་ཡར་ཐོན་པ་ཞིག་ལ་བརྩི་བཞིན་ཡོད།
ཞར་དུ་ནུབ་གླིང་གི་བོད་ཟེར་བའི་དྲ་རྒྱ་ཡང་ཁྱབ་བསྒྲགས་ཡག་པོ་བྱས་འདུག ཁ་བརྡ་ཚང་ནས་རིན་པ་ལེན་རོགས། ཨ་ཙི་ཀུ་རེ་ཡིན།
ནུབ་གླིང་གི་བོད་ དྲ་བའི་དམིགས་ཡུལ་ཧ་ཅང་ཡག་པོ་འདུག
འོན་ཀྱང་དྲ་རྒྱའི་དཀར་ཆག་ཁག་ཅིག་དབྱིན་ཡིག་ཐོག་རང་སོར་བཞག་གནང་བས་ཁྱེད་ཅག་གི་དམིགས་ཡུལ་ནང་བོད་ཡིག་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ཡིན་གསུངས་པ་དང་ཅུང་ཟད་འགལ་བའི་རྣམ་པ་འདུག དབྱིན་བོད་ཤན་སྦྱར་ཡིན་ན་གང་ཤེས། སྐུ་རྩེད་ཞུས།།
ཡག་པོ་འདུག །།
བོད་ཀྱི་གྲགས་ཆེན་འཇམ་དབྱངས་ནོར་བུ་ཁོང་ནི་དངོས་གནས་བོད་ཀྱི་ཚེ་སྲོག་ལྟ་བའི་ཡིན་ཁོང་ལ་དགའ་ཞེན་ཚད་མེད་ཡོད་་་་་
རྩོམ་ཡིག་འདི་ལྟ་བུ་ཞིག་ཕབ་བསྒྱུར་གནང་བ་ལ་དགའ་བསུའི་ཐལ་མོ་རྡབ་བཞིན་ཡོད། མུ་མཐུད་འཇམ་དབྱངས་ནོར་བུའི་རྩོམ་རིགས་ཕབ་བསྒྱུར་གནང་ནས་དེབ་ཞིག་དེབ་ཞིག་པར་བསྐྲུན་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད། དཔེར་ན། ཞོགས་དུང་གི་རྩོམ་རིགས་ཕྱོགས་བསྒྲིགས་བྱེད་ན་འོས་པ་ཞིག་ཡིན་པ་ལ་འཇམ་དབྱངས་ནོར་བུ་ལྟ་བུའི་རྩོམ་རིགས་ཕྱོགས་བསྒྲིགས་བྱེད་ན་མི་འོས་པ་གང་ཡང་མེད། ལངས་ཕྱོགས་དང་ལྟ་བ་མི་མཐུན་པ་དེ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། འཇམ་ནོར་གྱི་རྩོམ་བོད་ཡིག་ཐོག་བསྒྱུར་བ་གཞན་གང་མང་ཞིག་ཡོད།
ཞོར་དུ། ཚེ་རིང་དོན་གྲུབ་ཁྱེད་ཀྱིས་གཉེར་བའི་ནུབ་གླིང་གི་བོད་ཅེས་པའི་ཚགས་ཤོག་དེ་ལྟ་བུ་འདོན་སྤེལ་གནང་བ་ལ་ཐུགས་རྗེ་ཆེན། མུ་མཐུད་སྤེལ་རོགས། མི་ཚེའི་ནང་དུ་དོན་ཆེན་གྱི་བྱ་གཞག་བསྒྲུབ་པ་ལ་འགོག་རྐེན་སྣ་མང་འཕྲད་སྲིད་ཀྱང་དེ་དག་ལ་ཞུམ་པ་མེད་པར་གདོང་ལེན་བྱ་དགོས་པ་ཡིན།